སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་ཆོས་སྐོར་ཇི་ལྟར་ཐོབ་པ།

From Dudjom Wiki
DJYD-KABUM-20-WA-001
Wylie title sna nam rdo rje bdud 'joms kyi rnam 'phrul rig 'dzin rgod kyi ldem 'phru can gyi gter chos skor ji ltar thob pa DJYD-KABUM-20-WA-001.pdf
Location bdud 'joms rin po che bka' 'bum
Volume 20, Text 1, Pages 3-53 (Folios 2a1 to 27a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Sna nam rdo rje bdud 'joms kyi rnam 'phrul rig 'dzin rgod kyi ldem 'phru can gyi gter chos skor ji ltar thob pa. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 3-53. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rgod ldem gter chos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། །ཨོཾ་སྭ་སྟི། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་ཆོས་སྐོར་ཇི་ལྟར་ཐོབ་པ་ལ། དབུས་སྙིང་མཛོད་ནས་བྱོན་པའི་བླ་མ་ཞི་བ་རིག་འཛིན་གདུང་སྒྲུབ་ཀྱི་སྐོར་ལ་དབང་ལུང་གཉིས་ལས། པཾ ༽ དང་པོ་ནི། རབ་འབྱམས་བཀའི་དབང་དང་ཟླུམ་པོ་བཞི་དབང་གཏོར་དབང་བཅས་ནོས་ནས། གཉིས་པ་ལ། རིག་འཛིན་རྩ་བ་སྒྲུབ་པའི་ཐེམས་བྱང་། པཾ ༽ རྩ་རྒྱུད་རིན་ཆེན་འབར་བ་ལེའུ་བཞི་པ། པཾ ༽ རབ་འབྱམས་བཀའི་དབང་ཆོག་ཟླུམ་པོ་བཞི་དབང་། གཏོར་མའི་དབང་ཆོག །པཾ ༽ རིག་འཛིན་རྩ་བའི་སྒྲུབ་ཐབས་ཕྱི་སྐུ་འབག་ནང་གཏོར་ཚོགས་གསང་བ་ཛ་གད་ལ་བརྟེན་ནས་སྒྲུབ་པ། པཾ ༽ སྙིང་པོ་ཐུགས་ཀྱི་སྒྲུབ་པ། པཾ ༽ སློབ་དཔོན་ལ་ཨནྡྲི་བོ་དྷིས་ཕྲིན་ལས་བཞིའི་སྒོ་ནས་བསྟོད་པ། པཾ ༽ མཚན་བརྒྱད་བྱེ་བྲག་ལ་བརྟེན་པའི་ལས་ཚོགས། འཛབ་དགོངས་ཕྱི་ནང་གསང་གསུམ། བླ་མ་མཆོད་པའི་ལས་བྱང་ཆེན་མོ། བྱིན་འབེབས། རྒྱུན་འཛབ། པཾ ༽ རྟོགས་བསྟོད། པཾ ༽ གཏོར་མའི་བསྟོད་པ། བཤགས་པ། སྨོན་ལམ། ཤིས་ [2b] བརྗོད། གནས་ལུང་། རབ་གནས། པཾ ༽ ལས་ཚོགས་ནོར་བུའི་ཕྲེང་བ་རྣམས། དེ་དག་གི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རིགས་གསུམ། རིག་འཛིན་བརྒྱད། ཨོ་རྒྱན། དག་པའི་འཁོར་ལྔ། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྲས་རྣམ་རྒྱལ་མགོན་པོ། སངས་རྒྱས་དབོན་ཆེན། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། སངས་རྒྱས་བསྟན་པ། ཤཱཀྱ་བཟང་པོ། ལེགས་ལྡན་རྡོ་རྗེ། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། རིག་འཛིན་པདྨ་ཕྲིན་ལས། ངག་དབང་ཀུན་དགའ་བསོད་ནམས། རིག་འཛིན་ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད། ཀུན་བཟང་འགྱུར་མེད། ཟར་སྤྲུལ་པདྨ་དབང་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན། ཤཱཀྱ་བཟང་པོ་དང་ [3a] རིག་འཛིན་རྗེའི་བར་དུ་པཎ་ཆེན་བརྒྱུད་ཀྱང་ཆོག་གོ། །ཡང་བརྒྱུད་རིམ་གཅིག་ནི། རིག་འཛིན་པདྨ་ཕྲིན་ལས་ནས། རིག་འཛིན་གཏེར་བདག་གླིང་པ། གཉགས་སྟོན་པདྨ་དབང་རྒྱལ། རྗེ་རཏྣ་བྷ་དྲ། བཀྲ་བཟང་པ་ཀུན་བཟང་ཡེ་ཤེས། བཀྲ་བཟང་པ་པདྨ་དགའ་བ། དེའི་སྲས་ཀུན་བཟང་འགྱུར་མེད། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་མན་གོང་བཞིན། ཡང་ན། ཕྲིན་ལས་ལྷུན་གྲུབ་ནས། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྡོ་འཛིན་འགྱུར་མེད་དོན་གྲུབ་གྲགས་པ། པདྨ་གར་དབང་མན་གོང་བཞིན། ཡང་རབ་འབྱམས་བཀའི་དབང་བརྒྱུད་དང་པཾ་རྟགས་ཅན་གྱི་ལུང་བརྒྱུད་ལུགས་གཅིག་ནི། སྲས་རྣམ་རྒྱལ་མགོན་པོ་ནས། གསང་སྔགས་སྡོང་པོ། དཔལ་ལྡན་རྒྱལ་མཚན། དྷརྨ་རཱ་ཛ། ནམ་མཁའ་མཆོག་ལྡན། ཀུན་དགའ་ [3b] ཉི་མ། དོན་ཡོད་གྲགས། ཤཱཀྱ་དཔལ་བཟང་། འཇམ་དཔལ་རྡོ་རྗེ། ཉི་ཟླ་གྲགས་པ། ཀུན་བཟང་ཀློང་ཡངས། གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་གོང་བཞིན་ནོ། །ལྷོ་གསེར་མཛོད་ནས་བྱོན་པའི་ཐུགས་སྒྲུབས་དྲག་པོ་རྩལ་གྱི་སྐོར་ཐོབ་པ་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་ནིཆེ་བ་སྒྲུབ་པ་སྟེ་བརྒྱད། འབྲིིང་པོ་སྒྲུབ་པ་སྡེ་དྲུག་ཆུང་བ་བྱིན་རླབས་ཐུགས་རྗེའི་དབང་ལྔ། སེ ༽ རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་རྣམས་ནོས་པའོ། །གཉིས་པ་ནི། ཡང་ཏིག་གཅེས་སྒྲོན་སྙན་བརྒྱུད་གསུང་རྒྱུན་གྱིས་བརྒྱན་པ་ནོས་ནས། གསུམ་པ་ལ། ཐུགས་སྒྲུབ་ཀྱི་ཐེམས་བྱང་། དེས་བསྟན་པ་རྩ་བའི་ཆོས་སྡེ་ཉེར་ལྔ་དང་། རྗེས་འབྲེལ་ཐེམས་མེད་རྣམས་གསེབ་ཚགས་སུ་བཀོད་པ་ལ། དང་པོ་ལོ་རྒྱུས་ལ། སྒྲུབ་ཐབས་གསུམ་གྱི་ལོ་རྒྱུས། གསང་བ་རིན་ཆེན་འདུས་པའི་ལོ་རྒྱུས། ཐུགས་སྒྲུབ་རྩ་བའི་གླེང་གཞི་རྣམས། གཉིས་པ་ལ། སྐུ་གསུང་ཐུགས་ཀྱི་གནད་འདུས་རྡོ་རྗེ་ཧེ་རུ་ཀ་ཐུགས་ཀྱི་སྒྲུབ་པ། [4a] གསུམ་པ་ལ། གསང་བ་རིན་ཆེན་འདུས་པའི་སྒྲུབ་ཐབས། དེའི་ལས་སྦྱོར་གནད་ཀྱི་མན་ངག །དཀྱིལ་འཁོར་བཅུད་དྲིལ་བཞི་པ་ལ། ཟབ་མོ་གནད་ཀྱི་ཐེམས་བཅུ། ཧཱུྃ་གི་འདྲེན་ཐབས་ཉེར་གཅིག །སྲུང་འཁོར། ཁྲོ་བཅུའི་སྲུང་ཟློག །ངག་འགྲོལ། ངག་ནུས་བསྐྱེད་པ། ལྔ་པ་ལ། རྟགས་མཐོང་དངོས་གྲུབ་བླང་ཐབས། དྲུག་པ་ལ། སྒྲུབ་པ་སྡེ་དྲུག་གི་དབང་གི་ཆོ་ག་བྱིན་རླབས་ཐུགས་རྗེའི་དབང་ལྔ། ས་ཆོག་རྒྱལ་ཐོ། ཐིག་རྩ། རྒྱན་བཀོད། དབང་གི་སྔོན་འགྲོ། བུམ་དབང་གི་སྤྱི་ཆིངས་དང་བཅས་པ། སྐྱབས་སེམས་སྡོམ་བཟུང་། སྒྲུབ་པ་སྡེ་བརྒྱད་ཀྱི་དབང་ཆོག་ཆེན་མོ། གཏོར་དབང་། སེ༽ སྟ་གོན་དང་མཇུག་ཆོག་རང་ཤར་ལས་བཀོལ་བ། མངོན་རྟོགས་སྒོམ་བྱང་གསལ་སྒྲོན། དཀྱིལ་འཁོར་རྒྱས་པའི་སྒྲུབ་ཐབས། བུམ་སྒྲུབ། གཏེར་སྦེད། དངོས་གྲུབ་བསྐུལ་བ། བདུན་པ་ལ། ལས་བྱང་འབྲིང་པོ། ལས་གཞུམ་རྩ་ཐོ། བར་ཐེམས། བྱིན་དབབ། ལས་བྱང་ཆེན་མོ། རྟགས་བསྟོད་ [4b] རྩ་བ་དང་གཏེར་སྟོན་གྱིས་མཛད་པ། འཛབ་བསྟོད། རིག་པ་ཧཱུྃ་བསྐྱོན་མ། འཛབ་དགོངས་ཆུང་བ། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར། དཀོན་མཆོག་སྤྱི་བསྐུལ། བདེ་གཤེགས་སྤྱི་བསྐུལ་ཆེ་བ། ཆུང་བ། རྒྱས་པའི་སྦྱིན་སྲེག །དབང་གི་སྦྱིན་སྲེག །དྲག་པོའི་སྦྱིན་སྲེག །ལས་བཞི་དང་རོ་སྲེག །མེ་པྲ། ཧོམ་ཆོག །ཟོར་སྲེག་མནན་གསུམ། བརྒྱད་པ་ལ། སྔགས་ཀྱི་ལས་བྱང་དོན་བསྟོད་བཅས། དགུ་པ་ལ། ལས་ཚོགས་རིན་ཆེན་སྡོང་པོ། བཅུ་པ་ལ། གནས་ཆེན་བྱིན་དབབ། རྣམ་འཇོམས་རྩ་བའི་སྒྲུབ་ཐབས། ཡང་དེའི་སྒྲུབ་ཐབས། སྒྲུབ་པའི་ཕྲིན་ལས། བག་ཆགས་སྟོབས་འཇོམས་ཀྱི་ཁྲུས་ཆོག །བཅུ་གཅིག་པ་ལ། སྐུ་གསུང་ཐུགས་ཀྱི་གདུལ་བྱ། བཅུ་གཉིས་པ་ལ། འགོང་པོ་ཨར་གཏད། ཁ་བསྒྱུར། མནན་པའི་བསྐུལ། དགྲ་སྲི་མནན་པ། བཅུ་གསུམ་པ་ལ། ནད་བདག་སྟོབས་འཇོམས་རྩ་བ་དོན་བདུན། ལོ་རྒྱུས། མདོས་ཆོག །གྱེར་གླུད་རབས། སྟོབས་འཇོམས་དོན་ལྔ་པ། ཁྱུང་ནག་གི་སྒྲུབ་ཐབས་ [5a] བསྟོད་བསྐུལ་དང་བཅས་པ། བྱ་ཁྱུང་གི་ལོ་རྒྱུས། སྒོམ་རིམ། སྔགས་ཐེམས་རྫས་སྦྱོར་ནད་རིམས་སྲུང་བསད་སོགས། སྔགས་བྱང་འཁོར་ལོའི་བྲི་ཡིག །རྡོ་རྗེ་ཁྲབ་རིང་བདུད་རྩི་བུམ་ཆུང་སྐོར་ལ། རྒྱུད་འཁོར་ལོ། སྒོམ་བཟླས། མཐའ་སྒྱུར། ཟུག་བཅག །ལྷོག་པ། གག་པ། ཕག་འཁོར། སྲིན་འཇོམས། ཆ་ལག་བུ་བདུན་གསོ་བྱེད་སྨན་གྱི་རྩ་བ། ཆིངས། ཤོག་དྲིལ་དཀར་སེར་སྔོ་གསུམ། འོད་འབར་སྒྲོན་མེའི་ཤོག་དྲིལ། མངའ་བདག་དང་མཚོ་རྒྱལ་ལ་གདམས་པའི་ནད་ཀྱི་རྒྱུ་བཤད་པ། བརྟག་ཅིང་སྨན་གྱིས་བཅོས་ཐབས། ཀུན་འཇོམས་སྲུང་བསྔགས་བྱང་། ནཾ༽ བསྟན་མས་ཕུལ་བའི་གོར་སྲུང་། ནཾ༽ འབྱུང་པོའི་ནད་སྲུང་ཁྲག་འཐུང་ནག་པོའི་གདམས་པ། རིགས་གསུམ་མགོན་པོའི་སྒོ་ནས་འགོ་ནད་སྲུང་བ། ཐོས་པ་སྒྲ་ལ་བརྟེན་ནས་སྲུང་བ། རིམས་གསེབ་ཏུ་འགྲོ་བའི་སྲུང་བ། མིག་ནད་སྲུང་བ། སྨན་གྱི་ལྷ་མོ་ལྕམ་དྲལ་གྱི་སྒྲུབ་ཐབས། དེའི་ཞལ་གདམས། བཅུ་བཞི་པ་ལ། ཐུགས་རྗེ་བྱམས་པའི་མན་ངག །དུག་ལྔ་གཏན་བཅོམ། [5b] མན་ངག་ཟབ་མོ་ངན་པ་བཟང་སྒྱུར། བཅོ་ལྔ་པ། ཇག་ཆིངས་ལྕགས་སྒྲོག་འཁྲིལ་མ། ཡུལ་དང་རང་སྲུང་སྒྲིབ་ཤིང་། སྔགས་རྫས་སྒྲིབ་ཤིང་། བལ་མོའི་ཇག་ཆིངས་ལྕགས་མཛོད་མ། རྐང་མགྱོགས་མན་ངག །བཅུ་དྲུག་པ་ལ། ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་བྱང་གླིང་མ། སད་སྲུང་སྤྲིན་གྱི་གོ་ཆ། སད་སྲུང་ནཱ་ག་འབྲུག་སྒྲོག །ཆར་གཅོད་མེའི་སྤུ་གྲི། སེར་སྲུང་གནམ་ལྕགས་གུར་ཁང་། ཕྱི་སྲུང་ཆ་ལག་དང་བཅས་པ། ནང་གསང་ཡང་གསང་གི་སྲུང་བ་གནད་ཡིག་དང་བཅས་པ། ཞིང་གི་ལུད་སྦྱོར་རིགས་གཉིས། རྩ་སྲུང་རིགས་གསུམ། ལོ་ཟན་སེམས་ཅན་ཁ་ཆིངས། བྱི་སྲུང་རིགས་གཉིས། བཅུ་བདུན་པ་ལ། གོ་ཆ་བརྒྱད་ཀྱི་མན་ངག །མཚོན་སྲུང་། འཁོར་ལོའི་བྲི་ཡིག །སྔགས་དམིགས་ལ་བརྟེན་པའི་མཚོན་སྲུང་། བཅོ་བརྒྱད་པ་ལ། ལས་ཚོགས་རིན་ཆེན་ཆར་འབེབས། ཛམ་ལྷ་ལྗང་ཁུའི་ལོ་རྒྱུས་སྒྲུབ་ཐབས་ཆུ་སྦྱིན་གཏོར་འབུལ་བསྟོད་པ་དང་བཅས་པ། བཅུ་དགུ་པ་ལ། དབང་ལུང་གཉིས་ཀྱི། དང་པོ་ནི། ལྕགས་སྡོང་མ་ལྷ་གཅིག་བུམ་གཅིག་དང་། [6a] ལྷ་མང་གི་དབང་བསྐུར་ནོས་ནས། གཉིས་པ་ལ། ཐེམས་བྱང་། ཕྱི་སྒྲུབ་རིན་ཆེན་བུམ་པ། ནང་སྒྲུབ་ལྕགས་སྡོང་མ། དེའི་དབང་བྱང་། གསང་སྒྲུབ་ནམ་མཁའི་རྡོ་རྗེ། ཡང་གསང་ཧྲཱིཿགཅིག་མ། ཚེ་འཁོར་བྲི་ཡིག །བརྡ་ཡིག་ལྡེ་མིག །དབང་ཆོག་བྱང་བདག་གི་ཁྲིགས་མ་དང་སྒྲུབ་མཆོད་ཆོ་ག་དབང་རབ་ཀྱིས་མཛད་པ། ཉི་ཤུ་པ་ལ། ཕག་མོའི་ཐེམས་ཡིག །ལོ་རྒྱུས། མཁའ་འགྲོ་གསང་བའི་ཐུགས་སྒྲུབ། དམར་མོ་དབང་སྡུད་མའི་སྒྲུབ་ཐབས་ཟངས་མཛོད་མ། དབང་སྡུད་ལས་ཀྱི་མཁའ་འགྲོའི་སྒྲུབ་ཐབས། སྙིང་ཏིག་གསང་སྒྲུབ་གཙུག་རྒྱན་མ། གསང་སྒྲུབ་གཏོར་འབུལ་བསྟོད་པ་དང་བཅས་པ། སྦྱིན་སྲེག །སྲོག་འཁོར་བྲི་ཡིག །ནག་མོ་ཐོད་རྒལ་གྱི་སྒྲུབ་པའི་གསལ་བྱེད། གྲི་སྙིང་རིལ་བུ་ཟླ་དཀྱིལ་ལ་བརྟེན་པའི་མངོན་ཤེས་ལེ་ཚན། རིགས་བཞིའི་སྲོག་འཁོར། ཕག་མོ་རིགས་བཞིའི་སྒྲུབ་ཐབས། དབང་སྡུད། མིག་མཐོང་། མངོན་ཤེས། ཟས་ནོར་འདུ་བ། དུག་འདོན། རྒྱགས་སྐྱེལ། ལས་ཚོགས་ [6b] བཅུ་གསུམ་པར་གྲགས་པ་སྲུང་བ་གསུམ་དང་འདུ་བ་གཉིས་སོ་སོར་ཕྱེ་བས་ནང་གསེས་བཅུ་དྲུག་པ། རྩ་རླུང་དབང་གི་སྦྱིན་སྲེག །ཞི་རྒྱས་དབང་དྲག་གི་ལས་ཚོགས་བཞི། ཚངས་པའི་བུ་བུ་མོ་འཁོལ་པོར་བཀོལ་བ། ཐིག་ལེ་བཟུང་བ། བདུད་ཀྱི་གེགས་སེལ། ཉེར་གཅིག་པ་ལ། སློབ་བུའི་འདོད་པ་བརྟག་ཐབས། སློབ་བུའི་སྣོད་བརྟག་པ། ཉེར་གཉིས་པ་ལ། ཡང་ཏིག་གཅེས་པའི་སྒྲོན་མེ། འཕོ་བའི་མན་ངག །སྐུ་གསུམ་གཏན་ལ་དབབ་པའི་རྒྱུད་ལེའུ་གསུམ་པ། ཉེར་གསུམ་པ་ལ། ཕྱི་ནང་གསང་གསུམ་གྱི་རྟགས་རིམ། ཉམས་རྟགས་གསལ་སྒྲོན། བསྙེན་སྒྲུབ་རྟགས་རིམ། ཉེར་བཞི་པ་ལ། རང་བྱུང་རང་ཤར་གྱི་རྒྱུད་ལེའུ་བཅུ་པ་ཉིད་དོ། །ཉེར་ལྔ་པ་ལ། ནོར་སྒྲུབ་རིན་ཆེན་སྤུངས་པ་ལས། ནོར་ལྷའི་ཕྱི་སྒྲུབ། ཛམ་ལ་དཀར་པོའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ཆུ་སྦྱིན་གཏོར་མ་གསང་རྫས་ལ་བརྟེན་པ། ཐོབ་པ་ལ་བརྟེན་ནས་ལོངས་སྤྱོད་སྒྲུབ་པ། ཨ་པ་ར་ཙིཏྟ་ཁོལ་པོར་བཀོལ་བ་གནོད་སྦྱིན་སྙིང་སྒུལ། གནོད་སྦྱིན་མ་རྡོ་རྗེ་འཁོལ་ [7a] མོར་བཀོལ་བ། གནོད་སྦྱིན་རྒྱགས་སྐྱེལ་རྣམས་དང་། གཞན་ཡང་དེ་དག་གི་ཁོངས་སུ་གཏོགས་པ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཆོག །མཁའ་འགྲོ་བརྟན་བཞུགས་དོན་བརྒྱད་པ། རྔ་ལ་ལྤགས་པ་བསྐྱོན་ཐབས། གཏེར་མ་བཀའ་སྒྲུབ་རྣམས་སོ། །དེ་ལྟར་ཐོབ་པ་ལ་དབང་བཀའ་ཡོངས་རྫོགས་ཁྲིད་ནཾ་རྟགས་ཅན་མ་གཏོགས་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ ། རྒྱལ་བ་རིགས་ལྔ། ཕྱག་རྡོར། སྨུག་ནག་དབང་གི་མཁའ་འགྲོ། ཚངས་པ་གདོང་གསུམ་པ། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛཿ ཤཱཀྱ་པྲ་བྷ། ཨོ་རྒྱན་ཆེན་པོ། བི་མ་ལ། ཤཱི་ལ་མཉྫུ། སྣ་ནམ་པ། གཏེར་སྟོན་རྒོད་ལྡེམ་པ། སྲས་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། སྐྱི་ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། ཆོས་ཀྱི་རྒྱལ་མཚན། སེ་ནམ་མཁའ་རིག་འཛིན། [7b] སེ་སྟོན་ཐུགས་མཆོག་འོད་འབར། རིག་འཛིན་གཏེར་བདག་གླིང་པ་ནས་གོང་བཞིན། ཡང་ན། ནམ་མཁའ་རྒྱལ་མཚན་ནས། འཛམ་གླིང་ཆོས་གྲགས། ནམ་མཁའ་བསོད་ནམས། པདྨ་དབང་ཆེན། ཚེ་དབང་རིག་འཛིན། ནམ་མཁའ་རིག་འཛིན་ནས་འདྲ། ཡང་ན། ནམ་མཁའ་རྒྱལ་མཚན་ནས། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ཀུན་བཟང་ཉི་མ། ནམ་མཁའ་རིག་འཛིན་མན་འདྲ། ཡང་ན། གཏེར་སྟོན་ནས། སངས་རྒྱས་བྱམས་བཟང་། ཉི་མ་བཟང་པོ། མགོན་པོ་བཟང་པོ། སྤྱན་ཚབ་པ། བྱམས་པ་ཆོས་རྒྱན། བཀྲ་ཤིས་སྟོབས་རྒྱལ་མན་གོང་བཞིན། ཡང་ན། དབང་ཆེ་འབྲིང་ཆུང་གསུམ། ཚེ་དབང་ཟབ་ཁྲིད། སེ་རྟགས་ཅན་མ་གཏོགས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། བྱམས་པ་ཆོས་རྒྱན་ནས། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཀུན་བཟང་ཉི་མ། འབྲུག་སྒྲ་བཟང་པོ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། ཡང་དབང་བཀའ་བསྡུས་ [8a] པའི་བརྒྱུད་ལུགས་གཅིག་ནི། བྱང་བདག་ནས། སྲས་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྒྱལ་བའི་དབང་པོ། རིག་འཛིན་པདྨ་ཕྲིན་ལས། གཉིས་ཀས་གཏེར་བདག་གླིང་པ་ལ། དེ་ནས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་མན་གོང་གི་རིག་འཛིན་གདུང་སྒྲུབ་སྐབས་བཞིན་ནོ། །ལྕགས་སྡོང་མའི་དབང་བརྒྱུད་ནི། ཚེ་དཔག་མེད། ཙཎྜ་ལཱི། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན། སངས་རྒྱས་བྱམས་བཟང་། སེ་རིན་རྒྱན། སྤྱན་ཚབ་པ། ནུབ་དགོན་པ། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། དེས་ཀུན་མཁྱེན་བླ་མ་དང་། རིག་འཛིན་པདྨ་ཕྲིན་ལས། གཉིས་ཀས་གཏེར་བདག་གླིང་པ་མན་གོང་བཞིན། ཡང་དབང་བཀའ་ཆེ་འབྲིང་ཆུང་གསུམ། ཚེ་དབང་། སེ་རྟགས་ཅན་མ་གཏོགས་པའི་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ནས། ནམ་མཁའ་གྲགས། བསོད་ནམས་རྒྱལ་མཚན། བྱ་བྲལ་ཆོས་རྗེ། དཀོན་མཆོག་བློ་གྲོས། ཟུར་ཚོ་གདུང་འཛིན། ཤཱཀྱ་དཔལ་བཟང་། [8b] ཉི་ཟླ་གྲགས། ངག་གི་དབང་ཕྱུག །རྡོ་རྗེ་ཡེ་ཤེས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་གོང་བཞིན། སྤྱི་བྱེ་བྲག་གི་བརྒྱུད་ཚུལ་མཐའ་ཡས་པ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། །གུ་རུ་སྤྱན་མང་དུ་གྲགས་པ་ཐོད་ཕྲེང་རྩ་བའི་སྒྲུབ་ཐབས་དང་། ལས་བྱང་གཉིས་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན། གཏེར་སྟོན། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཀུན་བཟང་ཉི་མ། འབྲུག་སྒྲ་བཟང་པོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་ནས་གོང་བཞིན་ནོ། །ཟངས་མཛོད་ནས་བྱོན་པའི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་སྐོར་ནོས་པ་ལ། དབང་ཁྲིད་ལུང་གསུམ་གྱི། དང་པོ་ནི། གཏེར་གཞུང་དབང་ཆོག་བཞིན་དང་། གཉིས་པ་ནི། ཁྲིད་གཞུང་གསལ་སྒྲོན་བཞིན་མཐའ་རྒྱས་སུ་ནོས་པའོ། །གསུམ་པ་ལ། རྒྱུད། སྒྲུབ་ཐབས། སྒྲུབ་ཆེན། རྗེས་འཛིན། རྫོགས་ [9a] རིམ། ལས་ཚོགས་དང་དྲུག་གི ། དངཔོ་ལ། འགྲོ་བ་ཀུན་སྒྲོལ་གྱི་རྒྱུད་ལེའུ་བཅུ་གཅིག་པ། ཉོན་མོངས་རང་གྲོལ་གྱི་རྒྱུད་ལེའུ་དྲུག་པ། ཆོས་ཉིད་རང་གསལ་གྱི་རྒྱུད་ལེའུ་བཞི་པ་རྣམས། གཉིས་པ་ལ། སྙིང་པོ་དོན་རྒྱུད། ཉོན་མོངས་རང་གྲོལ། ཆོས་ཉིད་རང་གསལ་ཏེ་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས། གསུམ་པ་ལ། སྒྲུབ་ཆེན་གྱི་སྤྱི་ཁོག །སྒྲུབ་ཐབས་ཡིད་བཞིན་ནོར་བུ། དབང་ཆོག །མངོན་རྟོགས། ལས་བྱང་། བརྒྱུད་འདེབས། ཞིང་ཁམས་ཡོན་ཏན། ཁ་སྒྱུར་སྦྱིན་སྲེག་རྣམས། བཞི་པ་ལ། གནས་ལུང་། ཟས་གཏད། སྲེག་ཆོག་རྣམས། ལྔ་པ་ལ། ཀ༽ སྔོན་འགྲོ་མུན་སེལ་སྒྲོན་མེ། ཁྲིད་གཞུང་གསལ་བའི་སྒྲོན་མེ། འཕོ་བར་རྣམས། དྲུག་པ་ལ། སྙན་བརྒྱུད། ཡི་གེ་མེད་པ། འགྲོ་དོན་ལས་སྦྱོར་ལྔ་པ། སཱཙྪའི་ལས་རིམ། ཚེ་སྒྲུབ། ཀ༽ རབ་གནས། ཛམ་དཀར་གྱི་སྒྲུབ་ཐབས། ཀ༽ བཀའ་སྲུང་མཆོད་པ་རྣམས། དེ་ལྟར་དབང་ལུང་ཡོངས་ [9b] རྫོགས་ཀྱི་བརྒྱུད་པ་ནི། སྣང་མཐའ། ཐུགས་རྗེ་ཆེན་པོ། ཨོ་རྒྱན་པདྨ། དག་པའི་འཁོར་ལྔ། གཏེར་སྟོན། སངས་རྒྱས་བསྟན་པ། སངས་རྒྱས་བྱམས་བཟང་། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། ཆོས་སྐྱོང་བསོད་ནམས། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་གོང་བཞིན། ཡང་ཀ་རྟགས་ཅན་མ་གཏོགས་པའི་དབང་ཁྲིད་ལུང་གསུམ་གྱི་བརྒྱུད་ལུགས་གཅིག་ནི། སངས་རྒྱས་དཔལ་ཡན་གོང་ལྟར་ལས། དེ་ནས་ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། རོལ་པའི་རྡོ་རྗེ། ཐུགས་མཆོག་འོད་འབར། ཆོས་དབྱིངས་རྡོ་རྗེ། གྲུབ་མཆོག་ངག་དབང་། ཆོས་གྲགས་རྒྱ་མཚོ། ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད། ཀུན་བཟང་འགྱུར་མེད། པདྨ་དབང་རྒྱལ་རྡོ་རྗེ། རྫེ་བཙུན་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་ [10a] བསྟན་འཛིན་དཔལ་འབར། འཇམ་མགོན་པདྨ་གར་དབང་ནས་གོང་བཞིན་ནོ། །དབུས་སྙིང་མཛོད་ནས་བྱོན་པའི་རྫོགས་ཆེན་ཀུན་བཟང་དགོངས་པ་ཟང་ཐལ་གྱི་སྐོར་ཐོབ་པ་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། རྩ་བའི་དབང་བཞི། ཐུན་མོང་གི་དབང་བཅུ་གཅིག །རིག་པའི་རྩལ་དབང་། ཡེ་ཤེས་སྤྱི་བླུགས། ངེས་དོན་ལྟ་བ། རིག་པ་རང་གསལ། བཏགས་གྲོལ་གྱི་དབང་བསྐུར་བ་རྣམས་སོ། །གཉིས་པ་ནི། ཁྲིད་གཞུང་མ་བུ་སྙན་བརྒྱུད་ངོ་སྤྲོད་དང་བཅས་པའོ། །གསུམ་པ་ལ། སྤྱིར་ཆོས་སྡེ་བརྒྱ་དང་བརྒྱད་དུ་གསུངས་པ་ལ་ནང་ཚན་དུ་དབྱེ་ན། ཐུན་མོང་དང་ཁྱད་པར་གྱི་ཆོས་སྡེ་གཉིས། དང་པོ་ལ། སྒྲོན་མ་དྲུག །མན་ངག་དྲུག །སྒྲུབ་ཐབས་དྲུག་སྟེ་བཅོ་བརྒྱད། གཉིས་པ་ལ། ཟབ་རྒྱ་དྲུག །སྙན་བརྒྱུད་དྲུག །ཀློང་ཆེན་དྲུག་སྟེ་བཅོ་བརྒྱད། སྡེ་ཚན་གཉིས་པོ་བསྡོམས་པས་སོ་དྲུག །དབང་གི་ཆོས་སྡེ་བཅུ། བཏགས་གྲོལ། མཐོང་གྲོལ་ལ་བརྒྱད། རྒྱུད་དང་སྙན་ [10b] བརྒྱུད་ལ་ཉེར་ལྔ། གཅེས་པའི་ཆོས་སྡེ་བདུན། འཕོ་བའི་གཉིས། གནས་སྤོར་གཅིག །ཟུར་རྒྱན་བཅོ་བརྒྱད་རྣམས་བསྡོམས་པས་བརྒྱ་དང་བརྒྱད་འགྲིག་ཀྱང་། འགའ་ཞིག་ཉིས་འཕར་དུ་རྩི་བ་དང་། ལ་ལ་རྒྱུན་མ་རྙེད་པ་སོགས་ཀྱིས་ཐེམས་བྱང་ཇི་བཞིན་དུ་བཀོད་པར་མ་ནུས་ཀྱང་། དེ་ཉིད་རྩ་བར་བྱས་ནས་སྐབས་དོན་འབྲེལ་ཆགས་སུ་བསྡེབས་པ་ལ། ཐེམ་བྱང་། ལོ་རྒྱུས། རྒྱུད། བཏགས་གྲོལ། ཀ་དག །སྙན་བརྒྱུད། ཟབ་རྒྱ། གཞུང་ཁྲིད། གནས་སྤོར། ཁ་སྐོང་། ཚེ་སྒྲུབ། སྤྱོད་ཡུལ་ཏེ་སྐོར་ཚོ་བཅུ་གཉིས་ཀྱི། དང་པོ་ལ། རི་ཁྲོད་པ་བཟང་པོ་གྲགས་པས་བཏོན་པའི་བྱང་གཏེར་ཁ་བྱང་སྦས་ཚུལ་སྙིང་བྱང་དང་བཅས་པ། གཏེར་སྟོན་གྱིས་མཛད་པའི་གཏེར་བྱུང་དང་། མནལ་ལམ་བརྡའི་ལྟས། མནལ་ལམ་ལེ་བརྒྱད་མ། རྩོད་ཟློག་ཤགས་འདེབས་ཆེ་ཆུང་། ལོ་རྒྱུས་བསོད་རྒྱན་གྱིས་མཛད་པ། སྙན་བརྒྱུད་ཀྱི་ཐེམས་བྱང་རྣམས། གཉིས་པ་ལ། བུམ་དབང་གི་ཆོ་ག །གསང་དབང་། ཤེར་དབང་། ཚིག་ [11a] དབང་། རྩལ་དབང་། ཡེ་ཤེས་སྤྱི་བླུགས། རྒྱལ་ཐབས་སྤྱི་བླུགས། སྙིང་པོ་ཐུགས་དབང་། ཀ༽ དབང་ཆོག་བི་མས་མཛད་པ། ངེས་དོན་ལྟ་བ་རིག་པ་རང་གསལ་གྱི་དབང་ཆོག་རྣམས། གསུམ་པ་ལ། ཟང་ཐལ་རྩ་བའི་རྒྱུད་ལེའུ་བཅུ་པ། རྒྱུད་ཆུང་ལེའུ་བརྒྱད་པ། སེམས་དང་རིག་པ་དབྱེ་བའི་རྒྱུད་ལེའུ་དྲུག་པ། དེའི་རྒྱུད་ཕྱི་མ་ལེའུ་ལྔ་པ། ཡེ་ཤེས་རང་གསལ་གྱི་རྒྱུད་ལེའུ་གསུམ་པ། ཡེ་ཤེས་རང་གསལ་གྱི་རྒྱུད་ཡེ་ཤེས་རང་གནས་ཀྱི་རྒྱུད་ལེའུ་བདུན་པ། ཡེ་ཤེས་བསྟན་པའི་རྒྱུད་ལེའུ་བརྒྱད་པ། རྡོར་སེམས་རིག་པ་རང་ཤར་གྱི་རྒྱུད་ལེའུ་དྲུག་པ། བར་དོ་རང་སྣང་བསྟན་པའི་རྒྱུད་ལེའུ་བདུན་པ། འཁྲུལ་པ་རྩད་གཅོད་ཀྱི་རྒྱུད་ལེའུ་བདུན་པ། རིན་ཆེན་ཕྲེང་བའི་རྒྱུད་ལེའུ་དྲུག་པ། ཡེ་ཤེས་རང་གསལ་གྱི་རྒྱུད་ལེའུ་གསུམ་པ། སྐྱེ་མེད་མ་བཅོས་རང་ཤར་ཕྲིན་ལས་ཀྱི་རྒྱུད་ལེའུ་དྲུག་པ་རྣམས། བཞི་པ་ལ། སངས་རྒྱས་སྲས་གཅིག་གི་རྒྱུད། པཾ ༽ ལོ་རྒྱུས་བཏགས་གྲོལ་ཆེན་མོ་རབ་གནས་དབང་དང་བཅས་པ། བཏགས་གྲོལ་སྙིང་པོ་ [11b] སོགས་རྒྱུད་དྲུག་འགྲོ་དོན་བྱ་ཐབས་ཐོས་ཚད་དང་བཅས། པཾ ༽ རྒྱབ་ཡིག་གནས་ཡིག་གནད་འགྲོལ་ཐེམས་བཅས། སངས་རྒྱས་ཀྱི་འདས་རྗེས་གསུམ་པ། མཐོང་གྲོལ་གྱི་མན་ངག་རྣམས་སོ། །ལྔ་པ་ནི། དུང་མཛོད་ནས་བྱོན་པའི་ཀ་དག་རང་བྱུང་རང་ཤར་གྱི་སྐོར་ཏེ་དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། སྙིང་པོ་བསྡུས་པ་རིག་པའི་དབང་བཞིན་ནོ། །གཉིས་པ་ནི། སྙིང་པོའི་བཅུད་བསྡུས་གསུང་རྒྱུན་གྱིས་བརྒྱན་པའོ། །གསུམ་པ་ལ། སྔོན་འགྲོ་གཟེར་ལྔ། རང་ཤར་གྱི་རྒྱུད་ལེའུ་བཅུ་གསུམ་པ། ཀུན་གྲོལ་ཡངས་པའི་རྒྱུད་ལེའུ་དགུ་པ། སྙིང་པོ་བསྡུས་པ་རིག་པའི་དབང་། ཁྲིད་ཡིག་སྙིང་པོ་བཅུད་བསྡུས། བར་དོ་ལྔའི་སྙན་བརྒྱུད། མཚོ་རྒྱལ་གྱི་ཞུས་ལན་ཉམས་ལེན་བརྒྱད་པ། ཟབ་མོ་གནད་ཀྱི་ཐེམས་བཅུ། ཞལ་ཆེམས་རིན་ཆེན་གཟེར་བུ། ཞུ་ལན་གནད་ཀྱི་ཡི་གེ ། ངོ་སྤྲོད་རང་རིག་རང་གསལ། ལྟ་བའི་མན་ངག་རིམ་ལྔ། གནད་ཏིག་ཟབ་མོའི་ཞལ་གདམས། གེགས་སེལ་ནོར་བུའི་བང་མཛོད། རྒྱུད་ལས་བྱུང་བའི་མན་ [12a] ངག་གསལ་བའི་སྒྲོན་མ་རྣམས་སོ། །དྲུག་པ་ལ། སློབ་དཔོན་རྣམ་གསུམ་གྱི་སྙན་བརྒྱུད་ལས། པདྨའི་སྙན་བརྒྱུད་མན་ངག་སྙིང་དགོངས་ཀྱི་རྒྱུད་ལེའུ་བརྒྱད་པ། བཀའ་ཡིག་དང་པོའི་སྙིང་དགོངས་ཀྱི་རྒྱུད་ལེའུ་དྲུག་པ། དེའི་མན་ངག་དང་བཅས་པ། སྙན་བརྒྱུད་ལུང་བྱང་ཡེ་ཤེས་ལྡེ་མིག །ཡང་དག་དོན་གྱི་སྙན་བརྒྱུད་ཡི་གེ་མེད་པ། ཐུགས་ཀྱི་དགོངས་པ་ཡི་གེ་མེད་པའི་སྙན་བརྒྱུད་རིན་པོ་ཆེ། ཡེ་ཤེས་མངོན་སུམ་སྟོན་པའི་སྙན་བརྒྱུད་ཡི་གེ་མེད་པ། སྙན་བརྒྱུད་ནམ་འཆི་འཚང་རྒྱ་སྒྱུ་ལུས་བོར་ཆོག །སྙན་བརྒྱུད་ཡིད་བཞིན་ནོར་བུ། སྙན་བརྒྱུད་གནད་དྲིལ་དུམ་བུ་གསུམ་པ། བི་མའི་སྙན་བརྒྱུད་ལ། བཤད་པས་འགྲོལ་བ་འགྲེལ་ཊིཀ་ཆེན་མོ་མངའ་བདག་ལ་གནང་བ། སྒོམ་པས་འགྲོལ་བ་ཁྲིད་ཡིག་གཟེར་བུ་གསུམ་པ། བི་མ་ལའི་གསང་སྒྲུབ། བཻ་རོའི་སྙན་བརྒྱུད་ལ། སྙན་བརྒྱུད་དང་པོ་སེམས་དང་ཡེ་ཤེས་དབྱེ་བ། བར་མ་ངེས་དོན་གཏན་དབབ། ཐ་མ་གེགས་སེལ་མན་ངག །བཻ་རོའི་ [12b] ཐུགས་རྒྱུད་གོང་ཁུག་མར་གྲགས་པ་རྣམས་སོ། །བདུན་པ་ལ། ཟབ་རྒྱའི་སྐོར་ལས། རྡོ་རྗེ་ཕག་མོ་ཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་པ། མཁའ་འགྲོའི་ལས་རིམ་གསང་བའི་མན་ངག །རྒྱ་དྲུག་རྩ་བའི་མན་ངག །དུས་རྩིས་མན་ངག །རྩ་རླུང་རིག་པའི་གནད་ལེའུ་བཞི་པ། ཟབ་རྒྱའི་དམིགས་རིམ། མཁའ་འགྲོའི་ལས་བྱང་མཆོད་ཕྲེང་། རྩ་གནས་ལུས་ཀྱི་འཁོར་ལོ། །རྩ་རླུང་གནད་ཀྱི་སྒྲོན་མེ། མན་ངག་ཐོར་བུ་རྣམ་གསུམ། གེགས་སེལ་གནད་ཀྱི་གདམས་པ། རྩ་རླུང་ལས་རླུང་མན་ངག་རྣམས། བརྒྱད་པ་ལ། ཟབ་མོ་ཆོས་ཀྱི་ལུང་བྱང་། དགོངས་པ་ཟང་ཐལ་དུ་བསྟན་པའི་ཁྲིད་གཞུང་ཆེན་མོ། དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཉི་ཤུ་རྩ་གཅིག་པ། བླ་མའི་གསོལ་འདེབས་དང་བཅས་པ། གཏེར་སྟོན་གྱིས་རྒྱུད་ནས་ཁོངས་ཕྱུངས་ཟབ་གནད། ཞི་ཁྲོ་ལྷུན་གྲུབ་ཀྱི་ལས་བྱང་ཚོགས། རྡོ་རྗེའི་གླུ་གཏེར་སྲུང་མཆོད་ཐབས་དང་བཅས་པ། སྒོམ་ཁོག་མེ་ལོང་པས་མཛད་པ་ལ་རྒོད་ལྡེམ་གྱིས་སྤྲོས་པ། གནད་ཡིག་གསལ་བའི་སྒྲོན་མེ། རྟགས་ཀྱི་ [13a] རྒྱུད་ལེའུ་གསུམ་པ། གསང་བ་ཚད་ཀྱི་ཡི་གེ་རྣམས་སོ། །དགུ་པ་ལ། འཆི་ཁ་མ་འཚང་རྒྱ་བ་བར་དོ་འོད་གསལ་གྱི་སྒྲོན་མེ། པཾ ༽ ཁུག་པ་ལྔའི་གདམས་པ། རིགས་དྲུག་གནས་སྤོར་གྱི་གདམས་པ་རྣམས། བཅུ་པ་ལ། ཟང་ཐལ་གྱི་རྩ་བ་ལེའུ་ལྔ་པ། ཡེ་ཤེས་སྒྲོན་མ་ལེའུ་ལྔ་པ། སྙན་བརྒྱུད་ཟབ་མོ་སྡེ་དྲུག་གི་སྔོན་འགྲོ་ལེའུ་བཅུ་གཅིག་པ། སྙན་བརྒྱུད་དུག་གི་ཐོ་བྱང་། དེའི་ཐེམས་དང་ཁོག་འབུབས། གསང་སྔགས་བསྟན་པ་རྣམས་གསུམ་གྱི་ཆོས་འབྱུང་། ཟབ་མོ་དབང་ལྔའི་དབྱེ་བ། རྩལ་དབང་གི་འགྲེལ་ཆེན། བཏགས་གྲོལ་གྱི་ཊཱི་ཀ་སྔགས་ཀྱི་འབྲུ་ཐེམས་བཅས། དམ་བཅའ་རིན་ཆེན་ཁང་བུ། འགྲེལ་བ་ཐུན་བཞིའི་རྣལ་འབྱོར་གྱི་ཁྲིགས། བཅུད་ལེན་བདུད་རྩིའི་ཕྲེང་བ་མཚོ་རྒྱལ་གྱིས་མཛད་པ། སྙན་བརྒྱུད་གནད་དྲིལ་ལེའུ་གསུམ་པ། དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ཚུལ། རིགས་ལྔའི་མཆོད་འབུམ་རྒྱས་བསྡུས་གཉིས། བཀའ་སྲུང་སྐོར་ལ། སྔགས་སྲུང་མཆོད་ཕྲིན། དུར་ཁྲོད་མ་གསུམ། [13b] བལ་མོ་ནག་མོ། བརྟན་མ་བཅུ་གཉིས། རྡོར་ལེགས། ཐང་ལྷ་རྣམས་ཀྱི་གསོལ་མཆོད་རྣམས་སོ། །བཅུ་གཅིག་པ་ནི། ཚེ་དཔག་མེད་ལོངས་སྐུའི་སྐོར་ཏེ། དབང་ལུང་གཉིས་ཀྱི་དང་པོ་ནི། གཏེར་གཞུང་ཁ་སྐོང་སྦྱར་བ་ལས། ཚེ་དབང་བཅུད་ལེན་གྱི་དབང་དང་བཅས་པའོ། །གཉིས་པ་ལ། སེ༽ཚེ་སྒྲུབ་སྨན་གྱི་བཅུད་ལེན་སྦྱར་ཐབས། སེ ༽བཤམས་ཚུལ། སེ ༽ བསྒྲུབ་པ་དངོས། སེ ༽ བཅུད་ལེན་དབང་བསྐུར། སེ ༽ དབང་བསྐུར་ཁ་སྒྱུར། སེ ༽ དམ་ཚིག སེ ༽ ། བདུད་རྩི་སྦྱོར་ཐབས། རླུང་ལ་བརྟེན་པའི་ཚེ་སྒྲུབ། ཚེའི་གཟུངས་སྒྲུབ། ཚེ་མདོ། ཚེའི་འཕྲོ་འདུ་སྒོམ་པའི་མན་ངག །འཁོར་ལོ་འབྲི་ཐབས། ལོངས་སྐུར་སྒྲུབ་པའི་རྩ་བ། དེའི་སྒྲུབ་ཐབས་དང་དབང་ཆོག་བད་ཕྲེང་། སྒྲུབ་ཐབས་ཀྱི་ཕྲིན་ལས། ཚེ་པྲ་བརྟག་པ། སྒྲུབ་ཐབས་ཕྲིན་ལས་གཏེར་སྟོན་གྱི་ཁྲིགས་མ། འཆི་བ་བརྟག་བསླུ། ཟློག་བྱེད་གྱད་ཀྱི་འཁོར་ལོའི་ལོ་རྒྱུས། སྟོབས་ཆེན་གྱད་ཀྱི་མན་ངག །ཆོ་ག་སྟོབས་ཆེན་གྱད་ཀྱི་འཁོར་ལོ། སྲིད་པའི་འཁོར་ལོ་འབྲི་ཐབས། ཚེའི་སྙན་ [14a] བརྒྱུད་འཆི་མེད་འོད་ཀྱི་སྣང་བ་རྣམས། བཅུ་གཉིས་པ་ནི། གཅོད་ཡུལ་གསང་བ་རྨད་བྱུང་གི་སྐོར་ཏེ་དབང་ལུང་གཉིས་ལས། དང་པོ་ནི། སྤྲོས་མེད་དོན་གྱི་དབང་བསྐུར་བཞིན་ནོས་ནས། གཉིས་པ་ལ། གསོལ་འདེབས་གཏེར་སྟོན་གྱིས་མཛད་པ། ལོ་རྒྱུས། གླེང་གཞི། ལྷ་སྲས་ཀྱིས་ཞུས་པའི་གསང་བ་རྨད་བྱུང་གི་ལྡེ་མིག་ཉམས་ལེན་དམིགས་རིམ། ལོག་གནོན་ལེའུ་བཞི་པ། སྤྲོས་མེད་དོན་གྱི་དབང་ཆོག །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་གདམས་པ་རྣམས་སོ། །དེ་ལྟར་རྟགས་ཅན་རྣམས་མ་གཏོགས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིདྷ། ཨོ་རྒྱན་ཆེན་པོ། བི་མ་ལ། ལོ་ཆེན་བཻ་རོ། ཆོས་རྒྱལ་ཁྲི་སྲོང་། མཁའ་འགྲོ་མཚོ་རྒྱལ། གཏེར་སྟོན་རྒོད་ལྡེམ། སྲས་རྣམ་མགོན་པོ། བསོད་ནམས་བཟང་པོ། [14b] ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་རིན་ཆེན། ཀུན་དགའ་རྒྱལ་མཚན། ཤཱཀྱ་དཔལ་བཟང་། བྱམས་པ་ཆོས་རྒྱན། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཤཱཀྱ་རྒྱལ་མཚན། ནམ་མཁའ་འབྲུག་སྒྲ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་གོང་བཞིན། པཾ་རྟགས་ཅན་གྱི་ལུང་བརྒྱུད་ནི། ཤཱཀྱ་དཔལ་བཟང་ནས། ཉི་ཟླ་གྲགས་པ། ངག་གི་དབང་པོ། གཞན་ཕན་རྡོ་རྗེ། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ལྷུན་གྲུབ་མན་འདྲ། བྱེ་བྲག་ཀ་དག་སྐོར་གྱི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིངྷ་། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན། ནམ་མཁའ་གྲགས། བདེ་ལེགས་རྒྱལ་མཚན། སེ་སྟོན་མགོན་བཟང་། སེ་སྟོན་རིན་རྒྱལ། སྤྱན་ཚབ་མགོན་པོ་ཟླ་བ། བྱམས་པ་ཆོས་ཀྱི་རྒྱལ་མཚན། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཤཱཀྱ་རྒྱལ་མཚན། རོང་པ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། ཁྲག་འཐུང་ནམ་མཁའ་འཇིགས་མེད། ཟུར་ཆོས་དབྱིངས་རང་ [15a] གྲོལ། རིག་འཛིན་པདྨ་ཕྲིན་ལས། རྗེ་ཀུན་བཟང་རྒྱ་མཚོ། འགྲོ་འདུལ་རྡོ་རྗེ། དྷརྨའི་མཚན་ཅན། པདྨ་བཤེས་གཉེན། ཐུབ་བསྟན་བསྟན་འཛིན། རང་གྲོལ་རྡོ་རྗེ། ཀརྨ་དར་རྒྱས། ཚེ་དབང་མཆོག་གྲུབ། བསོད་ནམས་མཆོག་ལྡན། དྷརྨ་ཀིརྟི། ཐུབ་བསྟན་རྒྱལ་མཚན། པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །ཡང་ན། བྱམས་པ་ཆོས་རྒྱན་ནས། གཏེར་བདག་གླིང་པའི་བར་གོང་བཞིན་དང་། དེ་མན་འདྲ། འཆི་མེད་ལོངས་སྐུ་མའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་བཟང་། སྣང་མཐའ། ཚེ་དཔག་མེད། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། འཛམ་གླིང་ཆོས་གྲགས། པདྨ་དབང་ཆེན། ཚེ་དབང་རིག་འཛིན། ནམ་མཁའི་རིག་འཛིན། བཀྲ་བཟང་པ་ཐུགས་མཆོག་འོད་འབར། རིག་འཛིན་གཏེར་ [15b] བདག་གླིང་པ་ནས་སྔར་བཞིན། དབང་གི་བརྒྱུད་ལུགས་གཅིག་ནི། སངས་རྒྱས་དཔལ་བཟང་ནས། ཆོས་རྒྱལ་བསོད་ནམས། སངས་རྒྱས་བརྟན་པ། དཀོན་མཆོག་བཟང་པོ། མཚར་ཆེན་བློ་གསལ། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། རིག་འཛིན་པདྨ་ཕྲིན་ལས་མན་འདྲ། སེ་རྟགས་ཅན་མ་གཏོགས་པའི་ལུང་བརྒྱུད་ལུགས་གཅིག་ནི། ཟང་ཐལ་རྩ་བའི་བརྒྱུད་པ་བཞིན་ནོ། །གཅོད་ཡུལ་སྐོར་གྱི་དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཀུན་བཟང་། མཁའ་འགྲོ་རྣམ་གཉིས། ལྷའི་རིག་འཛིན་ལྔ། རྒྱ་གར་གྱི་རྣལ་འབྱོར་པ་དྲུག །བརྟུལ་ཞུགས་སྤྱོད་པ་བརྒྱ་རྩ་གཅིག །བརྟུལ་ཞུགས་མཐར་ཕྱིན་དྲུག །ཀུན་འདུས་ཨོ་རྒྱན་ཆེན་པོ། དག་པའི་འཁོར་ལྔ། གཏེར་སྟོན་མན་ཆད་ཟང་ཐལ་རྩ་བའི་བརྒྱུད་པ་བཞིན་ནོ། །ཟང་ཐལ་དང་རྗེས་འབྲེལ་བྱང་ཆུབ་སེམས་དཔའི་སྤྱོད་དབང་ཐོབ་པ་ལ་དབང་ལུང་གཉིས་ཀྱི། དང་པོ་ནི། རྣམ་སྣང་ལྷ་སོ་གསུམ་མའི་དཀྱིལ་ [16a] འཁོར་དུ་ནོས་པའོ། །གཉིས་པ་ལ། རྣམ་སྣང་གི་སྒྲུབ་ཐབས་ལེའུ་བཅུ་པ། རྣམ་སྣང་སྐུའི་རང་ཆས་དགོངས་པ་རུ་བསྟན་པ་མཐོང་གྲོལ། ལྷ་མོ་ཕྱག་རྒྱ་ཆེན་མོ་རྣམ་པར་གཟིགས་པར་སྒྲུབ་ཐབས། བདེ་གཤེགས་མཆོད་པའི་ཆོ་ག །སྤྱོད་དབང་གི་ཆོ་ག །སྨོན་ལམ་ཡིད་བཞིན་ནོར་བུ། དཔལ་མགོན་བདུན་ཅུ་རྩ་ལྔའི་གཏོར་བསྔོ། དུས་ཆེན་དགུའི་གསོ་སྦྱོང་། དུས་ཁྲིམས་ལག་ལེན། དུས་ཆེན་དགུའི་ཕན་ཡོན། གཏན་ཁྲིམས་དུས་ཁྲིམས་ཀྱི་ཁྱད་པར་དང་ལེན་ཆོག །གཏན་ཁྲིམས་བསྲུང་བྱ་ཕན་ཡོན་ཉེས་དམིགས་དང་བཅས་པ་ཟངས་མཛོད་མ། ཡོན་ཏན་རིན་པོ་ཆེའི་གཟུངས་རྣམས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྣམ་སྣང་། ཤཱཀ་ཐུབ། ལྷ་དབང་བརྒྱ་བྱིན། ཀུན་དགའ་བོ། ཀླུ་སྒྲུབ། ཤཱཀྱ་སེངྒེ། རྡོ་རྗེ་བདུད་འཇོམས། གཏེར་སྟོན་ཡབ་སྲས། རྡོ་རྗེ་དཔལ། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཀུན་དགའ་དོན་གྲུབ། [16b] ཀུན་དགའ་ལྷུན་གྲུབ། ཤཱཀྱ་བཟང་པོ། ལེགས་ལྡན་རྡོ་རྗེ། བྱང་བདག་ཡབ་སྲས། ཆོས་དབང་ལྷུན་གྲུབ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་གོང་བཞིན་ནོ། །ལྷོ་གསེར་མཛོད་སེར་པོ་ནས་བྱོན་པའི་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། སྒྲུབ་གཞུང་རྩ་བའི་དབང་ཆོག་གི་སྟེང་ནས་དབང་བཞི་བསྒྲལ་དབང་དང་བཅས་པ་ནོས་ནས། གཉིས་པ་ལ། བསྐྱེད་རིམ་ཆོས་ཚན་བརྒྱ་རྩ་བརྒྱད། རྫོགས་རིམ་ཆོས་ཚན་བཅུ་གཅིག་ཡོད་ཅེས་སྤྱིར་བཤད་ཀྱང་བྱེ་བྲག་གི་ཐེམས་མི་སྣང་བས་སྐབས་དོན་འབྲེལ་མཚུངས་སུ་བསྡེབས་ན་བསྐྱེད་རྫོགས་གཉིས་ཀྱི། དང་པོ་ལ། རྩ་རྒྱུད། བསྙེན་སྒྲུབ། སྒྲུབ་ཆེན། ཆོག་ཕྲིན། དབང་ཆོག །བཤགས་སྐོང་། ལས་ཆེན། ལས་ཕྲན། བསྟན་སྲུང་། སྒྲུབ་ཕྲན་གྱི་སྐོར་དང་བཅུ་ལས། དང་པོ་ལ། ཐེམས་བྱང་། ལོ་རྒྱུས་སྤྱི་དོན། རང་ཤར་རྩ་བའི་རྒྱུད་ལེའུ་ཉེར་དྲུག་པ། དེའི་ལེ་དོན། རང་ཤར་རྒྱལ་ཚབ་ཀྱི་རྒྱུད་ [17a] ལེའུ་ཉེར་ལྔ་པ། དེའི་ལེ་དོན། སྒྲུབ་ཐབས་རིམ་ལྔ་ལེའུ་ལྔ་པ། སྔགས་རྒྱུད་ལེའུ་བཅུ་དྲུག་པ། གཉིས་པ་ལ། ཞི་བ་དྲིལ་སྒྲུབ། ཁྲོ་བོ་དྲིལ་སྒྲུབ། བདེ་གཤེགས་རྩ་བའི་དྲིལ་སྒྲུབ་སྙིང་གཏེར། ཡང་དྲིལ་གྱི་སྒྲུབ་ཐབས། ཞི་ཁྲོའི་དྲིལ་སྒྲུབ། ལྷ་ཁྲིད་དོན་བཅུ་གཅིག་པ། ལྟ་སྒོམ་སྤྱོད་འབྲས་མདོ་བྱང་དུ་དྲིལ་བ་ཤེས་བྱ་བཅུའི་མན་ངག་རྣམས། གསུམ་པ་ལ། རང་ཤར་སྒྲུབ་གཞུང་ཆེན་མོ། དེའི་ཟུར་འདེབས། ཡུམ་བརྟག་པ། ལས་ཆེན་མངའ་གསོལ། དམ་བཅའ། རྒྱུན་བཤགས། མཆོད་སྐོང་། ཉུལ་ལེ་བརྟག་ཟློག །དངོས་གྲུབ་བསྐུལ་བྱང་། དཀྱིལ་འཁོར་དོན་བསྟོད། གཙོ་བོའི་བསྟོད་པ། ཐིག་གི་མན་ངག །སྨན་སྒྲུབ་ཊཱི་ཀ ། བདུད་རྩི་སྒྲུབ་པའི་ཟུར་འདེབས། རྩ་བརྒྱད་ཡན་ལག་སྟོང་གི་ངོས་འཛིན་ཐོད་པའི་མངའ་གསོལ་བཅས། བདུད་རྩིའི་ལས་ཚོགས། བཞི་པ་ལ། ཕྲིན་ལས་ཀྱི་སྔོན་འགྲོ། རང་ཤར་ཕྲིན་ལས་འབྲིང་པོ། སྔགས་སྒྲུབ་ཕྲིན་ལས། བསྟོད་བྱང་ [17a] བཀོལ་བ། རྒྱུན་བསྟོད། འཛབ་བསྐུལ། ལྔ་པ་ལ། དབང་གི་ཆུ་བོའི་བབས་སོ། དབང་གི་རྩ་བ་ཐུགས་ཀྱི་གཏེར་གཅིག་མ། དབང་གི་བུམ་སྒྲུབ། ལྷ་དབང་བསྐུར་ཐབས། དུས་བསྙེན། སྒྲུབ་དབང་ཆེན་མོ། དྲུག་པ་ལ། ན་རག་དོང་སྤྲུགས་ཀྱི་ཆོ་ག་རྒྱུད་ལས་ཕྱུངས་པ། བསྐང་གསོ་བཀོལ་བ། དོན་སྐོང་། བདུན་པ་ལ། ཕྱི་ནང་གསང་གསུམ་གྱི་གཏོར་ཆོག །ཆ་གསུམ་གཏོར་མ། ལྡང་ཁྲུས་སོགས་ཐུན་མོང་ཆོས་སྤྱོད་ཀྱི་ལས་རིམ། བདུན་ཚིགས་གནས་ལུང་གི་ཆོ་ག །བུ་ཡིག་དགུག་ཅིང་གཤེད་འབྲལ། ཟས་གཏད། སྦུབས་བཤིག །རོ་སྲེག །སྐུ་གདུང་སཱཙྪ་ཁ་བསྒྱུར་གྱི་མན་ངག་དང་བཅས་པ། རབ་གནས་ཀྱི་ཆོ་ག །ལས་བཞིའི་སྦྱིན་སྲེག །གླུ་བྲོའི་མན་ངག །ཁྲོ་བོ་རོལ་པའི་གཏོར་ཟློག་གི་རྩ་བ་ས་བཅད་ཟློག་གཞུང་དང་བཅས་པ། རིག་འཛིན་སྤྱི་བསྐུལ། བསྟོད་བསྐུལ་ལས་བཞི་ལྷུན་གྲུབ། རྒྱལ་བ་སྤྱི་བསྐུལ། དཀོན་མཆོག་སྤྱི་བསྐུལ། ཕོ་ཉ་སྒོས་བསྐུལ། བསྒྲལ་ལས་བསད་པ་ལས་བཅུ། [18a] དམ་བརྡར་ཆེན་མོ། རལ་གྲི་ཕྱུངས་རྡེག་གི་དྲག་བསྐུལ། ཚེ་ཁྲུས་ཀྱི་དགོངས་པ། མན་ངག་དམོད་བྱང་བཀོལ་བ། ལས་ཀྱི་ཁ་བསྒྱུར་འདེབས་ཁ་དགུ་དང་ལས་ཕྲན་བཅུའི་མན་ངག །སྲུང་ཟློག་གནམ་ལྕགས་མེ་འབར། དྲག་སྔགས་སོ་ལྔ་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བརྒྱད་པ་ལ། སྔགས་སྡེབས། དུག་ཁྲག་སྦྱོར་ཐབས། ཆར་འབེབས། སེར་སྲུང་། ངག་གི་ངར་བླུད། སེར་འབེབས། བུ་ཡིག །གཟའི་ཕྲིན་ལས། ཐུབ་ཆོད་ཀུན་དྲིལ་གྱི་ཟློག་པ། ཐོད་བརྟག་རྣམས། དགུ་པ་ལ། སྡེ་དཔོན་སུམ་ཅུའི་སྒྲུབ་གཞུང་། ཕྱི་སྒྲུབ་མདོས་ཀྱི་མན་ངག དེའི་བྱ་ཐབས་མདོས་གཞུང་། ནང་སྒྲུབ་གསོལ་ཁ། གསང་སྒྲུབ་སྲོག་སྙིང་ལས་ཚོགས་ལྔ་བཅུ་པ། སྡེ་དཔོན་གྱི་ལས་བྱང་། བསྟོད་བསྐུལ་རྣམས་སོ། །བཅུ་པ་ལ། ཚེ་དབང་། ཚེ་སྒྲུབ། ཕྲིན་ལས། བསྟོད་པ། ཕྱི་སྒྲུབ་བཅུད་ལེན། ནང་སྒྲུབ། གསང་སྒྲུབ། ཧྲཱིཿགཅིག་མ། ཡང་གསར་ནམ་ [18b] མཁའ་རྡོ་རྗེ་རྣམས། ཁྱུང་ཆེན་གདུག་པ་འདུལ་བའི་རྒྱུད་ལེའུ་ལྔ་པ། དབང་བསྐུར། ཁྱུང་གི་སྒྲུབ་ཐབས་ཡོངས་རྫོགས་རྣམས། ནོར་ལྷའི་རྗེས་གནང་། སྒྲུབ་ཐབས་ཕྲིན་ལས། ནོར་རྒྱུན་མའི་སྒྲུབ་ཐབས། ལས་མཁན་གསང་བ་གསུམ་དྲིལ་གྱི་སྒྲུབ་ཐབས་རྣམས། རྩ་བའི་གཉིས་པ་རྫོགས་རིམ་སྐོར་ལ། ཁྲིད་གཞུང་ཡེ་ཤེས་ཟང་ཐལ། འཕོ་བའི་མན་ངག །བར་དོ་གསུམ་གྱི་ཞལ་གདམས། སྙིང་ཏིག་དགུའི་མན་ངག །གནམ་ཞལ་དོན་ཁྲིད་ཟབ་མོ། རང་ཤར་གྱི་གཞུང་ཁྲིད་སྲོག་ཤིང་ལྟ་བུ་རྒྱུད་ལས་པདྨས་བཀོལ་བ་རྣམས་སོ། །དེ་ལྟར་རྫོགས་པར་ནོས་པའི་བླ་བརྒྱུད་ནི། ཀུན་བཟང་ཧེ་རུ་ཀ ། རྡོ་རྗེ་འཆང་། རྡོ་རྗེ་ཆོས། སྨུག་ནག་དབང་གི་མཁའ་འགྲོ། ཨིནྡྲ་བོ་དྷི། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། དག་པའི་འཁོར་ལྔ། གཏེར་སྟོན་ཡབ་སྲས། རྡོ་རྗེ་རྣམ་གཉིས། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། སྲས་ཆོས་སྐྱོང་བསོད་ནམས། [19a] མཁྱེན་བརྩེའི་དབང་ཕྱུག །འཇམ་དབྱངས་རྒྱལ་སྲས་པ། ངག་གི་དབང་ཕྱུག །རྡོ་རྗེ་ཡེ་ཤེས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་གཏེར་བདག་གླིང་པ་མན་གོང་བཞིན། ཡང་ན། ཆོས་རྒྱལ་བསོད་ནམས་ནས། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བྱང་བདག་དབང་པོའི་སྡེ། ངག་གི་དབང་པོ། སྟོབས་ལྡན་དཔའ་བོ། ཕྱག་རྡོར་ནོར་བུ། རིག་འཛིན་པད་ཕྲིན། རིག་འཛིན་དབང་རྒྱལ། རྡོ་རྗེ་ཐོགས་མེད། འགྱུར་མེད་བློ་ལྡན། པདྨ་བཤེས་གཉེན། ངེས་དོན་བསྟན་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། སྨོན་ལམ་དབང་རྒྱལ། རྗེ་པདྨ་གར་དབང་མན་གོང་བཞིན། གསེར་མཛོད་ནས་བྱོན་པའི་ཕུར་པ་ཆེ་མཆོག་གི་སྐོར་ཐོབ་པ་ལ་དབང་ལུང་གཉིས། དང་པོ་ནི། རིན་པོ་ཆེའི་དབང་མཛོད་ཀྱི་སྟེང་ནས་རྩ་བའི་དབང་བསྐུར་ཚེ་དབང་དང་བཅས་པ་ནོས་ནས། གཉིས་པ་ལ། རྒྱུད་དབང་ཕྲིན་ལས། བསྙེན་སྒྲུབ་ལས་སྦྱོར། ཟོར་ [19b] སྲེག་མནན་པ། ཚེ་ནོར་ཟས་ཚོགས། ཁ་སྐོང་གདམས་ཕྲན་དང་ལྔ་ལས། དང་པོ་ལ། ལོ་རྒྱུས། ཕུར་པ་ཐུགས་གསང་བ་སྐུའི་རྒྱུད་ལེའུ་བཅུ་པ། མཚམས་གཅོད་བཀའ་བསྒོ། ལས་བྱང་། འཛབ་བསྐུལ། ལྷ་ཚོགས་བཀའ་སྲུང་བཅས་པའི་བསྟོད་བསྐུལ་གྲུ་གསུམ་མ། དམ་ཚིག་མ། ཤྭ་ན་མ་གསུམ། རིན་ཆེན་དབང་མཛོད། གཉིས་པ་ལ། དཀར་པོ་ལམ་སྒྲོན། བཀའ་ཉན་ལྕགས་བེར། དུག་གི་འཁོར་ལོ། གསུམ་པ་ལ། ཟོར་ལས། སྦྱིན་སྲེག །མནན་པ། བཞི་པ་ལ། ཚེའི་སྙིང་པོ་མཆོག་སྦྱིན་ཁོལ་ཕྱུངས། ཚེ་སྒྲུབ། ཚེ་དབང་། ཟ་ཚོགས། ལྔ་པ་ལ། སཱཙྪ། རིག་འཛིན་འཛབ་བསྐུལ། སྐུ་བསྐྱེད་སོགས་ཟུར་འདེབས་ལས་རིམ་བཅུ་གཅིག་པ་རྣམས། ལྕགས་མཛོད་ནས་བྱོན་པའི་དྲག་སྔགས་སྤུ་གྲིའི་ལྷ་ནག་གི་སྐོར་ལ་དབང་ལུང་གཉིས་ལས། དང་པོ་ནི། སྤུ་གྲི་གསང་བའི་དབང་ཆོག་ཁ་སྐོང་ཕྱག་བཞེས་ཀྱིས་བརྒྱན་པའོ། །གཉིས་པ་ལ། སྤུ་གྲི་གསང་རྒྱུད་ལེའུ་བཅུ་གཅིག་པ། [20a] དྲག་སྔགས་ཀྱི་ཕྲིན་ལས། ཚོགས་མཆོད། ལས་བྱང་ལུས་དཀྱིལ་མ། བསྟོད་པ་བསྐལ་མེ་མ། ཕུར་སྲུང་བཅུ་གཅིག་རྩ་བ་གསུམ་དུ་དྲིལ་བསྐུལ། གིང་རྣམས་བསེ་ལྕགས་དུང་གསུམ་དུ་དྲིལ་བསྐུལ། བསྐུལ་བསྡུས་པ། དོན་གྱི་བསྐུལ་ཤོ་ན་མ། སྤུ་གྲིའི་ཕོ་ཉ་དགུག་འདྲེན་གྱི་ལས་བྱང་། ཡོལ་མོ་བས་མཛད་པའི་ལས་བྱང་བསྙེན་ཡིག་རྒྱུན་ཁྱེར་སྦྱིན་སྲེག་རྣམས། སྤུ་གྲིའི་དབང་ཆོག་རྒྱུན་གཏོར། དྲག་པོའི་བཟླས་པ་དང་ཆོས་ཉིས་ཀྱི་བཟླས་པ། སྤྱོད་ལམ་གྱི་རྣལ་འབྱོར་བརྒྱད། ཕུར་པའི་དོན་བསྡུས་རྩ་བ། ཏི་ཀ་བསེ་སྒྲོམ་མ། ཕུར་པ་སྲོག་གི་སྤུ་གྲི། ཁྱད་འཕགས་ལོ་རྒྱུས། གོང་ཁུག་མའི་ལོ་རྒྱུས། དྲག་སྔགས་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར། ཕུར་པ་ཁྲོ་རོལ་གྱི་གཏོར་ཟློག །ཕུར་ཟློག་དབུས་ཕྱོགས་འཁོར་ལོ་མ། སྡེ་བརྒྱད་སྲུང་ཟློག་སྤུ་གྲིའི་སོ་འདྲ། སེར་བའི་གདོང་ཟློག །སྲི་ཆུང་བཅུ་གསུམ་མནན་ཐབས། རྫས་ཀྱི་མཐུ་ཆེན་བཅོ་བརྒྱད། མཚོན་འདྲ་ཐོག་འདྲའི་མན་ངག །ཕུར་ [20b] པ་ལྷ་འདུས་དྲིལ་སྒྲུབ་ཀྱི་སྐོར་ཐོབ་པ་ལ། ཕུར་པའི་རྩ་བ་དྲིལ་སྒྲུབ་ཡང་སྙིང་དམ་པ། ལས་སྦྱོར་མན་ངག་ཤྲཱི་སིདྷས་ཨོ་རྒྱན་ལ་གདམས་པ། ལྕགས་ཕུར་མཚན་ཉིད། མངའ་གསོལ་སོགས་ཀྱི་ཞུས་ལན། གསང་བ་ཕུར་གཅིག་མའི་སྒྲུབ་ཐབས། དྲིལ་སྒྲུབ་རྩ་དུམ་ཡང་སྙིང་བཅུད་ཕྱུངས། དྲིལ་སྒྲུབ་ལས་བྱང་ཆེན་མོ། འབྲིང་པོ། ཕྲིན་ལས་བསྡུས་པ། མཚན་བརྒྱད་བསྟོད་པ་བསྟེན་པའི་ཕུར་བསྐུལ་རྣམས་སོ། །དེ་དག་ལས་ཆེ་མཆོག་གི་དབང་བརྒྱུད་ནི། ཀུན་བཟང་། རྡོར་སེམས། ཕྱག་རྡོར། རྡོ་རྗེ་ཕག་མོ། ཨོ་རྒྱན། སྣ་ནམ། གཏེར་སྟོན། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། ནམ་མཁའ་རིག་འཛིན། ཐུགསམཆོག་འོད་འབར། བློ་མཆོག་རྡོ་རྗེ། ཀུན་མཁྱེན་ལྔ་པ། གཏེར་བདག་གླིང་པ་མན་འདྲ། ཡང་ན། ངག་དབང་གྲགས་པ་ནས། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ཤཱཀྱ་ [21a] བཟང་པོ། ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཡོལ་མོ་བ། ཟུར་ཆོས་དབྱིངས་རང་གྲོལ། ཟིལ་གནོན་དྲག་རྩལ་རྡོ་རྗེ། པདྨ་ཕྲིན་ལས། པདྨ་དབང་རྒྱལ། རྡོ་རྗེ་ཐོགས་མེད། འགྱུར་མེད་བློ་ལྡན། པདྨ་བཤེས་གཉེན། ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་རང་གྲོལ་རྡོ་རྗེ། ཕྲིན་ལས་དར་རྒྱས། འགྱུར་མེད་ངེས་དོན་བསྟན་འཕེལ། བསོད་ནམས་མཆོག་ལྡན། ཚེ་དབང་རིག་འཛིན་རྒྱ་མཚོ། མཁན་ཐུབ་བསྟན་རྒྱལ་མཚན། འཇམ་མགོན་པདྨ་གར་དབང་མན་གོང་བཞིན་ནོ། །ལུང་བརྒྱུད་ནི། ལེགས་ལྡན་རྗེ་ནས། བྱང་བདག་ཡབ་སྲས། ཡོལ་མོ་བ། ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ལྔ་པ། གཏེར་བདག་གླིང་པ་མན་འདྲ། ཚེ་དབང་གི་བརྒྱུད་པ་ནི། ཀླུ་སྒྲུབ་དབང་པོ་ནས། ངག་དབང་ཕུན་ཚོགས། བློ་མཆོག་རྡོ་རྗེ། ཀུན་མཁྱེན་ལྔ་པ་མན་འདྲ། སྤུ་གྲིའི་དབང་ལུང་གི་བརྒྱུད་པ་ནི། ལེགས་ལྡན་རྗེ་ནས་བྱང་བདག་ཡབ་སྲས་ལ་བརྒྱུད་པ་གོང་མ་ལྟར་རམ། [21b] ཡང་ན། གཏེར་སྟོན་ནས། སངས་རྒྱས་བྱམས་བཟང་། སེ་ཉི་བཟང་། མགོན་བཟང་། རིན་ཆེན་རྒྱལ་མཚན་མན་གོང་བཞིན། སྤུ་གྲིའི་དབང་ཆོག་སོར་གནས་ཀྱི་དབང་བརྒྱུད་ནི། ནམ་མཁའ་རྒྱལ་མཚན་ནས། ངག་དབང་རྒྱ་མཚོ། ལེགས་ལྡན་རྗེ། དཀོན་མཆོག་ལེགས་ལྡན་མན་སྔར་ལྟར་རམ། ནམ་མཁའ་རྒྱལ་མཚན་ནས། ནམ་མཁའ་བསོད་ནམས། པདྨ་དབང་ཆེན། ཚེ་དབང་རིག་འཛིན། ནམ་མཁའ་རིག་འཛིན། ཐུགས་མཆོག་འོད་འབར་མན་འདྲ། མཐུ་ཆེན་བཅོ་བརྒྱད་པ་དང་མཚོན་འདྲའི་ལུང་བརྒྱུད་ནི། གཏེར་སྟོན་ཡབ་སྲས་ནས། སེ་ཉི་བཟང་། མགོན་བཟང་། རིན་ཆེན་རྒྱལ་མཚན། ཉི་མ་རྒྱལ་མཚན། བདེ་ལེགས་པ། ངག་དབང་ཕུན་ཚོགས། བློ་མཆོག་རྡོ་རྗེ། ཀུན་མཁྱེན་ལྔ་བ་མན་འདྲ། དྲིལ་སྒྲུབ་ཀྱི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིངྷ་། ཨོ་རྒྱན་ཆེན་པོ་མན་བྱང་བདག་ལ་བརྒྱུད་པ་བཞིན་ནོ། །ཟངས་མཛོད་ནས་བྱོན་པའི་མངའ་དབང་སྐོར་ཐོབ་པ་ལ། [22a] དབང་ལུང་གཉིས་ལས། དང་པོ་ནི། མངའ་དབང་རིན་ཆེན་འབར་བ་ཉིད་དོ། །གཉིས་པ་ལ། མངའ་དབང་རིན་པོ་ཆེའི་ལོ་རྒྱུས། དབང་ཆོག་རིན་ཆེན་འབར་བ། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལེའུ་ལྔ་པ། ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལེའུ་བཅུ་གཉིས་པ། ཡོན་ཏན་དྲུག་ལྡན་ནོར་བུའི་མཛོད་རྣམ། དེ་དག་གི་བརྒྱུད་པ་ནི། གསང་བའི་བདག་པོ། དབང་གི་ཌཱ་ཀི ། ཨོ་རྒྱན། ཆོས་རྒྱལ། གཏེར་སྟོན། སངས་རྒྱས་བསྟན་པ། སངས་རྒྱས་བྱམས་བཟང་། སེ་མགོན་བཟང་། སེ་རིན་རྒྱན། ཀུན་དགའ་དོན་གྲུབ། ཤཱཀྱ་བཟང་པོ། གསང་སྔགས་རྡོ་རྗེ། འཛམ་གླིང་ཆོས་གྲགས། གཞོན་ནུ་སྟོབས་ལྡན། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། ནམ་མཁའ་རིག་འཛིན། ཐུགས་མཆོག་འོད་འབར། གཏེར་བདག་གླིང་པ་མན་འདྲ། ཡང་ན། ཤཱཀྱ་བཟང་པོ་ནས། ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། རྒྱལ་དབང་ལྔ་པ། རིག་འཛིན་པད་ [22b] ཕྲིན། པདྨ་དབང་རྒྱལ། ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད་རྡོ་རྗེ། ཀུན་བཟང་ཀློང་ཡངས། ཨོ་རྒྱན་བསྟན་འཛིན་ཕུན་ཚོགས། ཀུན་བཟང་གསང་སྔགས་བསྟནའཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་པདྨ་གར་དབང་བློ་གྲོས་མཐའ་ཡས་མན་གོང་བཞིན། རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། བྱིན་རླབས་དབང་གི་རིམ་པའོ། །གཉིས་པ་ལ། སྒྲུབ་ཐབས། ལས་བྱང་། དབང་ཆོག །བསྟོད་པ། སྡེ་བརྒྱད་གནས་འབེབས། མན་ངག་རྩ་བའི་ཐེམས་བྱང་། ལས་ཚོགས་བཅུ་གཅིག་ཕོ་ཚོགས་མོ་ཚོགས་ཀྱི་སྒྲུབ་པ་རྣམས། བརྒྱུད་པ་ནི། སྣང་མཐའ། ཐུགས་རྗེ་ཆེན་པོ། རྟ་མགྲིན། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན། རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། ནམ་མཁའ་རིག་འཛིན། [23a] ཐུགས་མཆོག་འོད་འབར། གཏེར་བདག་གླིང་པ་མན་འདྲ། ཡང་ན། སེ་ཐུགས་མཆོག་འོད་འབར་ནས། རིག་འཛིན་པད་ཕྲིན། ལྷུན་གྲུབ་རྣམ་རྒྱལ། རྡོ་རྗེ་ཐོགས་མེད། པདྨ་མཆོག་གྲུབ། པདྨ་བཤེས་གཉེན། ཀུན་བཟང་པདྨ། གསང་སྔགས་བསྟན་འཛིན། མཁྱེན་བརྩེའི་དབང་པོ། རྗེ་པདྨ་གར་དབང་མན་སྔར་བཞིན་ནོ། །ཆོས་སྐྱོང་སྐོར་ལས་བཀའ་བརྒྱད་ཀྱི་བཀའ་སྲུང་མགོན་པོའི་དབང་ལུང་ཐོབ་པ་ལ་གཉིས་ལས། དང་པོ་ནི། རྩ་བའི་དབང་བཞི་གཏོར་དབང་བཀའ་བསྒོ་དང་བཅས་པའོ། །གཉིས་པ་ལ། བསྟན་སྲུང་ཡོངས་རྫོགས་ཀྱི་རྒྱུད་ལེའུ་བརྒྱད་པ། མགོན་པོའི་སྒྲུབ་ཐབས། ལས་བྱང་། དབང་ཆོག །བསྐང་བཤགས། བསྐུལ། གསང་བསྐུལ་བསྡུས་པ། བླ་རྡོ་སྲོག་འཁོར་གྱི་མན་ངག །སྦྱིན་སྲེག །གདབ་ལས། མནན་པའི་མཐའ་རྒྱས་བཅས་ཐོབ་པ་ལས། དབང་ལུང་ཚང་བའི་བརྒྱུད་པ་ནི། ཀུན་བཟང་། ཕྱག་རྡོར། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན། རྡོ་རྗེ་ [23b] མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། སྲས་ཆོས་སྐྱོང་བསོད་ནམས། སྲས་ཆོས་སྐྱོང་བསོད་ནམས། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། རོལ་པའི་རྡོ་རྗེ། ཐུགས་མཆོག་འོད་འབར། གཏེར་བདག་གླིང་པ་མན་འདྲ། ཡང་ན། གཏེར་སྟོན་ནས། སྲས་རྣམ་རྒྱལ་མགོན་པོ། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། ཆོས་རྒྱལ་བསོད་ནམས། ཆོས་དཔལ་བཟང་པོ། མཁན་ཆེན་བྱམས་བཟང་། ཤཱཀྱ་རྒྱལ་མཚན། བྱམས་པ་རིན་ཆེན། ཆོས་འཕེལ། པདྨ་ཕྲིན་ལས། སྤང་ལེབ་བླ་མ་ཆོས་གྲགས་རྒྱ་མཚོ། ཡེ་ཤེས་རྡོ་རྗེ་སྙིང་པོ། པདྨ་བཤེས་གཉེན། པདྨ་ཐེག་མཆོག །ཀུན་བཟང་འཇིགས་མེད་ཆོས་གྲགས། བྱང་ཆུབ་ཆོས་ཀྱི་ཉི་མ། བླ་མ་རབ་འབྱམས་པ། ཆོས་ཀྱི་གྲགས་པ། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། འཇམ་མགོན་པདྨ་གར་དབང་མན་གོང་བཞིན་ནོ། །དབང་དང་ཕྲིན་ལས་སྐོར་གྱི་ལུང་བརྒྱུད་ནི། ཆོས་སྐྱོང་བསོད་ནམས་ཡན་གོང་ལྟར་ལས། [24a] དེ་ནས་ལེགས་ལྡན་རྗེ། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། རིག་འཛིན་པདྨ་ཕྲིན་ལས་མན་གོང་བཞིན། སྔགས་སྲུང་ཨེ་ཀ་ཇཱ་ཊིའི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། གཏོར་མ་ལ་བརྟེན་པའི་རྗེས་གནང་། རྗེས་གནང་བར་མ། དམ་བསྲེ་དང་བཅས་པའོ། །བསྟོད་པ། ཕྲིན་ལས་བསྐུལ་དང་བཅས་པ། བསྐང་བཤགས། མདོས་ཆོག །སྲེག་ཟོར་མནན་གཏད། ཕན་གནོད་ལས་ཕྲན་ཁ་བསྒྱུར་རྣམས། བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། འཛམ་གླིང་ཆོས་གྲགས། པདྨ་དབང་ཆེན། ཚེ་དབང་རིག་འཛིན། ནམ་མཁའ་རིག་འཛིན། ཐུགས་མཆོག་འོད་འབར། གཏེར་བདག་གླིང་པ་མན་དྲ། རྗེས་གནང་ [24b] སྲོག་གཏད་དང་། ཕྲིན་ལས་ཀྱི་ལུང་བརྒྱུད་ནི། སངས་རྒྱས་དཔལ་བཟང་ནས། ཆོས་རྒྱལ་བསོད་ནམས་ཡབ་སྲས། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཕྲིན་ལས་ལྷུན་གྲུབ་མན་འདྲ། དུང་མཛོད་ཀྱི་གཏེར་སྲུང་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་སྐོར་ལས། བརྟན་མའི་མཆོད་ཕྲིན་པད་འབྱུང་མ། སྒོས་མདོས་བཅས་པའི་ལུང་བརྒྱུད་ནི། གཏེར་སྟོན། སྤང་བདེ་ལེག་ས་རྒྱལ་མཚན། སེ་རིན་རྒྱན། སྤྱན་ཚབ་པ། བྱམས་པ་ཆོས་རྒྱན། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ལྔ་པ། གཏེར་བདག་གླིང་པ་མན་འདྲ། མདོས་ཆོག་ལྗགས་སྒྲིགས་མ་ཡང་དེ་ཉིད་ལས་སོ། །གསེར་མཛོད་ཀྱི་གཏེར་སྲུང་རྡོར་ལེགས་ཀྱི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། བཀའ་གཏད་སྲོག་གི་དབང་ནོས་ནས། གཉིས་པ་ལ། གསང་རྒྱུད་ལེའུ་དྲུག་པ། བཀའ་གཏད་རྗེས་གནང་གི་ཆོ་ག །གསོལ་ཁ་ཆུང་དུ་དམ་བསྲེ་དང་བཅས་པ། [25a] དམ་ཅན་རྒྱལ་བློན་ལྔ་པ་དྲག་སྔགས་སུ་སྒྲུབ་པ། བླ་རྡོའི་མན་ངག །ནོར་སྒྲུབ། མངོན་ཤེས་སྒྲུབ་པ་རྣོ་མཐོང་། མིག་མཐོང་རྒྱའི་གསང་སྒྲུབ། གྲི་སྙིང་གྲི་ཁྲག་ལ་བརྟེན་པའི་མངོན་ཤེས། གིང་ཆེན་སྤུ་གྲིའི་སྒྲུབ་ཐབས། མངལ་ཁྲག་དབབ་པ། དམ་ཅན་བཙན་སྒྲུབ། གིང་གི་ལས་སྦྱོར་ཐེམས་བདུན་གྱི་མན་ངག །སྔགས་ཀྱི་ཊཱི་ཀ་དྲག་སྔགས་བཀོལ་བ། སྒྲུབ་པའི་མན་ངག །འཁོར་ལོ་ལ་བརྟེན་པའི་ངན་སྔགས། སྙིང་གཟེར་ནག་པོའི་མན་ངག །མཆོད་ཕྲིན་བསྐུལ་དང་བཅས་པ། མདོས་ཀྱི་བྱང་བུ། འཁུ་ལྡོག་བཅིང་བ་རྣམས་སོ། །བརྒྱུད་པ་ནི། གསང་བདག །ཨོ་རྒྱན་ཡབ་ཡུམ། གཏེར་སྟོན། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་ཆོས་རྒྱན། བསོད་ནམས་མཆོག་ལྡན། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་འདྲ། ཟངས་མཛོད་ཀྱི་གཏེར་སྲུང་ཐང་ལྷའི་སྐོར་ལ་དབང་ལུང་གཉིས་ལས། [25b] དང་པོ་ནི། རྗེས་གནང་། དམ་བསྲེ་དང་བཅས་པའོ། །གཉིས་པ་ལ། ལོ་རྒྱུས། ཕྱི་སྒྲུབ་སྨྱོ་འདུལ་མ། མཆོད་ཕྲིན་ཡེ་ཤེས་གཞལ་ཡས་མ། གསང་སྒྲུབ། ལོ་རྒྱུས། རྫས་བཤོམས། རྗེས་གནང་མངོན་རྟོགས། གཏོར་བསྔོ། བསྟོད་པ། ཡང་གསང་སྙིང་སྒྲུབ་ཀྱི་ལས་ཚོགས་ནང་གསེས་བཅུ་དྲུག་པ། གཏེར་སྟོན་གྱིས་མཛད་པའི་བསྐང་བ། ཡོལ་མོ་བས་མཛད་པའི་མཆོད་ཕྲིན་མངའ་གསོལ་རྣམས་སོ། །བརྒྱུད་པ་ནི། གསང་བདག །ཨོ་རྒྱན་ཆེན་པོ། གཏེར་སྟོན་ཡབ་སྲས། རྡོ་རྗེ་རྣམ་གཉིས། བླ་མ་རྣམ་གཉིས། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས་ཡབ་སྲས། མཁྱེན་བརྩེའི་དབང་ཕྱུག །བྱམས་པ་སྐལ་བཟང་། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། གཏེར་བདག་གླིང་པ་མན་སྔར་བཞིན། ལྕགས་མཛོད་ཀྱི་གཏེར་སྲུང་སྟོང་དཔོན་གྱི་སྐོར་ལ། ལོ་རྒྱུས། སྒྲུབ་ཐབས། བསྟོད་བསྐུལ། འཁོར་ལོའི་བྲི་ཡིག །མཆོད་ཕྲེང་ [26a] རྣམས་ཐོབ་པའི་བརྒྱུད་པ་ནི། གསང་བདག །ཨོ་རྒྱན། གཏེར་སྟོན་ཡབ་སྲས། ནམ་མཁའ་བསོད་ནམས། ནམ་མཁའ་རྒྱལ་མཚན། ནམ་མཁའ་རྡོ་རྗེ། ངག་དབང་ཆོས་རྒྱལ། དབང་ཕྱུག་རབ་བརྟན། ས་སྐྱ་པ་ཀུན་དགའ་བསོད་ནམས། སྲས་བསོད་ནམས་དབང་ཕྱུག །རིན་ཆེན་བསོད་མཆོག །ཀུན་མཁྱེན་ལྔ་པ། གཏེར་བདག་གླིང་པ་མན་འདྲ། བསམ་ཡས་རྟ་མགྲིན་ཞབས་འོག་ནས་བྱུང་བའི་དུག་དབང་རྡོ་རྗེ་ཕ་ལམ་ཞང་ཤེས་རབ་འབུམ་གྱིས་ཡི་གེར་བཀོད་པ་ལྟར་ནོས་པའི་བརྒྱུད་པ་ནི། མུ་སྟེགས་དབང་ཕྱུག་ཆེན་པོ། གུ་ལང་ནག་པོ། ཤྲཱི་རལ་པ་ཅན། ཨོ་རྒྱན་ཆེན་པོ། རྒོད་ལྡེམ་ཅན། ཞང་ཤེས་རབ་འབུམ། རང་བྱུང་རྒྱལ་པོ། རང་རིག་རྒྱལ་པོ། ཡེ་ཤེས་རྒྱལ་མཚན། བཀྲ་ཤིས་བཟང་པོ། ཐུགས་རྗེ་དཔལ་བཟང་། བྲག་དཀར་སེམས་དཔའ་ཆེན་པོ། གཙུག་གི་ནོར་བུ། ཆོས་གྲགས་རྒྱལ་མཚན། མངའ་བདག་ཡོན་ཏན་ཕུན་ཚོགས། བྱ་སྟོན་བསྟན་སྐྱོང་དབང་ [26b] པོ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་སྔར་བཞིན་ནོ། །ཡིག་ཆའི་ལུང་བརྒྱུད་ཀྱང་དེ་ཉིད་དོ། །གཏེར་སྟོན་རྒོད་ལྡེམ་གྱི་དག་སྣང་མ་ཚེ་གུར་སྦྲགས་མའི་དབང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཁྲིགས་མ་སྙན་བརྒྱུད་ཕྱག་ལེན་བཞིན་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། ཞི་ཁྲོ། ཕྱག་རྡོར། ལྷ་ལྕམ། མཚོ་རྒྱལ། གཏེར་སྟོན་ཡབ་སྲས། སྤྲུལ་པའི་ཡུམ་ཆེན། དགེ་བའི་བློ་གྲོས། བརྩོན་འགྲུས་བཟང་མོ། དཔལ་ལྡན་བློ་གྲོས། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། རྒྱལ་མཆོག་ལྔ་པ་ཆེན་པོ། རིག་འཛིན་པདྨ་ཕྲིན་ལས། གཏེར་ཆེན་འགྱུར་མེད་རྡོ་རྗེ་མན་འདྲ། བརྡ་དོན་ལམ་ཟབ་ཀྱི་བླ་མའི་རྣལ་འབྱོར་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། གཏེར་སྟོན་ཡབ་སྲས། རྡོ་རྗེ་དཔལ། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ལེགས་ལྡན་རྡོ་རྗེ། བྱང་བདག་བཀྲ་ཤིས་ [27a] སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་གང་ཤར་རང་གྲོལ། རིག་འཛིན་པདྨ་ཕྲིན་ལས། གཉགས་སྟོན་པདྨ་དབང་རྒྱལ། རྗེ་རཏྣ་བྷ་དྲ། བཀྲ་བཟང་པ་ཀུན་བཟང་ཡེ་ཤེས། བཀྲ་བཟང་པདྨ་དགའ་བ། དེའི་སྲས་ཀུན་བཟང་འགྱུར་མེད། གྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་གར་དབང་བློ་གྲོས་མཐའ་ཡས། རབ་འབྱམས་ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་བའོ།། །།