ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་གཏེར་ཆེན་རཏྣ་གླིང་པའི་གཏེར་ཆོས་རྣམས་ཇི་ལྟར་ཐོབ་པ།

From Dudjom Wiki
DJYD-KABUM-20-WA-003
Wylie title lang gro lo tsA ba'i rnam 'phrul gter chen rat+na gling pa'i gter chos rnams ji ltar thob pa DJYD-KABUM-20-WA-003.pdf
Location bdud 'joms rin po che bka' 'bum
Volume 20, Text 3, Pages 83-127 (Folios 42a1 to 64a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Lang gro lo tsA ba'i rnam 'phrul gter chen rat+na gling pa'i gter chos rnams ji ltar thob pa. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 83-127. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rat gling gter chos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [42a] ཨོཾ་སྭསྟི། ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་གཏེར་ཆེན་རཏྣ་གླིང་པའི་གཏེར་ཆོས་རྣམས་ཐོབ་པ་ལ། ཐོག་མར་བླ་མའི་སྐོར་ལ་ཞི་དྲག་གཉིས་ལས། དང་པོ་ནི། གཉལ་སྨད་དགེ་རིའི་གཏེར་མ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐོར་ལ་དབང་ལུང་གཉིས་ཀྱི། དང་པོ་དབང་ནི། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྒྲུབ་ཁོག་བཞིན་སྟ་གོན་སྔོན་འགྲོས་དབང་གི་རྫོང་ཆེན་གྱི་རྩ་དབང་། གསེར་གྱི་ཐེམ་སྐས་མས་མཆོག་དབང་གསུམ། ཡིད་བཞིན་ནོར་བུའི་སྟེང་ནས་གཏོར་དབང་གཏད་རྒྱ་རྣམས་ནོས་ནས། གཉིས་པ་ལུང་ནི། ཐེམས་བྱང་རིན་ཆེན་སྒྲོམ་བུ། དེ་ཉིད་ལས། སྒྲུབ་དང་སྒྲུབ་ཆེན་ཁ་སྐོང་ལས་ཚོགས་སྐོར༔ ཞེས་སྐོར་ཚོ་གསུམ་གྱི་དང་པོ་སྒྲུབ་སྐོར་ལ། བླ་མ་སྐུ་གསུམ་སྒྲུབ་པའི་ཁོག་འབུབ་པྲ་ཁྲིད། བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་ཟབ་པའི་མཐར་ཐུག །ལོངས་སྐུའི་སྒྲུབ་ཐབས་དོན་གྱི་སྙིང་པོ། ཆོས་སྐུའི་སྒྲུབ་ཐབས་ཀུན་གྱི་ཡང་སྙིང་། གུ་རུ་སྐུ་ལྔའི་གསང་ཁྲིད། སྟེང་འོག་འཁོར་ལོའི་བྲི་ཡིག །སྲོག་འཁོར་བཅང་ཐབས། གེགས་སེལ་བཀའ་རྒྱ་མ། ཐབས་ལམ་ [42b] ཟུང་འཇུག་གསང་བའི་ཐེམ་སྐས། བུ་ཡིག་ཕྱག་རྒྱ་བརྟག་ཐབས་རྣམས་སོ། །གཉིས་པ་སྒྲུབ་ཆེན་སྐོར་ལ། རྩ་བ་དང་། ཡན་ལག །ཁ་སྐོང་གསུམ། རྩ་བ་ལ། སྒྲུབ་ཆེན་ཁོག་འབུབ་པྲ་ཁྲིད་དབང་གིས་གྲུ་བོ། རྩ་དབང་རྫོང་ཆེན་དོན་བདུན་མ། དབང་གོང་མའི་ཆོ་ག་གསེར་གྱི་ཐེམ་སྐས། སྟ་གོན་ལྷན་ཐབས་དབང་བྱང་བཀོལ་བ་རྣམས་སོ། །ཡན་ལག་ལ། འཛབ་བསྟོད་གསལ་བའི་ཕྲེང་བ། ལས་བཞིའི་མེ་མཆོད་སྦྱིན་སྲེག །དཀྱིལ་འཁོར་དོན་བསྟོད་རྣམས་སོ། །ཁ་སྐོང་ལ། མྱོང་གྲོལ་སྐྱེ་བདུན་སྒྲུབ་ཐབས། རིག་འཛིན་བྱིན་དབབ། བསྐུལ་བྱང་དམ་བདར་རྣམས་སོ། །གསུམ་པ་ཁ་སྐོང་སྐོར་ལ་སྡེ་ཚན་བཅུ་ལས། དང་པོ་ཆོས་སྤྱོད་ལམ་རིམ། གཉིས་པ་ལ། ལས་བྱང་རིན་ཆེན་ཕྲེང་བ། འབྲུ་འགྲེལ་གཏེར་སྟོན་གྱིས་མཛད་པ། མཆོད་ཕྲེང་ནམ་སྙིང་གིས་མཛད་པ་རྣམས་སོ། །གསུམ་པ་ལ། བདུད་རྩི་སྨན་གྱི་གསང་སྒྲུབ་མདོ་དོན་གསུམ་པ། དྲག་པོ་ཐུགས་ཀྱི་ཧཱུཾ་སྒྲུབ། རྩ་བརྒྱད་ཡན་ལག་སྟོང་གི་རྣམ་དབྱེ། པྲ་ཁྲིད་ལག་ལེན་ཡིག་ཆུང་། ཉུལ་ལེ་བརྟག་པ་དང་ [43a] ཀུན་ཐུབ་རྒྱལ་མོའི་བསྐུལ། དངོས་གྲུབ་བསྐུལ་ཆོག །མན་ངག་ཡིག་ཆུང་བཀོལ་བ། སྒྲུབ་པའི་ཡོ་བྱད་བསག་ཐབས་རྣམས། བཞི་པ་ལ། ས་དཔྱད་གསེར་གྱི་ལྡེ་མིག །གཏེར་ལུང་གསལ་བའི་མེ་ལོང་། ཞལ་གདམས་རྒྱ་ཐེམས་གཏད་རྒྱ་གསང་བ་རྣམས། ལྔ་པ་ལ། བསྐང་བཤགས་དྲི་མེད་རབ་གསལ། མཁའ་འགྲོ་གསང་བའི་གཏེར་ཟློག །མཁའ་འགྲོའི་ལས་བྱང་། མཁའ་འགྲོ་འབུམ་བསྐུལ། མཁའ་འགྲོ་གླིང་བཞིའི་མདོས། མཁའ་འགྲོ་གསང་བའི་ལས་ཚོགས་ཁ་བསྒྱུར་བདུན་པ། མཁའ་འགྲོ་བསུན་ཟློག་གི་གཞུང་ལག་ལེན་འཕྱོང་བཅས། བསུན་མའི་ཞུ་བ་ལན་བཅས། ཞུ་ལན་འོག་མ། མདོས་གཞུང་འོག་མ་ཟློག་བསྒྱུར་དང་བཅས་པ་རྣམས། དྲུག་པ་ལ། བསྐྱེད་རྫོགས་ཀྱི་ཞལ་གདམས་གནད་ཀྱི་ཕྲེང་བ། གཏད་རྒྱའི་ཆོ་ག་ཡིད་བཞིན་ནོར་བུ། བདུན་པ་ལ། སྟོབས་ལྡན་རླུང་འཁོར། དེའི་གནད་ཐེམས་མན་ངག་ཞལ་ཤེས། ཞལ་ཤེས་གུད་དུ་སྦས་པ་རྣམས། བརྒྱད་པ་ལ། རྟེན་གསུམ་རབ་གནས་ཀྱི་ཆོ་ག །བདུན་ [43b] ཚིགས་འཁོར་བ་དོང་སྤྲུགས། རོ་སྲེག་གི་ཆོ་ག །སཱཙྪ་གདབ་ཆོག་ཁ་བསྒྱུར་དང་བཅས་པ། དགུ་པ་ལ། རྟག་ཏུ་ངུའི་བཅུད་ལེན། ཚེ་སྒྲུབ་གསང་བ་བཀའ་རྒྱ་མ། བདུད་རྩི་བཅུད་ལེན་རྣམས། བཅུ་པ་ལ། ལང་གྲོའི་ཞུས་ལན། ཐོད་སྒྲུབ་རིན་ཆེན་འབར་བ། གུད་དུ་སྦས་པའི་ལས་ཚོགས་བཅོ་ལྔ་པ་རྣམས་སོ། །དེ་དག་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སློབ་དཔོན་པད་འབྱུང་། རྗེ་འབངས་གྲོགས་ལྔ། གཏེར་ཆེན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། རྔོད་པ་ཤཱཀྱ་བཀྲ་ཤིས། མཁར་དྲུང་བསོད་ནམས་བཀྲ་ཤིས། ཚེ་ཆོག་པ་པདྨ་དབང་ཕྱུག །སྔགས་འཆང་བཀྲ་ཤིས་དབང་ཕྱུག །པདྨ་དབང་གྲགས། ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། དེ་ལས་ཀརྨ་ཚངས་དབྱངས་དང་། བསྟན་འཛིན་དོན་གྲུབ། གཉིས་ཀ་ལས་ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་ [44a] དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་དབང་རྒྱས་བསྡུས་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་གཅིག་ནི། ཚེ་དབང་གྲགས་པ། ངག་དབང་གྲགས་པ། ཀུན་དགའ་གྲགས་པ། ཀུན་དགའ་བསྟན་འཛིན། བུ་འབོར་བཀྲ་ཤིས་རྒྱ་མཚོ། ཧེ་པ་ཆོས་འབྱུང་། ཤཱཀྱ་བཀྲ་ཤིས། བཀྲ་ཤིས་རིན་ཆེན། དཀོན་མཆོག་བཀྲ་ཤིས། རྣམ་རྒྱལ་བཀྲ་ཤིས། ཀུན་བཟང་ཤེས་རབ། ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། པདྨ་ལྷུན་གྲུབ། པདྨ་གསང་སྔགས་བསྟན་འཛིན། འཇམ་མགོན་པདྨ་གར་དབང་བློ་གྲོས་མཐའ་ཡས། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །ཡང་ན། པདྨ་གར་དབང་ནས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། སངས་སྤྲུལ་ངེས་དོན་རྒྱ་མཚོ། དེས་སོ། །དགེ་རིའི་གཏེར་མ་བཀའ་སྲུང་དཔལ་མགོན་མ་ནིང་གི་སྐོར་ལ་དབང་ལུང་གཉིས་ལས། དང་པོ་ནི། སྲོག་དབང་ཆེན་མོ་དང་། གཏོར་མ་ལ་བརྟེན་པའི་སྲོག་དབང་བསྡུས་པ་གཉིས་ནོས་ནས། [44b] གཉིས་པ་ལ། དབང་སྒྲུབ། མཆོད་ཕྲིན། ཡང་གཅེས་སྐོར་དང་གསུམ་ལས། དང་པོ་ནི། སྲོག་དབང་གི་ཆོ་ག་ཆེ་བ། སྲོག་དབང་བསྡུས་པ། དཔལ་མགོན་གྱི་ཕྱི་སྒྲུབ་དར་ནག་ལ་བརྟེན་པ། གསང་བ་རྩ་བའི་སྒྲུབ་ཐབས་སྲོག་གི་སྤུ་གྲི་ཡང་གཅེས་གནད་ཡིག་དང་བཅས་པ། མགོན་དཀར་ཞི་བར་སྒྲུབ་པ་བར་གཅོད་ཀུན་སེལ། མགོན་དམར་གསུང་གི་སྒྲུབ་པ་གསང་བའི་ཡང་བཅུད། མགོན་སེར་ཡོན་ཏན་གྱི་སྒྲུབ་པ་ཡིད་བཞིན་ནོར་བུ། མགོན་ལྗང་དྲག་པོར་སྒྲུབ་པ་སྲོག་རྩ་དམར་འབྱིན། མ་ནིང་གསང་བའི་དྲིལ་སྒྲུབ། མ་ནིང་ཛམ་ནག་གི་ནོར་སྒྲུབ་རྣམས་སོ། །གཉིས་པ་ལ། མ་ནིང་གཙོ་འཁོར་གྱི་ལས་བྱང་ཆེན་མོ། བསྐང་བ་རྒྱས་པ། མགོན་པོའི་རྒྱུ་དུས། དམ་བདར་བཅོལ་དམ། བསྐུལ་བྱང་ལྷ་ཆེན་དཔལ་འབར་བ་རྣམས། གསུམ་པ་ལ། གསང་ཏིག་བླ་རྡོར་མན་ངག །ནང་འགྲས་རྦོད་གཏོང་གནད་འབེབས། དམ་ཉམས་ཀྱི་ཚེ་བསོད་སོགས་འཕྲོག་པ་སྟག་པའི་སྒང་བུ་ལ་བརྟེན་པ། འཁུ་ཟློག་བསྲུང་བ་གསང་བའི་ཡང་གཅེས། ཡང་གཅེས་གནད་ [45a] ཀྱི་ལྡེ་མིག །སྔགས་ཀྱི་འབྲུ་ཐེམས་འབྱིན་འཇུག་དང་བཅས་པ། མགོན་པོ་གནས་ཁང་ལ་ཆགས་པ་དང་གཏའ་རྟེན་བཟུང་ཐབས། ཕྱི་ནང་གསང་རྟེན་བཅའ་ཐབས། ཡང་གཅེས་གནད་ཀྱི་ཞལ་གདམས། གཅེས་གནད་སྙིང་འདྲ་ཆིག་བརྒྱུད་མ། ཡང་གཅེས་གནད་ཀྱི་སྤྱི་རྒྱུད་སྦས་པའི་ཟབ་གནད་སྲུང་བ་སོགས་ལས་ཚོགས་ནང་གསེས་བདུན་པ། བེང་ལ་བརྟེན་ནས་ལྷ་སྲིན་འཁུ་ལྡོག་སྤོང་བ། མ་ནིང་ཤན་ནག་སྤུ་གྲི་ཕུང་བྱེད་ལས་ཀྱི་རླུང་དམར་གནམ་སྐས་མ། སྲོག་བདུད་མ་ནིང་གི་ལས་མཐའ་དམ་སྲི་ཁ་བཅིང་བ་རྣམས་སོ། །བསྒྱུད་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ། །གསང་བདག །དཔལ་མགོན་མ་ནིང་། ཨོ་རྒྱན་ཆེན་པོ། རྗེ་འབངས་གྲོགས་ལྔ། གཏེར་སྟོན་རཏ་གླིང་། ཚེ་དབང་གྲགས་པ། ཤཱཀྱ་བཀྲ་ཤིས། མཁར་དྲུང་པ། ཚེ་ཆོག་པ། བཀྲ་ཤིས་དབང་ཕྱུག །ཀརྨ་དོན་ཡོད། ཨ་རཱ་ག །ཀུན་ཤེས། བཀྲ་ཤིས་ཚེ་བརྟན། གྲུབ་དབང་པདྨ་ནོར་བུ་མན་གོང་ལྟར། ཡང་སྲོག་དབང་རྒྱས་པ་དང་ལས་བྱང་གི་ [45b] ལུང་བརྒྱུད་ལུགས་གཅིག་ནི། གཏེར་ཆེན་ནས་ཕྲིན་ལས་རྒྱ་མཚོའི་བར་སྲས་བརྒྱུད་རིམ་དེད་ནས། ཆོས་ལྡན་པ། རཏྣ་ཕྲིན་ལས་བསྟན་འཛིན། གཏེར་བདག་གླིང་པ་མན་གོང་ལྟར་རོ། །མཁར་ཆུ་དཔལ་གྱི་ཕུག་རིང་ནས་སྤྱན་དྲངས་པའི་བླ་མ་དྲག་པོའི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། དབང་ཆུང་འབྲིང་ཆེ་གསུམ་མཆོག་དབང་དྲེགས་པའི་སྲོག་དབང་དང་བཅས་པའོ། །གཉིས་པ་ལ། ལོ་རྒྱུས། དབང་། སྒྲུབ། ཁྲིད། ཕྲིན་ལས། སྒོས་སྒྲུབ། ཁ་བསྒྱུར། །གཏེར་སྲུང་། ཐེམས་མེད་ཀྱི་སྐོར་དང་དགུ་ལས། དང་པོ་ནི། ཐེམས་བྱང་རིན་ཆེན་གཏེར་མཛོད། ལོ་རྒྱུས་གསང་བ་སྙིང་ཏིག །གཉིས་པ་ལ། གཏོར་དབང་བྱིན་རླབས་སྤྲིན་ཕུང་། དབང་བཞི་ནོར་བུ་ལུགས་སུ་བསྐུར་བ་དོན་དབང་། དབང་ཆེན་རྡོ་རྗེ་ཕྲེང་བ། མཆོག་དབང་གསུམ་གྱི་ཆོ་ག་རྣམས་སོ། །གསུམ་པ་ལ། ཕྱི་སྒྲུབ་ཁྲོ་འདུས་མེའི་འཁོར་ལོ། ནང་སྒྲུབ་རྡོ་རྗེའི་ཕྲེང་བ། གསང་སྒྲུབ་ཡང་གསང་བླ་མེད། ཡང་གསང་བླ་མེད་དུ་སྒྲུབ་པ་དོན་གྱི་སྙིང་པོ། བླ་མ་ཀུན་འདུས་ཡིད་ [46a] བཞིན་ནོར་བུའི་སྒྲུབ་ཐབས། སྤུ་གྲི་སྲོག་གཅོད་ཀྱི་ལས་ཚོགས་གནད་ཀྱི་གཟེར་ཏིག །སྒྲུབ་ཐབས་ཀུན་གྱི་ཁ་སྐོང་ཁྲོ་རྒྱལ་སྟོབས་འདུས་རྣམས། བཞི་པ་ལ། རྫོགས་རིམ་ཐུགས་ཁྲིད་ཡིད་བཞིན་ནོར་བུ་དང་སྙན་བརྒྱུད་ཡིད་བཞིན་ནོར་བུའོ། །ལྔ་པ་ལ། ལས་བྱང་མེ་རླུང་འཁྱིལ་བ། བསྟོད་བསྐུལ་རྣམ་རྒྱལ་འབར་བ། རྟགས་ཡིག་ཉི་ཟླའི་ཕྲེང་བ། སྦྱིན་སྲེག་ཕོ་ཉ་མྱུར་མགྱོགས་རྣམས། དྲུག་པ་ལ། འཇམ་དཔལ། ཚེ་དཔག་མེད། རྟ་མགྲིན། ཕྱག་རྡོར། ཁྱུང་ནག །མཁའ་འགྲོ། སྡིག་པ། མེ་དབལ་རྣམས་ཀྱི་སྒོས་སྒྲུབ་བོ། །བདུན་པ་ལ་བཞི་ལས། དང་པོ་ནི། དྲེགས་པའི་སྲོག་དབང་ཆིག་བརྒྱུད་མ། གཏོར་ཟློག་དྲག་པོ་མཚོན་ཆའི་འཁོར་ལོ། བསྐང་བཤགས་དྲི་མེད་ཤེལ་ཕྲེང་། གྲིབ་སེལ་ཤེལ་གྱི་མེ་ལོང་རྣམས། གཉིས་པ་ལ། བདུད་རྩི་ལག་མཆོད། བྱབ་ཆོག་གདོན་འགྲོལ། ཁྱུང་ནག་གི་ཆར་འབེབས་རྣམས། གསུམ་པ་ལ། དྲག་པོའི་སྲུང་འཁོར་ཡོངས་རྫོགས་ཞེས་པ་ནང་གསེས་བདུན་པ། ཉེས་པ་ [46b] ཀུན་སེལ་རྡོ་རྗེའི་གོ་ཁྲབ་ནང་གསེས་གསུམ་པ། ངག་མནན་འགྲོལ་བ་རྡོ་རྗེ་རྣམ་འཇོམས། འཛུལ་ཆོག་རྡོ་རྗེའི་གོ་ཆ་རྣམས། བཞི་པ་ལ། རྒྱ་འདྲེ་འགོང་བོའི་ལུང་བསྟན་ཟློག་ཐབས་དང་བཅས་པ། འགོང་པོ་འདུལ་ཐབས་མནན་པ་དང་བཅས་པ། དྲག་པོའི་ལས་ཚོགས་ཁ་ཐོར་སིལ་བུ་རྣམས། བརྒྱད་པ་ལ། གཏེར་སྲུང་སྤུ་གྲི་སྐོར་གསུམ་གྱི་སྒྲུབ་ཐབས་བསྟོད་བསྐུལ་མནན་སྲེག་དང་བཅས་པ། སྨྱོ་ཁའི་བསྟོད་བསྐུལ་གསོལ་ཁ། གནས་བརྒྱད་ཀྱི་བསྟོད་པ་རྣམས། དགུ་པ་ཐེམས་མེད་ལ། ཟིལ་གནོན་དྲག་པོའི་སྒྲུབ་པ་ཡང་གཅེས་སྲིད་གསུམ་ཟིལ་གནོན། གུ་རུ་སྤྱན་མང་གི་ཧཱུྃ་སྒྲུབ། བདེ་འདུས་ཡང་ཞུན་གསེར་གྱི་འབྲུ་གཅིག །ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་སྒྲུབ་ཐབས། སྡེ་བརྒྱད་སྲུང་བ་རྡོ་རྗེའི་འཁོར་ལོ། སྐུ་གསུང་ཐུགས་ཀྱི་ཙཀྲའི་ལས་ཚོགས་ནང་གསེས་ཅན། དུག་སྲུང་ཡིད་བཞིན་ནོར་བུ། མཚོན་སྲུང་རྡོ་རྗེའི་གོ་ཁྲབ། གཟའ་སྲུང་གནམ་ལྕགས་འཁོར་ལོ། ཟློག་པ་རང་གཤེད་མཚོན་ཆའི་འཁོར་ལོ། གསང་བའི་དམ་རྫས་ཀྱི་ཡང་གཅེས་གནད་ཀྱི་མེ་ལོང་། རྡོ་ [47a] གཏོར་གྱི་མན་ངག །གཏད་ཟློག་མཚོན་ཆའི་འཁོར་ལོ་ནང་གསེས་ཅན། རྒྱལ་བསེན་སྲུང་འཁོར། རྒྱ་འདྲེ་ནག་པོ་སྲུང་བ་བསྐྲད་མནན། ལྕགས་སྡིག་དང་བསེ་སྡིག་ལ་བརྟེན་པའི་དམ་སྲི་རྒྱལ་པོའི་སྲོག་བཅུད་འབོར་བ། ངག་མནན་གུད་དུ་སྦས་པ། དགྲའི་བསོད་ནམས་གཞིག་པ། ལྟས་ངན་འདྲེ་གནོན་གཏོང་བ། གཟའ་དང་རྒྱལ་པོ་བརྟེན་པའི་མན་ངག་རལ་གྲི་ཕྱུངས་རྡེག །རྐྱལ་ནག་ཕུས་འདེབས། ཚངས་པ་དུང་ཐོད་ཅན་གྱི་སྒྲུབ་པ་ལས་སྦྱོར་བསྐུལ་བཅས། ཞིང་སེལ་སྐྱེ་རྒྱུད་གཅོད་རྫས་ལ་བརྟེན་པ་དང་འཁོར་ལོ་དང་ཐོད་པ་ལ་བརྟེན་པ། ཞིང་ལ་རི་བོང་སྲུང་བ། སྤྱང་ཀི་སྲུང་བ། མངལ་གྱི་རྩ་མདུད་འགྲོལ་བ། ཆུང་སྲི་གནོན་པ། ཕྱུགས་ཤེལ་འགྲོ་བ། འཇུར་སྡོམས། འབྱུང་པོ་རྒྱུན་གཅོད་བཀའ་རྟགས་རྡོ་རྗེའི་རྒྱ་ཅན་རྣམས་སོ། །དེ་ལྟར་དབང་ལུང་ཡོངས་སུ་རྫོགས་པའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། རྗེ་འབངས་གྲོགས་ལྔ། གཏེར་ཆེན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། ངག་དབང་གྲགས་པ། ནོར་བུ་ཡོངས་གྲགས། ནོར་བུ་ [47b] དབང་རྒྱལ། ནམ་མཁའ་འབྲུག་སྒྲ། པདྨ་དཀོན་མཆོག །རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་ནས་གོང་བཞིན། ཡང་ན། རཏྣའི་སྲས་ཆུང་བ་ངག་དབང་གྲགས་པ་ནས། ཀུན་དགའ་བསྟན་འཛིན། བུ་འབོར་བཀྲ་ཤིས་རྒྱ་མཚོ། ཧེ་པ་ཆོས་འབྱུང་། ཏ་བླ་ཤཱཀྱ་བཀྲ་ཤིས། དྲུང་ཆོས་ཉིད་རྒྱ་མཚོ། སྟོན་པ་རྒྱལ་མཚོ། ཀུན་བཟང་ཤེས་རབ། རྡོ་རྗེ་བཀྲ་ཤིས། པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་ལྷ་དབང་། ཀརྨ་ངེས་དོན་བསྟན་འཛིན། པདྨ་གསང་སྔགས་བསྟནའཛིན། འཇམ་མགོན་པདྨ་གར་དབང་མན་གོང་བཞིན་ནོ། །གྲུ་ཤུལ་གུང་ཐང་མཁར་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་གི་སྐོར་ལ་དབང་ལུང་གཉིས་ལས། དང་པོ་ནི། རྩ་བའི་དབང་ཆེན་བཞི། ཡན་ལག་གི་དབང་ཕྲན་བརྒྱད་དང་བཅས་སོ། གཉིས་པ་ལ། ཡིད་ཆེས་བསྐྱེད་པ་ལོ་རྒྱུས། སྐུ་རྟེན་གསུམ་དང་འབྲེལ་བའི་བླ་སྒྲུབ། སྙིང་དང་འདྲ་བ་ཀློང་གསལ་སྙིང་ཐིག་གི་གཞུང་སྐོར། སྙིང་ཁྲག་དང་འདྲ་བ་ཡང་ཟབ་ཐེམས་མེད། སྲོག་གི་དྭངས་མ་ལྟ་བུ་ [48a] སྦས་ཆོས་གསང་བ་ཡང་ཏིག །སྤྱིའི་ཁ་སྐོང་ཡིག་ཕྲན། བསྟན་སྲུང་ཆོས་སྐྱོང་གི་སྐོར་དང་བདུན་ནོ། །དང་པོ་ལ། སྙིང་ཐིག་གི་ཁ་བྱང་ལྡེ་མིག །གཟིར་འདེབས་ཊཱིཀ་ཉང་གཏེར་སྲིན་སྦར་མ། རི་མོ་ཅན་གྱི་གནས་ཡིག་ལུང་བྱང་། སྤྱི་ཐེམས་བཀའ་རྒྱ་ཅན། བཀའ་བབས་བརྒྱུད་པའི་ལོ་རྒྱུས། ལོ་རྒྱུས་ཆུང་བ། རྒྱུད་ཀྱི་ལོ་རྒྱུས། ཟབ་གཏེར་གཉན་གྱི་ཐེམས་ཡིག་རིམ་པ་ཅན་རྣམས། གཉིས་པ་ལ། བླ་མ་ཕྱི་སྒྲུབ་པདྨ་འབྱུང་གནས་ཀྱི་གཏོར་དབང་ཡིད་བཞིན་ནོར་བུ། ཐུགས་སྒྲུབ་ཐོད་ཕྲེང་རྩལ་གྱི་སྒྲུབ་ཐབས། ནང་སྒྲུབ་རྟ་ཕག་གི་དབང་ཆོག་པདྨའི་ཕྲེང་བ། རྟ་ཕག་ཡང་གསང་གནད་ཀྱི་གསང་སྒྲུབ། རྟ་མགྲིན་གྱི་ལས་བྱང་སེང་རྫོང་གི་གཏེར་མ། གསང་སྒྲུབ་ཚེའི་དབང་ཆོག་བདུད་རྩི་བུམ་པ། བུ་ཡིག་ཚེ་བྱང་བཀོལ་བ། ཚེའི་གསང་སྒྲུབ་རྒྱུན་ཁྱེར་དང་བཅས་པ། དབང་སྐོར་གསུམ་གྱི་སྔོན་འགྲོ་དང་ཡེ་ཤེས་དབབ་པའི་ཡིག་ཆུང་བཀོལ་བ། དབང་གསུམ་གྱི་དཀྱིལ་འཁོར་བྲི་ཐབས། གཏོར་མ་རིན་ཆེན་འབར་བའི་པྲ་ཁྲིད། སྒྲུབ་སྐོར་གསུམ་ཀའི་ [48b] སྟེང་འོག་གི་འཁོར་ལོ་བྲི་ཐབས། ཕྲིན་ལས་མེ་མཆོད་རྣམས། གསུམ་པ་ལ། རྩ་བ་དང་རྒྱབ་ཆོས་གཉིས་ལས། རྩ་བ་ལ། ཆོས་སྒོ་འབྱེད་པ་བླ་མའི་གཏོར་དབང་ནོར་བུའི་སྙིང་པོ་ཚིག་དབང་བསྐུར་ཐབས་དང་བཅས་པ། ཁྲིད་ཀྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་ཐབས། ཁྲེགས་ཆོད་ཀྱི་དམར་ཁྲིད་ནོར་བུའི་སྙིང་པོ། ཐོད་རྒལ་གྱི་ཁྲིད་ཡིག་ནོར་བུའི་སྙིང་པོ། མཐའ་རྟེན་རྗེས་ཀྱི་མན་ངག །ཁྲིད་ཡིག་ཡིད་བཞིན་ནོར་བུ། ཆོས་སྤྱོད་ཡིད་བཞིན་ནོར་བུ། གསོལ་འདེབས་ཡིད་བཞིན་ནོར་བུ་གསུམ་གཏེར་སྟོན་གྱིས་མཛད་པའོ། །རྒྱབ་ཆོས་ལ། རང་རིག་བླ་མའི་རྣལ་འབྱོར། ངོ་སྤྲོད་བཙན་ཐབས་མ། ཞི་ལྷག་གི་ངོ་སྤྲོད། ཞུས་ལན་སྙིང་གི་མེ་ལོང་། སྨིན་བྱེད་རིན་ཆེན་འཁོར་ལོ། གར་མཆོད་མཁའ་འགྲོའི་འགྱིང་གླུ། སྤྱུགས་པ་བརྡའི་གླུ་མཆོད། གསང་དབང་དང་ཤེར་དབང་གི་ཆོ་ག །ཚིག་དབང་ནི་སྒོ་འབྱེད་གཏོར་དབང་གི་གཤམ་ན་ཡོད་པ་དེའོ། །སྐུ་རྟེན་གསུམ་གྱི་དབང་དང་རང་རིག་རྩལ་དབང་། ཐོད་རྒལ་སྒོས་དབང་། བསྙེན་ཡིག་ [49a] ནོར་བུའི་ཕྲེང་བ། ཟབ་ལམ་ཉི་ཟླ་ཁ་སྦྱོར། དེའི་འཕྲུལ་འཁོར་རྩ་ཚིག །རང་བྱུང་དབུ་མའི་སྦས་བཤད། རིག་མ་བརྟག་ཐབས་མཁོ་མཐིང་མ། མཚོ་རྒྱལ་གྱི་གནད་ཀྱི་ཞུས་ལན། ཞུས་ལན་སྙིང་གི་མེ་ལོང་། ཀུན་གཞི་དྲི་བཅས་དང་། དག་པ་སྐུ་དང་ཡེ་ཤེས་ཀྱི་ངོ་སྤྲོད། སངས་རྒྱས་ལག་བཅང་གི་ངོ་སྤྲོད། ངོ་སྤྲོད་མཛུབ་ཚུགས་མ། བཏགས་གྲོལ་བསྟན་པ་བུ་གཅིག་པའི་རྒྱུད། བར་དོ་མུན་སེལ་སྒྲོན་མེ། བུ་ཡིག་བར་དོ་གནད་ཀྱི་ཉམས་ཁྲིད། སྤྱིའི་རྒྱབ་ཡིག་གེགས་སེལ་བདུད་རྩིའི་བུམ་པ། ཁྲིད་རྒྱབ་མུན་སེལ་ལུང་གི་སྒྲོན་མེ། འཆི་བ་བརྟག་བསླུའི་གདམས་པ་རྣམས་སོ། །བཞི་པ་ལ། ཀློང་གསལ་ཉི་མའི་གསང་རྒྱུད་ལེའུ་བཅོ་བརྒྱད་པ། དེའི་གསང་འགྲེལ་ལམ་འབྲས་གསེར་གྱི་མེ་ལོང་། བར་དོའི་སྒོས་དབང་། འཕོ་བའི་མན་ངག །ཚེ་སྒྲུབ་བཀའ་རྒྱ་མ། ཡེ་ཤེས་དབབ་པ་རྫས་སྦྱོར་དང་བཅས་པ། ཟབ་ལམ་གྱི་རྒྱབ་ཡིག་སྦས་ཆོས་གསང་བ། ཤ་སྦྱོར་རྡོ་རྗེ་གསོ་ཐབས། དབང་སྡུས་སྙིང་སྒུལ་གྱི་གདམས་པ་འཁོར་ལོའི་ [49b] བྲི་ཡིག་དང་བཅས་། ཟབ་ལམ་ཡིད་བཞིན་ནོར་བུ། སྲིད་གཅོད་ཡིད་བཞིན་ནོར་བུ། སྲིད་གཅོད་བཀའ་རྒྱ་མ། ལུས་ཀྱི་དྲོད་སྐྱེད་རྫས་སྦྱོར། སའི་བཅུད་ལེན། ཅོང་ཞི་སོགས་ཀྱི་བཅུད་ལེན། ཚེ་སྒྲུབ་བཀའ་རྒྱ་མའི་སྒོམ་ཐབས། ཤིན་ཏུ་ཟབ་པ་འབྱུང་བའི་འཆི་བསླུ། ལུང་བྱང་སྐོར་ལ། སྤྲུལ་སྐུའི་སྐྱེས་རབས་ལུང་བསྟན་གསལ་བའི་སྒྲོན་མེ་བཀའ་རྒྱ་མ། ལུང་བསྟན་བཀའ་རྒྱ་མ་ཆུང་བ། བསྟན་པ་སྤྱི་གང་ཟག་སྒོས་མཐའ་དབུས་འཁྲུག་ཚུལ་སོགས་ཀྱི་ལུང་བསྟན་རྒྱས་པ་རྣམས། ལྔ་པ་ལ། སྦས་ཆོས་གསང་བ་ཡང་ཏིག་གི་ཐེམས་ཡིག་བཀའ་རྒྱ་མ། ཀ་དག་གི་ངོ་སྤྲོད་དོན་གསལ་སྙིང་པོའི་གསང་ཁྲིད། རྒྱ་མཚོ་མུན་ཁྲིད། དུས་བཞི་མཉམ་སྦྱོར་གྱི་མན་ངག །བར་དོའི་ངོ་སྤྲོད་པྲ་ཁྲིད་སྲོག་གཟེར། དེའི་ཞལ་གདམས། བར་དོ་གནད་ཀྱི་མེ་ལོང་། ཞི་ཁྲོའི་ངོ་སྤྲོད་གསང་བའི་ལག་ཁྲིད་བསྟན་པ་བུ་གཅིག་པའི་རྒྱུད། རང་བྱུང་རིག་པའི་རྒྱུད། གཅིག་ཤེས་ཀུན་གྲོལ་གྱི་རྒྱུད། མངོན་ཤེས་རིག་པའི་རྒྱལ་པོའི་རྒྱུད་ཀྱི་དོན་འགྲེལ། རིག་པ་གནད་དགུའི་ [50a] བཏགས་གྲོལ་རབ་གནས་དང་དབང་བསྐུར་རྒྱུད་ཀྱི་བཅང་ཐབས། གདུང་འབྱུང་བ་འབྲས་བུ་ཐོབ་ཚུལ་བཀླག་པའི་ཐབས་དང་བཅས་པ། མུན་ཁྲིད་གསང་བའི་སྦས་ཆོས་སྲོག་གི་དྭངས་མ། སྣོད་བཅུད་གསལ་བའི་སྒྲོན་མེ། ཉམས་ལེན་རྟགས་ཡིག་ཚད་ཡིག་གསལ་བ། ངོ་སྤྲོད་ཐུགས་ཀྱི་ཡང་ཞུན། གསལ་བྱེད་མིག་གི་མན་ངག་དང་རྗེས་འཇུག་སློབ་མའི་ཞལ་གདམས། གསང་བའི་གཟེར་ཏིག་ཡང་གཅེས་སྦས་པ། གསང་བའི་གནད་ཡིག་འོད་གསལ་འཁོར་ལོ། མུན་ཁྲིད་གསང་བའི་གཅེས་གནད། གེགས་སེལ་བདུད་རྩིའི་རྒྱ་མཚོ། མུན་ཁྲིད་ཡང་གཅེས་བོགས་འདོན་རྣམས། དྲུག་པ་ལ། ལོ་རྒྱུས་གསལ་བའི་སྒྲོན་མེ་ཆུ་ཡིག་ཅན། ཞལ་གདམས་སྙིང་གི་དུམ་བུ། རྟེན་གསུམ་ལོ་རྒྱུས་རིན་ཆེན་སྒྲོན་མེ། ཚེ་སྒྲུབ་གསང་བ་སྲོག་འཁོར། སྤྲོས་གཅོད་ཞུས་ལན་གྱི་གདམས་པ། ཛམྦྷ་ལ་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས། དབང་སྡུད་ལས་ཀྱི་ཡང་འཁོལ་པདྨ་བཅད་བསྡུས་དང་བཅས་པ་རྣམས་སོ། །བདུན་པ་བཀའ་ [50b] སྲུང་ལ་དྲུག་གི ། དང་པོ་མ་ནིང་གི་སྒྲུབ་སྐོར་ནི་འདིའི་ཐེམས་ཀྱིས་བསྟན་ཀྱང་གཏེར་གནས་འབྲེལ་ཆགས་ཀྱིས་གོང་དུ་སོང་། གཉིས་པ་གཟའ་རྒོད་དུག་གི་སྤུ་གྲིའི་སྐོར་ལ། སྲོག་དབང་ལེགས་པར་ནོས་ནས། ལུང་ལ། གསང་སྒྲུབ་དུག་གི་སྤུ་གྲི། རང་སྲུང་། གནད་འབེབས། ཡང་གཅེས། ཨོལ་དགག །དམ་སྲང་སྲོག་ཕུར་བཅའ་ཐབས། སྒབ་འདྲེ་མནན་ཐབས། ཞུད་སེལ། གཅེས་གནད་དུག་དབྱུང་། བསྐང་བ། མཆོད་བསྟོད། བསྟོད་བསྐུལ་མདོར་བསྡུས། བླ་རྡོ་བཅང་ཐབས། སྟོད་གནོན། ཤི་ས་བསྟན་པ། ནོར་སྒྲུབ། སྲོག་དབང་། སྔགས་ཀྱི་འབྱིན་འཇུག་ཤི་ས་བསྟན་པ། འབྱིན་འཇུག་འབྲུ་ཐེམས། མདོས་ཆེན་ནག་པོ་དགུ་སྐོར་རྣམས་སོ། །གསུམ་པ་དམ་ཅན་གྱི་སྐོར་ལ། གསངསྒྲུབ་སྲོག་གི་སྤུ་གྲི། གསོལ་ཁ་ཕྲིན་ལས་སྤུ་གྲི་བསྐང་བ་བསྟོད་བསྐུལ་བཅས། གནད་འབེབས། ནོར་སྒྲུབ་རིན་ཆེན་གཏེར་མཛོད། མངོན་ཤེས་སྒྲུབ་པ། ནད་པ་འཚོ་འཆི་བརྟག་པ། སློབ་མ་དང་ཡོན་བདག་ [51a] དམ་ཉམས་བསྒྲལ་བ། བྱེས་ཀྱི་དོན་ཕྱྭ་བརྟག་པ། དགྲ་ལ་ཁྲག་གཟེར་གཏོང་བ། ནོར་སྒྲུབ་སྙིང་གི་དུམ་བུ། དེའི་གནད་ཡིག་ཡང་གཅེས། ཇག་ཆིངས། ཁྱི་ཐོད་དང་ར་ཐོད་ལ་བརྟེན་པའི་ལྟས་ངན་གཏོང་ཐབས། ལས་ཚོགས་གཏེར་ཕྲེང་། རིགས་བརྒྱུད་སྤེལ་བ། ནོར་སྒྲུབ་ལུགས་གཉིས། རྣོ་མཐོང་གི་སྒྲུབ་པ། མདོས་རྣམས་སོ། །བཞི་པ་ཕུང་བྱེད་རླུང་དམར་གྱི་སྐོར་ལ། ཐེམས་ཡིག་རྒྱུད་ལེའུ་གསུམ་པ། འཁོར་ལོ་ཆེན་མོ་ཡུལ་ཁམས་དཀྲུག་བྱེད། འབྲིང་པོ་གྲོང་ཁྱེར་དཀྲུག་བྱེད། ཆུང་བ་བཟའ་ཚང་དཀྲུག་བྱེད། ཞལ་གདམས་པྲ་ཁྲིད། ཡང་གཅེས་གབ་སྦས། རླུང་ལྷའི་ལས་བྱང་སྤུ་གྲི། ལོག་གནོན་གབ་པའི་པྲ་ཁྲིད། ཁ་བསྒྱུར་ལས་ཚོགས་འབྱེད་བསྐྲད་དཀྲུག་པའི་མན་ངག་ནང་གསེས་བརྒྱད་ཡོད་པ་སོ་སོའི་དཔེ་རིས་དང་བཅས་པ་རྣམས་སོ། །ལྔ་པ་ལྷ་ཆེན་རླུང་ཞགས་ཀྱི་སྐོར་ལ། རྗེས་སུ་གནང་བ་ལེགས་པར་ནོས་ནས། ལུང་ལ། རྗེས་ནང་གི་ཆོ་ག །དབང་ཕྱུག་ཕྱི་ནང་གསང་གསུམ་ [51b] གྱི་སྒྲུབ་ཐབས་ནང་གསེས་བཅུ་གཉིས་པ། ཡང་གསང་གི་སྒྲུབ་པ་ལས་བཞི་གཅིག་ཏུ་བྱས་པའི་ལས་ཚོགས་ནང་གསེས་བཅུ་གཉིས་ཡོད་པ། མཐར་ཐུག་གནད་ཀྱི་སྲོག་རྩ་སྙིང་གི་མེ་ལོང་། བསྟོད་བསྐུལ་ནང་གསེས་གཉིས་པ། ཤིན་ཏུ་ཟབ་པའི་ལས་ཚོགས་ནང་གསེས་བརྒྱད་པ་རྣམས་དང་། སྒབ་འདྲེ་མནན་ཐབས་དང་པེ་དཀར་སྲུང་བ་གཏེར་ཁ་གཞན་ནས་བླངས་པའོ། །དྲུག་པ་ཕན་གནོད་ཀྱི་གདམས་པ་ཁ་ཐོར་སྐོར་ལ། སྐྱིན་ཐང་སེར་བ་དབབ་པ། སེར་སྲུང་སྤུ་གྲི་ཐོག་གཅོད། ཆར་འབེབས་ཡིད་བཞིན་ནོར་བུ། ཕུང་བྱེད་ཁ་ཆིང་། ཇག་པ་འཆིང་བ། ཛམ་ལའི་ནོར་སྒྲུབ་རིན་ཆེན་གཏེར་བུམ་རྣམས་དང་། རྫས་སྦྱོར་དང་མཛེས་པོའི་ཁ་གཏད་སོགས་ཐེམས་ཀྱིས་ཟིན་པའི་ཡིག་སྣ་འགའ་ཞིག་ནི་རྒྱུན་མ་འཚལ་ལོ། །དེ་ལྟར་རྩ་བའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ། ཤྲཱི་སིདྷ། ཨོ་རྒྱན། མཚོ་རྒྱལ། གཏེར་ཆེན་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ་དང་། དོན་གྲུབ་རྒྱལ་པོ། གཉིས་ཀས་ [52a] ངག་དབང་གྲགས་པ། སངས་རྒྱས་གྲགས་པ། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ཕྲིན་ལས་རྒྱ་མཚོ། ནོར་བུ་ཆོས་བརྟན། རིག་འཛིན་ཕྲིན་ལས་ལྷུན་གྲུབ་མན་གོང་བཞིན། ཡང་ན། སྲས་ཚེ་དབང་གྲགས་པ་ནས། རྔོད་པ་ཤཱཀྱ་བཀྲ་ཤིས། མཁར་དྲུང་བསོད་ནམས་བཀྲ་ཤིས པདྨ་དབང་ཕྱུག །ཀརྨ་དོན་ཡོད། ཀརྨ་ཆགས་མེད། མི་འགྱུར་རྡོ་རྗེ། ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། པདྨ་ལྷུན་གྲུབ། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། པདྨ་གསང་སྔགས་བསྟན་འཛིན། འཇམ་མགོན་པདྨ་གར་དབང་མན་གོང་བཞིན། བཀའ་སྲུང་གཟའ་བདུད་སྐོར་གྱི་བརྒྱུད་པ་ནི། གཏེར་ཆེན་རཏ་གླིང་ནས། ཀཿཐོག་པ་བསོད་ནམས་རྒྱལ་མཚ། རྣམ་གྲོལ་ཡེ་ཤེས་བཟང་པོ། ཀོ་ཇག་འགྲོ་མགོན། ཉི་ཟླ་གྲགས་པ། ངག་གི་དབང་ཕྱུག །གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། དམ་ཅན་གྱི་སྐོར་གྱི་བརྒྱུད་པ་ནི། ངག་དབང་གྲགས་པ་ནས། སྤེལ་ཆོག་ལས་འཕྲོ། འཇིག་རྟེན་མགོན་པོ། སངས་ [52b] རྒྱས་ཕུན་ཚོགས། ནོར་བུ་ཆོས་བརྟན་མན་འདྲ། རླུང་དམར་གྱི་བརྒྱུད་པ་ནི། ནོར་བུ་ཡོངས་གྲགས་ནས། དབང་ཆེན་ལྷུན་གྲུབ། ཁྱུང་ཚང་པ། ཀརྨ་གསང་སྔགས། ཕྲིན་ལས་ལྷུན་གྲུབ་མན་འདྲ། རླུང་ཞགས་སྐོར་གྱི་བརྒྱུད་ལུགས་གཅིག་ནི་རླུང་དམར་གྱི་བརྒྱུད་པ་གོང་མ་ལྟར་དང་། ཡང་ན། ཕྲིན་ལས་རྒྱ་མཚོ་ནས། ཆོས་ལྡན་པ། ཕྲིན་ལས་བསྟན་འཛིན། གཏེར་བདག་གླིང་པ་མན་འདྲ། རཏྣའི་གཏེར་ཁ་དང་པོ་རི་བོ་ཁྱུང་ཆེན་ལྡིང་བ་ནས་སྤྱན་དྲངས་པའི་རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་སྐོར་ལ་དབང་ལུང་གཉིས་ལས། དང་པོ་ནི། དབང་ཆོག་བདུད་རྩི་བུམ་པ་ལ་བརྟེན་ནས་རྩ་བ་གསུམ་གྱི་བྱིན་རླབས་ལེགས་པར་ནོས་ནས། ལུང་ལ། ཁ་བྱང་ལྡེ་མིག །དེས་བསྟན་པ་ལ། སྒྲུབ་སྐོར། ཁྲིད་སྐོར། རྒྱབ་ཆོས་སྐོར་དང་གསུམ་ལས། དང་པོ་ལ། བླ་མའི་ཐུགས་སྒྲུབ། ཐུགས་རྗེ་ཆེན་པོ་ཡི་དམ་བུམ་སྒྲུབ། ཌཱ་ཀི་ཐོད་རྒལ་གནད་ཀྱི་སྒྲུབ་ཐབས། དབང་ཆོག་བདུད་རྩི་བུམ་པ། ལག་ལེན་དང་བཅས་པ་རྣམས། གཉིས་པ་ལ། སྐུ་གསུམ་འབྲས་བུའི་དོན་ཁྲིད་ [53a] མཐའ་རྟེན་གོལ་ས་གཅོད་ཐབས། དོན་ཁྲིད་སངས་རྒྱས་ལག་བཅངས། གཏེར་སྟོན་གྱིས་མཛད་པའི་ཁྲིད་གཞུང་ནོར་བུའི་གསང་ཁྲིད་དང་། གསོལ་འདེབས་བྱིན་རླབས་ཆུ་རྒྱུན། དཀྱིལ་འཁོར་གསུམ་གྱི་སྒྲུབ་ཐབས་ཟབ་མོ་སྲོག་གི་དྭངས་མ། རྣལ་འབྱོར་བཞིའི་ཞལ་གདམས་མཐོང་གྲོལ་རྣམས། གསུམ་པ་ལ། ཚེ་སྒྲུབ་གཤིན་རྗེའི་གདོང་ཟློག །འཕོ་བའི་གདམས་པ། དེའི་མན་ངག་གཏེར་སྟོན་གྱིས་མཛད་པ། བར་དོ་གནད་ཀྱི་ཞལ་གདམས། ཌཱ་ཀིའི་སྤྱི་གནད་བླ་རྡོ། གནད་འབེབས་བཅུ་དུམ། ཞལ་གདམས་སྙིང་གི་དུམ་བུ། ཞལ་གདམས་ཐོར་བུ། གནད་ཀྱི་ཞལ་གདམས། གཏེར་སྟོན་གྱི་སྐྱེས་རབས། དམ་ཅན་གྱི་སྒྲུབ་ཐབས་རེག་གཅོད་དུག་གི་སྤུ་གྲི། བྲག་བཙན་ཅོག་བརྡུང་། གསང་བ་བཅུད་ཐིག་རིལ་བུའི་དཀར་ཆག་རྣམས། དེ་དག་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ལང་གྲོ་ལོ་ཙཱ་བ། གཏེར་སྟོན་ནས། ནོར་བུ་དབང་རྒྱལ་གྱི་བར་སྲས་བརྒྱུད་རིམ་དེད་ལས། གསུང་སྤྲུལ་ཚུལ་རྡོར། ཕྲིན་ལས་ལྷུན་གྲུབ། གཏེར་ [53b] བདག་གླིང་པ་མན་འདྲ། ཡང་ན། སྲས་ཚེ་དབང་གྲགས་པ་ནས། སྲས་ངག་དབང་གྲགས་པ། སྲས་ཀུན་དགའ་གྲགས་པ། སྲས་ཀུན་དགའ་བསྟན་འཛིན། ཤཱཀྱ་བཀྲ་ཤིས། བཀྲ་ཤིས་དབང་ཕྱུག རྒྱ་བན་དཀོན་མཆོག་བཀྲ་ཤིས། རྣམ་རྒྱལ་བཀྲ་ཤིས། ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། པདྨ་གསང་སྔགས་བསྟན་འཛིན། པདྨ་གར་དབང་མན་གོང་བཞིན། མཁར་ཆུ་ཕུག་རིང་ནས་སྤྱན་དྲངས་པའི་ཕྱག་ཆེན་མུན་སེལ་ཉི་མའི་སྐོར་ཐོབ་པ་ལ། ཐེམས་ཡིག་གསེར་གྱི་ཐུར་མ། ལོ་རྒྱུས་གསལ་སྒྲོན། བརྒྱུད་པའི་གསོལ་འདེབས། སྔོན་འགྲོ་རིན་ཆེན་སྒྲོན་མ། དངོས་གཞི་མུན་སེལ་ཉི་མའི་སྙིང་པོའི་ཁྲིད་གཞུང་། གནད་ཀྱི་གེགས་སེལ་ལྷན་ཐབས། རྗེས་ཀྱི་གདམས་པ་རིན་ཆེན་རྒྱན་ཕྲེང་། ཞུས་ལན་ལུང་བྱང་གསལ་བ་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ཨོ་རྒྱན། རྗེ་འབངས་གྲོགས་ལྔ། གཏེར་སྟོན་ནས། ཕྲིན་ལས་རྒྱ་མཚོའི་བར་སྲས་བརྒྱུད་རིམ་དེད་ནས་ཚུལ་ [54a] ཁྲིམས་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། གནམ་སྐབས་བྲག་གི་ཤར་ལོགས་ནས་སྤྱན་དྲངས་པའི་འདུས་པ་སྐོར་བཞི་ལས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐོར་ལ། དབང་ཆོག་གསུམ་ལ་བརྟེན་ནས་དབང་བཞི་སངས་རྒྱས་སྟོང་དབང་གཏོར་དབང་དང་བཅས་པ་ནོས་ནས། ལུང་ལ། ཐེམས་བྱང་། དེས་བསྟན་པའི་རྒྱུད། སྒྲུབ་ཐབས། ཁ་སྐོང་། ཟབ་ཁྲིད། ཚེ་སྒྲུབ། རྒྱབ་ཡིག །བསྟན་སྲུང་སྐོར་དང་བདུན་ལས། དང་པོ་ལ། ལོ་རྒྱུས། རྒྱུད་ལེའུ་བཅོ་བརྒྱད་པ། གཉིས་པ་ལ། སྒྲུབ་ཁོག །དབང་ཆོག་རིན་ཆེན་གཏེར་བུམ། གོང་མ་གསུམ་བསྐུར་ཐབས་མཁའ་འགྲོའི་གསང་དམ། གཏོར་དབང་ཡིད་བཞིན་ནོར་བུ། འཕགས་པ་བླ་མ་དང་དབྱེར་མེད་དུ་སྒྲུབ་ཐབས་ཡང་ཟབ་གནད་ཏིག །གསང་སྒྲུབ་ཟབ་པའི་ཕུལ་ཕྱིན། གསུམ་པ་ལ། ལས་བྱང་། ཛཔྲ་དགོངས། མཆོད་འབུམ། སྐྱེ་བདུན་སྒྲུབ་ཐབས། འགྲོ་དོན་ལས་ཚོགས་དྲུག་པ། བཞི་པ་ལ། ཨ༽ གསང་ཁྲིད་ཐུགས་ཀྱི་སྙིང་པོ། ཨ༽ གསོལ་འདེབས་གཏེར་སྟོན་ཉིད་ཀྱིས་མཛད་ [54b] པ། ཨ༽ བཏགས་གྲོལ་གྱི་མན་ངག །དེའི་རྒྱབ་ཡིག །ཚེ་ཚད་དང་འཆི་བ་བརྟག་པ། སྨན་གྱི་བཅུད་ལེན། དབྱུག་བཅོས། ལྔ་པ་ནི། ཚེ་སྒྲུབ་གསང་འདུས་ཀྱི་སྐོར་ཏེ་ལོགས་ནའོ། །དྲུག་པ་ལ། ཨ༽ འཆི་བསླུ། སཱཙྪ་ལས་ཕྲན་བཅས། ཨ༽ རབ་གནས། བདུན་ཚིགས། ཨ༽ དེའི་ལྷན་ཐབས། ཨ༽ ཟས་གཏད། ཨ༽ སངས་རྒྱས་སྟོང་གི་མཚན་འབུམ། བདུན་པ་ལ། དམ་ཅན་གྱི་རྗེས་གནང་ནོས་ནས། ལུང་ལ། གསང་སྒྲུབ་སྲོག་གི་སྤུ་གྲི། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག །རྗེས་གནང་གི་ཆོ་ག །བླ་རྡོ། གནད་འབེབས། ཤི་ས་བསྟན་པ། ནོར་སྒྲུབ། སྔགས་ཀྱི་འབྲུ་ཐེམས། སྒབ་འདྲེ་མནན་པ། དེའི་བྲི་ཐབས། ཁྱི་ཐོད་ཀྱིས་ཆོ་འཕྲུལ་བཏང་བ། ར་ཐོད་ཀྱིས་ལྟས་ངན་བཏང་བ། ལས་བྱང་གསོལ་ཁ། ངན་ནེ་མའི་སྒྲུབ་ཐབས། ཡེ་ཤེས་གྲགས་ཕྱི་ནང་གསང་བའི་སྒྲུབ་ཐབས། ཨ་པ་ར་ཙིཏྟའི་ནོར་སྒྲུབ། རྡོ་རྗེ་བསམ་གྲུབ་རྩལ་གྱི་ནོར་སྒྲུབ་རྣམས་སོ། །དེ་ལྟར་དབང་བཞི་ཡོངས་རྫོགས་ལུང་དང་བཅས་པའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། གཏེར་སྟོན། སྲས་ཚེ་དབང་གྲགས་པ། [55a] སྤེལ་ལྕོག་ལས་འཕྲོ་བ། འཇིག་རྟེན་མགོན་པོ། སངས་རྒྱས་ཕུན་ཚོགས། རིག་འཛིན་ཆོས་བཟང་། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། ཡང་ན། ཚེ་དབང་གྲགས་པ་ནས། ངག་དབང་གྲགས་པ། ཀུན་དགའ་གྲགས་པ། ཀུན་དགའ་བསྟན་འཛིན། བུ་འབོར་བཀྲ་ཤིས་རྒྱ་མཚོ། ཧེ་པ་ཆོས་འབྱུང་། ཤཱཀྱ་བཀྲ་ཤིས། བཀྲ་ཤིས་རིན་ཆེན། དཀོན་མཆོག་བཀྲ་ཤིས། རྣམ་རྒྱལ་བཀྲ་ཤིས། ཀུན་བཟང་ཤེས་རབ། ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། པདྨ་ལྷུན་གྲུབ། པདྨ་གསང་སྔགས་བསྟན་འཛིན། འཇམ་མགོན་པདྨ་གར་དབང་མན་འདྲ། ཡང་ན། ཚེ་དབང་གྲགས་པ་ནས། ནོར་བུ་ཡོངས་གྲགས་ཀྱི་བར་སྲས་བརྒྱུད་ལ། དབང་ཆེན་ལྷུན་གྲུབ། སངས་རྒྱས་ཕུན་ཚོགས་མན་འདྲ། ཨེ་རྟགས་མེད་པའི་ས་བཅད་དྲུག་པ་ཡན་གྱི་ལུང་བརྒྱུད་ནི། གཏེར་སྟོན་ནས་ནོར་བུ་དབང་རྒྱལ་གྱི་བར་སྲས་བརྒྱུད་ལས། ཚུལ་རྡོར། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། ཨེ་རྟགས་ཅན་ནི། ནོར་བུ་ཡོངས་གྲགས་ནས། ཆོས་ལྡན་པའོ། ། [55b] དམ་ཅན་སྐོར་ནི། ཚེ་དབང་གྲགས་པ། མཐའ་ཡས་གྲགས་པ། ངག་དབང་ལྷུན་གྲུབ། མི་འགྱུར་ལས་འཕྲོ་བ། བཀྲ་ཤིས་རྒྱ་མཚོ། ཀུན་དགའ་ཚེ་མཆོག །ངག་དབང་ཡེ་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། ཕྲིན་ལས་ལྷུན་གྲུབ་མན་འདྲ། གོང་དུ་སྨོས་པའི་ས་བཅད་ལྔ་པ་ཚེ་སྒྲུབ་གསང་བ་འདུས་པའི་སྐོར་ལ་དབང་ལུང་གཉིས་ལས། དང་པོ་ནི། དབང་བཞི་གཏོར་དབང་དང་བཅས་པ་ནོས་ནས། གཉིས་པ་ལ། ལས་བྱང་། བུ་ཡིག །བསྟོད་བསྐུལ། དམིགས་རིམ། ཚེའི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། ཡང་གསང་གུས་སྦས་ཀྱི་སྒྲུབ་པ། དོན་དབང་ནོར་བུ་ལུགས། བུམ་དབང་ཐུགས་ཀྱི་ཡང་ཞུན། མཆོག་དབང་རྡོ་རྗེའི་ཐེམ་སྐས། ལོ་རྒྱུས་འོད་ཟེར་ཕྲེང་བ་དང་དབང་གི་ལག་ལེན་སྦྲེལ་བ། ཚེ་གཏོར་གྱི་པྲ་ཁྲིད། བརྡའ་རྟགས་རྣམས་སོ། །བརྒྱུད་པ་ནི། སྣང་མཐའ། ཚེ་དཔག་མེད། ཨོ་རྒྱན། རྗེ་འབངས་གྲོགས་ལྔ། གཏེར་སྟོན་ནས། ཕྲིན་ལས་རྒྱ་མཚོའི་བར་སྲས་བརྒྱུད་ལས། ཆོས་ལྡན་པ། གྲུབ་མཆོག་དམ་པ་སངས་རྒྱས། གཏེར་བདག་གླིང་པ་མན་འདྲ། [56a] ཡང་ན། ཚེ་དབང་གྲགས་པ། ངག་དབང་གྲགས་པ། ཀུན་དགའ་གྲགས་པ། ཀུན་དགའ་བསྟན་འཛིན་མན་གོང་གི་ཐུགས་ཆེན་གསང་འདུས་བཞིན་ནོ། ། གནམ་སྐས་གཏེར་མ་རྟ་མགྲིན་གསང་བ་འདུས་པའི་སྐོར་ལ་དབང་ལུང་གཉིས་ལ། དང་པོ་ནི། དབང་ཆོག་གསུམ་གྱི་སྟེང་ནས་རྩ་བའི་དབང་བཞི་གཏོར་དབང་དང་བཅས་པ་དང་། འཇིགས་བྱེད། ཕྱག་རྡོར། རྟ་ནག་གི་སྒོས་དབང་རྣམས་ནོས་ནས། ལུང་ལ། ཐེམས་བྱང་རིན་ཆེན་གཏེར་མཛོད། དེས་བསྟན་པའི་སྐོར་ཚོ་བཅུ་གཅིག་གི ། དང་པོ་ནི། གསང་བ་འདུས་པའི་རྒྱུད་ཉིད་དོ། །གཉིས་པ་ལ། ཕྱི་ནང་གསང་གསུམ་གྱི་སྤྱི་སྒྲུབ་འཁོར་ལོ་གསུམ་པ། ནང་བླ་མ་དང་དབྱེར་མེད་དུ་སྒྲུབ་པ། ཡང་གསང་གནད་ཀྱི་སྒྲུབ་པ། རྟ་མགྲིན་གསང་བའི་སྒྲུབ་ཐབས། ཡང་གསང་སྒྲུབ་པའི་སྲོག་ཏིག་གུད་སྦས། དེའི་ལྐོག་ཡིག་སྙིང་བྱང་། སྒྲུབ་ཐབས་ཀྱི་འགྲེལ་པ་གསལ་བའི་མེ་ལོང་། གཏོར་དབང་རིན་ཆེན་གཏེར་བུམ། དབང་ཆོག་དྲེགས་པ་སྲོག་གི་རྒྱ་ཅན། མཆོག་དབང་ཡིད་བཞིན་ནོར་ [56b] བུ། གཏེར་སྟོན་གྱིས་མཛད་པའི་ལས་བྱང་རིན་ཆེན་ཕྲེང་བ། ལས་བྱང་འགེབས་ཀྱི་རིམ་པ། མེ་མཆོད་ཕོ་ཉ་མྱུར་མགྱོགས་རྣམས། གསུམ་པ་ལ། རྩ་བའི་ལས་ཚོགས་ཁྱུང་ལྔའི་སྒྲུབ་ཐབས། སྐུ་སྒྲུབ་ལས་ཚོགས་དགོས་འདོད་ཀུན་འབྱུང་། གསུང་སྒྲུབ་ལས་ཚོགས་རིན་ཆེན་གཏེར་བུམ། ཐུགས་སྒྲུབ་ལས་ཚོགས་བདུད་ཟློག་ཅོག་རྡུང་། ཡོན་ཏན་ལས་ཚོགས་བྱང་མ་གཤེད་དབབ། ཕྲིན་ལས་ལས་ཚོགས་དུག་ཁྲག་སྒྲུབ་པ་རྣམས། བཞི་པ་ལ། འཇིགས་བྱེད་མེའི་སྤུ་གྲིའི་སྒྲུབ་ཐབས། དེའི་སྲུང་ཟློག་བསད་གསུམ་གྱི་མན་ངག །དབང་ཆོག །ལས་ཚོགས་སྡིག་པ་སྙིང་འཛིངས། ཕྲ་མན་རང་སྲུང་རྡོ་རྗེའི་གོ་ཁྲབ། ཕྱག་རྡོར་སྐོར་ལ། གསང་སྒྲུབ་མེའི་འཁོར་ལོ། །དབང་ཆོག །ལས་ཚོགས་གསང་བདག་ཐུགས་འཁོར། ཀླུ་འཆི་བདག་ནག་པོའི་སྲེག་འཁོར། རྟ་ནག་སྐོར་ལ། སྒྲུབ་ཐབས་མེའི་ཕྲེང་བ། ལས་ཚོགས་དུག་གྲི་ནག་པོ། ལས་ཚོགས་གུད་དུ་སྦས་པ་ཡིག་ཆུང་ཟབ་ཁྱད་མ། ཕུང་གཏད་ཧུར་ཐུམ་ནག་པོ། ཁང་སེལ། དགྲ་སྲི་གནོན་པ། ། [57a] དམ་ཉམས་འདྲེས་གནོན། རྒྱལ་པོའི་ཟ་ཡིག་རྣམས། ལྔ་པ་ལ། སེང་གདོང་གི་ལས་ཚོགས་ཟློག་པ་དུག་གྲི་ནག་པོ། མན་ངག་རིན་ཆེན་གཏེར་བུམ་ཞྭ་ཆོས་སོགས་བཟོའི་པ་ཏྲ་དང་སྨན་གྱི་པ་ཏྲ་དང་བཅས་པ། ཞལ་བཟོ། ཀུན་ཐུབ་བཞིའི་མན་ངག །ཞྭ་ཆོས་ཀྱི་ཆོས་ཡིག །ཆར་འབེབས་ཡིད་བཞིན་ནོར་བུ། སྐད་བཅོས། རྔ་བཅོས། དབང་སྡུད་ལས་ཀྱི་ཡང་ཁོལ་གནད་ཀྱི་ཡིག་ཆུང་། བཀའ་སྲུང་ལྕམ་དྲལ་གྱི་ལས་ཀྱི་མདེའུ་ཁ་ཉེར་བརྒྱད་རྣམས། དྲུག་པ་ལ། ཞལ་གདམས་གསེར་ཕྲེང་། ལུང་ཕྲེང་། གསལ་བའི་སྒྲོན་མེ་གསུམ། ཀརྨ་པའི་སྒོས་ལུང་རྣམས། བདུན་པ་ནི། ཐེམས་མེད་ཡུམ་ཀའི་སྐོར་ལ། བྱིན་རླབས་སྔོན་དུ་འགྲོ་བས། ལུང་ལ། མཚོ་རྒྱལ་ཕྱི་ལཱ་སྱའི། ནང་སྒྲོལ་མ། གསང་བ་ཁྲོས་མར་སྒྲུབ་པ་གསུམ། གཅེས་གནད་བླ་རྡོ། དབང་ཆོག་ཡིད་བཞིན་ནོར་བུ་རྣམས། བརྒྱད་པ་ནི། སྒོས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཊིའི་སྐོར་ལ། སྲོག་གཏད་དང་རྗེས་གནང་ནོས་ནས། ལུང་ལ། གསང་སྒྲུབ་སྲོག་རྩ་དམར་འབྱིན། རྗེས་གནང་གི་ཡི་གེ ། [57b] ལས་བྱང་བསྟོད་བསྐུལ་རྣམས། དགུ་པ་ནི། སྤྱིའི་སྲུང་མ་གནོད་སྦྱིན་གྱི་སྐོར་ལས། སྲོག་དབང་དང་རྗེས་གནང་ནོས་ནས། ལུང་ལ། ཐེམས་བྱང་། ལོ་རྒྱུས། གནོད་སྦྱིན་གྱི་སྲོག་སྒྲུབ་ཕྲོག་རྩ་དམར་ལེན། སྲོག་དབང་སྤུ་གྲིའི་རྒྱ་ཅན། རྗེས་གནང་གི་ཡི་གེ ། ཕོ་བྲང་རྟེན་གྱི་བཅའ་ཐབས། དམ་བསྲེའི་མན་ངག །གནད་འབེབས། ཡང་གཅེས་གཏོད་གནོན། ཤི་ས་བསྟན་པ། རྦད་བསྐུལ་སྲོག་གི་སྤུ་གྲི། སྔགས་ཀྱི་འབྱིན་འཇུག །གཉེར་གཏད་བཅོལ་དམ། ནོར་སྒྲུབ། ལྟས་ངན་གཏོང་ཐབས། མཐའ་བསྡུད་མནན་སྲེག་འཕང་བ། རྟགས་ཡིག །བླ་རྡོའི་མན་ངག །གསོལ་ཁ་སྔོན་བསྐལ་མ། བསྐང་གསོ་ཕྲིན་ལས་སྤུ་གྲི། བསྐང་མདོས་ཕྲིན་ལས་གཏེར་མཛོད་རྣམས། བཅུ་པ་ནི། རྣམ་སྲས་ཀྱི་སྐོར་ཏེ་སྲོག་དབང་ནོས་ནས། ལུང་ལ། གསང་སྒྲུབ་ཡིད་བཞིན་ནོར་བུ། དབང་ཆོག་ཡིད་བཞིན་གཏེར་མཛད། ལས་བྱང་། བླ་རྡོ་གཅེས་པའི་མན་ངག །སྲོག་རྩ་གནད་ཀྱི་འཁོར་ལོ་བསེ་རགས་གནོན་ཐབས་བཅས། སྒབ་འདྲི་གནོན་པའི་ལག་ལེན། ཙཀྲའི་བྲི་ [58a] ཡིག །ཚེ་སྒྲུབ། ཛམ་ནག་སྲོག་འཁོར་དོན་ཚན་ལྔ་པ། སྟེང་འཁོར། འོག་འཁོར། ཛམ་ནག་སྲོག་འཁོར། གཞན་གྱིས་མི་ཐུབ་པའི་གཟུངས་རྣམས། བཅུ་གཅིག་པ་ནི་ལས་ཕྲན་ཏེ། ཡང་ཟློག་རྡོ་རྗེ་ཕ་ལམ། དེའི་ཞལ་ཤེས། ཤ་ཟ་ཧོར་མོའི་བསད་ལས། དེའི་ལྟས་ངན་གཏོང་བ། བསེ་མོའི་དྲག་སྔགས། ཕུང་གཏད་རྟ་དམར་མ། རླུང་རྟ་ཁ་སྦུབ་རྟ་ཁོག་མ། ཇག་ཆིངས་ཞ་རེངས་པ། གདམས་པ་ཁྱད་པར་ཅན་གྱི་ཤོག་དྲིལ་གསུམ་ཞེས་ངན་ཐབས་ནང་གསེས་ཉེར་བརྒྱད་པ། ནཱ་ག་ཀླུའི་ཅོག་རྡུང་དབྱེ་གསོད་གནོན་པ་སོགས་ནང་གསེས་དྲུག །རྒྱའི་ཕུང་བྱེད་བཞིའི་གདམས་པ་ཁྱིམ་ཕུང་ནོར་གྱི་ཁྲོལ་ཆག་སོགས་ནང་གསེས་དྲུག་པ། བྱ་རོག་འུག་པའི་ཉེ་འབྱེད། དམག་རྒྱལ་སྤུན་གསུམ་གྱི་ཆོ་འཕྲུལ་རྫས་སེལ་བཙན་ཐབས་མ། རྫས་དུད་ཀྱིས་ཡུལ་ལྷ་སྐྲོད་པ། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་གཅེས་ནད། སྒྲུབ་པ་སྤྱི་ལ་གཅེས་པའི་སྲོག་ཁྱིམ་ཟབ་མོ། ལོ་ཟླ་ཞག་དུས་ཀྱི་ཁ་བྱང་གསལ་སྒྲོན། དགྲ་བོའི་བླ་ཁུག་རྟགས་བསྟན་པ། ཟླ་བ་དང་དུས་ཚོད་ [58b] ནག་པོའི་ངོས་འཛིན་དང་བཅས་པ་རྣམས། དེ་ལྟར་རྩ་བའི་དབང་བཞི་གཏོར་དབང་རྣམས་ཀྱི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། རྗེ་འབངས་གྲོགས་ལྔ། ལོ་ཙཱ་བ་བཞི། གཏེར་སྟོན་ནས་ནོར་བུ་ཡོངས་གྲགས་ཀྱི་བར་སྲས་བརྒྱུད་རིམ་དེད་ལས་དབང་ཆེན་ལྷུན་གྲུབ། སངས་རྒྱས་ཕུན་ཚོགས། ཆོས་ལྡན། གཏེར་བདག་གླིང་པ་མན་འདྲ། ཡང་ན། གཏེར་སྟོན་ནས། སྲས་ཚེ་དབང་གྲགས་པ། ངག་དབང་གྲགས་པ། ཁམས་པ་ཀུན་དགའ་བསྟན་འཛིན། བུ་འབོར་བཀྲ་ཤིས་རྒྱ་མཚོ། ཏ་བླ་ཤཱཀྱ་བཀྲ་ཤིས། རྒྱ་བླ་བཀྲ་ཤིས་རིན་ཆེན། རྒྱ་བླ་དཀོན་མཆོག་བཀྲ་ཤིས། གུ་རུ་རྣམ་རྒྱལ་བཀྲ་ཤིས། རིག་འཛིན་ཀུན་བཟང་ཤེས་རབ། ཡང་། ཚེ་དབང་གྲགས་པ་ནས། རྔོད་པ་ཤཱཀྱ་བཀྲ་ཤིས་སོགས་ཚེ་སྒྲུབ་གསང་འདུས་དང་འདྲ་བ་ལས། ཀརྨ་ཆགས་མེད་དང་། མི་འགྱུར་རྡོ་རྗེ་གཉིས་ཀ་ལས་ཀུན་བཟང་ཤེས་རབ། དེ་ནས། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། ཀརྨ་ཆོས་དཔལ་བཟང་པོ། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། པདྨ་གསང་སྔགས་ [59a] བསྟན་འཛིན། འཇམ་མགོན་པདྨ་གར་དབང་། ཡང་། པདྨ་ནོར་བ་ནས། སྒ་རྗེ་པདྨ་ལྷུན་གྲུབ། གསང་སྔགས་མགོན་པོ། ལུང་གི་བརྒྱུད་པ། ཆགས་མེད་ཞབས་ནས། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཀརྨ་བསྟན་རྒྱས། ཀརྨ་བསྟན་འཛིན་ཕྲིན་ལས། པདྨ་གར་དབང་བློ་གྲོས་མཐའ་ཡས་མན་འདྲ། ཡང་། སྒོས་བརྒྱུད་ཀྱི་ཁྱད་པར། གཤིན་རྗེའི་དབང་བརྒྱུད་ནི། ཀུན་བཟང་། རྡོ་རྗེ་འཆང་། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། ཨོ་རྒྱན་ཆེན་པོ། བ་སུ་དྷ་ར། གནུབས་ཆེན། ལང་གྲོ། གཏེར་སྟོན་ནས་འདྲ། གསང་བདག་གི་བརྒྱུད་པ་ནི། ཀུན་བཟང་། ཕྱག་རྡོར། ཨོ་རྒྱན་ཡབ་ཡུམ། ཆོས་རྒྱལ་ཡབ་སྲས། ལང་གྲོ། གཏེར་སྟོན། རྟ་ནག་གི་དབང་བརྒྱུད་ནི། ཀུན་བཟང་། རྟ་མགྲིན། ཨོ་རྒྱན་ཡབ་ཡུམ། རྗེ་འབངས་གྲོགས་གསུམ། གཏེར་སྟོན། མཚོ་རྒྱལ་སྐོར་གསུམ་གྱི་བརྒྱུད་པ་ནི། ཕག་མོ། སྒྲོལ་མ། མཚོ་རྒྱལ། རྡོ་རྗེ་འཚོ། བཀྲ་ཤིས་ཁྱེ་འདྲེན། ལང་གྲོ། གཏེར་སྟོན། སྔགས་ [59b] སྲུངམའི་བརྒྱུད་པ་ནི། ཀུན་བཟང་། ཁྲོས་མ། ཨོ་རྒྱན་ཡབ་ཡུམ། ལང་གྲོ། གཏེར་སྟོན། གནོད་སྦྱིན་དམར་ནག་གི་བརྒྱུད་པ་ནི། གསང་བདག །ཨོ་རྒྱན་ཡབ་ཡུམ། ལང་གྲོ། གཏེར་སྟོན་ནས་ནོར་བུ་ཡོངས་གྲགས་བར་བརྒྱུད་ནས། ཡུགས་རྫོང་པ་ནོར་བུ་དབང་རྒྱལ། སྲས་མི་འགྱུར་དབང་རྒྱལ། གུ་རུ་དབྱངས་དཔོན་པ། ཆོས་དབྱིངས་རང་གྲོལ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། རྣམ་སྲས་ཀྱི་བརྒྱུད་པའང་འདི་དང་འདྲ་ཞིང་། དེར་མ་ཟད་སྔ་ཕྱིའི་ཆོས་ཚན་ཅི་རིགས་པ་བརྒྱུད་སྲོལ་གཞན་ལས་འོངས་པ་ཡང་ཡོད་དེ་འདིར་དེ་ཙམ་མོ། །གནམ་སྐས་ཀྱི་གཏེར་མ་ཟབ་ལམ་གསང་འདུས་སྐོར་ཐོབ་པ་ལ། སྐོར་ཚོ་དྲུག་གི ། དང་པོ་ལ། རྟ་མགྲིན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། ཡང་གསང་གི་སྒྲུབ་མཆོད་ཁྱད་པར་ཅན། མཁའ་འགྲོ་ཐད་རྒྱལ་གྱི་སྒྲུབ་ཐབས་སྙིང་གི་དུམ་བུ་ནང་གསེས་བསྙེན་སྒྲུབ་ཞལ་སྒྲིགས་ལས་སྦྱོར་གནོད་འབྱིན་ལས་བཀོལ། དེའི་ལས་ཕྲན་རྒྱལ་ཁམས་དབང་སྡུད། ཕྱག་རྒྱ་འགུགས་པ། བསྙེན་སྒྲུབ་ལས་གསུམ་གྱི་ཞལ་ཤེས་རྣམས། གཉིས་ [60a] པ་ལ། ཟབ་ལམ་གྱི་གཞུང་ཁྲིད། འཁྲུལ་འཁོར་རྩ་ཚིག །དེའི་གསལ་བྱེད་ཉང་པོ་བས་མཛད་པ། རང་ལུས་བདེ་བའི་མཉམ་སྦྱོར། ཡང་གཅེས་དུག་དབྱུང་། ལམ་འབྲས་ཡང་གཅེས་སྦས་པའི་གནད་ཡིག རྫས་ཀྱི་ཟླ་བ་བཙོན་འཛིན་སོགས་ནང་གསེས་བཅུ། གསུམ་པ་ལ། རྡོ་རྗེ་ཆུ་འཐུང་གི་མན་ངག །གསང་བའི་བཅུད་ལེན། ཚེ་སྒྲུབ། བཞི་པ་ལ། རིགས་བརྒྱུད་བཞག་ཐབས། དེའི་གེགས་སེལ། ལྟེ་བསྒྱུར། ལྔ་པ་ལ། མོ་ཁྲིད་སྙིང་གི་དུམ་བུ། དྲུག་པ་ལ། དབང་སྡུད་ལས་ཀྱི་ཡང་ཁོལ། རྫས་ཀྱི་ཐབས་ལམ། སྲིད་གཅོད་པ། བུད་མེད་དམའ་དབབ། ཤ་སྦྱོར་ལོག་གནོན་དབང་སྡུད་བཅས། རྟེན་འབྲེལ་དབང་སྡུད་ཙཀྲ་ཅན། ཡང་གཅེས་སྙིང་པོ་རྡོ་རྗེ་ཆུ་འཐུང་གེགས་སེལ་སྒྲིབ་ཤིང་དང་བཅས་པ། སྲིད་གཅོད་སྟག་སྦྲུལ་མ། ཕྱག་རྒྱ་དབང་སྡུད། ལུས་ཀྱི་སྟོབས་བསྐྱེད་བཅུད་ལེན་དང་བཅས་པའོ། །དེ་དག་གི་བརྒྱུད་པ་ནི། སྣང་མཐའ། ཐུགས་རྗེ་ཆེན་པོ། ཞི་ཁྲོ། ཨོ་རྒྱན་ཡབ་ཡུམ། ཤེལ་དཀར་རྡོ་རྗེ་འཚོ། གཏེར་སྟོན། [60b] ཚེ་དབང་གྲགས་པ། དོན་སྒྲུབ་རྒྱལ་པོ། གཉིས་ཀས་ངག་དབང་གྲགས་པ། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ཕྲིན་ལས་རྒྱ་མཚོ། ནམ་མཁའ་འབྲུག་སྒྲ། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ་མན་འདྲ། ཡང་ན། ཕྲིན་ལས་རྒྱ་མཚོ་ནས། ཚུལ་ཁྲིམས་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ་བོ། །གུང་ཐང་མཁར་གྱི་གཏེར་མ་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ། སངས་རྒྱས་སྒྲུབ་པའི་ཆོས་བཅུ། ཡིད་བཞིན་ནོར་བུའི་ཆོས་བཅུ་རྣམས་ལས། དང་པོ་ལ། དབང་ལུང་གཉིས་ཀྱི། དང་པོ་དབང་ཆོག་མ་བུ་སྦྱར་བའི་སྟེང་ནས་ནོས་པའོ། །གཉིས་པ་ལ། ཐེམས་བྱང་། དེས་བསྟན་པ་མ་ལྔ། ཐེམས་མེད་ལྔ། བུ་ལྔ་རྣམས་རྒྱུན་ཡོད། དང་པོ་ལ་ལོ་རྒྱུས། སྟ་གོན་དབང་བྱང་། བདག་འཇུག །གསང་བ་ཚེའི་དབང་ཆོག །གཉིས་པ་ལ། ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས། གསང་བ་ཚེ་ཁྲིད། བཅུད་ལེན་ཏེ་རྡོ་རྗེ་ཕྲེང་བ་ལྔ་ཚན། གསུམ་པ་ལ། ལས་བཞིའི་སྦྱིན་སྲེག །ཐབས་ལམ་པདྨ་བཅུད་བསྡུས། བསྟན་པ་སྤྱི་ལུང་། གང་ཟག་སྒོས་ [61a] ལུང་། ཆོས་སྤྱོད་རྣམས་སོ། །རྩ་བའི་གཉིས་པ་ནི། ཐུགས་རྗེ་ཆེན་པོ་འཁོར་ལོ་ལྔའི་གསང་ཁྲིད་དོ། །རྩ་བའི་གསུམ་པ་ལ། ཚེས་བཅུའི་ཕན་ཡོན་བསྐུལ་བྱང་། ཟབ་ལམ། སྲིད་གཅོད། དུག་སྲུང་རྣམས་ཏེ་ས་བཅད་སྨོས་པ་ལས་རྒྱུན་ཡོད་ནི་དེ་ཙམ་མོ། །དེ་དག་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། རྗེ་འབངས་གྲོགས་ལྔ། གཏེར་སྟོན་ནས་ནོར་བུ་དབང་རྒྱལ་གྱི་བར་སྲས་བརྒྱུད་རིམ་དེད་ལས། གསུང་སྤྲུལ་ཚུལ་རྡོར། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ་མན་གོང་དང་འདྲ། སྲིད་གཅོད། དུག་སྲུང་གཉིས་ནི། སྲས་བརྒྱུད་ནོར་བུ་ཡོངས་གྲགས། ཤེས་རབ་ཆོས་དབང་། ནོར་བུ་ཆོས་བསྟན། ཕྲིན་ལས་ལྷུན་གྲུབ་མན་འདྲ། འབྲི་ཐང་ཀོ་རོ་བྲག་ནས་སྤྱན་དྲངས་པའི་རྟ་ཕག་གསང་སྒྲུབ་སྐོར་གསུམ་དུ་གྲགས་པ་ནི། རྟ་མགྲིན་ཡབ་རྐྱང་དུ་སྒྲུབ་པ། ཕག་ནག་ཡུམ་རྐྱང་དུ་སྒྲུབ་པ། ཟུང་འཇུག་དབྱེར་མེད་དུ་སྒྲུབ་པ་རྣམས་ཀྱི་བརྒྱུད་པ་ནི། གཏེར་སྟོན་ནས་ཕྲིན་ལས་རྒྱ་མཚོའི་བར་རིམ་བརྒྱུད་ལས། ཚུལ་རྡོར། ཕྲིན་ལས་ལྷུན་གྲུབ་མན་འདྲ། [61b] དང་ལུང་ཁྲ་མོ་བྲག་གི་གཏེར་མ་ཕུར་པ་ཡང་གསང་བླ་མེད་ཀྱི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། དབང་བཀའ་ཆེ་ཆུང་མཐའ་རྟེན་དང་བཅས་པའོ། །གཉིས་པ་ལ། ཐེམས་བྱང་། དེས་བསྟན་པ་ལ། རྒྱུད། སྒྲུབ་ཐབས། དབང་། སྨད་ལས། ཁྲོ་རོལ། ལས་ཕྲན། བཀའ་སྲུང་སྐོར་དང་བདུན། དང་པོ་ནི། གསང་བ་སྙིང་པོ་ཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་པ་ཉིད་དོ། །གཉིས་པ་ལ། ཕྱི་སྒྲུབ་སྒྲུབ་ཁོག་ཆེན་མོ། མཐའ་རྒྱས་མར་མེ་སྨོན་ལམ། པྲ་ཁྲིད་རིན་ཆེན་ཕྲེང་བ། ཕུར་པ་ཡང་གསང་བླ་མེད་རྩ་བའི་སྒྲུབ་ཐབས། གསང་སྒྲུབ་སྙིང་གི་ཏི་ཀ ། ཞུས་ལན་གསལ་བའི་སྒྲོན་མེ། གསུམ་པ་ལ། དབང་ཆོག་ཕྲིན་ལས་གཏེར་མཛོད། ཁྲོ་བཅུ་སྲུང་མར་བཅས་པའི་དབང་ཆོག །དོན་དབང་ཡིད་བཞིན་ནོར་བུ། དཀྱིལ་འཁོར་རྣམ་དག་རབ་གསལ། གཞལ་ཡས་དོན་བསྟོད་རྣམས། བཞི་པ་ལ། ལས་བྱང་ཕྲིན་ལས་སྤུ་གྲི། ཟུར་འགེབས་བསྟོད་བསྐུལ། སྨད་ལས་དུག་ཕུར་ནག་པོ། དུག་ཕུར་ནག་པོའི་འཕྱོང་། ཕུར་སྲུང་བཅུ་དྲུག་དབང་ཕྱུག་མ་རྣམས་ཀྱི་བསྐུལ་རྣམས། ལྔ་ [62a] པ་ལ། གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས། རྡོ་གཏོར་མཚོན་ཆའི་འཁོར་ལོ། ལས་ཚོགས་མདེ་ཁ་བཅུ་གཉིས་པ། དྲུག་པ། ས་དཔྱད་རྟེན་འབྲེལ་གྱི་ལས་ཚོགས། ལས་ཚོགས་བརྒྱད་པ་རྣམས། བདུན་པ་ལ། གཏེར་སྲུང་ལྡང་ལྷའི་སྒྲུབ་ཐབས། བྲམ་ཟེ་སྤུན་དགུའི་ངན་སྔགས། རྡོར་ལེགས་ཀྱི་ཆོ་འཕྲུལ་རྣམས་སོ། །དེ་དག་གི་བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ ། རྡོ་རྗེ་འཆང་། རྡོ་རྗེ་ཆོས། ལས་ཀྱི་དབང་ཆེན། པྲ་བྷ་ཧསྟི ཨོ་རྒྱན་ཡབ་ཡུམ། ལང་གྲོ་ལོ་ཙཱ་བ། གཏེར་སྟོན། རྡོ་རྗེ་སེང་གེ ། བློ་གྲོས་བཟང་པོ། རྡོ་རྗེ་ཡེ་ཤེས། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། ཡང་ན། གཏེར་ཆེན་ནས། དགོངས་འདུས་པ་ཆོས་ཀྱི་རྒྱལ་མཚན། བྱ་བཏང་བློ་གྲོས་རྒྱལ་མཚན། དོན་གྲུབ་བཀྲ་ཤིས། ལེགས་བཤད་སྒྲ་དབྱངས། བློ་གྲོས་རྣམ་རྒྱལ། སངས་རྒྱས་རིན་ཆེན། ཀུན་དགའ་རྣམ་རྒྱལ། བློ་གྲོས་ཉི་མ། བསོད་ནམས་འགྱུར་མེད། དཀོན་མཆོག་བསྟན་འཛིན། བསྟན་པ་རྣམ་རྒྱལ། གསུང་རབ་རྒྱ་མཚོ། རོལ་པའི་རྡོ་རྗེ། ཆོས་སྐྱོང་ [62b] རྣམ་རྒྱལ། དགེ་ལེགས་རབ་རྒྱས། འགྱུར་མེད་བསྟན་འཕེལ། བསྟན་འཛིན་བརྒྱད་པ་དགེ་ལེགས་ཉི་མ། པདྨ་གར་དབང་མན་འདྲ། ཟབ་གཏེར་ཁ་ཐོར་སྐོར་ལ། མཁར་ཆུ་གསང་བའི་གཏེར་མ་ཐུགས་སྒྲུབ་ཡང་གསང་སྙིང་ནོར། དེའི་ལྷན་ཐབས་དང་བཅས་པའོ། །ཨཱརྱ་པ་ལོའི་རྟ་མགྲིན་སྐུ་རྒྱབ་ནས་བཏོན་པའི་ཐུགས་སྒྲུབ་སྙིང་པོའི་ཡང་ཞུན་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ། བསམ་ཡས་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ནས་བཏོན་པའི་གཏེར་སྟོན་གྱི་སྐྱེས་རབས་ལུང་གི་ལྡེ་མིག །ཞུས་ལན་ལུང་གི་གཏེར་བྱང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གསང་སྒྲུབ། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས། ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་རྣམས་སོ། །མཁོ་མཐིང་གི་གཏེར་མ་གུ་རུ་ཡབ་ཡུམ་གྱི་ན་བཟའ་དང་བྲམ་ཟེའི་ཤ་རིལ་གྱི་དཀར་ཆག་གསལ་བའི་སྒྲོན་མེ། གུང་ཐང་མཁར་གྱི་གཏེར་མ་མཚོ་རྒྱལ་གྱི་སྐུའི་དཀར་ཆག་རྣམས་ཐོས་པའི་བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་ནས་ཕྲིན་ལས་རྒྱ་མཚོའི་བར་སྲས་བརྒྱུད་རིམ་དེད་ལས། ཚུལ་རྡོར། [63a] ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་འདྲ། གུ་རུ་ལྷ་ཁང་གི་རྟེན་གཙོའི་པད་གདན་ནས་བཏོན་པའི་ཆོས་དབང་གི་ཉེ་འཁོར་ཞུས་ལན་མཉམ་སྦྱོར་བསྡུས་དོན་བཅས་པའི་བརྒྱུད་པ་ནི། གཏེར་ཆེན་ཆོས་དབང། སྲས་པདྨ་དབང་ཆེན། རཏྣ་གླིང་པ་མན་སྔར་བཞིན་ནོ། །གནམ་ཐང་དགེ་གནས་ཀྱི་གཏེར་མ་མཉམ་གཉིས་རྩ་འགྲན་གྱི་བརྒྱུད་པ་ནི། གཏེར་སྟོན་ནས་རིམ་པར། སྔགས་འཆང་བཀྲ་ཤིས་རྣམ་རྒྱལ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་མན་གོང་བཞིན། མཁར་ཆུའི་གཏེར་མ་གཏད་རུལ་གྱི་བརྒྱུད་པ་ནི། ཨོ་རྒྱན། གཏེར་སྟོན། དབང་ཆེན་བཟང་པོ། ལྷུན་གྲུབ་འོད་ཟེར། རྡོ་རྗེ་སེང་གེ །བློ་གྲོས་རྒྱལ་མཚན། གོང་ལོ། གར་གྱི་དབང་པོ། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ་མན་འདྲ། ཀོང་པོ་གསང་བ་ཡང་མཛོད་ནས་བཏོན་པའི་སྨན་སྒྲུབ་གསང་བ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་ཆོས། ལས་ཀྱི་དབང་ཆེན། རིག་འཛིན་བརྒྱད། ཨོ་རྒྱན་དང་བི་མ་ལ། [63b] དེ་གཉིས་ཀྱིས་གཉགས་ལ། དེས་གཏེར་དུ་སྦས་པ། རཏྣས་བཏོན་ཏེ་སྲས་བརྒྱུད་ཕྲིན་ལས་རྒྱ་མཚོའི་བར་ནས་ཆོས་ལྡན་པ། ཁྲ་ཚང་པ། རྗེ་ལྔ་པ་ཆེན་པོ། གཏེར་ཆེན་འགྱུར་མེད་རྡོ་རྗེ་མན་འདྲ། གཏེར་སྟོན་རཏྣ་གླིང་པའི་དག་སྣང་སྙན་བརྒྱུད་མཛོད་ཁང་བཅུ་གསུམ་པ་ཚང་བར་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན། བི་མ་ལ། མཚོ་རྒྱལ། རིག་འཛིན་བཅུ་གཉིས། གཏེར་སྟོན། སྲས་ཚེ་དབང་གྲགས་པ། ངག་དབང་གྲགས་པ། ངག་དབང་ནོར་བུ། ཆོས་དབང་བཟང་པོ། གྲགས་པ་མཆོག་ལེགས། དམ་ཆོས་བཟང་པོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ་མན་གོང་ལྟར། གཏེར་སྟོན་གྱི་རྣམ་ཐར་སོགས་ཐོབ་པ་ལ། དུས་གསུམ་རྣམ་ཐར་ཉང་པོ་བ་དོན་གྲུབ་རྒྱལ་པོས་མཛད་པ་གཏེར་བྱུང་ཆེན་མོ། ངོ་མཚར་གཟིགས་སྣང་ཞལ་ཚོའི་མགུར་སོགས་དབང་པོ་རབ་འབྲིང་ཐ་གསུམ་ལ་དགོངས་པའི་མགུར་ཚན་མང་བ། མ་ཎི་བཀའ་འབུམ་ཆེན་མོ། བདེ་བ་ཅན་གྱི་སྨོན་ལམ། ལས་བྱང་གི་འབྲུ་འགྲེལ། གྲུབ་མཐའི་རྣམ་དབྱེ་དྲི་མེད་ཤེལ་གྱི་མཆོད་སྡོང་རྣམས་ [64a] ཐོབ་པའི་བརྒྱུད་པ་ནི། གཏེར་སྟན་ནས། སྲས་ཚེ་དབང་གྲགས་པ་དང་། འཁྲུལ་ཞིག་དོན་གྲུབ་རྒྱལ་པོ། དེ་གཉིས་ཀས་ངག་དབང་གྲགས་པ་ནས་ནོར་བུ་དབང་རྒྱལ་གྱི་བར་བརྒྱུད་དེ། ནོར་བུ་ཆོས་བརྟན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་འགྱུར་མེད་དོན་གྲུབ་གྲགས་པ། འཇམ་མགོན་པདྨ་གར་དབང་བློ་གྲོས་མཐའ་ཡས། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ།། །།