ལྷ་བཙུན་གཏེར་ཆོས་སྐོར་གྱི་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-009
Wylie title lha btsun gter chos skor gyi thob yig DJYD-KABUM-20-WA-009.pdf
Location bdud 'joms rin po che bka' 'bum
Volume 20, Text 9, Pages 215-233 (Folios 108a1 to 117a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Lha btsun gter chos skor gyi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 215-233. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: lha btsun gter chos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [108a] ཨོཾ་སྭསྟི། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་བི་མ་ལའི་རྣམ་འཕྲུལ་རྩོད་པ་དང་བྲལ་བ་བརྟུལ་ཞུགས་གྲུབ་པའི་དཔའ་བོ་ཁྲག་འཐུང་ནམ་མཁའ་འཇིགས་མེད་རྩལ་གྱི་ཟབ་མོ་དག་སྣང་གི་ཆོས་སྡེ་ཡོངས་རྫོགས་ཐོབ་པ་ལ་སྡེ་ཚན་གཉིས་ལས། དང་པོ་སྦས་ཡུལ་འབྲས་ལྗོངས་ལྷ་རི་འོད་གསལ་ཕུག་ཏུ་བཀའ་བབས་པའི་རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་སྐོར་ལ། དབང་ཁྲིད་ལུང་གསུམ་གྱི། དང་པོ་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བས་དངོས་གཞི་རྩ་བའི་དབང་བཞི། རིག་པའི་རྩལ་དབང་གུད་སྦས། ཚེ་དབང་དམར་པོ་བཅུད་བསྡུས་ཙཀླིའི་རྒྱབ་ཡིག་ཅན། ཕག་མོའི་དབང་བཞི་རྗེས་འབྲེལ་གཏུམ་མོའི་མེ་དབང་། བཀའ་སྲུང་དྲག་པོ་སྡེ་བཞིའི་སྲོག་དབང་བཅས་ཀྱིས་སྨིན་པར་མཛད་ནས། གཉིས་པ་ཁྲིད་ལ། རྒྱབ་ཆོས་དང་ཡང་ཡིག་ནས་འབྱུང་བ་བཞིན་ཐུན་མོང་སྔོན་འགྲོའི་ཁྲིད་རིམ་གྱིས་ཐོག་དྲངས། དངོས་གཞི་ཁྲིད་ཡིག་གི་རྒྱལ་པོ་འཇའ་གུར་གཏེར་མཛོད་ཡན་ལག་ཁྲིད་ཕྲན་རྣམས་དང་བཅས་པ་གཞུང་གསལ་བཞིན་ནོས། [108b] གསུམ་པ་ལུང་ལ་རྩ་བ་དང་ཡན་ལག་གཉིས་ལས། དང་པོ་གཞུང་རྩ་བ་ལ་སྐོར་ཚོ་བདུན་ལས། དང་པོ་ལོ་རྒྱུས་ཀྱི་སྐོར་ལ། ཁ་བྱང་ཉི་མའི་དཀྱིལ་འཁོར། ལོ་རྒྱུས་གབ་སྦས་རྡོ་རྗེའི་སྲོག་སྙིང་རིག་འཛིན་དགོངས་པའི་ལྡེ་མིག །དག་སྣང་དང་པོ་འཆི་མེད་ལྷའི་དངོས་གྲུབ། དག་སྣང་ལོ་རྒྱུས་ཟབ་དོན་རྟོགས་པའི་སྒོ་འབྱེད་བཅས། གཉིས་པ་བསྐྱེད་རིམ་གྱི་སྐོར་ལ། སྔོན་འགྲོ་ཆོས་སྤྱད་ཀྱི་རིམ་པ་ཟབ་དོན་ཡེ་ཤེས་ཀྱི་སྒྲོན་མེ་ཐར་གླིང་སྣང་བའི་རྒྱན་མཆོག །ལས་བྱང་ཟབ་དོན་བཻཌཱུརྻའི་དོ་ཤལ་ཁྲག་འཐུང་དཔའ་བོའི་མགུལ་རྒྱན། རིག་འཛིན་བསྐང་བཤགས། དམད་ལས་རྡོ་རྗེའི་དགའ་མ། ཚེ་སྒྲུབ་ཀྱི་ཁོག་དབུབ་འཆི་མེད་དོན་གྱི་སྙིང་པོ། གཡང་འགུགས་མེ་ཏོག་ཆར་བསིལ། དབང་གི་སྟ་གོན་རྡོ་རྗེའི་ལྡེ་མིག །ཚེ་དབང་དམར་པོ་བཅུད་སྡུད། རྩ་ཀླིའི་རྒྱབ་ཡིག །ཚེ་རིལ་རྒྱས་གདབ། ཟག་བྲལ་འཆི་མེད་དྭངས་བཅུད་འོད་གསལ་མྱུ་གུ་བཅུད་ལེན་གྱི་དམིགས་རིམ། ཚེ་སྒྲུབ་ཀྱི་ཡང་སྙིང་། བདུད་དཔུང་ཕྱེ་མར་གཏོང་ཞིང་བར་ཆད་རང་གྲོལ་གྱི་གསོལ་འདེབས། གསང་བ་སྤྲོས་མེད་ཧྲཱིཿཧཱུྃ་སྦྲེལ་མ་བཅས། གསུམ་པ་རྫོགས་ [109a] རིམ་གྱི་སྐོར་ལ། ཁྲིད་ཡིག་འཇའ་གུར་གཏེར་མཛོད། རྩ་བའི་ངོ་སྤྲོད་ཚིག་རྐང་བཅུ་བཞི་པའི་གཞུང་འགྲེལ། བླ་སྒྲུབ་ཟིན་བྲིས། བསྒོམ་མེད་ནམ་མཁའ་འཁོར་ལོ། དབྱིངས་རིག་འཇའ་ཟེར་ཐིག་ལེ། རྡོ་རྗེ་སྙིང་པོ་གསང་བའི་ངོ་སྤྲོད་རིག་པ་རྩལ་གྱི་དབང་གུད་དུ་སྦས་པ་རྒྱས་བསྡུས། དངོས་གཞི་དག་སྣང་ངོ་སྤྲོད་པདྨ་འོད་ཀྱི་དྲྭ་བའི་ཞིང་བཀོད། དེའི་སྨོན་ལམ་རྒྱས་བསྡུས་རྣམ་གསུམ་བཅས། བཞི་པ་བོགས་འདོན་གྱི་སྐོར་ལ། མུན་ཁྲིད་འཇའ་ལུས་ཟང་ཐལ། མུན་ཁྲིད་ཨུ་དུམྺ་རའི་མེ་ཏོག ། དེའི་གསོལ་འདེབས། ཕག་མོའི་ལས་བྱང་ཟག་མེད་བདེ་ཆེན། ཕག་མོའི་སྐོང་བཤགས། གཏུམ་མོ་བདེ་ཆེན་པདྨའི་གྲུ་རྫིང་། གཏུམ་མོའི་གསོལ་འདེབས་བཻཌཱུརྻའི་ཆ་རྒྱུན། འཁྲུལ་འཁོར་གསལ་བའི་མེ་ལོང་། འོག་སྒོའི་གདམས་པ་ཡང་ཟབ་བདེ་ཆེན་རྒྱ་མཚོ། རྫོགས་རིམ་ཆོས་དབྱིངས་སྒྱུ་མའི་སྙིང་ཐིག །ཟབ་དོན་རྨི་ལམ་འོད་གསལ་གྱི་ཁྲིད་གཞུང་། འགྲེལ་པ་འབར་བ་ཉི་ཟླའི་བླ་བྲེ། གཅོད་ཡུལ་དཔའ་བོའི་ཐོལ་གླུ། གཅོད་ཀྱི་དགོངས་འགྲེལ། ཕག་མོའི་སྦྱིན་སྲེག་ལས་བཞི་མྱུར་འགྲུབ། འདོ་ [109b] བའི་མན་ངག་མཁའ་སྤྱོད་རྡོ་རྗེའི་ལམ་ཆེན། དངོས་གཞི་འཕོ་བའི་མན་ངག་ཟབ་ཁྱད་ཅན། བར་དོ་འཇའ་ཕུང་རང་གྲོལ་བཅས། ལྔ་པ་ལུང་བསྟན་གྱི་སྐོར་ལ། ལུང་བསྟན་ཕྱི་ནང་གསང་གསུམ། ཐང་ལྷའི་ལུང་བསྟན་དྲི་མེད་ཡིད་ཀྱི་གདུང་སེལ་བཅས། དྲུག་པ་ལས་ཚོགས་ཀྱི་སྐོར་ལ། སྲུང་འཁོར་གནམ་ལྕགས་རྡོ་རྗེའི་གུར་ཁང་། བདུད་རྩི་སྨན་སྒྲུབ་ཀྱི་ཁོག་དབུབ། བྱིན་འབེབས་མེ་ཏོག་ཆར་གསིལ། དམ་རྫས་ཀྱི་བདུན་གྱི་སྒྲུབ་པ་ཞག་བདུན་མ། དངོས་གྲུབ་ལེན་ཆོག །བདུད་རྩི་ལག་མཆོད། དམ་སྲི་མནན་པའི་ཐབས་བགེགས་དཔུང་ཚར་གཅོད་གཞུང་ལག་ལེན། ལིངྒའི་གདམས་པ་ཟབ་མོ། མར་མེ་སྨོན་ལམ་འོད་གསལ་ཆོས་དབྱིངས་སྣང་འབྱེད་བཅས། བདུན་པ་འདི་ཕྱིའི་རྐྱེན་ཟློག་བར་ཆད་བགེགས་དཔུང་འཇོམས་བྱེད་ཀྱི་སྐོར་ལ། བཀའ་སྲུང་སྡེ་བཞིའི་བསྐང་གསོ་དྲག་སྔགས་ལས་ཀྱི་ཐོག་རྒོད། བསྐང་གསོ་བདུད་དཔུང་ཟིལ་གནོན་གནམ་ལྕགས་འབར་བའི་རྐན་སྒྲ། བསྐང་གསོ་ཀུན་བཟང་མཆོད་སྤྲིན། བཀའ་སྲུང་གི་སྲོག་དབང་། རི་བོ་བསང་མཆོད། ཐང་ལྷའི་མཆོད་སྤྲིན། མདོས་ཆོག་ཡིད་བཞིན་མཛད་ཁང་། གླུ་རབས་ཡིད་ [110a] བཞིན་འདོད་འཇོ། བྲུབ་ཁུང་བསྐྱེད་ཆོག །དྲག་པོ་གནམ་ལྕགས་འབར་བའི་མཚོན་ཆ་དགྲ་དཔུང་འཇོམས་པའི་ཤན་དམར། བཞེས་སྒྲ་མེ་རླུང་འཁྲུགས་པ། ལན་ཆགས་ཆུ་བསྒྱུར། འཆི་བདག་བདུད་དཔུང་གཡུལ་ཟློག་བཅས། ལུང་བསྟན་ཕྱི་ནང་གསང་གསུམ་གཅིག་ཏུ་བསྡོམས་པས་རྩ་བའི་ཆོས་ཚན་དྲུག་ཅུ་རེ་བརྒྱད་དོ། །
༈     །གཉིས་པ་ཡན་ལག་ལའང་གཉིས་ལས།   དང་པོ་རྒྱབ་ཆོས་རིན་པོ་ཆེར།   ཌཱ་ཀི་གསང་བའི་རྣམ་ཐར་དངུལ་དཀར་མེ་ལོང་།   དལ་འབྱོར་རྙེད་དཀའི་རྣམ་བཤད།   ཚེ་མི་རྟག་པའི་རྣམ་བཤད།   འཁོར་བའི་སྡུག་བསྔལ་བྱེ་བྲག་གཏན་ལ་ཕབ་པ་བློ་གསལ་ངེས་དོན་སྒྲོན་མེ།   སྐྱབས་འགྲོའི་ས་དཔྱད་ཆོས་དབྱིངས་ངེས་དོན་གྱི་མཛོད་ཁང་།   སེམས་བསྐྱེད་ཆོས་དབྱིངས་འོད་གསལ་གྱི་གྲུ་རྫིང་།   སྤྱོད་པ་ཕྱིན་དྲུག་གི་རྣམ་བཤད་བློ་གྲོས་སྣང་བའི་བདུད་རྩི།   ལྟ་བའི་ལེགས་བཤད་ཆོས་དབྱིངས་རོལ་པའི་རྒྱན་མཛོད།   དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒོམ་ལམ་དང་སྦྱར་བ།   འབྲས་བུའི་དགོངས་རྒྱན་ངོ་མཚར་རོལ་པའི་མཛོད།   ལྟ་བའི་དོན་གླུ་ཉེར་གཅིག   །འོད་གསལ་རྩེ་མོ་ལྷུན་གྲུབ་སྣང་བཞིའི་ཁྲིད་ཡིག་ཆོས་དབྱིངས་ [110b]  རྒྱན་གྱིས་གན་མཛོད།   ས་ཆོག་བུམ་གཏེར་དངོས་གྲུབ་འདོད་འཇོ།   སཱཙྪའི་རིམ་པ་དངོས་གྲུབ་རེ་སྐོང་།   མཁའ་འགྲོའི་སུན་ཟློག   །བརྟན་བཞུགས་བར་ཆད་གཡུལ་རྒྱལ་རྡོ་རྗེ་ཕ་ལམ།   བཀྲ་ཤིས་རྫས་རྟགས་ཀྱི་འབུལ་ཚིག་མེ་ཏོག་ཆར་གསིལ།   བླ་སྒྲུབ་གསོལ་འདེབས།   བརྟན་བཞུགས་གནམ་ལྕགས་རིག་འཛིན་སྲོག་གི་ཡང་བཅུད།   བརྩེ་ཆེན་ཞལ་གདམས་གདུང་སེལ་དད་པའི་ལྕགས་ཀྱུ།   ནོར་བུ་ཀླུའི་གཙུག་ཏོར་ལོ་རྒྱུས།   གནས་ཆེན་འབྲས་མོག་གཤོངས་ཀྱི་གསོལ་ཁ་བདེ་སྐྱིད་རེ་སྐོང་།   འཐོར་ཕུད་ཉུང་བསྡུས་ཡིད་བཞིན་རེ་སྐོང་།   ལམ་གཏོར་བར་ཆད་ཀུན་སེལ།   བཀའ་སྲུང་མཛོད་ལྔ་སྟག་རྩེའི་གསོལ་ཁ་བཅས་ཆོས་ཚན་ཉེར་ལྔའོ།   །
༈     །གོང་དུ་མི་གསལ་བ།   གླུད་རབས་ཡིད་བཞིན་འཁོར་ལོ།   བླ་སྒྲུབ་ཟིན་བྲིས།   བྱིན་འབེབས་དུར་ཁྲོད་བརྒྱད་ཀྱི་ལྷ་བཀོད།   ཀླུ་བདུད་ཀྱི་མདོས་གྱེར་བཅས་ལེ་ཚན་བཞི་ཡོད།   
༈     །གཉིས་པ་རྩ་བ་དང་རྒྱབ་ཆོས་གཉིས་ལས་འཕྲོས་པའི་ཡང་ཡིག་ལ།   ཐེམ་བྱང་།   དབང་གི་ཟིན་བྲིས།   རྩ་བའི་དབང་བསྐུར།   ཁྲིད་ཡིག་འཇའ་གུར་གཏེར་མཛོད་ལས་འཕྲོས་པའི་ཟིན་བྲིས་འོད་གསལ་ཉི་མ་ཐུན་མོང་སྔོན་འགྲོའི་སྐོར།   ཐུན་མིན་སྔོན་འགྲོ་དངོས་གཞི་རྗེས་བཅས་ཀྱི་ཁྲིད་ཡིག་གསལ་བྱེད་ལག་བཅང་མཛུབ་ཁྲིད།   གྲོལ་ [111a] བྱེད་ཁྲིད་ཀྱི་ཟིན་ཐོ་བླ་མའི་གསུང་རྒྱུན།   བསྙེན་པའི་རིག་ཟིན་ཀུན་བཟང་ཐུགས་རྗེའི་ཉི་འོད།   ཕྲིན་ལས་རྣམ་བཞིའི་བསྙེན་ཡིག   །ནང་ཐོའི་ཡིག་ཆུང་།   རྒྱལ་ཆེན་ཐོ་གསོལ།   དམ་སྲིའི་ལིངྒ་བྲི་སྒྲུབ་ཟུར་བཀོལ།   ཕུར་གདབ།   བླ་མ་རིག་འཛིན་གྱི་སྦྱིན་སྲེག་མཆོག་ཐུན་མྱུར་འགྲུབ་དང་སྦྱིན་སྲེག་བྲི་ཐབས།   སྨན་གཏོར་མཆོད་པ་བྱིན་རླབས།   སྨན་སྒྲུབ་ལྷན་ཐབས་ཉུང་གསལ་གོ་བདེ།   སྨན་སྒྲུབ་ངག་འདོན་ཁོལ་ཕྱུང་།   སྤྱི་འགྲོ་བསྐང་བའི་ཁ་སྐོང་།   བཀའ་སྲུང་སྡེ་བཞིའི་གཏོར་ཟློག་བདུད་བཞིའི་གཤེད་མ།   དཔལ་ལྷའི་མཆོད་ཕྲིན་ཟག་མེད་བདེ་སྟོང་།   གཏུམ་མོ་པདྨའི་གྲུ་རྫིང་གི་ཡིག་ཆུང་གབ་དཀྲུག་སྦས་དོན་གསལ་བའི་སྙིང་པོ།   རྡོ་རྗེ་ཕག་མོའི་བསྙེན་ཡིག་མཁའ་སྤྱོད་བདེ་མྱུར་བགྲོད་པའི་ལམ་བཟང་དང་བུ་ཡིག   །ཕག་མོའི་ཟིན་བྲིས་ཟབ་ལམ་བདུད་རྩིའི་སྙིང་ཁུ།   ཡེ་ཤེས་ཕག་མོའི་དབྱངས་རོལ་དྲྭ་མིག་འཁོར་ལོ།   ཕག་མོའི་སྐོང་བཤགས་དང་སྒྲུབ་མཆོད་སོགས་ཀྱི་ཟིན་བྲིས་ཀུན་གོ་གཅིག་ཆོད།   ཚེ་སྒྲུབ་ཀྱི་ཆ་ལག་བདུད་རྩིའི་ཆར་འབེབས།   ཚེ་དབང་བདེ་ཆེན་བདུད་རྩི།   སྣང་བཞིའི་ཁྲིད་ཡིག་སྔོན་འགྲོ་ཆོས་དབྱིངས་ཐེམ་སྐས།   སྣང་བཞིའི་ཁྲིད་ཡིག་ཟུར་བཀོལ།   ཆོས་བྲོའི་རིམ་པ་ངོ་མཚར་ཧ་ཧོའི་མགུར་རྒྱང་།   ཇ་མཆོད་ [111b] ལི་ཤིའི་དྲི་འཕྲོ།   བཀྲ་ཤིས་ཀྱི་རིམ་པ་དཔའ་བོ་ཌཱ་ཀིའི་དགའ་སྟོན།   ཞབས་བརྟན་སུན་ཟློག་དང་འབྲེལ་ནས་འབུལ་བའི་གོ་རིམ།   བླ་མ།   ཚེ་སྒྲུབ།   མཁའ་འགྲོ།   གཡང་གཏོར།   བཀའ་སྲུང་དྲག་པོ་སྡེ་བཞིའི་གཏོར་མ་རྒྱས་པ།   མཛོད་ལྔའི་མཆོད་གཏོར་རྒྱས་པ།   ཐང་ལྷ།   དཔལ་ལྷ།   དྲག་པོ་སྡེ་བཞིའི་འཕྲལ་གཏོར།   ཐང་ལྷ་བསྡུས་པ།   ཆད་ཐོ།   བརྟན་སྐྱོང་།   བགེགས་བཅས་ཀྱི་གཏོར་མའི་དཔེའུ་རིས།   བླ་མ།   ཚེ་སྒྲུབ།   ཕག་མོ།   དྲག་པོ་སྡེ་བཞི་བཅས་ཀྱི་དཀྱིལ་འཁོར་གྱི་དཔེའུ་རིས།   དམ་སྲི་མནན་ཐབས་ཀྱི་དཔེའུ་རིས།   མུན་ཁང་དང་དབུ་རྐྱང་རོ་གསུམ་གྱི་དཔེའུ་རིས།   དངོས་གྲུབ་ལེན་ཆོག་ཡིད་བཞིན་རེ་སྐོང་།   སྒྲུབ་པའི་ཆ་ལག་དམ་སྲི་མནན་པ།   རིག་འཛིན་བསྐྱེད་ཆོག   །འཕོ་བའི་མན་ངག་མཁའ་སྤྱོད་ལམ་ཆེན་གྲུབ་པའི་ཡིག་ཆུང་།   གཅོད་ཡུལ་དཔའ་བོའི་ཐོལ་གླུའི་ཁྲིད་ཀྱི་ཡིག་ཆུང་བྱ་རྩོལ་རང་གྲོལ།   གཅོད་ཡུལ་དཔའ་བོའི་ཐོལ་གླུའི་འདོན་འགྲིགས།   རྡོ་རྗེ་ཕག་མོའི་རྩ་དབང་གི་ཟིན་ཐོ།   སྣང་བཞིའི་ཁྲིད་ཀྱི་ཟིན་ཐོ།   དྲག་པོ་སྡེ་བཞིའི་གཏོར་འབུལ་ཤོག་གཅིག་མ་བཅས་ལེའུ་ཚན་བཞི་བཅུ་ཞེ་ལྔ་སྟེ།   ཡོངས་རྫོགས་ཁྱོན་དྲིལ་ [112a] ཆོས་ཚན་བརྒྱ་དང་སུམ་ཅུ་སོ་བརྒྱད་ཀྱིས་རིག་འཛིན་སྲོག་སྒྲུབ་སྐོར་རྣམས་ལེགས་པར་ཚང་ངོ་།   །
༈ །གཉིས་པ་འོད་གསལ་རྡོ་རྗེ་རྩེ་མོ་གསང་བ་སྙིང་ཐིག་གོང་འོག་སོགས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོངས་ཉམས་མཐའ་དག་ཕྱོགས་གཅིག་ཏུ་དྲིལ་ཞིང་དགོངས་གཏེར་དག་སྣང་གི་ཚུལ་དུ་སྩལ་བ་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུའི་ཆོས་སྡེ་ལའང་སྨིན་གྲོལ་རྒྱབ་རྟེན་གསུམ་ལས། དང་པོ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་བསྐུར་སྔོན་དུ་སོང་བའི་དབང་དུ་བྱས་ཏེ། འདིར་སྤྲོས་མེད་བརྡའི་མཆོག་དབང་སྨིན་གྲོལ་ནོར་བུའི་བང་མཛོད་དང་། གཏུམ་མོ་མེ་དཔུང་ཡེ་ཤེས་འཁོར་ལོའི་མེ་དབང་། མཐའ་རྟེན་ཚེ་སྒྲུབ་འཇའ་ལུས་སྙིང་པོའི་ཚེ་དབང་། རྗེས་འབྲེལ་བཀའ་སྲུང་དྲག་པོ་སྡེ་ལྔའི་སྲོག་དབང་བཅས་ཀྱིས་སྨིན་པར་མཛད་ནས། གཉིས་པ་གྲོལ་བྱེད་ལ། ཁྲིད་ཡིག་གི་རྒྱལ་པོ་པདྨ་སྟོང་ལྡན་གྱིས་ཁོག་ཕུབ་སྟེ་ཐུན་མོང་དང་ཐུན་མོང་མ་ཡིན་པ་བསྐྱེད་རྫོགས་དབུ་ཕྱག་སེམས་ཀློང་མན་ངག་སྡེའི་བར་གྱི་ཁྲིད་རིམ་རྣམས་གཞུང་བཞིན་ནོས། གསུམ་པ་རྒྱབ་བརྟེན་ལུང་ལ། མཆོག་གསང་ཡང་རྩེ་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུའི་ [112b] ཐེམ་བྱང་ཡེ་ཤེས་འོད་སྣང་། ལོ་རྒྱུས་རིན་པོ་ཆེ་འོད་ཟེར་སྟོང་གི་ཕྲེང་བ། སྔོན་འགྲོ་དད་ལྡན་སེམས་ཀྱི་ལྕགས་ཀྱུ། སྲིད་གསུམ་རྣམ་གྲོལ་བླ་མའི་རྣལ་འབྱོར། དངོས་གཞི་བླ་སྒྲུབ་ཡིད་བཞིན་སྙིང་པོ། གསང་སྒྲུབ་ཡེ་ཤེས་རང་གྲོལ། ཡང་གསང་གི་སྒྲུབ་པ་འཇའ་ལུས་ཟང་ཐལ། མཐར་ཐུག་གི་གནང་འགགས་གསལ་བྱེད་ཨུ་དུམྺ་རའི་མེ་ཏོག་གསང་ཆེན་སྙིང་པོའི་ངོ་སྤྲོད་ལག་བཅང་མ། དེའི་འགྲེལ་པ་ཀུན་བཟང་རྡོ་རྗེ་འཆང་གི་དགོངས་རྒྱན་རབ་གསལ་བློའི་མུན་སེལ། དབུ་མའི་བཞེད་དོན་ཐུབ་བསྟན་གསལ་བའི་སྒྲོན་མེ། དབུ་མའི་ལེགས་བཤད་སྤྲིན་བྲལ་འོད་སྟོང་མུན་སེལ་ཉི་མའི་འཁོར་ལོ། དབུ་མའི་ངོ་སྤྲོད་སྤྲིན་བྲལ་ཡེ་ཤེས་འཁོར་ལོ། ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཟག་མེད་འོད་སྣང། རང་བྱུང་ཕྱག་རྒྱ་ཆེན་པོའི་མན་ངག་ནམ་མཁའི་ཐིག་ལེ། ཕྱག་རྒྱ་ཆེན་པོའི་ལྷན་ཐབས་གོལ་ཤོར་ཚར་གཅོད་དང་པའི་སྒྲ་དབྱངས། སྤྲོས་མེད་བརྡའི་དབང་ཆོག་སྨིན་གྲོལ་ནོར་བུའི་བང་མཛོད། དེ་དག་གི་རྒྱབ་ཆོས་རྣམ་དག་ཤེལ་གྱི་མེ་ལོང་། སེམས་སྡེའི་རྒྱབ་ཆོས་པད་སྡོང་སྙིང་པོ། ཀློང་སྡེའི་ལེགས་བཤད་བློ་གྲོས་ཉི་མའི་འཁོར་ལོ། རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུའི་གཞུང་། འགྲེལ་ཆེན་ཟབ་དོན་ལྟ་བའི་གན་མཛོད། དེ་དག་ཐམས་ཅད་ [113a] ཀྱི་གཞུང་ཁྲིད་ཡིག་པདྨ་སྟོང་ལྡན། དེའི་སྔོན་འགྲོའི་རིམ་པ། ངོ་སྤྲོད་སེམས་འཚོལ་གནད་ཀྱི་ཕྲེང་བ། དངོས་གཞི་ངོ་སྤྲོད་ཀྱི་ལྷན་ཐབས་འབྲས་བུའི་ངོ་སྤྲོད་ཟག་མེད་འོད་སྣང་། ངོ་སྤྲོད་ཆོས་སྐུ་ལག་བཅང་། གཏུམ་མོ་མེ་དཔུང་ཡེ་ཤེས་འཁོར་ལོའི་ལོ་རྒྱུས་རབ་གསལ་ཉི་མའི་ཕྲེང་བ། གཏུམ་མོ་མེ་དཔུང་ཡེ་ཤེས་འཁོར་ལོའི་ཁྲིད་ཡིག་ཡིད་བཞིན་མཆོག་གི་འོད་སྟོང་། ཌཱ་ཀི་ཕག་གདོང་སྐུ་གསུང་ཐུགས་ཀྱི་ཐེམ་བྱང་རྡོ་རྗེ་སྲ་བརྟན་དང་དབང་ཆོག་རྡོ་རྗེ་ལྷུན་པོ། ཕག་མོའི་ལས་བྱང་རྒྱས་བསྡུས། ཡེ་ཤེས་རིག་པའི་གསེང་ལམ་མཁའ་སྤྱོད་ཌཱ་ཀིའི་སྙིང་ཐིག །བདེ་ཆེན་སྤྲིན་གྲི་བླ་བྲེ་འཁྲུལ་འཁོར་རྩ་འགྲེལ་དྲྭ་མིག་འཁོར་ལོ། འཁྲུལ་འཁོར་ས་བཅད། ཞལ་ཤེས་གནད་ཀྱི་མེ་ལོང་། འཁྲུལ་འཁོར་གབ་སྦས་ཡང་གསང་། སྣང་སྟོང་ལོངས་སྐུའི་ཞིང་དུ་འཇའ་ལུས་འོད་སྐུ། ལྷུན་གྲུབ་ཚེ་སྒྲུབ་མི་འགྱུར་རྡོ་རྗེ། ཚེ་འགུགས་རྡོ་རྗེའི་ཞགས་པ། ཚེ་སྒྲུབ་འཇའ་ཞུས་སྙིང་པོ། བདེ་ཆེན་སྤྲིན་གྱི་བླ་བྲེའི་གེགས་སེལ་ཡིད་བཞིན་ཕྲེང་བ། འདིའི་ཆ་ལག་ཏུ་རླུང་ཟས་སུ་ཟ་ཚུལ་ཁྱད་ཀྱི་གདམས་པ་འཇའ་ལུས་དྭངས་མའི་གསེར་འགྱུར། དཀྱིལ་འཁོར་དང་གཏོར་མའི་དཔེའུ་རིས། འོག་སྒོ་བདེ་བ་ཆེན་པོའི་རྒྱབ་ [113b] ཆོས་ཤེལ་གྱི་མེ་ལོང་། སྤྲིན་གྱི་དྲྭ་བ་ལས་སྟོབས་བསྐྱེད་སྲིད་གསུམ་འོད་འབར། སྒྱུ་ལུས་ཆུ་ཟླ་འོད་སྣང་གི་ས་བཅད། ཆུ་ཟླ་འོད་སྣང་གི་གཞུང་། སྒྱུ་ལུས་ཀྱི་འགྲེལ་ཆེན་སྒྱུ་འཕྲུལ་དྲྭ་བ། སྒྱུ་ལུས་ཆུ་ཟླ་འོད་སྣང་མེ་ལོང་ཤེལ་རྡོའི་ངོ་སྤྲོད། རྨི་ལམ་ཆོས་བརྒྱད་དཔུང་འཇོམས། རྨི་ལམ་གྱི་འགྲེལ་ཆེན་འོད་གསལ་འཁོར་ལོ། བར་དོའི་གསོལ་འདེབས་མཁའ་སྤྱོད་གྲུ་ཆེན། དེའི་འགྲེལ་པ། འཕོ་བ་མཁའ་སྤྱོད་ཟང་ཐལ། རྡོ་རྗེ་ལུས་ཀྱི་སྦས་བཤད་ཆོས་དབྱིངས་ནམ་མཁའི་སྤྲིན་བྲལ། རོ་སྙོམས་གནམ་ལྕགས་ཐོག་འབེབས་སྲིད་གསུམ་དཔུང་འཇོམས། རོ་སྙོམས་ཀྱི་ཁྲིད་ཡིག་དཔག་བསམ་ནོར་བུའི་འཁྲི་ཤིང་། སྒྱུ་ལུས་རྨི་ལམ་གཅོད་སོགས་ཀྱི་བོགས་འདོན་རྒྱབ་ཆོས་མན་ངག་གི་སྙིང་པོ་གུད་དུ་སྦས་པ་བླ་མའི་སྙན་བརྒྱུད་དྲི་མ་མེད་པ། ཟབ་མོ་གཅོད་ཀྱི་གདམས་པ་གནད་དུ་དྲིལ་བ་བླ་མའི་གསུང་དྲི་མ་མེད་པ། ནམ་མཁའ་རབ་འབྱམས་ཀྱི་གཅོད་ཀྱི་ཡང་སྙིང་། གཅོད་བསྐུལ། གཅོད་ཀྱི་ལམ་གླུ། དེ་དག་ཀུན་ལ་གཅེས་པ་རི་ཆོས་རིན་ཆེན་གནད་ཀྱི་ཕྲེང་བ། སྤྱོད་པའི་རྣམ་བཤད་པད་སྡོང་བརྩེགས་པ། ཐེག་འདུས་ནོར་བུའི་བང་མཛོད། བདུད་རྩི་བམ་བརྒྱད་ནས་བསྡུས་པའི་སྨན་སྒྲུབ་སྟོབས་ཀྱི་གླང་པོ། བཅུད་ལེན་བདུད་རྩིའི་སྙིང་པོ་པད་ [114a] དཀར་བུང་བ་དགའ་བའི་སྦྲང་རྩི། ཅོང་ཞི་བཅུད་ལེན་བླ་མའི་སྙན་བརྒྱུད། ཞི་ཁྲོ་ཡེ་ཤེས་སྒྱུ་འཕྲུལ། བཀའ་བརྒྱད་ཀྱི་གཏོར་བསྔོས་ཕུན་ཚོགས་རེ་སྐོང་། རྡོ་རྗེ་གཞོན་ནུའི་ལས་བྱང་གནམ་ལྕགས་ཟིལ་གནོན། དགོངས་འདུས་ཀྱི་གཏོར་བསྔོས། བཀའ་སྲུང་དྲེགས་དབང་། མགོན་པོའི་ལས་བྱང་དངོས་གྲུབ་གྲུ་རྫིང་། ལེགས་ལྡན་ལྕམ་དྲལ་གྱི་མཆོད་བསྟོད། མཆོད་སྤྲིན་འཇའ་ཚོན་འཁོར་ལོ་སོགས་སྡེ་བདུན་གྱི་ལས་བྱང་། གདབ་ལས་དམར་ནག་མེ་ལྕེ་ཁོལ་མ་དང་སྒོ་དབྱེ་ལམ་བསྟན་ཟློག་བསྒྱུར་དང་བཅས་པ། བརྟན་བཞུགས་བར་ཆད་ཀུན་སེལ། ཆུ་གཏོར་རིམ་པ་མཁའ་སྤྱོད་འོད་ཀྱི་ཐིག་ལེ། གཏོར་མའི་རིམ་པ། མེ་གསུར་བདུད་རྩི་ཀུན་ཁྱབ། བསང་དཔེ་འོད་གསལ་སྤྲིན་ཕུང་། ལམ་གཏོར་བར་ཆད་ཀུན་སེལ། སྦྱིན་སྲེག་མེ་འོད་སྟོང་ལྡན་དང་འོད་འབར་རབ་འབྱམས། གླུད་ཆོག་འཚི་བསླུའི་གླུད་རྫོང་ཐབས། ཡོན་བཤད་ཆོས་དབྱིངས་འོད་སྟོང་། ཐེག་པ་ཆེན་པོ་བསྔོ་བའི་ལེགས་བཤད་པདྨ་དཀར་པོའི་ཆུན་འཕྱང་སྒྱུ་འཕྲུལ་ལྷའི་མཆོད་སྤྲིན། སྨོན་ལམ་གྱི་རྒྱལ་པོ་ཐར་པ་ཆེན་པོའི་གྲུ་རྫིང་། [114b] བཀྲ་ཤིས་བྱིན་རླབས་དངོས་གྲུབ་ཆར་འབེབས། དེ་དག་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་དབང་རྟགས་རལ་པའི་གླེགས་བམ་སྙན་བརྒྱུད་རྡོ་རྗེ་སྙིང་པོའི་ཡང་སྙིང་བཅས་ཁྱོན་དྲིལ་ལེའུ་ཚན་བརྒྱད་ཅུ་གྱ་གསུམ་གྱིས་སྤྲིན་གྱི་ཐོལ་གླུའི་ཆོས་སྡེ་ལེགས་པར་ཚང་བའོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོང་སྐུ་ཚེ་ལྷ་རིགས་ལྔ། སྤྲུལ་སྐུ་ཐོད་ཕྲེང་སྡེ་ལྔ། པཎ་ཆེན་བི་མ་ལ་མི་ཏྲ། མྱང་བན་ཏིང་འཛིན་བཟང་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་པདྨ་མདངས་གསལ། བཀའ་བབས་རིག་འཛིན་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ལམ་ཁྲག་འཐུང་ནམ་མཁའ་འཇིགས་མེད། ཤེལ་བྲག་པ་ཡེ་ཤེས་ཕུན་ཚོགས་སམ་ཁམས་གསུམ་རང་གྲོལ། མེ་རག་པ་ཕྲིན་ལས་དབང་ཕྱུག །ལྷ་བཙུན་གསུམ་པ་འཇིགས་མེད་དཔའ་བོ། སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་སྒྲོན། དེས་ཁྲི་ཆེན་པདྨ་བསྟན་འཛིན་དང་། མཁན་ཆེན་ཨོ་ཌི་ཡ་ན། དེ་གཉིས་ཀས་ཁྲི་ཕྲིན་ལས་རྣམ་རྒྱལ། དེ་ནས་རིམ་པར་པད་སྤྲུལ་པདྨ་དབང་རྒྱལ་རྡོ་རྗེ། ཨོ་རྒྱན་རྣམ་གྲོལ་དབང་པོ། གྲུབ་དབང་ཨོ་རྒྱན་བསྟན་ [115a] དར། འགྱུར་མེད་པདྨ་ཚུལ་ཁྲིམས། ཁྱབ་བདག་རིག་འཛིན་པདྨ་དབང་དྲག །དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་པའོ། ། ༈ །ཁྲག་འཐུང་ནམ་མཁའ་འཇིགས་མེད་རྩལ་གྱི་གསུང་འབུམ་སྐོར་ལ། ཀ་ རྣལ་འབྱོར་གྱི་དབང་ཕྱུག་ནམ་མཁའ་འཇིགས་མེད་རྩལ་གྱི་རྣམ་ཐར་གསོལ་འདེབས་ངོ་མཚར་དད་པའི་རོལ་མོ། ཁ་ རིགས་བདག་བླ་མའི་དཀྱིལ་འཁོར་ལ་གསོལ་བ་བཏབ་པ་ཚངས་དབྱངས་སྙན་པའི་ང་རོ། ག་ ཀུན་བཟང་རྣམ་པར་རྒྱལ་བ་སྲིད་པ་ལ་ངེས་པར་སྐྱོ་བས་ཐར་པ་ཆེན་པོའི་གཞལ་མེད་དུ་ཞུགས་པའི་ཚུལ། ང་ ཀུན་བཟང་རྣམ་པར་རྒྱལ་བའི་ཕྱི་སོ་ཐར་དང་མཐུན་པའི་རྣམ་ཐར་བསླབ་པ་གསུམ་པ་ངོ་མཚར་ཡིད་ཀྱི་ཤིང་རྟ། ཅ་ གཏད་མེད་ཀོང་པོ་སྨྱོན་པའི་ལྟ་སྒམ་སྤྱོད་པའི་རྣམ་ཐར་ངེས་དོན་བདུད་རྩིའི་རོལ་མཚོ། ཆ་ འཁྲུལ་ཞིག་ནམ་མཁའ་འཇིགས་མེད་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཞོལ་བའི་ཚུལ་ཆོས་བརྒྱད་ཚུལ་འཆོས་ཀྱི་གཉའ་གནོན་རིག་པ་གཅེར་མཐོང་ངོ་ [115b] སྤྲོད་ཀྱི་ཐོལ་གླུ། ཇ་ ལྷ་བཙུན་ནམ་མཁའ་འཇིགས་མེད་རྩལ་གྱི་ཡང་གསང་རྣམ་ཐར་རང་རིག་དག་སྣང་གི་གན་མཛོད་འཇའ་འོད་ཀྱི་གུར་ཁང་། ཉ་ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་མཆོག་དམན་བར་མའི་གདུལ་བྱ་རྣམས་ལ་གདམས་པ་ཆོས་དབྱིངས་སྙིང་པོའི་ཐོལ་གླུ། ཏ་ ནམ་མཁའ་འཇིགས་མེད་རྩལ་གྱིས་ཡངས་པའི་རྒྱལ་ཁམས་འགྲིམས་དུས་རང་ཤར་གཉུག་མའི་ཐོལ་གླུ་ཟིན་བྲིས་སུ་བཏབ་པ། ཐ་ རྗེ་བཙུན་རྩེ་ལ་རྟོགས་ལྡན་གྱི་ཐུགས་སྐྱོ་ཤས་ཀྱིས་བསྐུལ་བའི་གསུང་མགུར་གྱི་རིམ་པ་མཆོག་དམན་འགྲོ་བའི་ཚོགས་ལ་གདམས་པའི་སྙིང་པོར་བསྟན་པ་། ད་ རྨད་བྱུང་རྡོ་རྗེ་སྙིང་པོ་གླུ་སྣང་སྲིད་ཌཱ་ཀིའི་སྤྲིན་ཕུང་བྱར་མེད་བློ་འདས་ཀྱི་རྣལ་འབྱོར་པ་ནམ་མཁའ་འཇིགས་མེད་རྩལ་གྱིས་བླངས་པ། ན་ ངེས་འབྱུང་སྐྱོ་ཤས་ཀྱི་མགུར་འཆི་བ་སྙིང་དྲན་གྱི་གསུང་དབྱངས་འཁོར་བ་སྒྱིད་ལུག་གི་རྒྱབ་སྐྱོར་བླ་མ་སངས་རྒྱས་ཀྱི་རྒྱང་འབོད། པ་ ནམ་མཁའ་འཇིགས་མེད་ཀྱི་རྣམ་ཐར་ལས་མཁའ་སྤྱོད་རོང་མོ་ལྡིངས་ཀྱི་ལམ་ཡིག་ཆོས་དབྱིངས་དོན་གྱི་གླུ་ནོར་བུའི་གྲུ་རྫིང་། ཕ་ གཏད་མེད་ཀོང་སྨྱོན་རྣམ་ཐར་ལས་ [116a] གནས་ཆེན་སེང་གེ་རྫོང་གསུམ་གྱི་ལམ་ཡིག་སྙིང་པོ་དོན་གྱི་ཐོལ་གླུ། བ་ ཆེན་པོ་གཞུང་གསུམ་གྱི་ངོ་སྤྲོད་ནོར་བུའི་གྲུ་རྫིང་དད་ལྡན་རེ་བ་ཀུན་སྐོང་། མ་ ཤཱཀྱའི་དགེ་སློང་ཀུན་བཟང་རྣམ་པར་རྒྱལ་བའི་རྣམ་ཐར་ལས་སྐལ་བཟང་སྐྱེ་རྒུ་རྣམས་ལ་གསང་ཚིག་ལྷུག་པར་བཤད་པ་རྡོ་རྗེའི་གླུའི་བང་མཛོད། ཙ་ སྤྱོད་མཁན་ནམ་མཁའ་འཇིགས་མེད་ཤར་ཕྱོགས་ཀོང་ཡུལ་ཤིང་ལོའི་ཚལ་གྱི་དུར་ཁྲོད་ཉུལ་བའི་ལམ་ཡིག་བདེན་པོ་རྫུན་གྱི་ཀུན་སྤངས་བགྲེས་པོ། ཚ་ མཁའ་སྤྱོད་སྤྲུལ་པའི་ཕོ་བྲང་འབྲས་མོ་གཤོངས་སུ་ཧར་སངས་རྒྱུ་མའི་རོལ་རྩེད་ཀྱིས་ཉུལ་བའི་ལམ་ཡིག་རབ་གསལ་ཉིན་བྱེད་འབར་བའི་འོད་སྟོང་། ཛ་ སྒོམ་ཆེན་ཆིག་རི་འགྲིམས་པའི་བླ་མ་བློ་གྲོས་ཀྱི་རྒྱ་མཚོ། ཝ་ ལྷ་བཙུན་ཆོས་ཀྱི་རྒྱལ་པོ་ཀུན་བཟང་རྣམ་རྒྱལ་གྱི་གསུང་མགུར་སྙིང་པོ་དོན་གྱི་གླུ་ཕྲེང་། ཞ་ ལྷ་བཙུན་ཆོས་ཀྱི་རྒྱལ་པོ་ཀུན་བཟང་རྣམ་རྒྱལ་གྱི་བཀའ་འབུམ་འདོད་དགུའི་ཕྲེང་བ། ཟ་ སྔ་འགྱུར་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་བསླབ་བྱ་སྡོམ་གསུམ་བསྟན་པའི་སྙིང་པོ འ་ དཀོན་མཆོག་སྤྱི་འདུས་ཁྲིད་ཀྱི་ལྷན་ཐབས། [116b] ཡ་ ཤར་ཕྱོགས་ཀོང་ཡུལ་དུ་དམ་བཅའ་རིན་པོ་ཆེ་ཐར་གླིང་གི་ཐེམ་སྐས། ར་ སྤྲུལ་པའི་བྱ་འདབ་ཆགས་ནེ་ཙོ་སྔོན་མོའི་ལེགས་བཤད་ངོ་མཚར་ཡིད་ཀྱི་ཤིང་རྟ། ལ་ བསམ་ཡས་ཀྱི་ལོ་རྒྱུས་དང་མཆོད་སྦྱིན་སྤེལ་བའི་ཚུལ། ཤ་ ངག་དབང་གཞན་ཕན་རྡོ་རྗེའི་ཞབས་དྲུང་དུ་གསུང་སེལ་བདུད་རྩི་དྲི་བའི་ཞུ་འཕྲིན། ས་ གསང་སྔགས་ཟབ་ལམ་གྱི་མཐར་ཐུག་ཕོ་ཉའི་ལམ་བཟང་གི་གནད་འགག་དྲི་བ་གསེར་གྱི་ལྡེ་མིག །ཧ་ གཉུག་མ་གཤིས་ཀྱི་ཐོལ་གླུ་འཇིགས་མེད་སེང་གེའི་ང་རོ། ཨ་ ཕྱག་རྒྱ་ཆེན་པོ་ལྷན་སྐྱེས་རྣམ་གསུམ་འབྲས་བུ་དང་བཅས་པའི་རབ་དབྱེ། ཀི་ ཟབ་ལམ་རབ་དབྱེ་ཨུཏྤ་ལའི་ཆུན་འཕྱངས། ཁི་ གོལ་ཤོར་ཚར་གཅོད་ངང་པའི་སྒྲ་དབྱངས། གི་ ས་ལམ་མཚམས་འཛིན་དབྱངས་ཅན་དགྱེས་པའི་རོལ་མཚོ། ངི་། དྲིས་ལན་ཚངས་པའི་ཡིད་འཕྲོག །ཅི་ རྫོགས་ཆེན་གྱི་དྲིས་ལན་ཐར་པ་ཆེན་པོའི་འོད་སྟོང་རྒྱལ་བསྟན་ཉིན་བྱེད་ཀྱི་འཁོར་ལོ་སྙིང་པོ་རྡོ་རྗེའི་ཐོལ་གླུ། ཆི་ ཐར་གླིང་སྣང་སྟོང་གི་མེ་ལོང་དྲི་མེད་ཀུན་བཟང་དགོངས་པའི་མཛོད་རྣམས་དང་། གོང་གི་དཀར་ཆག་ཁོང་དུ་མ་ཚུད་པའི་ཟུར་གསལ། ལྷ་ [117a] རིགས་རིག་འཛིན་ནམ་མཁའ་འཇིགས་མེད་ཀྱིས་སྨན་སྡིངས་སྤྲུལ་པའི་གཞལ་མེད་དུ་ཆེད་དུ་བརྫོད་པ་རྡོ་རྗེའི་གླུའི་ཕྲེང་བ་ཨུཏྤ་ལའི་དོ་ཤལ། བསྟན་པའི་སྲོག་ཤིང་འཇའ་ལུས་བསྟན་འཛིན་ལ་གདམས་པ་ཅི་གསུང་དང་ལེན་དད་པའི་དངོས་གྲུབ། དཔལ་འབྲས་མོ་གཤོངས་ཀྱི་གནས་བསྟོད་ཆེ་ལོང་ཙམ་ནམ་མཁའ་འཇིགས་མེད་ཀྱིས་བགྱིས་པ། ལྷ་རི་སྤྲུལ་པའི་ཕོ་བྲང་ལ་བསྟོད་པ་དྲི་མེད་ཟླ་བའི་འོད་ཟེར། ལྷ་བཙུན་ནམ་མཁའ་འཇིགས་མེད་རྩལ་གྱི་འོད་གསལ་ཚང་ཚུད་ཀྱི་མན་ངག་སྣང་སྲིད་རིག་སྟོང་འཆི་མེད་རྒྱང་གླུ་འཆི་ཁ་བློ་བདེ། ལྷ་བཙུན་ཆེན་པོའི་ཞལ་གདམས་ཐོར་བུ་བཅས་སོ། །དེ་རྣམས་ཀྱི་ལུང་བརྒྱུད་ཀྱང་གོང་བཞིན་ནོ།། །།