བླ་མ་དགོངས་པ་འདུས་པའི་ཆོས་སྡེ་ཆེན་པོ་ཇི་ལྟར་ནོས་པའི་ཚུལ།

From Dudjom Wiki
DJYD-KABUM-20-WA-002
Wylie title bla ma dgongs pa 'dus pa'i chos sde chen po ji ltar nos pa'i tshul DJYD-KABUM-20-WA-002.pdf
Location bdud 'joms rin po che bka' 'bum
Volume 20, Text 2, Pages 55-82 (Folios 28a1 to 41b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bla ma dgongs pa 'dus pa'i chos sde chen po ji ltar nos pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 55-82. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: sangs gling bla ma dgongs 'dus skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [28a] ཨོཾ་སྭསྟི། ལྷ་སྲས་མུ་རུབ་བཙན་པོའི་རྣམ་འཕྲུལ་སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་ཀོང་ཡུལ་པུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་བའི་བོད་ཁམས་ཟབ་གཏེར་ཀུན་གྱི་ཡང་སྙིང་བླ་མ་དགོངས་པ་འདུས་པའི་ཆོས་སྡེ་ཆེན་པོ་ཇི་ལྟར་ནོས་པའི་ཚུལ་ལ་དབང་ལུང་གཉིས་ལས། དང་པོ་ནི། སྒྲུབ་ཆེན་གྱི་ལས་རིམ་རྒྱས་པ་དང་སྦྱར་བའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་དབང་ཆེན་མོ་སྨིན་བྱེད་སྙིང་གི་མེ་ལོང་གི་སྟེང་ནས་བུམ་དབང་། སྤྲོས་མེད་སྲོག་རྩ་དམར་འབྱིན་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བདེ་སྟོང་རབ་བྱམས་ལ་བརྟེན་ནས་བྷ་གའི་དཀྱིལ་འཁོར་དུ་ཤེར་དབང་། རབ་ཏུ་སྤྲོས་མེད་ཐོད་རྒལ་རིག་པའི་རྩལ་དབང་བརྡའ་དོན་ཟུང་འབྲེལ་གྱི་སྟེང་ནས་ཉི་ཟེར་ལ་བརྟན་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་། རང་བྱུང་དོན་དབང་རྒྱས་འདེབས་ཀྱི་སྟེང་ནས་སྐུ་གསུམ་གྱི་བཞུགས་སྟངས་ལ་བརྟེན་ནས་ཡོངས་སུ་སྤྲོས་མེད་ཀྱི་དབང་། ཆགས་ཅན་ལམ་ལོངས་ཊཱ་ཀིའི་གནད་ཀྱི་སྲོག་དབང་གི་ [28b] སྟེང་ནས་ཆོས་འབྱུང་གི་དཀྱིལ་འཁརོ་དུ་མཁའ་འགྲོའི་སྲོག་དབང་། བཤད་མ་ཐག་པའི་དཀྱིལ་འཁོར་དེ་རྣམས་ལ་བརྟེན་ནས་སྨིན་བྱེད་བདུད་རྩིའི་ཐིག་པ་སྙིང་གི་མེ་ལོང་གི་སྟེང་ནས་དོན་དབང་བསྡུས་པ། ཊཱཀིའི་དཀྱིལ་འཁོར་ལ་བརྟེན་ནས་གཅོད་དབང་ནམ་མཁའི་སྒོ་འབྱེད། གཏུམ་མོའི་མེ་དབང་བདེ་བའི་གསང་མཛོད་དགའ་འཁྱིལ་གྱི་སྟེང་ནས་སིནྡྷུ་རའི་དཀྱིལ་འཁོར་དུ་གཏུམ་མོའི་མེ་དབང་། རྩ་གསུམ་གཏོར་མའི་བརྡ་དབང་། གླེགས་དམ་ལ་བརྟེན་ནས་པུསྟིའི་ལུང་དབང་། དྲེགས་པའི་སྲོག་དབང་ཆེན་མོ་གནམ་ལྕགས་འབར་བའི་རྒྱ་ཅན་གྱི་སྟེང་ནས་དཀྱིལ་འཁོར་དང་རྟེན་རྫས་ལ་བརྟེན་ནས་རྫས་ལ་བརྟེན་ནས་དྲེགས་པའི་སྲོག་དབང་། སྔགས་དང་མར་མེ་ཞལ་ཟས་ལ་བརྟེན་པའི་འཇམ་དཔལ་ཤེས་རབ་བློ་འཕེལ་རལ་གྲིའི་རྗེས་གནང་། ཚེ་དབང་བདུད་རྩིའི་བུམ་པ། ཆོས་འབྱུང་བསྣོལ་མའི་དཀྱིལ་འཁོར་ལ་བརྟེན་ནས་ཕག་མོ་དང་མཁའ་འགྲོ་རིགས་ལྔའི་དབང་རྗེས་གནང་། གཏོར་མཐུན་རྫས་སོགས་ལ་བརྟེན་ནས་དགྲ་བགེགས་བདུད་འདུལ་ཡིག་སྣའི་རྗེས་གནང་། རྟ་མགྲིན་ནག་པོའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ [29a] བཀའ་གཏད་དང་བཅས་པ་ལེགས་པར་ནོས་པའོ། །གཉིས་པ་ལ། ཀུན་རྫོབ་ཨ་འཐས་ཀྱི་ཞེན་པ་ཟློག་བྱེད་བསྐྱེད་རིམ་གྱི་སྐོར། དོན་དམ་ཡེ་ཤེས་སུ་སྐྱེལ་བྱེད་རྫོགས་རིམ་གྱི་སྐོར། ཐུན་མོང་དུ་གཅེས་པ་ལས་ཕྲན་གྱི་སྐོར་དང་གསུམ། དང་པོ་ལ་དྲུག་ཚན་དགུའི་དང་པོ་སྒྲུབ་པའི་སྒྲོམ་དྲུག་ནི། བླ་མ་དགོངས་འདུས་སོགས་གཏེར་འབྱུང་ཚིགས་བཅད་མ། སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་འབྱུང་ཆེན་མོ། རྩ་བའི་སྒྲུབ་པ་ནོར་བུ་པད་ཕྲེང་། དེའི་ལྷན་ཐབས་ཡིག་ཆུང་དཔེ་རིས་དང་བཅས་པ། རྩ་གསུམ་སྒྲུབ་པ་ཐུགས་རྗེའི་ལྕགས་ཀྱུ། ཕྱི་ནང་གི་གསང་སྒྲུབ་ནོར་བུའི་སྙིང་པོ། ཡང་གསང་ཐུགས་སྒྲུབ་ཉི་ཟླ་ཁ་སྦྱོར། སྤྱི་དྲིལ་སྒྲུབ་པ་ཡིད་བཞིན་ནོར་བུ། དེའི་སྒྲུབ་ཐབས་དང་ལས་སྦྱོར་ཚ་བ་དམར་ཐག །དེའི་དཔེ་རིས། རྩ་གསུམ་སྲོག་འཁོར་དཔེ་རིས། ལས་བྱང་མེ་ཏོག་ཕྲེང་མཛེས། བསྲུང་བཟློག་བསད་གསུམ་གྱི་མན་ངག་བྱད་མ་ [29b] སྟོབས་འཇོམས་དཔེའུ་རིས་དང་བཅས་པ་རྣམས་སོ། །གཉིས་པ་ཡན་ལག་བདུད་རྩིའི་སྒྲུབ་པ་དྲུག་ནི། ཚེ་སྒྲུབ་བདུད་རྩི་སྙིང་པོའི་ཡང་ཞུན། གཞན་དོན་སྤྲོས་བཅས་ཀྱི་ཚེ་སྒྲུབ་དབང་དང་བཅས་པ། སྨན་སྒྲུབ་བདུད་རྩིའི་རྒྱ་མཚོ། གེགས་སེལ་མན་ངག་ཡིག་ཆུང་དང་བཅས་པ། བམ་སྒྲུབ་བདུད་རྩིའི་ཡང་ཞུན། སྤོགས་ཆོག་ཡིག་ཆུང་དང་བཅས་པ། གཏོར་སྒྲུབ་བདུད་རྩིའི་འདོད་འཇོ། བུམ་སྒྲུབ་བདུད་རྩིའི་ཞུན་མ། གཟུངས་སྒྲུབ་བདུད་རྩིའི་ཆུ་རྒྱུན་རྣམས་སོ། །གསུམ་པ་ཁོག་དབུབ་སྤྱི་དོན་གྱི་གཟེར་དྲུག་ནི། སྒྲུབ་ཆེན་གྱི་པྲ་ཁྲིད་གསལ་བའི་མེ་ལོང་། མངོན་རྟོགས་རིན་པོ་ཆེའི་ཕྲེང་བ། ལག་ཁྲིད་གབ་པ་མངོན་ཕྱུང་མུན་སེལ་སྒྲོན་མེ། སྐོང་ཆོག་ཉོན་མོངས་སྲེག་བྱེད། ལས་བྱེད་རླུང་འཁོར་ཕོ་ཉ་མྱུར་མགྱོགས། དེའི་ཡིག་ཆུང་དཔེའུ་རིས་དང་བཅས་པ། སྲེག་ཆོག་མེ་འོད་འབར་བ། དགང་བླུགས་ཀྱི་བྱིན་རླབས་དབང་བསྐུར་དཔེ་རིས་དང་བཅས་པ་རྣམས་སོ། །བཞི་པ་ཁ་སྐོང་ཕྲིན་ལས་ཀྱི་རྒྱན་དྲུག་ནི། ལས་བྱང་ཚངས་སྒྲ་བདུད་རྩིའི་ཕྲེང་བ། བསྟོད་འབུམ་ཚངས་པའི་དྲྭ་བ། བསྐུལ་འབུམ་ [30a] མྱུར་མགྱོགས་གློག་ཕྲེང་། མདངས་བསྐང་རིན་ཆེན་ཕྲེང་བ། སྨན་རཀ་གཏོར་གསུམ་བདུད་རྩིའི་མཆོད་སྤྲིན་རྒྱ་མཚོ། ཀུན་ཁྱབ་མཆོད་ཕྲེང་མེ་ཏོག་ཆར་རྒྱུན་རྣམས་སོ། །ལྔ་པ་ཚོགས་བསགས་སྒྲིབ་སྦྱོང་གི་ཐེམས་དྲུག་ནི། རབ་གནས་བཀྲ་ཤིས་བརྩེགས་པ། ཆོས་བཤད་དྲང་དོན་དགེ་བསྐུལ། གཤིན་ཆོག་ཡེ་ཤེས་འོད་འཕྲོ། ལྷན་ཐབས་ཕུང་པོ་སྦྱང་བའི་ཡིག་ཆུང་དང་བཅས་པ། སཱཙྪ་འདེབས་པའི་ཆོ་ག་བསོད་ནམས་རི་བོ། དམ་ཚིག་བསྲུང་སྡོམ་རྒྱ་མདུད། བསྔོ་བ་ནོར་བུ་བསམ་འཕེལ་རྣམས་སོ། །དྲུག་པ་བྱང་ཆུབ་སྒྲུབ་པའི་ལམ་དྲུག་ནི། སྔོན་འགྲོ་ཡན་ལག་བདུན་པ་། སྐྱབས་སེམས་རིན་ཆེན་གསེར་གྱི་ས་གཞི། མཎྜལ་ཡིད་བཞིན་ནོར་བུ། ཟས་ཀྱི་རྣལ་འབྱོར་བདུད་རྩིའི་ཐིག་པ། སྐོར་བ་སྤྱོད་ལམ་རྒྱུན་ཁྱེར། གཏོར་ཆོག་བདུད་རྩི་ཀུན་ཁྱབ་རྣམས་སོ། །བདུན་པ་ལག་ལེན་འཕྲུལ་གྱི་ལས་དྲུག་ནི། དཀྱིལ་འཁོར་བྲི་ཐིག་ཚངས་པའི་དྲྭ་བ། དཀྱིལ་འཁོར་རྣམ་དག་རབ་གསལ་ཉི་འོད། སྐུ་གཟུགས་ཆག་ཚད་རིན་ཆེན་དྲྭ་མིག །གར་འཆམ་འཕྲུལ་གྱི་པ་ཏྲ། [30b] བློས་སླང་རིན་ཆེན་ཐེམ་སྐས། དབྱངས་བྱང་པྲ་ཁྲིད་དཔེ་དོན་ཟུང་འབྲེལ་རྣམས་སོ། །བརྒྱད་པ་སྤྲོས་བཅས་ཡིག་ཆུང་གི་དམར་ཁྲིད་དྲུག་ནི། དཀྱིལ་འཁོར་ལག་ལེན་དམར་ཁྲིད། མཆོད་པའི་ལག་ལེན་དམར་ཁྲིད། གཏོར་མའི་ལག་ལེན་དམར་ཁྲིད། བརྡའ་རྟགས་ལག་ལེན་དམར་ཁྲིད། རྟེན་འབྲེལ་རྒྱུན་ཁྱེར་དམར་ཁྲིད། ཆོས་སྤྱོད་ཉམས་ལེན་དམར་ཁྲིད་རྣམས་སོ། །དགུ་པ་དེ་ཉིད་གསལ་བའི་འགག་དྲུག་ནི། གཏོར་མའི་དེ་ཉིད་བདུད་རྩི་དཀོར་མཛོད་དྲུག །ཕྲེང་བའི་དེ་ཉིད་སྔགས་ཀྱི་སྒྲོན་མེ། ཞྭ་གོས་ཀྱི་དེ་ཉིད་ཐར་པའི་འཕྲུལ་སྐས། ལོངས་སྤྱོད་སྦྱང་བའི་དེ་ཉིད་རྣམ་རོལ་སྤྲིན་རྒྱན། ཟས་ཀྱི་དེ་ཉིད་བྱང་ཆུབ་ལམ་གྱི་བདུད་རྩི། སྤྱོད་ལམ་གྱི་དེ་ཉིད་འགག་དོན་བསྡུས་པའི་སྙིང་པོ་རྣམས་སོ། །སྐོར་ཚོགས་གཉིས་པ་རྫོགས་རིམ་གྱི་སྐོར་འོག་ཏུ་གསལ་ཞིང་། གསུམ་པ་བསྐྱེད་རྫོགས་སྤྱི་ལ་གཅེས་པའི་དྲུག་ཚན་དྲུག་གི་དང་པོ་རྩ་བའི་རྒྱུད་དྲུག་ལ། སྤྱི་རྒྱུད་པད་སྡོང་བརྩེགས་པ་ལེའུ་ཉེར་གཅིག་པ། སྐུ་རྒྱུད་ཤེལ་གྱི་རི་བོ་ལེའུ་སུམ་ཅུ་པ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ལེའུ་བཅུ་གསུམ་པ། ཐུགས་རྒྱུན་ནམ་མཁའ་ཀློང་ཡངས་ [31a] ལེའུ་དྲུག་ཅུ་པ། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་ལེའུ་བརྒྱ་རྩ་བརྒྱད་པ། ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་ལེའུ་ལྔ་པ་རྣམས་དང་། བླ་མ་གསང་རྒྱུད་བཀའི་བང་མཛོད་ལེའུ་དྲུག་པ། ཡི་དམ་གསང་རྒྱུད་བཀའི་ཐ་རམ་ལེའུ་ལྔ་པ། མཁའ་འགྲོ་གསང་རྒྱུད་བཀའི་ལྡེའུ་མིག་ལེའུ་བརྒྱད་པ། དད་བརྩོན་ལྡན་པས་རྒྱུད་འཆད་ཐབས་དང་ཆེ་བ་བསྟན་པ་རྣམས་སློབ་དཔོན་གྱིས་རང་འགྱུར་དུ་མཛད་པ་གཏེར་གནས་ཟླ་སྐར་དུང་གི་སྒོ་ནས་སྤྱན་དྲངས་པའོ། །གཉིས་པ་སྤྱིར་གཅེས་པའི་སྤར་ཁབ་དྲུག་ནི། སྤྱི་རྒྱུད་ཀྱི་འགྲེལ་པ་མེ་ཏོག་གི་རྒྱན། བསྐྱེད་རྫོགས་དོན་བསྡུས་ཐུགས་ཀྱི་སྙིང་པོ་འགག་དོན་དགུ་པ། རྩོད་སྤོང་ལུང་གི་བང་མཛོད། ཐེག་པ་སྤྱིའི་རྣམ་བཤད་རྒྱན་གྱི་འཁོར་ལོ། རྒྱབ་ཆོས་སྤར་ཁབ་མདོ་འཛིན། ཤན་འབྱེད་སུན་འབྱིན་རིན་ཆེན་གསལ་བའི་གབ་རྩེ་རྣམས་སོ། །གསུམ་པ་འགག་དོན་མདོ་འཛིན་དྲུག་ནི། ལོ་རྒྱུས་ཤེལ་གྱི་མེ་ལོང་། ལས་དང་སྤྲོ་བསྐྱེད་གཏམ་རྒྱུད་ཕྲེང་བ། ཐེག་དགུའི་ཆོས་སྤྱོད་ཁྲིད་རིམ་འོད་ཕྲེང་། ཕྱག་ཚལ་བཤགས་པ་རིན་ཆེན་གསལ་བའི་གབ་རྩེ། [31b] འཛབ་དགོངས་དམིགས་སྐོར་ཚངས་པའི་ང་རོ། ཉིན་མཚན་ཚོགས་དྲུག་ལམ་ཁྱེར་རྣམས་སོ། །བཞི་པ་སྨིན་བྱེད་ཀྱི་དབང་ཆེན་དྲུག་ནི། སྤྲོས་བཅས་བུམ་དབང་སྨིན་བྱེད་སྙིང་གི་མེ་ལོང་། སྤྲོས་མེད་དོན་དབང་སྲོག་རྩ་དམར་འབྱིན། ཤིན་ཏུ་སྤྲོས་མེད་ཤེར་དབང་བདེ་སྟོང་རབ་འབྱམས། རབ་ཏུ་སྤྲོས་མེད་རྩལ་དབང་བརྡའ་དོན་ཟུང་འབྲེལ། ཡོངས་སུ་སྤྲོས་མེད་རང་བྱུང་དོན་དབང་རྒྱས་འདེབས་ཆེན་མོ། ཌཱ་ཀིའི་གནད་ཀྱི་སྲོག་དབང་རྣམས་སོ། །ལྔ་པ་གནས་སྐབས་ཀྱི་དབང་ཕྲན་དྲུག་ནི། སྨིན་བྱེད་བདུད་རྩིའི་ཐིག་པ་སྙིང་གི་མེ་ལོང་། གཅོད་དབང་ནམ་མཁའ་སྒོ་འབྱེད། གཏུམ་མོའི་མེ་དབང་བདེ་བའི་གསང་མཛོད་དགའ་འཁྱིལ། དྲེགས་པའི་སྲོག་དབང་གནམ་ལྕགས་འབར་བའི་རྒྱ་ཅན། རྩ་གསུམ་གཏོར་མའི་བརྡའ་དབང་། པུསྟིའི་ལུང་དབང་རྣམས་སོ། །དྲུག་པ་སྐོར་ཚོའི་ཐེམས་དྲུག་ནི། ཤན་འབྱེད་རྣམ་གྲངས་ཀྱི་སྐོར་སྤྱི་དོན་བརྒྱད་པ། ཞལ་གདམས་དམར་ཁྲིད་མདོར་བསྡུས་ཐུགས་ཕྲེང་། ཐོར་བུ་ལས་ཚོགས་ནོར་བུ་བསམ་འཕེལ་ལས་ཕྲན་གྱ་བརྒྱད་པ། སྤྱི་ཆིངས་གལ་མདོའི་སྐོར་ཕྱིའི་ [32a] དཀར་ཆག་ཐེམ་བྱང་ཉི་ཟླའི་སྤར་ཁབ། མ་འོངས་ལུང་བསྟན་རྒྱས་པ་བཀའ་རྒྱའི་སྐོར། ཁྱད་པར་ལྷ་སྲས་ལ་ཞལ་གདམས་སུ་གནང་བའི་ལུང་བྱང་བྱིན་རླབས་གནས་འགྱུར། ནང་གི་ཐེམ་བྱང་དཀར་ཆག་པད་ཕྲེང་། གསང་བ་དོན་བསྡུས་ཀྱི་དཀར་ཆག་གུད་དུ་སྦས་པ་རྣམས་ཏེ་དྲུག་ཚན་དྲུག་གོ། །བསྐྱེད་རིམ་ལས་ཚོགས་ཀྱི་སྐོར་དྲུག་ཚན་བཅུ་ལ། དང་པོ་རང་གཞན་སྤྱི་ལ་གཅེས་པའི་ཆོས་དྲུག་ནི། ཞྭ་ཆོས་རིན་ཆེན་སྤུངས་པ་དཔེ་རིས་དང་བཅས་པ། སྲུང་འབུམ་རྡོ་རྗེའི་ཕྲེང་བ་བརྒྱ་རྩ་བརྒྱད་པ། གཞན་དོན་སྒྲོན་མེ་དྲུག་སྐོར་འདི་ལ། ས་བཅད་རིན་ཆེན་སྒྲོན་མེ། མཛེ་འཇོམས་སྟོབས་ཀྱི་སྒྲོན་མེ། དུག་འཇོམས་བདུད་རྩིའི་སྒྲོན་མེ། གཟའ་སྲུང་ཐུགས་ཀྱི་སྒྲོན་མེ། དེའི་དཔེའུ་རིས། སྨོན་ལམ་བཀྲ་ཤིས་སྒྲོན་མེ། ཉེས་པ་ཀུན་སེལ་བྱིན་རླབས་སྒྲོན་མེ་དང་དྲུག་གོ། །སྔགས་འབུམ་དགོས་འདོད་ཀུན་འབྱུང་ལས་རིམ་སུམ་ཅུ་པ། ཟླ་ཚེས་ཀྱི་རེའུ་མིག་ལིང་ཚེ་སུམ་བརྒྱ་དྲུག་ཅུ། ཚེས་གྲངས་གཟའ་སྐར་དུས་སྦྱོར་གྱི་དཔེའུ་རིས་དང་བཅས་པ། ལྡན་འབྲས་བཟང་ [32b] ངན་ཤན་འབྱེད་རིན་ཆེན་སྦུར་ལེན་རྣམས་སོ། །གཉིས་པ་དངོས་གྲུབ་ལོངས་སྤྱོད་ཀྱི་འབྱུང་གནས་དྲུག་ནི། བཅུད་ལེན་སྙིང་པོ་བསྡུས་པ་བཅུ་བཞི་པ། དཀའ་ཐུབ་རོ་སྙོམས་ཁྱབ་གདལ། ཐོབ་བརྟགས་གནོད་སྦྱིན་ནོར་ལེན་དཔེ་ཆུང་དང་བཅས་པ། ཐོད་བརྟགས་ཡིད་བཞིན་བང་མཛོད། འཆི་བརྟགས་རྣམ་གསུམ་དུས་ཀྱི་སྒྲོན་གསལ་ཤོག་ཁྲ་དང་བཅས་པ། ཚེ་སྒྲུབ་རྡོ་རྗེ་སྙིང་པོ་རྣམས་སོ། །གསུམ་པ་འབྱོར་པ་སྤེལ་བྱེད་ཀྱི་ནོར་སྒྲུབ་དྲུག་ནི། ལྷའི་ནོར་སྒྲུབ་འཛད་མེད་གཏེར་བུམ། ཀླུའི་ནོར་སྒྲུབ་ཆུ་བོ་ལག་འགྲུལ། གནོད་སྦྱིན་གྱི་ནོར་སྒྲུབ་ནེའུ་ལེའི་རྐྱལ་པ། གཞི་བདག་གི་ནོར་སྒྲུབ་སྙིང་འགུལ་ལྕགས་ཀྱུ། སྐྱེས་བུའི་ནོར་སྒྲུབ་རྐུན་མ་ནོར་ལེན། རྫས་ཀྱི་ནོར་སྒྲུབ་དབང་གི་རྒྱལ་པོ་དང་དྲུག་གོ། །བཞི་པ་དམངས་པོ་སྲིད་སྤེལ་གྱི་ལས་དྲུག་ནི། སྲིད་འབེབས་ལྷའི་བུ་ལེན་དཔེའུ་རིས་དང་བཅས་པ། སྲིད་འཚོ་ལྕགས་ཀྱི་བུམ་པ་དཔེའུ་རིས་དང་བཅས་པ། སྲིད་ཀྱི་གེགས་སེལ་མདུད་གྲོལ། སྲིད་སྲུང་གཡུང་དྲུང་འཁྱིལ་པ་དཔེ་རིས་དང་བཅས་པ། སྲི་མནན་ཅོག་བརྡུང་ནག་པོ། སྲིའུ་འཚང་ [33a] བཟློག་ཤ་ཟ་གཅིག་རྒྱུག་རྣམས་སོ། །ལྔ་པ་རྣོ་སོ་ངར་འདོགས་ཀྱི་ཡིག་ཆུང་དྲུག་ནི། བློ་འཕེལ་ཤེས་རབ་རལ་གྲི་དཔེ་རིས་རྗེས་གནང་དང་བཅས་པ། སྐད་སྨན་པདྨ་དཀར་པོ་ལོག་གནོན་དང་བཅས་པ། མིག་སྨན་ལོང་བ་རྒྱུན་གཅོད་ལས་ཁ་བསྒྱུར་དང་བཅས་པ། ངག་འགྲོལ་ཡེ་ཤེས་འོད་འཕྲོ། གཉིད་སྐྲོག་མ་རིག་མུན་སེལ། བཟླས་བརྗོད་ནུས་པ་སྟོབས་འབྱིན་དུམ་བུ་བཅུ་གཉིས་པ་ཡིག་སྣ་དཔེ་ཆུང་དང་བཅས་པ་རྣམས་སོ། །དྲུག་པ་གནས་སྐབས་རྟེན་འབྲེལ་གྱི་མངོན་ཤེས་དྲུག་ནི། རྨི་ལམ་བཟང་ངན་གྱི་བརྡའ་བརྟགས། རྣ་སྒྲོགས་ཁྱེའུ་དཀར་པོའི་སྒྲུབ་ཐབས་ཡིག་ཆུང་དཔེའུ་རིས་དང་བཅས་པ། སྨན་གྱི་ལྷ་མོའི་སྒྲུབ་ཐབས་གསལ་བྱེད་འཕྲུལ་གྱི་མེ་ལོང་། མིག་མཐོང་སྣང་གསལ་ཉི་ཟླའི་སྒྲོན་མ། མར་མེའི་བརྟགས་པ་འོད་འཕྲོ། པྲ་འབེབས་རྐུན་མ་ངོས་འཛིན་རྣམས་སོ། །བདུན་པ་འབྲས་བུ་ལོ་ཏོག་ལ་ཕན་བྱེད་དྲུག་ནི། ཆར་འབེབས་བདུད་རྩིའི་བུམ་ཆུང་། དེའི་ལྷན་ཐབས་ཡིག་ཆུང་། སྤྲིན་ཆེན་པོའི་མདོ། རླུང་གནོན་རི་རབ་འོད་འཕྲོ། [33b] སད་སྲུང་ནཱ་ག་འབྲུག་སྒྲོགས། སེར་གཅོད་མེའི་པ་ཊ། བཙའ་སྲུང་རྡོ་རྗེའི་ཕ་ལམ། འབུ་སྲུང་གདུག་པ་ཁ་བསྒྱུར་རྣམས་སོ། །བརྒྱད་པ་ཕན་བྱེད་ལས་ཕྲན་གྱི་ཀུན་ཐུབ་དྲུག་ནི། ཕྱོགས་ངན་གནོད་བྱེད་ཀུན་ཐུབ། སྡེ་བརྒྱད་འདྲེ་ངན་ཀུན་ཐུབ། འགོ་ནད་ཡམས་ནད་ཀུན་ཐུབ། ངན་སྔགས་ཡིག་སྣ་ཀུན་ཐུབ། ངན་སྔགས་བཤིགས་པའི་འཁོར་ལོ། ཐོད་ངན་ནག་པོ་ཀུན་ཐུབ། སྣ་ཚོགས་རྫས་ངན་ཀུན་ཐུབ། ཀུན་ཐུབ་དྲུག་གི་འཁོར་ལོ་བྲི་བའི་ཡིག་ཆུང་། དེ་རྣམས་ལ་དཔེ་རིས་རེ་རེ་རྣམས་སོ། །དགུ་པ་སྐྱོབ་བྱེད་སྲུང་བའི་འཁོར་ལོ་དྲུག་ནི། སྡེ་བརྒྱད་གདོང་གཏད་སྲུང་བ། ལུས་ཕྱི་ནང་གི་སྲོག་ཆགས་སྲུང་བ། རྟ་ཕྱུགས་ཀྱི་འཚེ་བ་སྲུང་བ། གཡུལ་ངོའི་མཚོན་ཆ་སྲུང་བ། འཇིགས་པ་བརྒྱད་ལས་སྲུང་བ། གནོད་བྱེད་གོད་ཁ་སྲུང་བ། དེ་རྣམས་ལ་དཔེ་རིས་རེ་རེ་དང་བཅས་པ་རྣམས་སོ། །བཅུ་པ་དྲག་པོ་སྲུང་ཟློག་གི་ལས་དྲུག་ནི། སྲུང་བ་རྡོ་རྗེའི་གོ་ཆ། འཁོར་ལོ་བྲི་བའི་སྔགས་རྣམས་གཏེར་སྟོན་གྱིས་དཀྱུས་སུ་བཀོད་པ། བཟློག་པ་རལ་གྲིའི་འཁོར་ལོ་ [34a] ཡིག་ཆུང་དཔར་རིས་དང་བཅས་པ། བསད་པ་ལས་ཀྱི་སྤུ་གྲི། མནན་པ་འཁོར་ལོ་ནག་པོ། དེའི་ཡིག་ཆུང་དང་བཅས་པ། སྨྱོ་བྱེད་སྙིང་ཆུ་དམར་པོ། འཆར་ཁའི་ཟོར་ལས་གནམ་ལྕགས་ཐོག་མདའ་རྣམས་སོ། །ཁྱད་པར་ཡང་ཟབ་མཁའ་འགྲོའི་སྐོར་ལ་གསུམ་སྟེ། སྒྲུབ་པ། ལས་ཚོགས། རྒྱབ་ཆོས་སོ། །དང་པོ་སྒྲུབ་པ་ལ་དྲུག་གི ། མཁའ་འགྲོའི་སྤྱི་སྒྲུབ་ལུས་དཀྱིལ། སྲོག་སྒྲུབ་རྩ་འཁོར། རྐྱང་སྒྲུབ་ལས་ཕྲན་ཐོར་བུ། ཐོད་རྒལ་ཡབ་ཡུམ་གྱི་དྲིལ་སྒྲུབ། དེའི་ཡིག་ཆུང་གཉིས་མེད་ཞལ་སྦྱོར་གྱི་འཁོར་ལོ་བྲི་ཐབས། ཐུགས་སྒྲུབ་གའུ་ཁ་སྦྱོར། མཐར་ཐུག་དོན་གྱི་སྒྲུབ་པ་རྣམས་སོ། །གཉིས་པ་ལ་ཡང་གཉིས། གསུམ་ཚན་དྲུག་དང་། སྐོར་ཚོ་དྲུག་གོ། །དང་པོ་གསུམ་ཚན་དྲུག་ནི། མཚན་འབུམ་ཕྱི་ནང་གསང་གསུང་སྐུ་གསུམ་ལམ་སྒྲོན། འགུགས་སྔགས་ཕྱི་ནང་གསང་གསུམ་པདྨའི་ཞགས་པ། བརྟེན་ལུགས་ཕྱི་ནང་གསང་གསུམ་པདྨའི་སྲོག་འཛིན། འདྲ་མིན་ཕྱི་ནང་གསང་གསུམ་གསལ་བྱེད་འཕྲུལ་གྱི་གབ་རྩེ། སྐྱོན་སྤང་ [34b] ཕྱི་ནང་གསང་གསུམ་སྙིང་གི་ཐུར་མ། དེ་ཉིད་ཕྱི་ནང་གསང་གསུམ་མདོ་འགགས་བསྡུས་པ་གསལ་བའི་མདོ་འཛིན་རྣམས་སོ། །གཉིས་པ་སྐོར་ཚོ་དྲུག་ནི། ཌཱ་ཀིའི་སྲོག་འདྲེན་གནད་འབེབས་ཀྱི་སྐོར་ལ་ཉེར་གཅིག །འབྱུང་བཞི་དབང་སྡུད་རྟགས་སྐོར་ལ་སྤྱི་དོན་དྲུག་པ་ཐོར་བུའི་ལས་དགུ། དེའི་དཔེ་རིས་དང་བཅས་པ། གནས་སྐབས་རྟེན་འབྲེལ་མོ་རྩིས་ཀྱི་སྐོར་ལ་སྤྱི་དོན་བཞི་པ་མཁའ་འགྲོ་ལྔ་སྐོར་གྱི་མོ་དང་བཅས་པ། བར་ཆད་རྐྱེན་སེལ་བསུ་བཟློག་གི་སྐོར་ལ། བསུ་བཟློག་ཆེན་མོ་སྤྱི་དོན་བརྒྱད་པ། འབྲིང་བསྡུས་ཤིན་ཏུ་བསྡུས་པ་དང་བཅས་སོ། །སྡིག་སྒྲིབ་ནད་སེལ་གྱི་སྐོར་ལ། གྲིབ་སེལ་ཆེན་མོ་སྤྱི་དོན་བདུན་པ་བསྡུས་པ་དང་ཤིན་ཏུ་བསྡུས་པ་གྲིབ་སྲུང་། འཁོར་ལོ་དེའི་དཔེ་རིས་དང་བཅས་པ། དེ་དག་ལ་གནད་དུ་ཆེ་བ་ལྷན་ཐབས་མདོས་གླུད་ཀྱི་འཕྱོངས་བཅས། དགྲ་བགེགས་བདུད་འདུལ་ཡིག་སྣའི་སྐོར་ལ། དགྲ་དཔུང་བཤིག་པའི་ལས་བཅུ་གཅིག །བགེགས་དཔུང་འཇོམས་པའི་ལས་བདུན། བདུད་ཚོགས་འདུལ་བའི་ལས་གསུམ། [35a] དེ་དག་ལ་གནད་དུ་ཆེ་བ་ལས་ཀྱི་ཌཱ་ཀིའི་རྗེས་གནང་གི་ཡི་གེ་རྣམས་སོ། །གསུམ་པ་རྒྱབ་ཆོས་དྲུག་ནི། བྱིན་རླབས་དབང་གི་སྒོ་བདུད་རྩིའི་ཐིག་པ། དམ་ཚིག་བསྲུང་ཚུལ་ལས་རིམ་པ་བཅུ་པ། ཌཱ་ཀིའི་འགྱུ་གནས་བཤད་པ། ཕྲིན་ལས་ཚོགས་མཆོད་བསྡུས་པ། ལས་བྱང་པདྨའི་ཟེའུ་འབྲུ། སྐྱོན་ཡོན་རྣམ་བཤད་དྲྭ་རྒྱན་འཁོར་ལོ། བཟང་ངན་རྟགས་ཚད་རྣམ་གཉིས་འཕྲུལ་གྱི་མེ་ལོང་། རྩ་གསུམ་སྤྱི་དྲིལ་དུ་གདམས་པའི་ལས་ཚོགས་དབང་སྡུད་ཀྱི་སྐོར་ལ། རྩ་བ་དང་ཡན་ལག་གཉིས། རྩ་བ་ལ་དབང་བསྡུད་ཐམས་ཅད་ཀྱི་ཐོག་མར་རང་ཉིད་དབང་དུ་བྱ་བའི་མན་ངག་གོ། །ཡན་ལག་ལ་ཁྱད་པར་དང་། ཐུན་མོང་གཉིས། དང་པོ་ལ་དར་སྣ་ལ་བརྟེན་ནས་ཡི་དམ་དབང་དུ་བྱ་བ། རྐང་གླིང་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བྱ་བ། གྲི་སྙིང་ལ་བརྟེན་ནས་ཆོས་སྐྱོང་དབང་དུ་བྱ་བ། ཤེལ་ཕྲེང་ལ་བརྟེན་ནས་ཡུལ་ལྷ་དབང་དུ་བྱ་བ། ཉ་ལྕིབས་ལ་བརྟེན་ནས་ཀླུ་དབང་དུ་བྱ་བ། ཕ་ཝཾ་ལོང་བུ་ལ་བརྟེན་ནས་མི་མ་ཡིན་དབང་དུ་བྱ་བ་རྣམས་སོ། །གཉིས་པ་ལ་གསུམ་གྱི། [35b] དང་པོ་རྡོར་དྲིལ་བརྟེན་ནས་བླ་མ་དབང་དུ་བྱ་བ། ལྷུང་བཟེད་ལ་བརྟེན་ནས་དགེ་བཤེས་དབང་དུ་བྱ་བ། ལྕགས་ཕུར་ལ་བརྟེན་ནས་སྔགས་དབང་དུ་བྱ་བ། གའུས་རིག་བྱེད་པ་དབང་དུ་བྱ་བ། ཕྲེང་བས་བཙུན་པ་དབང་དུ་བྱ་བ། གླིང་བུ་ལ་བརྟེན་ནས་བོན་པོ་དབང་དུ་བྱ་བ་རྣམས་སོ། །གཉིས་པ་ལ། འཁོར་ལོ་ལ་བརྟེན་ནས་རྒྱལ་པོ་དབང་དུ་བྱ་བ། གཡུ་ཕྲེང་གིས་བཙུན་མོ་དབང་དུ་བྱ་བ། འབྲུ་ལ་བརྟེན་ནས་བློན་འབངས་དབང་དུ་བྱ་བ། ཕྱར་དར་གྱིས་མི་དཔོན་དབང་དུ་བྱ་བ། མདའ་དར་གྱིས་སྐྱེས་པ་དབང་དུ་བྱ་བ། མེ་ལོང་གིས་མོ་བཙུན་དབང་དུ་བྱ་བ་རྣམས་སོ། །གསུམ་པ་ལ། སྦ་ལྕགས་ཀྱིས་ཡུལ་ཁམས་དབང་དུ་བྱ་བ། ཅང་ཏེའུས་ཁྲོམ་དབང་དུ་བྱ་བ། ཚོང་དཔོན་གྱི་སྲིན་ལག་གིས་ནོར་བུ་དབང་དུ་བྱ་བ། ཐོད་པ་ཟས་དབང་དུ་བྱ་བ། རིན་པོ་ཆེའི་ཟ་མ་ཏོག་གིས་ལོངས་སྤྱོད་དབང་དུ་བྱ་བ། གླང་པོ་ཆེའི་མཆེ་བས་དུད་འགྲོ་དབང་དུ་བྱ་བ་རྣམས་སོ། །སྤྱི་དོན་གཉིས་པ་རྫོགས་རིམ་གྱི་སྐོར་ལ་ལྔ་ལས། དང་པོ་དབང་པོ་རབ་ཀྱི་དོན་དུ་དགོངས་པ་རྫོགས་ཆེན་གྱི་སྐོར་ལ་མ་ལྔ་བུ་དྲུག་ལས། དང་པོ་ལ། [36a] མན་ངག་རྫོགས་པ་ཆེན་པོ་གསེར་གྱི་ཡང་ཞུན་གྱི་ཁྲིད་གཞུང་དོན་གསལ་བའི་སྒྲོན་མེ། རིགས་དྲུག་གནས་སྦྱངས་འཁོར་བ་དོང་སྤྲུགས། ཁྲིད་གཞུང་གི་རྒྱབ་ཡིག་ཁྲེགས་ཆོད་ཀྱི་གདམས་པ་རྒྱ་མཚོ་ཀློང་ཡངས། རྡོ་རྗེ་སེམས་དཔའི་དམིགས་དྲུག །ངོ་སྤྲོད་ལག་ཁྲིད་མུ་ཏིག་ཕྲེང་བ། བར་དོའི་གདམས་པ་ཉོན་མོངས་འཇིགས་སྐྱོབ། ཚད་འཛིན་རྟགས་ཚད་ཉམས་མྱོང་དམར་ཁྲིད། གུད་དུ་སྔས་པ་རྟགས་ཀྱི་ཡི་གེ་དམར་ཆུང་སྙིང་ཚིལ་རྣམས། གཉིས་པ་ལ། ཉམས་ལེན་རྒྱུན་ཁྱེར་ཉིན་མཚན་རྣལ་འབྱོར་བསྟན་པ། དེའི་ལྐོག་ཡིག་ཚ་བ་དམར་ཐག །མུན་པའི་རྣལ་འབྱོར་ཨར་གཏད་གནས་ཡིག་དང་འབྲེལ་བ། གསང་སྐོར་སྙིང་དགོངས་ལུས་ཀྱི་རྣམ་བཞག་སྤྱི་སྡོམ་དམར་ཁྲིད་དང་བཅས་པ། གོལ་ས་གཅོད་པ་གེགས་སེལ་སྙིང་བྱང་། རང་དོན་བཏགས་གྲོལ་དཀར་པོ་ཆིག་ཐུབ་བསྟན་པ་ཐམས་ཅད་ཀྱིས་ཡང་སྙིང་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་དང་བཅས་པ། བཏགས་གྲོལ་ཙཀྲ་བྲི་བའི་ཡིག་ཆུང་དཔེ་རིས་དང་བཅས་པ། བཏགས་གྲོལ་མན་ངག་དུས་གནད་ངེས་པ་དང་། སྤྱི་ [36b] དོན་བཅུ་པ། མཐོང་གྲོལ་འཁོར་བ་སུན་འབྱིན། མཐོང་གྲོལ་གྱི་ཙཀྲ་བྲི་བའི་ཡིག་ཆུང་དཔེ་རིས་དང་བཅས་པ། རྒྱབ་ཆོས་སྤྱི་སྡོམས་དགོངས་དོན་འདུས་པ་རྣམས་སོ། །གཉིས་པ་དབང་པོ་འབྲིང་གི་དོན་དུ་དགོངས་པ་ཕྱག་ཆེན་གྱི་སྐོར་ལ་མ་བཞི་བུ་བདུན་ལས། དང་པོ་ལ། ཕྱག་ཆེན་སྐུ་གསུམ་ལྷུན་གྲུབ་ཀྱི་སྔོན་འགྲོ་ཚོགས་གཉིས་མཐར་ཕྱིན་སྒོ་འབྱེད་འཕྲུལ་ལྡེ། ལྷན་ཐབས་ཉི་ཟླའི་སྤར་ཁབ། དངོས་གཞི་ཉམས་ལེན་མཁན་པོ་རྩད་གཅོད་པ་ཁྲིད་དོན་སྒྲོན། ལྷན་ཐབས་ལྐོག་ཡིག་ཚ་བ་དམར་ཐག །ངོ་སྤྲོད་གསལ་འདེབས་སྣ་ཚོགས་རང་གྲོལ། གཞི་རྫོགས་གཅིག་དྲིལ་སྐུ་གསུམ་ངོ་སྤྲོད་སྣང་སྲིད་རྒྱས་འདེབས་རྣམས་སོ། །གཉིས་པ་ལ། ལྟ་སྒོམ་སྤྱོད་འབྲས་འཛིན་པ་རང་ཡན། དེའི་ཡིག་ཆུང་ལྷན་ཐབས། རྒྱུན་ཁྱེར་ཉམས་ལེན་དཔེ་དོན་ཟུང་འབྲེལ། གོལ་ས་སུན་འབྱིན་ངོ་སྤྲོད་གེགས་སེལ། བོགས་འདོན་ལ་བཟླ་ཤེལ་གྱི་མཆོད་རྟེན། མཐར་ཐུག་བསྲེ་འཕོ་སྒྱུ་མ་སུམ་ཁུག །རྒྱབ་ཆོས་ལུང་རིག་རིན་ཆེན་སྒྲོམ་བུ། སྤྱི་སྡོམས་གྲུབ་མཐའ་གནད་ཀྱི་ཟིན་ཏིག་དོན་གསལ་ཐུགས་ཀྱི་ནོར་བུ། ཀློང་ཡངས་མཐར་བྲལ་གྱི་ [37a] དམིགས་རིམ་གསུང་རྒྱུན་རྣམས་སོ། །གསུམ་པ་དབང་པོ་ཐ་མའི་དོན་དུ་དགོངས་པ་གཅོད་ཡུལ་གྱི་སྐོར་ལ་མ་ལྔ་བུ་དྲུག་ལས། དང་པོ་ལ། གཅོད་ཡུལ་རྣམ་རྟོག་ཐོག་བརྫིས་ཀྱི་སྔོན་འགྲོ་ཤན་འབྱེད་བྱེ་བྲག་རྣམ་སེལ་ནམ་མཁའི་དཀོར་མཛོད། དངོས་གཞི་ཉམས་ལེན་སྟན་ཐོག་གཅིག་མ་འོད་གསལ་ནམ་མཁའི་སྙིང་པོ། རྗེས་ཀྱི་ལོག་གནོན་གཟེར་བུ་ནམ་མཁའི་མེ་ཏོག །ལྷོངས་ཚད་ཚར་ཚད་ཚོད་འཛིན་ཤན་འབྱེད་ནམ་མཁའི་རྒྱལ་མཚན། བདུད་བཞི་ངོས་འཛིན་ཐུག་ཕྲད་རང་གྲོལ་ནམ་མཁའི་ཀློང་། དེའི་ལྐོག་ཡིག་བདུད་བཞི་ངོས་འཛིན་དང་བཅས་པ་རྣམས་སོ། །གཉིས་པ་ལ། ངོ་སྤྲོད་ལམ་ཁྱེར་འཕྲུལ་དུམ་ནམ་མཁའི་རལ་གྲི། རོ་སྙོམས་རྟོག་པ་ལམ་ཁྱེར་ནམ་མཁའི་མེ་ལོང་། ཉམས་ལེན་རྒྱུན་ཁྱེར་ནམ་མཁའི་སྙིང་པོ། དགའ་བྲོད་གོལ་ས་བདུད་ཁྱེར་གེགས་སེལ་ནམ་མཁའི་ཐོག་ཅན། གཅོད་ཀྱི་མཐའ་གཏད་ཟབ་མོ། མན་ངག་ཐོར་བུ་དམིགས་སྐོར་གནད་གདམས་ནམ་མཁའི་ཆར་རྒྱུན། སྒྱུ་ལུས་མཆོད་སྦྱིན་བདུད་རྩི་ཀུན་ཁྱབ་ནམ་མཁའི་མཆོད་སྤྲིན། [37b] རྒྱབ་སྐོར་སྙིང་པོ་ཁོག་དོན་སྤྱི་ཕུབ་ནམ་མཁའི་བླ་རེ་རྣམས་སོ། །བཞི་པ་གང་ཟག་ཆགས་ཅན་གྱི་དོན་དུ་དགོངས་པ་ལམ་འབྲས་ཀྱི་སྐོར་ལ། མ་བཞི་བུ་བདུན་ལས། དང་པོ་ལ། ལམ་འབྲས་རྩ་རླུང་རྡོ་རྗེའི་དྲྭ་མིག་གི་སྔོན་འགྲོ་མུན་སེལ་སྒྲོན་མེ། དངོས་གཞི་རྡོ་རྗེའི་ཞགས་པ། ཚོད་འཛིན་དྲོད་རྟགས་ཡེ་ཤེས་སྤྱན་གྱི་མེ་ལོང་། མན་ངག་གནད་ཀྱི་གབ་ཡིག་རིན་ཆེན་གསེར་སྒྲོམ་རྣམས་སོ། །གཉིས་པ་ལ། རྒྱབ་སྐྱོར་འཆུག་མེད་ཐག་ཅོད་གསེར་གྱི་སྤར་ཁབ། ལམ་ཁྱེར་བོགས་འདོན་རིན་ཆེན་གསེར་ཟམ། གཏུམ་མོ་རྣམ་གསུམ་མེ་རླུང་རྡོར་ཞགས། གེགས་སེལ་བདུད་རྩིའི་རྒྱ་མཚོ། མདོ་འགག་རྡོ་རྗེའི་ལྕགས་སྒྲོག །མན་ངག་འཕྲུལ་དུམ་གསང་ལྡེ། ཟབ་དོན་གནད་ཀྱི་རྒྱབ་ཡིག་སྙིང་ཐུར་འཕྲུལ་ཞགས་གསལ་བའི་གབ་རྩེ། གུད་སྦས་ཡིག་ཆུང་ཟབ་མོ་སྐུ་གསུང་ཐུགས་ཀྱི་རྒྱ་ཅན། ཌཱ་ཀི་གསང་བའི་སྤར་ཁབ་རྣམས་སོ། །ལྔ་པ་རྫོགས་རིམ་ཐོར་བུ་བཅུ་གཅིག་ལ། ལྔ་ཚན་ལྔའི་ངོ་སྤྲོད་སྤྱི་དོན་གསུམ་པ། ཚོགས་དྲུག་ལམ་ཁྱེར། ཉིན་མཚན་རྣལ་འབྱོར་ལམ་ [38a] ཁྱེར་གདམས་པ། རྨི་ལམ་ལམ་ཁྱེར་འོད་གསལ་དང་བཅས་པ། སྐྱིད་སྡུག་ལམ་ཁྱེར་གྱི་གདམས་པ། གདམས་པ་ཀུན་གྱི་བོགས་འདོན་དམར་ཁྲིད། བསྐྱེད་རྫོགས་སྒྲུབ་པ་ལམ་ཁྱེར་ཟབ་མོ། ཕཊ་ཆོས་ཡེ་ཤེས་རལ་གྲི་མེ་འབར། དེའི་འགྲེལ་པ་ཉོན་མོངས་འཇོམས་པའི་ཐོ་བ། དེའི་གནད་ཡིག་དོན་སྐོར་དགུ་པ། ཟབ་མོ་ཧཱུྃ་ཆོས་སྤྱི་དོན་དགུ་པ། དེའི་གནད་ཡིག་གུད་དུ་སྦས་པའི་ཡིག་ཆུང་། ཉིན་མཚན་བསྲེ་བའི་གདམས་པ། ཡང་ཟབ་འཕོ་བའི་གདམས་པ་རྣམས་སོ། །བཀའ་སྲུང་དང་གཏེར་བདག་གི་སྐོར་ལ་གཉིས་ལས། དང་པོ་ལ། རྩ་བ་སྒྲུབ་སྐོར་དང་། ཡན་ལག་ལས་ཕྲན་གཉིས་སོ། །དང་པོ་ལ། བཀའ་སྲུང་རྟ་ནག་གི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། ལས་སྦྱོར། གནད་འབེབས། སྲོག་འཁོར། བླ་རྡོ་བཅང་ཐབས། ལས་བྱང་། རྗེས་གནང་། སྔགས་ཐེམས། ལོག་གནོན། སྲོག་འདྲེན་རྣམས་སོ། །གཉིས་པ་ལ། དགྲ་སྲོག་འཕྲོག་བྱེད་ཤན་པ་རྒྱུག་འགྱེལ། མཐུན་འབྱེད་ཕུང་བྱེད་ཁ་འཐབ། ཐན་འགྱེད་ཨ་ཙར་ནག་པོ། བསྐྲད་ [38b] འཁོར་ནག་པོ་ལྷྭམ་སྐྲད། ངན་གནོན་ལྐུག་པ་ཁ་འཐུམ། ཡུལ་མཁར་བརླག་བྱེད་མཛེ་ལག་ནག་པོ། ལོ་ཐོག་གཞོམ་བྱེད་སྐྱིན་ཐང་ཁྲག་མཚོ། དགྲ་ཇག་འཆིང་བྱེད་གཟའ་རྒོད་སྒྱིད་རེངས། འགོམ་ཆོག་གདམས་པ་མུན་པ་ནག་པོ། གཏད་ཁྲམ་ནག་པོ་དུག་མཚོ་ཁོལ་མ་རྣམས་དང་། རྗེས་གནང་། ཉེ་བྱེད། བསྐྲད་འཁོར། ངག་གནོན། ཕུང་སེལ། འགོམ་ཆོག་རྣམས་ཀྱི་དཔེ་རིས་དང་བཅས་པའོ། །གཉིས་པ་གཏེར་སྲུང་སྐོར་ལ། བཙན་རྒོད་ཕྱི་ཀླུ་བཙན་དུ་སྒྲུབ་ཅིང་རྦད་པ། ནང་དགེ་བསྙེན་དུ་སྒྲུབ་ཅིང་ཆོ་འཕྲུལ་འགྱེད་པ། གསང་བ་གནོད་སྦྱིན་དུ་སྒྲུབ་ཅིང་ཟས་ནོར་བླང་བ། དེ་རྣམས་ཀྱི་སྲོག་འཁོར་དཔེ་རིས་གསོལ་ཁ་དང་། རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་མངོན་རྟོགས་ཤོག་བྱང་གཅིག་དང་བཅས་པའོ། །མཐའ་རྟེན་འགགས་སྡོམས་རྩ་བའི་ཆིངས་ལྔ་ནི། མཁའ་འགྲོ་གཏད་རྒྱའི་ཆིངས། དམ་ཚིག་གནང་བཀག་གི་ཆིངས། སྲུང་སྡོམ་ཉམས་ལེན་གྱི་ཆིངས། ཆོས་སྐྱོང་གཉེར་གཏད་ཀྱི་ཆིངས། གཏེར་སྲུང་བཀའ་བསྒོའི་ཆིངས་དང་བཅས་པ་ཐེམས་ཅན་རགས་པའི་ [39a] དབང་དུ་ཆོས་སྡེ་ཉིས་བརྒྱ་གྱ་གཉིས་དང་། ཐེམས་མེད་ཡིག་ཆུང་གུད་དུ་སྦས་པ་དང་བཅས་པ་ཕྲ་མོར་ཕྱེ་ན་སུམ་བརྒྱ་དང་བཞི་བཅུ་ཡོངས་སུ་རྫོགས་པ་ཐོབ་པའི་བསྐྱེད་རྫོགས་གཉིས་ཀའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། སྣང་མཐའ། རིགས་ལྔ། སྤྱན་རས་གཟིགས། ཨོ་རྒྱན་ཆེན་པོ། མངའ་བདག་ཁྲི་སྲོང་། ཡེ་ཤེས་མཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་སྟོན་སངས་རྒྱས་གླིང་པ། བྱ་ཁྱུང་དཔལ་ལྡན་སེང་གེ ། བྱམས་ལྡན་ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག །ངག་དབང་པདྨ་སྟེ་བྱ་ཁྱུང་པ་བཞི། དེ་ནས། གསུང་སྙན་པ་ཨོ་རྒྱན་དཔལ་འབྱོར། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་བཟང་ཆོས་ཀྱི་གྲགས་པ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་། [39b] ཡང་ན། གཏེར་སྟོན་ནས། སྲས་ཡེ་ཤེས་རྡོ་རྗེ། གཞོན་ནུ་སེང་གེ ། གུ་རུ་འོད་ཟེར། ཚུལ་ཁྲིམས་རྒྱལ་མཚན། བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། མཐུ་སྟོབས་རྣམ་རྒྱལ། མདོ་སྔགས་གཏེར་མཛོད། ཨོ་རྒྱན་དཔལ་འབྱོར་མན་གོང་བཞིན། བྱེ་བྲག་རྫོགས་ཆེན་གྱི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཨོ་རྒྱན་པདྨ། མནྡ་ར་བ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ཡབ་སྲས། གཏེར་སྟོན་སངས་གླིང་། དཔལ་ལྡན་སེང་གེ ། ཆོས་རྒྱལ་བཀྲ་ཤིས། རྫོང་ལུང་དཔལ་བཟང་། བསོད་ནམས་རྒྱལ་པོ། བསོད་ནམས་བླ་མ། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམས་དབང་པོ། ཀུན་བཟང་རྣམ་རྒྱལ་མན་གོང་བཞིན། ཕྱག་ཆེན་གྱི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རིགས་ལྔ། རྡོར་སེམས། སྤྱན་རས་གཟིགས། ཨོ་རྒྱན་ཡབ་ཡུམ། ཁྲི་སྲོང་ཡབ་སྲས། གཏེར་སྟོན། སྲས་ཡེ་ [40a] རྡོར། །དཔལ་ལྡན་སེང་གེ ། ཆོས་རྒྱལ་བཀྲ་ཤིས། རྫོང་ལུང་དཔལ་བཟང་མན་གོང་བཞིན། གཅོད་ཡུལ་གྱི་བརྒྱུད་པ་ནི། ཀུན་བཟང་། ཤེར་ཕྱིན། ཐུབ་དབང་། ཀུན་དགའ་བོ། བྱམས་པ། ཀླུ་སྒྲུབ། ཨོ་རྒྱན། ཁྲི་སྲོང་། མཚོ་རྒྱལ། གཏེར་སྟོན། དཔལ་སེང་། ཆོས་བཀྲས། རྫོང་ལུང་པ། ཞེན་ལོག་པ། བསོད་རིན། བྱ་ཁྱུང་པ། ཨོ་རྒྱན་དཔལ་འབྱོར་ནས་གོང་བཞིན། ལམ་འབྲས་ཀྱི་བརྒྱུད་པ་ནི། ཀུན་བཟང་། སྣང་མཐའ། སྤྱན་རས་གཟིགས། པད་འབྱུང་། མནྡ་ར་བ། མཚོ་རྒྱལ། གཏེར་སྟོན། ཤེར་དཔལ། དཔལ་སེང་། ཆོས་བཀྲས། རྫོང་ལུང་པ། དཀར་ཆེན་སྣ་ཚོགས་རང་གྲོལ། རབ་འབྱམས་དགེ་བའི་བློ་གྲོས། བསོད་རིན། བྱ་ཁྱུང་པ་ཡབ་སྲས། ཨོ་རྒྱན་དཔལ་འབྱོར་མན་གོང་བཞིན། ཁྲིད་ཆེན་བཞི་ཀ་ལ་ཉེ་བརྒྱུད་ལྟར་ན། གཏེར་སྟོན་ཡན་གོང་ལྟར་ལ། དེ་མན་སྤྱི་བརྒྱུད་ཁོ་ན་ལྟར་རོ། །ཡང་མཁའ་འགྲོ་དང་། བཀའ་སྲུང་གི་སྐོར་ཆིངས་ལྔ་མ་གཏོགས་པའི་བསྐྱེད་རིམ་ཚད་ [40b] མ་དང་། རྫོགས་ཆེན་གསེར་ཞུན་སྐོར་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་ཡན་གོང་ལྟར་ལ། དེ་ནས་ཡེ་རྡོར། སངས་རྒྱས་དཔལ་ལྡན། རྫོང་ལུང་པ་རིག་འཛིན་ཆེན་པོ། གནམ་གང་བྱང་ཆུབ་བཟང་པོ། མི་འགྱུར་ལས་འཕྲོ་གླིང་པ། འབྲི་གུང་རིན་ཆེན་ཕུན་ཚོགས། སྤྲུལ་སྐུ་ཞིག་པོ་གླིང་པ། སོག་ཟློག་པ་བློ་གྲོས་རྒྱལ་མཚན། མི་འགྱུར་དབང་གི་རྒྱལ་པོ། དཀར་ཆེན་ཆོས་ཀྱི་དབང་པོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་སྔར་ལྟར། ཡང་། ཡེ་རྡོར་ནས་འཇམ་དབྱངས་ཤཱཀ་རིན། ཀུན་དགའ་ཆོས་དབང་། ཉི་མ་རྒྱལ་མཚན། རྗེ་རིན་ཆེན་ཕུན་ཚོགས་མན་སྔར་བཞིན། ཡང་སངས་རྒྱས་དཔལ་ལྡན་ནས། བསོད་ནམས་རྒྱལ་པོ། དཀར་ཆེན་ཀུན་དགའ་གྲགས་པ། དགེ་བའི་བློ་གྲོས། བསྟན་འཛིན་ནོར་བུ། ངག་དབང་གྲགས་པ། དཀར་ཆེན་ཆོས་དབང་། ཕྲིན་ལས་ལྷུན་གྲུབ་མན་གོང་བཞིན། ཡང་། སྐོང་ཆོག་ཉོན་མོངས་སྲེག་བྱེད་ཀྱི་བྱིན་རླབས་གནས་སྤར་གྱི་དབང་། གཅོད་ཁྲིད་ཀྱི་གཞུང་ལས་བྱུང་བའི་བྱེ་བྲག་ཏུ་བཀོལ་བའི་དབང་། [41a] ལམ་འབྲས་ཨོཾ་རྒྱ་ཅན་གྱི་སྒོས་དབང་། བཀའ་སྲུང་རྟ་མགྲིན་གྱི་རྗེས་གནང་རྣམས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ཡན་ལུང་བརྒྱུད་ལྟར་ལ། དེ་ནས། སྲས་ཡེ་རྡོར། སངས་རྒྱས་བློ་གྲོས། ཆོས་ཀྱི་རྒྱལ་མཚན། ཀརྨ་བཟང་པོ། ཀརྨ་སྔགས་འཆང་། རིག་འཛིན་སྙིང་པོ། གོང་ར་ལོ་ཆེན། ཕྲིན་ལས་ལྷུན་གྲུབ་མན་སྔར་བཞིན། ཡང་ལུགས་གཅིག་ལ། གཏེར་སྟོན་ནས། བྱ་ཁྱུང་པ་དཔལ་ལྡན་སེང་གེ ། ཆོས་རྒྱལ་བཀྲ་ཤིས། བསོད་ནམས་རྒྱལ་པོ། ངག་དབང་པདྨ། རྒྱལ་དབང་བསྟན་འཛིན། རིག་འཛིན་སྙིང་པོ། གོང་ལོ་གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ་མན་སྔར་བཞིན། ཡང་དགོངས་འདུས་གསེར་ཆོས་ཡོངས་སུ་རྫོགས་པའི་དབང་ལུང་གི་བརྒྱུད་པ་གཅིག་ནི། སྤྲུལ་སྐུ་ཞིག་པོ་གླིང་པ་ཡན་གོང་བཞིན་ལ། དེ་ནས་གར་དབང་པདྨ་རྒྱལ་མཚན། སྟག་བློ་རྡོ་རྗེ་རྒྱལ་མཚན། མཚུངས་མེད་པདྨ་རྡོ་རྗེ། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ། མཚུངས་མེད་ཀུན་བཟང་དྭངས་སྤྲོ། ལུང་ཟིན་ཆོས་ཉིད་རྒྱ་མཚོ། མཚན་ལྡན་ནམ་མཁའ་རྒྱ་མཚོ། རྒྱལ་སྲས་ཨོ་ [41b] རྒྱན་བསྟན་འཕེལ། མཁས་དབང་འགྱུར་མེད་སྐྱེས་མཆོག །སྐལ་བཟང་ཡིད་བཞིན་དབང་རྒྱལ། འགྱུར་མེད་ཆོས་དབྱིངས་རང་གྲོལ། ཀུན་བཟང་ཆོས་ཀྱི་གྲགས་པ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མ། དེའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་ཆེན་པོས་དབྱིག་ཏུ་སྩལ་བའོ།། །།