ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་གྱི་ཟབ་གཏེར་ཆོས་སྐོར་རྣམས་ཇི་ལྟར་ནོས་པའི་ཚུལ།

From Dudjom Wiki
DJYD-KABUM-20-WA-010
Wylie title khrag 'thung bdud 'dul nus ldan rdo rje rtsal gyi zab gter chos skor rnams ji ltar nos pa'i tshul DJYD-KABUM-20-WA-010.pdf
Location bdud 'joms rin po che bka' 'bum
Volume 20, Text 10, Pages 235-276 (Folios 118a1 to 138b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Khrag 'thung bdud 'dul nus ldan rdo rje rtsal gyi zab gter chos skor rnams ji ltar nos pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 235-276. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: bdud 'dul gter chos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [118a] ཨོཾ་སྭསྟི། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཕྲིན་ལས་ཀྱི་རྣམ་རོལ་འབྲོག་བན་སྐྱེ་སྲིད་ས་བཅུའི་དབང་ཕྱུག་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་གྱི་ཟབ་གཏེར་ཆོས་སྐོར་རྣམས་རང་སྐལ་དུ་ཇི་ལྟར་ནོས་པའི་ཚུལ་ལ། ཐོག་མར་སྤུ་བོ་གཡུ་མཚོ་རིན་ཆེན་བྲག་དང་འདོང་ཆུ་བདེ་ཆེན་གསང་བ་ཕུག་ནས་སྤྱན་དྲངས་པ་བཀའ་རྫོགས་པ་ཆེན་པོ་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་སྐོར་ལ། བླ་མ། ཡི་དམ། མཁའ་འགྲོ། སྲུང་མའི་སྐོར་དང་བཞི་ལས། དང་པོ་ལའང་ཞི་དྲག་གཉིས་ཀྱི། ཐོག་མར་བླ་མ་ཞི་བའི་སྐོར་ལ་དབང་ཁྲིད་ལུང་གསུམ་ལས། དང་པོ་སྨིན་བྱེད་དབང་ནི། དབང་གི་ཆོག་ཁྲིགས་དྲི་མེད་བདུད་རྩིའི་རྫིང་བུ་ལྟར་སྟ་གོན་ཞག་གིས་བཅད་དེ་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་རྩ་བའི་དབང་ལྔ་ཡན་ལག་རིག་དབང་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་བཅས་པས་བུམ་དབང་དང་མཆོག་གི་དབང་གོང་མ་གསུམ། མཐའ་རྟེན་གཞན་དོན་ཕྲིན་ལས་ཀྱི་དབང་བསྐུར་བཅས་རྩ་བའི་དབང་ཆེན་ཡོངས་རྫོགས། བླ་མའི་གཏོར་དབང་བྱིན་རླབས་སྤྲིན་འཕྲོ་བཅས་ཀྱིས་སྨིན་པར་མཛད་དོ། །གཉིས་ [118b] པ་གྲོལ་བྱེད་ཁྲིད་ལ། གཞུང་གསལ་གཏེར་ཁ་གོང་མ་ནས་ཁ་བསྐང་བའི་སྔོན་འགྲོའི་ཁྲིད་རིམ་གྱིས་ཐོག་དྲངས། དངོས་གཞི་ཐུན་མོང་བསྐྱེད་རིམ་ལྷ་ཁྲིད་བསྙེན་པའི་མན་ངག་དང་འབྲེལ་བ། ཐུན་མིན་རྫོགས་རིམ་དམར་ཁྲིད་རིམ་ལྔ་ནང་གསེས་སུ། ཉོན་མོངས་པ་འདོད་ཆགས་སྦྱོང་བར་བྱེད་པ་པདྨ་ཐོད་ཕྲེང་གི་རྫོགས་རིམ་གཏུམ་མོ་བདེ་དྲོད་རང་འབར་གྱི་ཁྲིད། ཉོན་མོངས་པ་ཞེ་སྡང་སྦྱོང་བར་བྱེད་པ་རྡོ་རྗེ་ཐོད་ཕྲེང་གི་རྫོགས་རིམ་སྒྱུ་ལུས་བར་དོའི་ཁྲིད། ཉོན་མོངས་པ་གཏི་མུག་སྦྱོང་བར་བྱེད་པ་བུདྡྷ་ཐོད་ཕྲེང་གི་རྫོགས་རིམ་འོད་གསལ་གྱི་ཁྲིད། ཉོན་མོངས་པ་ང་རྒྱལ་སྦྱོང་བར་བྱེད་པ་རཏྣ་ཐོད་ཕྲེང་གི་རྫོགས་རིམ་ཕྱག་རྒྱ་ཆེན་པོའི་ཁྲིད། ཉོན་མོངས་པ་ཕྲག་དོག་སྦྱོང་བར་བྱེད་པ་ཀརྨ་ཐོད་ཕྲེང་གི་རྫོགས་རིམ་ཟབ་མོ་བདུད་གཅོད་ཀྱི་ཁྲིད་བཅས་དང་། ཁྱད་པར་གྱི་རྫོགས་རིམ་ཨ་ཏི་བླ་མེད་ཁྲེགས་ཆོད་ཐོད་རྒལ་ཡང་ཏི་མུན་ཁྲིད་དང་བཅས་སྨིན་ཁྲིད་དུ་ནོས། གསུམ་པ་རྒྱབ་བརྟེན་ལུང་ལ་སྐོར་ཚོ་བརྒྱད་ལས། དང་པོ་ལྡེའུ་མིག་ཞལ་གདམས་ཀྱི་སྐོར་ལ། ཡང་ཟབ་གསང་བའི་ལྡེའུ་མིག་བསྐུལ་མ་དང་གཏེར་སྟོན་བརྟག་ཐབས། [119a] པདྨའི་ཞལ་གདམས་རིན་པོ་ཆེའི་ཕྲེང་བ། པདྨའི་ཞལ་གདམས་རྒྱལ་ཚབ་ཀྱི་སྐྱེ་བརྒྱུད་བཅས། གཉིས་པ་ལུང་བསྟན་གྱི་སྐོར་ལ། བསྟན་པ་སྤྱིའི་ལུང་བསྟན་འོད་ཀྱི་དྲ་བ། གང་ཟག་སྒོས་ཀྱི་ལུང་བསྟན་རཏྣའི་སྒྲོམ་བུ་བཅས། གསུམ་པ་ལོ་རྒྱུས་གཏོང་ཐུན་གྱི་སྐོར་ལ། ཨོ་རྒྱན་རྣམ་ཐར་དྲི་མེད་ཤེལ་གྱི་ཕྲེང་བ། ཚེས་བཅུའི་ཕན་ཡོན་འོད་ཟེར་ཕྲེང་བ། དམ་རྫས་མྱོང་གྲོལ་གྱི་དཀར་ཆག་རེག་པ་ཀུན་གྲོལ། དགོངས་པ་ཡོངས་འདུས་ཀྱི་གཏོང་ཐུན་ཆེན་མོ་བཅས། བཞི་པ་སྨིན་བྱེད་དབང་གི་སྐོར་ལ། རྩ་བའི་དབང་ཆོག་ནོར་བ་པདྨའི་ལྗོན་ཤིང་། བླ་མའི་གཏོར་དབང་བྱིན་རླབས་སྤྲིན་ཕུང་བཅས། ལྔ་པ་བསྐྱེད་རིམ་སྒྲུབ་ཕྲིན་གྱི་སྐོར་ལ། བླ་མ་ཆོས་སྐུའི་སྒྲུབ་པ། བླ་མ་ལོངས་སྐུའི་སྒྲུབ་པ། བླ་མ་སྤྲུལ་སྐུའི་སྒྲུབ་པ། བླ་མ་སྐུ་གསུམ་སྒྲུབ་པའི་དམིགས་པའི་གབ་ཐིག །གུ་རུ་དཔའ་བོ་སྡེ་ལྔའི་སྒྲུབ་པ་ཡེ་ཤེས་ལྔ་ལྡན། གུ་རུ་སྲིད་ཐུབ་འཛིན་གྱི་སྒྲུབ་ཐབས་ང་རྒྱལ་སྦྱོང་བྱེད། གུ་རུ་རྣམ་པར་རྒྱལ་བའི་སྒྲུབ་ཐབས་ཕྲག་དོག་སྦྱོང་བྱེད། གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་འདོད་ཆགས་སྦྱོང་ [119b] བྱེད། གུ་རུ་སེང་གེ་རབ་བརྟན་གྱི་སྒྲུབ་ཐབས་གཏི་མུག་སྦྱང་བྱེད། གུ་རུ་རྣམ་པར་སྣང་བྱེད་ཀྱི་སྒྲུབ་ཐབས་སེར་སྣ་སྦྱོང་བྱེད། གུ་རུ་རྣམ་པར་གནོན་གྱི་སྒྲུབ་ཐབས་ཞེ་སྡང་འཇོམས་བྱེད། གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས། གུ་རུ་པདྨ་སམྦྷ་ཝའི་སྒྲུབ་ཐབས། གུ་རུ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས། གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས། གུ་རུ་པདྨ་རྒྱལ་པོའི་སྒྲུབ་ཐབས། གུ་རུ་ཤཱཀྱ་སེང་གེའི་སྒྲུབ་ཐབས། གུ་རུ་སེང་གེ་སྒྲ་སྒྲོག་གི་སྒྲུབ་ཐབས། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས། གྲོ་ལོད་ལས་སྦྱོར་གསང་བའི་ཡིག་ཆུང་། དྲག་པོ་ཧཱུཾ་གི་མན་ངག་ཁྱད་པར་ཅན། ཡང་གསང་བླ་མའི་ལས་བྱང་དོན་གྱི་གསལ་བྱེད་ནོར་བུ་པདྨའི་ལྗོན་ཤིང་། གུ་རུའི་བརྡ་བསྟོད། ཛཔྲ་དགོངས་མུ་ཏིག་ཕྲེང་བ། སྒྲུབ་ཆེན་གྱི་པྲ་ཁྲིད་ཁྱུང་ཆེན་ལྡིང་པ། བདུད་རྩི་ཆོས་སྨན་རིལ་བུ་སྒྲུབ་ཐབས། སྒྲུབ་ཆེན་ཆ་ལག་བདུད་རྩི་སྨན་གྱི་སྲུང་མའི་བསྐུལ་བྱང་བགེགས་དཔུང་ཀུན་འཇོམས། སྒྲུབ་ཆེན་གྱི་བྱིན་འབེབས་ཡིད་བཞིན་ནོར་བུ་བཅས། དྲུག་པ་རྫོགས་རིམ་ཁྲིད་ཀྱི་སྐོར་ལ། གུ་རུ་ཐོད་ཕྲེང་སྡེ་ལྔའི་དམར་ཁྲིད་སངས་རྒྱས་ལག་བཅང་། ཨ་ [120a] ཏི་བླ་མེད་ཐོད་རྒལ་གྱི་ཁྲིད་རིམ་ཆོས་ཉིད་རང་གྲོལ་བཅས། བདུན་པ་ཕན་གནོད་ལས་ཚོགས་ཀྱི་སྐོར་ལ། ལས་བཞི་མྱུར་འགྲུབ་མེ་མཆོད་ཀྱི་རིམ་པ། གུ་རུ་དཔའ་བོ་སྡེ་ལྔའི་སྲོག་འཁོར་རེག་པ་དོན་ལྡན། འགྲོ་འདུལ་གུ་རུ་དྲུག་གི་ལས་ཚོགས་གཤིན་དོན་བདུན་ཚིག་འཁོར་བ་དོང་སྤྲུགས། ཆུ་གཏོར་བསྔོ་བ་བདུད་རྩི་ཀུན་ཁྱབ། ལས་ཚོགས་ཡིད་བཞིན་ནོར་བུ་རཏྣའི་གཏེར་མཛོད། མན་ངག་སྣ་ཚོགས་གཏེར་གྱི་བུམ་པ་བཅས། བརྒྱད་པ་ཡི་གེ་མེད་པའི་སྐོར་ལ། བླ་མའི་གསང་སྒྲུབ་ནོར་བུ་རྒྱ་མཚོ། ཛཔྲ་དགོངས་དམིགས་པའི་འཁྲུལ་འཁོར་ཕྲིན་ལས་མྱུར་འགྲུབ་ནོར་བུ་པདྨའི་ཕྲེང་བ། རྩ་བ་གསུམ་གྱི་བླ་རྡོ་སྲོག་འཁོར་ཆེན་མོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་སྒྲུབ་ཐབས་བཅས། གཉིས་པ་བླ་མ་དྲག་པོའི་སྐོར་ལ། དབང་ཆོག་གཏེར་གཞུང་ལྟར་འཇུག་པ་སྔོན་འགྲོས་དབང་ཡོངས་རྫོགས་མཐའ་རྟེན་བཅས་ནོས་ནས། ལུང་ལ། རྡོ་རྗེ་དྲག་པོ་རྩལ་གྱི་དབང་ཆོག་དྲེགས་པ་ཚར་གཅོད། ལས་བྱང་གནམ་ལྕགས་མེའི་འཁོར་ལོ། གཏོར་ཟློག་སྤུ་གྲིའི་འཁོར་ལོ། གོད་གཅོད་ཟབ་མོ་བཅས། རྩ་བའི་ [120b] གཉིས་པ་ཡི་དམ་གྱི་སྐོར་ལ་རྟ་ཕྱག་གཉིས་ཀྱི། དང་པོ་རྟ་མགྲིན་གྱི་སྐོར་ལ། དབང་ཆོག་གཏེར་གཞུང་ལྟར་འཇུག་པ་སྔོན་འགྲོས་དངོས་གཞི་དབང་བསྐུར་ཡོངས་རྫོགས་ནོས་ནས། ལུང་ལ། ཡི་དམ་སྒྲུབ་པ་དཔག་བསམ་ལྗོན་ཤིང་། དབང་ཆོག་དྲེགས་པའི་སྲོག་འཕྲོག་བཅས། གཉིས་པ་ཕྱག་རྡོར་གྱི་སྐོར་ལ། དབང་ཆོག་གཏེར་གཞུང་ལྟར་ནོས་ནས། ལུང་ལ། གསང་བདག་གཏུམ་པོ་ཆེན་པོ་དྲེགས་པ་ཀླུ་འདུལ་གྱི་ལས་བྱང་རྡོ་རྗེའི་ཕྲེང་བ། གསང་སྒྲུབ་དྲེགས་པའི་སྲོག་འཕྲོག་བཀའ་རྒྱ་ཅན། དབང་ཆོག་བྱིན་རླབས་སྤྲིན་འཕྲོ་རྡོ་རྗེའི་ཕྲེང་བ་བཅས། གསུམ་པ་མཁའ་འགྲོའི་སྐོར་ལ་ཕག་སེང་གཉིས་ཀྱི། དང་པོ་ལ། ཕག་མོའི་དབང་ཆོག་གཏེར་གཞུང་ལྟར་ནོས་ནས། ལུང་ལ། དྷཱ་ཀིའི་མཆོད་སྤྲིན་དངོས་གྲུབ་འབྱུང་གཏེར། དབང་ཆོག་དངོས་གྲུབ་རྫིང་བུ་བཅས། གཉིས་པ་སེང་གདོང་སྐོར་ལ། དབང་བསྐུར་གཏེར་གཞུང་གི་ཐོག་ནས་ནོས་ཏེ། ལུང་ལ། དྷཱ་ཀི་སེང་གདོད་སྡེ་ལྔའི་སྒྲུབ་གཞུང་། གསང་སྒྲུབ་ཤིན་ཏུ་ཟབ་མོ། ཚེ་སྒྲུབ་འཆི་མེད་མྱུར་སྟེར། བསྐུལ་མ་མཚོན་ཆའི་འཁོར་ལོ། ཟློག་པ་དུག་གྲི་ནག་པོ། སེང་གདོང་སྡེ་ལྔའི་ [121a] སྒྲུབ་དབང་བཅས། བཞི་པ་སྲུང་མའི་སྐོར་ལ། བཀའ་སྲུང་དང་གཏེར་སྲུང་གཉིས་ཀྱི། དང་པོ་ལ། སྲོག་གཏད་ཡི་དམ་དབང་ཆེན་དྲག་པོའི་དབང་གི་རྗེས་འབྲེལ་དུ་ནོས་ནས། ལུང་ལ། སྲོག་བདུད་མ་གཟའ་རྡོར་གསུམ་གྱི་སྒྲུབ་པ་དགྲ་སྲོག་དམར་འབྱིན། དགྲ་བླ་ཆེན་པོ་ཐིག་ལེ་རྩལ་གྱི་སྲོག་སྒྲུབ་དགྲ་ལ་ཆོ་འཕྲུལ་ནོར་བརྙག །དགྲ་ལ་ཆོ་འཕྲུལ་མྱུར་དུ་བསྟན་པ། ཡིག་མེད་ཨུ་པདྷེ་ཤའི་གནོད་སྦྱིན་ལྕགས་གདོང་ཅན་གྱི་སྒྲུབ་པ་བཅས། གཉིས་པ་གཏེར་སྲུང་སྐོར་ལ། བཀའ་གཏད་སྲོག་དབང་གཏེར་གཞུང་ལྟར་ནོས་ནས། ལུང་ལ། གཏེར་སྲུང་ཚེ་རིང་མཆེད་ལྔའི་མངོན་རྟོགས། མཆེད་ལྔའི་གསོལ་མཆོད་ཀྱི་རིམ་པ། བཀའ་གཏད་སྲོག་དབང་གི་ཆོ་ག་བཅས། ཞར་བྱུང་ཁ་སྐོང་དུ། དུས་དྲན་ཚེས་བཅུའི་གསོལ་འདེབས་བྱིན་རླབས་མྱུར་སྩོལ་དང་། རྩ་གསུམ་བསྐང་བསྡུས་རིན་ཆེན་ཕྲེང་བ་གཏེར་ཆེན་ཉིད་ཀྱི་གསུང་བཅས།
༈     །སྤུ་བོ་དྭགས་རྫོང་གི་སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས་སྤྱན་དྲངས་པའི་སྙིང་ཐིག་ཚེ་ཡང་ཕུར་གསུམ་གྱི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ཀྱི།   དང་པོ་ཚེ་ལྷ་ཡང་དག་ཕུར་པ་གསུམ་གཅིག་དྲིལ་གྱི་དབང་ཆོག་རྡོ་རྗེའི་རྒྱ་ [121b] མདུད་ལྟར་རྩ་བའི་དབང་ཆེན་ཡོངས་རྫོགས་མཐའ་རྟེན་བཅས་པ་དང་།   ཕུར་པ་གནམ་ལྕགས་སྤུ་གྲི་སྒོས་ཀྱི་དབང་ཆོག་ནོར་བུ་རྒྱ་མཚོ་འཇམ་མགོན་གུ་ཎས་ཁྲིགས་བསྡེབས་གནམ་ལྕགས་ཞུན་དྲིལ་ལྟར་ལེགས་པར་ཐོབ་ཅིང་།   ཞར་བྱུང་མ་ལྷ་མཆེད་ལྔའི་དབང་ཆོག་པུ་ཏྲ་ཚེ་འཕེལ་བདུད་རྩིའི་ཆུ་རྒྱུན་བཅས་ནོས་ཏེ།   གཉིས་པ་ལུང་ལ་སྐོར་ཚོ་བཞི་ལས།   དང་པོ་ལོ་རྒྱུས་ལུང་བསྟན་གྱི་སྐོར་ལ།   བསྟན་པ་སྤྱིའི་ལུང་བསྟན་གསལ་བྱེད་ཉི་ཟླའི་དཀྱིལ་འཁོར།   གང་ཟག་སྒོས་ཀྱི་ལུང་བསྟན་ཉི་ཟླའི་རྒྱ་ཅན་ཀུན་ཁྱབ་གསེར་གདུགས།   ས་བཅོས་བསྟན་པ་རྒྱས་བྱེད་བཅས།   གཉིས་པ་དབང་དང་སྒྲུབ་ཕྲིན་གྱི་སྐོར་ལ།   ཚེ་ཡང་ཕུར་གསུམ་གྱི་དབང་ཆོག་རྡོ་རྗེའི་རྒྱུ་མདུད།   ཕྲིན་ལས་རང་གཞུང་རྡོ་རྗེའི་རྫོང་སྒྲོམ་དངོས་གྲུབ་ཀུན་འབྱུང་།   ཚེ་འགུགས་འོད་ཟེར་དྲྭ་བ།   ཚེ་སྒྲུབ་དུས་བཞིའི་རྣལ་འབྱོར།   ཕུར་པ་གནམ་ལྕགས་སྤུ་གྲིའ་དབང་ཆོག་ནོར་བུ་རྒྱ་མཚོ།   ཕུར་པའི་ལས་བྱང་ཕྲིན་ལས་ཀུན་ཁྱབ་དགྲ་བགེགས་ཀུན་འདུལ།   ཚོགས་མཆོད་མི་ཟད་གཏེར་གྱི་རྒྱན་འཁོར།   གསང་སྒྲུབ་ཐུགས་ཀྱི་ཡང་སྙིང་།   དབང་སྒྲུབ་ཀྱི་བྱིན་འབེབས་མྱུར་མགྱོགས་ [122a] འོད་འཕྲོ།   བསྒྲལ་ལས་དགྲ་བགེས་ཀུན་སྒྲོལ་མཚོན་ཆའི་འཁོར་ལོ།   ཐུན་དབབ་པའི་ལས་མཐའ་སྤུ་གྲི་རེག་གཅོད་ཀྱི་གདམས་པ།   བསྒྲལ་ལས་ཁ་བསྐང་ལས་རིམ་བརྒྱད་པ་བསྟན་དགྲའི་སྲོག་འཇོམས།   གཏོར་ཟློག་དྲག་པོ་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་ཐོག་མདའ་དགྲ་བགེགས་ཀུན་འཇོམས་བཅས།   གསུམ་པ་ལས་ཚོགས་ཀྱི་སྐོར་ལ།   ཟ་ཡིག་གི་རིམ་པ།   ནད་གདོན་མི་ཁ་འཐབ་འཁྲུགས་སོགས་ཞི་བའི་ལས་ཚོགས།   འགོ་ནད་སྲུང་བའི་ལས་སྦྱོར།   དམ་སྲི་དམན་མོའི་ཁ་ཆིངས་ཀྱི་རིམ་པ།   དམན་མོ་སྒྲོལ་བྱེད་རླུང་གི་ཙཀྲ་འབིག་བྱེད་ཀྱི་རྒྱ་ཅན།   བུ་ཆུང་མཚན་མོ་དུ་གཅོད་བཅས།   བཞི་པ་སྲུང་མའི་སྐོར་ལ།   ཕུར་སྲུང་དམ་ཅན་རྒྱ་མཚོའི་སྤྱི་བསྐུལ་དམར་ནག་གློག་ཕྲེང་སྤུ་གྲི་རེག་གཅོད་ཀྱི་འཁོར་ལོ་གནམ་ལྕགས་འབར་བའི་ཐོག་ཆར།   ཕུར་སྲུང་དམ་ཅན་རྒྱ་མཚོའི་ཟློག་པ་མཚོན་ཆའི་འཁོར་ལོ།   སྔགས་སྲུང་སྨུག་ནག་འོད་འཕྲོའི་གསོལ་མཆོད་ནོར་བུ་པདྨའི་ཕྲེང་བ།   སྲུང་མ་རང་བྱུང་རྒྱལ་མོའི་མཆོད་ཕྲེང་ཕྲིན་ལས་དཔག་བསམ་ལྗོན་ཤིང་།   དབང་ཆེན་ལྷ་ [122b] ལྔའི་མཆོད་ཕྲིན་པུ་ཏྲ་ཚེ་འཕེལ་གནམ་ལྕགས་རྡོ་རྗེ་ཆུང་སྲི་རྡུལ་རློག   །བྱིས་པ་ལྷ་ལྔའི་དྲིལ་སྒྲུབ་པུ་ཏྲ་ཐར་བྱེད་རྡོ་རྗེའི་རྫོང་སྒྲོམ།   གཅེས་ཡིག་སྲིའུ་གསོ་བའི་གདོན་བཅོས་ཕན་པ་ཀུན་ལྡན།   སྲུང་འཁོར་དམིགས་གནད།   ཆུང་བསྐྱེད་ཁ་ཚའི་བཅོས་ཐབས།   རྣོ་མདེའུ་དམ་སྲི་དམན་མོའི་ཟ་ཁ་བཅིང་བའི་སྔགས་བྱང་།   འགུགས་བསད་མནན་པའི་སྔགས་བྱང་།   གདོང་བཟློག་སྔགས་བྱང་།   ཞལ་བསྟབ་རྫ་སྲེག་ལས་སྦྱོར།   མ་ལྷ་མཆེད་ལྔའི་མཆོད་ཕྲིན་ཡང་གཅེས་གནད་ཀྱི་གདམས་པ།   དབང་ཆོག་པུ་ཏྲ་ཚེ་འཕེལ་བདུད་རྩིའི་ཆུ་རྒྱན་བཅས་གཏེར་གཞུང་ཡོངས་རྫོགས་དང་།   ཁ་སྐོང་ལ།   འཆི་མེད་ཚེའི་བརྒྱུད་འདེབས་ཚངས་པའི་སྒྲ་དབྱངས།   ཕུར་པའི་བརྒྱུད་འདེབས་མུ་ཏིག་ཕྲེང་བ་ཁྱབ་བརྡལ་ཀློང་ཡངས་བྱིན་རླབས་སྤྲིན་ཕུང་།   བསྐང་བར་རཏྣའི་ཕྲེང་བ་བཅས་གཏེར་ཆེན་ཉིད་ཀྱི་གསུང་རྣམས་སོ།   །
༈     །མདོ་ཁམས་ཚ་བ་སྒྲོ་བྲག་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་སྤྱན་དྲངས་པའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ཀྱི།   དང་པོ་ནི།   རྣམ་འཇོམས།   ལོ་གྱོན་མ།   སྒྲོལ་དཀར།   གྲོ་ལོད།    [123a]   ཞིང་སྐྱོང་བཅས་ཀྱི་དབང་གི་ཆོག་ཁྲིགས་འཇམ་མགོན་གུ་ཎའི་ཡིག་ཆ་བཞིན་དང་།   ཐེམ་མེད་མཚོ་རྒྱལ་སྐོར་བཞི་གཏུམ་མོ་མེ་དབང་བཅས།   ཐེག་པ་རིམ་འཇུག་གི་དབང་དང་སྟ་གོན་སྔོན་དུ་འགྲོ་བས།   ཐུགས་ཆེན་ནམ་མཁའི་རྒྱལ་པོའི་དབང་ཆེན་རྗེས་འབྲེལ་སངས་རྒྱས་སྟོང་དབང་བཅས་གཏེར་གཞུང་ལྟར་ལེགས་པར་ནོས་ཏེ།   ལུང་ལ་སྐོར་ཚོ་དྲུག་གི    །   དང་པོ་ཁ་བྱང་ལོ་རྒྱུས་ཀྱི་སྐོར་ལ།   ཟབ་གཏེར་གྱི་ཐེམ་བྱང་རཏྣའི་སྒྲོམ་བུ།   དཔལ་ཀུན་ཏུ་བཟང་པོའི་བཀའ་བརྒྱུད་ཀྱི་ཟབ་ཆོས་སྤེལ་བའི་བརྟག་ཐབས་མུན་སེལ་སྒྲོན་མེ།   འབྲོག་བན་སྐྱེ་བརྒྱུད་ཞལ་ལུང་འོད་འཕྲོ།   ལས་ཅན་ཆོས་བདག་གི་སྐྱེ་བརྒྱུད་མུ་ཏིག་ཕྲེང་བ།   གཏེར་ལུང་གསལ་བའི་མེ་ལོང་།   ལུང་བསྟན་འོད་ཀྱི་དྲྭ་བ།   འགྲན་མེད་རྟེན་མཆོག་སྐུ་ཚབ་མཐོང་བ་དོན་ལྡན་གྱི་དཀར་ཆག་བཅས།   གཉིས་པ་སྨིན་བྱེད་བསྐྱེད་རིམ་སྒྲུབ་ཕྲིན་གྱི་སྐོར་ལ་ལྔ་ལས།   དང་པོ་རྣམ་འཇོམས་ཀྱི་སྐོར་ལ།   རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་དབང་བདུད་རྩིའི་བུམ་པ།   སྒྲུབ་གཞུང་ནོར་བུའི་ཕྲེང་བ།   ཞི་བའི་སྒྲུབ་པ།   ཁྲོ་བོ་ནག་པོ་གསང་སྒྲུབ།   བུམ་སྒྲུབ་ [123b] བཅས།   གཉིས་པ་རི་ཁྲོད་ལོ་གྱོན་མའི་སྐོར་ལ།   དབང་ཆོག་བདུད་རྩིའི་ཆ་རྒྱུན།   སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་།   བུམ་སྒྲུབ་ཉོན་མོངས་དུག་འཇོམས་བཅས།   གསུམ་པ་སྒྲོལ་དཀར་སྐོར་ལ།   ཡིད་བཞིན་འཁོར་ལོའི་ཚེ་དབང་ཟབ་མོ།   ཚེ་འཕེལ་མའི་ནང་སྒྲུབ།   དམིགས་པའི་གབ་ཐིག   །བླ་རྡོ་སྲོག་འཁོར།   བསྲུང་རྫས་མན་ངག   །ཕྲིན་ལས་མྱུར་འགྲུབ་མེའི་ལས་མཐའ།   ཚེ་བསོད་རྒྱས་བྱེད་རླུང་གི་འཁོར་ལོ་བཅས།   བཞི་པ་ཐུགས་ཆེན་ནམ་མཁའི་རྒྱལ་པོའི་སྐོར་ལ།   དབང་གི་སྔོན་འགྲོ།   ཐེག་པ་རིམ་འཇུག་དབང་གི་སྒོ་འབྱེད།   དབང་གཞུང་བདུད་རྩིའི་ལྟེང་ཀ    །   ཕྱི་སྒྲུབ་འཁོར་བ་ལས་སྒྲོལ།   པདྨ་རྒྱལ་པོའི་ནང་སྒྲུབ།   གསང་སྒྲུབ་འཁོར་བ་དོང་སྤྲུགས།   ཡང་གསང་སྒྲུབ་པ་ན་རཀ་དོང་སྤྲུགས།   ཕྲིན་ལས་རང་གཞུང་འགྲོ་དོན་ལྷུན་གྲུབ།   ནོར་བུ་པདྨའི་ཕྲེང་བ་བཅས།   ལྔ་པ་གྲོ་ལོད་སྐོར་ལ།   དབང་ཆོག་བྱིན་རླབས་སྤྲིན་འཕྲོ།   དྲག་པོ་ཧཱུཾ་སྒྲུབ་ཀྱི་གསོལ་འདེབས།   ཛཔྲ་དམིགས་རང་ཉིད་རྡོ་རྗེ་གྲོ་ལོད་སོགས།   སྔགས་བྱང་ཟབ་མོ།   གསང་སྒྲུབ་རང་སྣང་དབང་སྡུད་རྒྱན་གྱི་འཁོར་ལོ།   ལས་བྱང་ནོར་བུའི་ཕྲེང་བ།   ཚོགས་ [124a] མཆོད་ཟབ་མོ།   བླ་རྡོ་ཙཀྲ།   དྲག་ཟློག་སེང་གེའི་ང་རོ།   ཆར་འབེབས་གདམས་པ་བཅས།   གསུམ་པ་རྫོགས་རིམ་ཁྲིད་ཀྱི་སྐོར་ལ།   ཐེག་པ་སྤྱིའི་དོན་ཁྲིད་གསལ་བའི་མེ་ལོང་།   གཏུམ་མོའི་བསྐྱེད་རིམ་ཉི་མའི་དཀྱིལ་འཁོར།   གཏུམ་མོའི་ཁྲིད་རིམ།   གཏུམ་མོའི་མེ་དབང་སུརྻའི་དཀྱིལ་འཁོར།   རྨི་ལམ་འོད་གསལ་གྱི་ཁྲིད་ཡིག   །སྒྱུ་ལུས་བར་དོའི་གདམས་པ་སྣང་སྲིད་སྒྱུ་མའི་ལྟ་ཁྲིད།   སྐུ་གསུམ་འཕོ་བ་དྲན་པ་རང་གྲོལ།   གདམས་ངག་རྣམ་ཤེས་གྲོང་འཇུག   །དབུ་མའི་ལྟ་ཁྲིད་དོན་གྱི་སྙིང་པོ།   མཉམ་ཉིད་ཕྱག་རྒྱ་ཆེན་པོ་སངས་རྒྱས་ལག་བཅང་གི་གདམས་པ།   སྤྱོད་པ་ཞི་བྱེད་སྐོར་དྲུག་གདམས་པ།   གནས་ལུགས་ཀྱི་བོགས་འདོན་ཟབ་མོ་གནད་ཀྱི་གཅོད་ཡུལ་བདུད་བཞིའི་དཔུང་འཇོམས།   འབྲས་བུ་བླ་ན་མེད་པ་ཨ་ཏིའི་དོན་ཁྲིད་སྣང་བཞི་མཐར་ཕྱིན།   སྦས་ཆོས་སྣང་བཞིའི་ངོ་སྤྲོད།   མུན་ཁྲིད་ཡེ་ཤེས་འོད་སྣང་།   བར་དོའི་གདམས་པ་བཅས།   བཞི་པ་ལས་ཚོགས་ཀྱི་སྐོར་ལ།   དཀྱིལ་འཁོར་ཆེན་པོའི་སྔོན་དུ་འགྲོ་བ་ཆོས་སྤྱོད་ཆ་གསུམ་གཏོར་མ།   བཏགས་གྲོལ་སྒྲིབ་སྦྱང་འོད་སྐུ།   འགྲོ་དོན་ལས་ཚོགས་ཟག་མེད་བདུད་རྩིའི་བཅུད་ལེན།   འགྲོ་དོན་ལས་ [124b] ཚོགས་སྐུ་གདུང་སཱཙྪའི་རིམ་པ།   རྩ་གསུམ་མཆོད་སྨན་སྒྲུབ་ཐབས་མ་བསྒོམ་སངས་རྒྱས།   མ་བསྒོམ་སངས་རྒྱས་མྱོང་གྲོལ་གྱི་སྒྲུབ་ཐབས།   ལས་ཚོགས་གཏེར་གྱི་བུམ་པ་དགོས་འདོད་ཀུན་འབྱུང་།   འགྲོ་འདུལ་ལས་ཚོགས་གཤིན་པོ་ཐུགས་རྗེས་རྗེས་འཛིན་རིགས་དྲུག་གནས་འདྲེན།   གཟའ་བདུད་སྤུ་གྲིའི་འབར་བའི་མཆོད་ཐབས།   བརྩེ་ལྡན་ལྷ་མོ་གཡུ་སྒྲོན་མའི་གསོལ་མཆོད་དཔག་བསམ་ལྗོན་ཤིང་བཅས།   ལྔ་པ་ཡི་གེ་མེད་པའི་སྐོར་ལ།   ཡང་གསང་བླ་ན་མེད་པ་པདྨ་འོད་འབརགྱི་དབང་ཆོག་བྱིན་རླབས་སྤྲིན་འཕྲོ།   སྒྲུབ་པ་དུས་གསུམ་རྒྱལ་བའི་དགོངས་པ་གཅིག་དྲིལ་མཁའ་འགྲོའི་སྙིང་ཁྲག་དྭངས་མ།   གསུང་རྡོ་རྗེ་བླ་མ་ལོངས་སྤྱོད་རྫོགས་སྐུའི་སྒྲུབ་པ་འཆི་མེད་མྱུར་སྟེར།   གུ་རུ་གནམ་ལྕགས་མེ་འབར་བདུད་འདུལ་རྡོ་རྗེ་རྩལ་གྱི་གསང་སྒྲུབ་ཟབ་མོ།   དྷཱ་ཀི་ཡེ་ཤེས་མཚོ་རྒྱལ་ཕྱི་ལྟར་རྡོ་རྗེ་ཕག་མོའི་སྒྲུབ་པ།   ཕྱི་སྒྲུབ་ཕག་མོའི་དབང་ཆོག   །མཚོ་རྒྱལ་ནང་ལྟར་སྒྲོལ་མའི་སྒྲུབ་པ།   ནང་སྒྲུབ་སྒྲོལ་མའི་དབང་ཆེན།   མཚོ་རྒྱལ་གསང་བ་ལྟར་ཁྲོས་མའི་སྒྲུབ་པ།   གསང་སྒྲུབ་ཁྲོས་མའི་དབང་ཆོག   །ཡང་གསང་བླ་ན་མེད་པ་མཁའ་འགྲོ་མཚོ་ [125a] རྒྱལ་གྱི་སྒྲུབ་པ།   ཡང་གསང་བདེ་ཆེན་རྒྱ་མཚོ་དབང་ཆོག   །སྒྲིབ་ཤིང་ལྷ་འདྲེ་ནག་པོ་ཁ་ཆིངས།   ཡང་ཟློག་རྡོ་རྗེ་ཕ་ལམ།   བྱུར་སྲི་དམ་སྲིའི་མནན་པ།   རྗེ་བཙུན་གཡུ་སྒྲོན་མའི་པྲ་འབེབ་ཀུན་གསལ་མེ་ལོང་།   པྲ་འབེབ་ཀུན་གསལ་བལྟ་མིག་བཅས།   དྲུག་པ་བསྟན་སྲུང་ཞིང་སྐྱོང་གི་སྐོར་ལ་ནང་གསེས་སྐོར་ཚོ་བཞི་ལས།   དང་པོ་རྒྱུད་ཀྱི་སྐོར་ལ།   སེངྷ་གཎྜེའི་རྒྱུད་ལེའུ་བཅོ་ལྔ་པ།   སྲོག་རྒྱུད་གསང་བའི་ཏི་ཀ་ལེའུ་བཅུ་བཞི་པ།   ཙིཏྟ་སྲོག་རྒྱུད་ལེའུ་བཅོ་བརྒྱད་པ།   ཡང་གསང་སྡེ་བརྒྱད་ཀྱི་སྐྱེ་རྒྱུད་གནད་གདམས་བདུན་པ་བཅས།   གཉིས་པ་རྗེས་གནང་སྒྲུབ་ཐབས་ཀྱི་སྐོར་ལ།   ཀུན་དགའ་གཞོན་ནུ་ཡབ་ཡུམ་གྱི་རྗེས་གནང་།   གསང་སྒྲུབ་ཟབ་མོ་མེ་རླུང་གི་སྤུ་གྲི།   གཏོར་མ་ལ་བརྟེན་ནས་བསྒྲུབ་པ་གསང་སྒྲུབ་བསད་པ་ལས་ཀྱི་རླུང་དམར།   ཡང་ཟབ་གནད་ཀྱི་སྒྲུབ་པ།   སྒོས་སྒྲུབ་དཔའ་བོ་གཅིག་པའི་གསང་སྒྲུབ།   ཤན་པ་དམར་ནག་ཏུ་སྒྲུབ་པ་ཟབ་རྒྱ་ཅན།   བདུད་པོ་གནོད་སྦྱིན་གསང་སྒྲུབ།   ཡུམ་མཆོག་དཔལ་འབར་བའི་ནོར་སྒྲུབ་བཅས།   གསུམ་པ་སྤྱི་གཅེས་ལས་ཚོགས་ཀྱི་སྐོར་ལ།   ལས་བྱང་གནམ་ལྕགས་མེའི་འཁོར་ལོ་དགྲ་བགེགས་ [125b]   རྡུལ་རློག   །ལས་བྱང་བསྡུས་པ་བསྟན་དགྲ་ཚར་གཅོད།   གསོལ་ཀའི་བཅས་འགྲིགས།   གསོལ་ཀ་ཕྲིན་ལས་མྱུར་འགྲུབ་ཀྱི་བྱིན་རླབས།   མངའ་གསོལ་བདུད་བཞིའི་དཔུང་འཇོམས།   གསོལ་ཀ་འདོད་རྒུ་ལྷུན་གྲུབ།   གསོལ་ཁའི་ཁ་སྐོང་མཚོ་རྒྱལ་གྱིས་མཛད་པ།   གསོལ་ཀའི་སྐྱེམས་མཆོད།   བསྐང་བ་དགོས་འདོད་ཀུན་འབྱུང་།   ཡང་གསང་གནད་ཀྱི་བསྐུལ་བ།   བསྐུལ་བྱང་བསྡུས་པ་བྱང་གཅིག་མ།   ཕོ་ཉ་སྒོས་བསྐུལ་ལྕགས་ཀྱུའི་སྙིང་འཛིན་གྱི་མན་ངག་ཟབ་མོ།   བསྐུལ་པ་གློག་ཕྲེང་གནམ་ལྕགས་ཐོག་མདའ།   ཧོམ་བསྐྱེད་ཐར་མེད་ལས་ཀྱི་བཙོན་ཁང་སྤུ་གྲི་རེག་གཅོད་ཀྱི་འཁོར་ལོ།   མཁྱེན་གསོལ།   གཟུ་དཔང་རིམ་པ།   སྨད་ལས་དུག་ཕུར་ནག་པོ་དགྲ་བགེགས་ཀུན་སྒྲོལ།   གཏོར་ཟློག་གནམ་ལྕགས་ཐོག་མདའ།   འཆི་མེད་ཚེའི་བཅུད་ལེན་ཟབ་མོ།   བླ་རྡོ་སྲོག་འཁོར་རཏྣའི་སྒྲོམ་བུ།   རྩི་ཐོག་སྨིན་བྱེད་ཆུའི་འཁོར་ལོ།   ཤ་འུད་བཟློག་ཐབས་ཟབ་མོ་ཆིག་བརྒྱུད་མ།   ཡང་བཟློག   དུག་ཆུ་ཁོལ་མ་སྦྲུལ་མདུད་མ།   བསད་པ་དུག་གྲི་རེག་གཅོད།   ལས་མཐའ་ཕྲ་མེན་ཉེས་བྱེད་སྐར་མདའ་མདའ་འཕེན།   ལས་མཐའ་བསྐྲད་འཁོར་དབྱུག་ནག་མ།   སེར་ [126a] འབེབས་ཕུང་བྱེད་ནག་པོ།   སྒབ་འདྲེ་མནན་པ།   དམ་ཉམས་ཕུང་བྱེད་རླུང་གི་འཁོར་ལོ།   སྔགས་བྱང་ཟབ་མོ་བཅས།   བཞི་པ་ཡིག་མེད་ཨུ་པ་དྷེ་ཤའི་སྐོར་ལ།   དགྲ་མནན་རླུང་སྒྲུབ་ཟབ་མོ།   གསང་སྒྲུབ་སྤར་བུ་ནག་པོ།   ཡོན་ཏན་གྱི་སྒྲུབ་པ་དགོས་འདོད་ཀུན་འབྱུང་།   ཟློག་པ་སྤུ་གྲི་རེག་གཅོད།   སླར་ཟློག་དུག་ཆུ་ཁོལ་མ།   མན་ངག་གསང་བའི་གནད་གདམས།   དགྲ་བོ་ཁམས་ཕུང་ལྟས་ངན་གྱི་དམག་ཚོགས།   སྟོབས་ལྡན་རླུང་གི་ཞལ་གདམས།   མེ་སྲུང་རྡོ་རྗེ་ཕ་ལམ།   སྔགས་ཀྱི་བྱང་བུ་གཅིག་པ།   སྔགས་བྱང་ཨུ་པ་དྷེ་ཤ    །   རྫས་སྲུང་རྡོ་རྗེ་ཕ་ལམ་བཅས་དང་།   ཞར་བྱུང་ཁ་སྐོང་སྐོར་ལ།   གྲོ་ལོད་ཀྱི་སྔགས་འཁོར་ཞལ་རྒྱུན་མ།   བསྐང་བ་ཡིད་བཞིན་ནོར་བུ།   ཛཔྲ་བསྐུལ་བྱིན་རླབས་སྤྲིན་འཕྲོ་དང་།   བསྙེན་སྒྲུབ་ལས་གསུམ་གྱི་དམིགས་པའི་འཁྲུལ་འཁོར།   གཅོད་མཆོག་བདུད་རྩི་ཀུན་ཁྱབ།   སྙན་བརྒྱུད་འཁྲུལ་འཁོར་གྱི་རྗེས་བཀྲ་ཤིས་བསྔོ་སྨོན།   ཁྲིད་ཡིག་ཀུན་བཟང་འཇའ་སྐུ།   ལེགས་གྲུབ་རྡོ་རྗེའི་གསོལ་འདེབས་བདུད་དཔུང་ཀུན་འཇོམས།   བརྒྱུད་པའི་མཚན་དོན་འདོད་རྒུ་ལྷུན་གྲུབ།   འགུགས་འདྲེན་ [126b] གློག་ཞགས་མ།   གསོལ་མཆོད་ཡོན་ཏན་ལྷུན་གྲུབ།   དམོད་ཕྲིན་འཆི་བདག་ལས་ཀྱི་གཤིན་རྗེའི་རྐན་སྒྲ་ཁྲག་མཚོ་ཁོལ་མ་བཅསགཏེར་ཆེན་ཉིད་ཀྱི་ཞལ་གསུང་མ།   སྙན་བརྒྱུད་པདྨ་འོད་འབར་གྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ཏོག་གི་ཕྲེང་བ་ཚེ་དབང་ནོར་བུའི་གསུང་བཅས།   
༈     །སྤུ་རི་དྭགས་རྫོང་ཕུག་ནས་གདན་དྲངས་པའི་ཟབ་དོན་གསང་བ་སྙིང་ཐིག་གི་སྐོར་ཐོབ་ཚུལ་ལ།   དབང་རྣམས་གཏེར་གཞུང་བཞིན་ནོས་ནས།   ལུང་ལ་སྐོར་ཚོ་གསུམ་ལས།   དང་པོ་རྩ་གསུམ་གྱི་དབང་དང་བསྐྱེད་རྫོགས་སྐོར་ལ།   ཐེམ་ཡིག་གསལ་བའི་མེ་ལོང་།   བདེ་མཆོག་འཁོར་ལོའི་དབང་ཆོག་ཡིད་བཞིན་ནོར་བུ།   ཕག་མོའི་དབང་ཆོག་ཟབ་པའི་མཐར་ཐུག   །ཚེ་སྒྲུབ་དབང་ཆོག་དངོས་གྲུབ་ཀུན་འབྱུང་།   བླ་མའི་དབང་མཆོག་ཡིད་བཞིན་ནོར་བུ།   ཕྱི་སྒྲུབ་དགོས་འདོད་རེ་སྐོང་།   ནང་སྒྲུབ་སྙིང་གི་ཐིག་ལེ།   གསང་སྒྲུབ་ཟབ་མོ།   ཕག་མོའི་གསང་སྒྲུབ་ཡིད་བཞིན་ནོར་བུ།   ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ།   མ་ཧཱ་གུ་རུའི་སྒྲུབ་པ།   བདེ་མཆོག་ཚེ་སྒྲུབ་ཟབ་མོ།   ལས་བྱང་ནོར་བུ་པདྨའི་ལྗོན་ཤིང་།   རྫོགས་རིམ་སྤྱི་ཏིའི་ཁྲིད་གཞུང་ཆོས་ཉིད་རང་གྲོལ།   བཏགས་གྲོལ་སྒྲིབ་སྦྱོང་འོད་ [127a]  སྐུ།   ཁ་སྐོང་ལས་བཞི་མྱུར་འགྲུབ་སྦྱིན་སྲེག་བཅས།   གཉིས་པ་མགོན་པོའི་སྐོར་ལ།   ཡེ་ཤེས་མགོན་པོའི་དབང་ཆོག་གདུག་པ་ཀུན་འདུལ།   སྲོག་དབང་དམར་ནག་མེ་ཕྲེང་།   གསང་སྒྲུབ་ཟབ་མོ།   ཙ་ཏི་དབང་ཕྱུག་མའི་གསང་སྒྲུབ།   བྱ་རོག་གདོང་གི་སྒྲུབ་པ།   འབར་མའི་གསང་སྒྲུབ།   ཁྱབ་འཇུག་གསང་སྒྲུབ།   དཔལ་མགོན་རྒྱུ་དུས་བསྟན་པ་ལས་ཀུན་མྱུར་འགྲུབ།   ཁ་ཁ་མུ་ཁའི་བརྟག་ཐབས་མངོན་རྟོགས་ཕྲིན་ལས་མྱུར་འགྲུབ།   ཕྲིན་ལས་རང་གཞུང་དགྲ་བགེགས་ཚར་གཅོད།   བསྐུལ་བྱང་དམོད་བཅོལ།   མངའ་གསོལ།   བསྐང་བ།   མདོས་ཁྲག་མཚོ་ཁོལ་མའི་རྒྱུད་ལས་བཏུས་པ།   མདོས་ཀྱི་རྫོང་འདེབས་སྒོ་དབྱེ་ལམ་བསྟན་ཟོར་ལམ་སྤུ་གྲི་རེག་གཅོད།   མགོན་པོའི་གསོལ་ཀ་བཅས།   གསུམ་པ་ཐེམ་མེད་སྐོར་ལ།   བདེ་མཆོག་གི་བླ་རྡོ་ཙཀྲ་ཡིད་བཞིན་ནོར་བུ།   མགོན་པོའི་ལས་མཐའ་དམ་ཉམས་དགྲ་ཇག་བྲོས་ས་མགོ་འཁོར་བཅས་དང་།   ཁ་སྐོང་ལ་བདེ་མཆོག་གི་བླ་བརྒྱུད་གསོལ་འདེབས་གཏེར་ཆེན་ཞལ་གསུང་མ་བཅས་སོ།   །
༈     །ལྷ་རབ་རི་དབང་རྒྱལ་པོ་སྤུན་དགུའི་གཙོ་བོ་ཁྲོ་ཟིལ་ཕྲོམ་དཀར་ཡག་ཀེའུ་ [127b]   ཚང་ནས་གདན་དྲངས་པའི་ཡི་དམ་དམར་ནག་འཇིགས་གསུམ་གྱི་ཆོས་སྡེ་ལས།   འཇམ་དཔལ་གྱི་སྐོར་ཐོབ་པ་ལ།   འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་བཅས་ཀྱི་དབང་ཆོག་འཇམ་མགོན་ཡིག་ཆ་བཞིན་དང་།   འཇམ་དཔལ་ཚེ་དཔག་མེད་ཀྱི་དབང་གཏེར་གཞུང་ལྟར་ནོས་ནས།   ལུང་ལ་སྐོར་ཚོ་གཉིས་ཀྱི།   དང་པོ་སྨིན་བྱེད་ཀྱི་སྐོར་ལ།   འཇམ་མགོན་བླ་སྒྲུབ་ཤེས་རབ་བློ་འཕེལ་གྱི་དབང་ཆོག་བདུད་རྩིའི་བུམ་པ་བློ་གྲོས་ངེས་འབྱེད་རྒྱན་གྱི་འཁོར་ལོ།   འཇམ་མགོན་ཚེ་དཔག་མེད་ཀྱི་དབང་ཆོག་རིན་ཆེན་བུམ་བཟང་འཆི་མེད་དཔལ་སྟེར་བཅས།   གཉིས་པ་གདམས་པའི་སྐོར་ལ།   འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕྱི་སྒྲུབ།   ཨ་ར་པ་ཙའི་ནང་སྒྲུབ་བློའི་མུན་སེལ།   གསང་སྒྲུབ་བློ་གྲོས་པད་ཚལ་རྒྱས་བྱེད།   ཡང་གསང་གི་སྒྲུབ་པ་ཤེས་རབ་བསྐྱེད་བྱེད་བློ་ཡི་མུན་སེལ།   འཇམ་མགོན་བླ་མ་ཟུང་འཇུག་གི་སྒྲུབ་པ་ཡང་གསང་ཁོལ་དུ་སྦས་པ།   བློ་གྲོས་རྒྱས་བྱེད་ཟུང་འཇུག་གི་སྒྲུབ་པ་མཁའ་ཀློང་ཡངས་པ།   འཇམ་མགོན་བླ་མའི་སྒྲུབ་པ་བློ་གྲོས་གན་མཛོད།   འཇམ་དཔལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས།   བླ་རྡོ་ཙཀྲའི་རིམ་པ་ [128a] བློ་གྲོས་རབ་གསལ་མཁའ་ཀློང་ཡངས་པ།   ཟུང་འཇུག་མཁའ་ཀློང་ཡངས་པའི་དངོས་གྲུབ་འབྱུང་གཏེར་རྫས་ཀྱི་གདམས་པ།   དབྱངས་ཅན་དམར་མོའི་སྒྲུབ་པ་ཤེས་རབ་བསྐྱེད་བྱེད་བློ་གྲོས་རབ་ཡངས།   ཟིལ་ཁྲོམ་གནས་སྲུང་ལྕགས་སྒོ་ནག་པོ་བཅས།   འདིར་དེ་ཙམ་ལས་ཆོས་སྡེ་གཞན་རྣམས་གཏན་ལ་འབེབས་པ་མ་བྱུང་བ་འདྲ་སྟེ་མི་སྣང་ངོ་།   །
༈     །དཔལ་གྱི་བསམ་ཡས་རྡོ་རྗེའི་ཀློང་སྒྲོམ་ནས་མ་འགགས་རྫུ་འཕྲུལ་གྱི་བཀོད་པས་གདན་དྲངས་པའི་ཟབ་ཆོས་རིག་འཛིན་འདུས་པའི་སྐོར་ཐོབ་པ་ལ།   སྨིན་དབང་འཇམ་མགོན་གུ་ཎའི་ཡིག་ཆ་བཞིན་ནོས་ཏེ།   ལུང་ལ།   མྱོང་གྲོལ་ཡིད་བཞིན་ལྔ་ཚན་རེག་པ་དོན་ལྡན་གྱི་དཀར་ཆག   །འཕེལ་གདུང་མཐོང་བ་དོན་ལྡན་གྱི་དཀར་ཆག་ཐོས་པ་དོན་ལྡན།   ཚ་བ་དམར་ཐག་གི་དབང་ཆོག་གཞོམ་མེད་རྡོ་རྗེའི་རྒྱ་མདུད།   གསོལ་འདེབས་རྡོ་རྗེའི་རྒྱ་མདུད།   ཚེ་སྒྲུབ་རིག་འཛིན་སྲོག་ཐིག་ཚ་བ་དམར་ཐག   །ཡང་གསང་རིག་འཛིན་འདུས་པ་བླ་མའི་ཕྲིན་ལས་རང་གཞུང་།   མངོན་རྟོགས་ཡིད་བཞིན་ནོར་བུ་པདྨའི་ལྗོན་ཤིང་ཕྲེང་བ།   རྩ་གསུམ་ཀུན་འདུས་ཀྱི་སྲོག་སྒྲུབ་ཡང་ཏི་ནག་པོ་ [128b] གསེར་གྱི་འབྲུ་གཅིག་པ།   ཞང་བློན་དམ་ཅན་སྡེ་དགུའི་མཆོད་བསྟོད་དགྲ་བགེགས་ཀུན་འཇོམས་གནམ་ལྕགས་སྤུ་གྲིའི་འཁོར་ལོ།   རྨ་ཆེན་སྤོམ་རའི་གསོལ་མཆོད་འདོད་རྒྱུ་མྱུར་སྟེར།   སྤོམ་རའི་གསོལ་ཁ་ཕྲིན་ལས་ལྷུན་གྲུབ།   བསྐུལ་བ་དགྲ་གཤེད་ནག་པོ།   བླ་མ་རིག་འཛིན་འདུས་པའི་ལས་ཚོགས་ཁོལ་དུ་ཕྱུངས་པ་བཅས་དང་།   རིག་འཛིན་རྩ་གསུམ་ཀུན་འདུས་ཀྱི་སྲོག་སྒྲུབ་པདྨ་ཡང་རིག   །གཏུམ་དྲག་མདོག་དམར་མེ་ཕྲེང་གི་སྲོག་སྒྲུབ།   མ་ཧཱ་གུ་རུ་དབང་དྲག་ཐོད་ཕྲེང་གི་ལས་བྱང་སྒྲུབ་མཆོད།   དེའི་སྲུང་མ་མ་མགོན་སྡེ་བརྒྱད་ཀྱི་མཆོད་བསྟོད་གདུག་པ་ཚར་གཅོད་བཅས།   
༈     །དར་སྣང་བདུད་རི་གནམ་ལྕགས་འབར་བའི་མགུལ་ནས་སྤྱན་དྲངས་པའི་སྒྱུ་འཕྲུལ་ཞི་ཁྲོ་བཀའ་འདུས་ཀྱི་སྐོར་ཐོབ་པ་ལ།   དབང་གཏེར་གཞུང་བཞིན་ནོས་ནས།   ལུང་ལ་སྐོར་ཚོ་གསུམ་ལས།   དང་པོ་བྱིན་རླབས་དབང་གི་སྐོར་ལ།   དབང་གི་སྟ་གོན་གཅིག་ཤེས་ཀུན་གྲོལ་སྐལ་བཟང་མགྲིན་རྒྱན།   རིག་པའི་དབང་དུག་ལྔ་རང་གྲོལ།   ལྷ་དབང་ཡེ་ཤེས་མཐོང་གྲོལ།   དབང་བཞི་ན་རག་དོང་སྤྲུགས་འཕྲད་ཚད་ཡེ་ཤེས་ཀློང་གྲོལ་བཅས།   གཉིས་པ་དཀྱིལ་ [129a] འཁོར་སྒྲུབ་མཆོད་སྐོར་ལ།   ཞི་བ་ལུས་དཀྱིལ་གྱི་ཆོ་ག་ཕུང་ཁམས་ཡེ་གྲོལ།   སྤྱན་འདྲེན་ཡེ་ཤེས་ཀློང་གྲོལ།   མདུན་བསྐྱེད་གཉིས་འཛིན་རང་གྲོལ།   བུམ་བསྐྱེད་ཡེ་ཤེས་རང་གྲོལ།   ཚོགས་མཆོད་དགྱེས་བསྐང་ཀློང་གྲོལ།   མདངས་བསྐང་རང་བྱུང་ཀུན་གཞི་རང་གྲོལ།   ཕྱག་མཆོད་སྡིག་སྒྲིབ་རང་གྲོལ།   འགྱོད་ཚངས་བཤགས་པ་ན་རག་རང་གྲོལ་དང་བཤགས་བྱང་ཆོས་ཉིད་རང་གྲོལ་བཅས།   གསུམ་པ་ལས་རབ་འབྱམས་ཀྱི་སྐོར་ལ།   ལྷོ་སྒོ་སྒྲིབ་སྦྱོང་དག་བྱེད་ཡེ་ཤེས་འོད་སྐུ།   དཔལ་མགོན་མེ་དབལ་མ་ནིང་ནག་པོའི་ཕྲིན་ལས་རང་གཞུང་དགྲ་ལས་རྣམ་རྒྱལ།   འབར་མའི་འཆི་བསླུ་ཀ་དག་འོད་ཕུང་།   འབར་མ་ནག་པོའི་ལས་གཞུང་ཟློག་སྒྱུར་ཀུན་ཐུབ་རྒྱལ་མོ།   འབར་མ་ནག་པོའི་ལས་རིམ་ཟློག་པའི་ཙཀྲ།   འབར་མའི་དམ་བཞག་ལྡེབ་བྱང་།   ཡིག་བརྒྱའི་འབྲུ་འགྲེལ་བྱང་གཅིག་མ་བཅས་དང་།   ཁ་སྐོང་ལ།   གསོལ་འདེབས་དབང་བཞི་ཡེ་རྫོགས།   མཚན་དོན་གཟི་བྱིན་མྱུར་སྩོལ་བཅས་སོ།   །
༈     །བྱ་ཕུ་ལྕགས་ཕུར་ཅན་ནས་གདན་དྲངས་པའི་མགོན་པོ་ཞལ་བཞི་པའི་སྐོར་ཐོབ་པ་ལ།     [129b] ཙ་ཏུར་མུ་ཁའི་གསང་སྒྲུབ་མེ་ལོང་གི་སྤུ་གྲི་དགྲ་བགེགས་ཀྱི་སྲོག་གཅོད་གྲི་གུག་འབར་བའི་རྒྱ་ཅན།   བསྙེན་སྒྲུབ་ལས་སྦྱོར་ཚངས་པ་ལྷའི་རྔ་སྒྲ་གནམ་ལྕགས་ཐོག་མདའ་འདོད་རྒུ་ལྷུན་གྲུབ།   བླ་རྡོ་སྲོག་གི་ཙིཏྟ་དམར་འབྱིན་འདོད་རྒུ་བསམ་འཕེལ་རཏྣ་འབར་བའི་རྒྱ་ཅན།   མཆོད་བསྟོད་ཕྲིན་ལས་རང་གཞུང་དགྲ་བགེགས་དཔུང་འཇོམས།   རྒྱུན་ཁྱེར་གྱི་གཏོར་ཟློག་གུད་སྦས་གནམ་ལྕགས་ཐོག་མདའ།   དམོད་བཅོལ་བསྐུལ་ཕྲེང་སྤུ་གྲི་རེག་གཅོད།   རྒབ་འདྲེ་དམ་སྲི་སྤུན་གསུམ་གྱི་མནན་པ།   སྤུ་གྲི་མཚོན་ཆའི་འཁོར་ལོ།   རྒབ་འདྲེ་མནན་པ་མ་ཧཱ་བྷ་ལ།   ནང་སྒྲུབ་དབང་ཕྱུག་ཆེན་པོའི་སྐོར་ལ།   སྣང་བ་དབང་སྡུད་ཀྱི་འཁོར་ལོ་ལ་བརྟེན་ནས་ཕོ་མོ་དབང་སྡུད་གསང་སྒྲུབ་སྲོག་གི་ཏི་ཀ   །   འཇིག་རྟེན་དབང་ཕྱུག་དམར་པོ་སྲིད་གསུམ་གཡོ་བྱེད་སྙིང་འཛིན་ལྕགས་ཀྱུ་དམར་པོའི་སྒྲུབ་ཐབས།   ཡང་གཅེས་གནད་ཀྱི་ཞལ་གདམས་ཤོག་དྲིལ་སྲོག་གི་ཐིག་ལེ།   གྲགས་པ་སྒྲུབ་པ་ཕྱི་སྒྲུབ་ཉི་ཟླ་རླུང་གི་འཁོར་ལོ།   ཡང་གཅེས་དྲིལ་སྒྲུབ་སྙིང་གི་ཐིག་ལེ་སྲིད་གསུམ་གཡོ་བྱེད་རླུང་གི་ཞགས་པ།   ཡོན་ཏན་སྒྲུབ་པའི་ཡང་གཅེས་དབང་སྒྲུབ་རླུང་གི་  [130a] ཞགས་པ་ཞལ་གདམས་གསང་བའི་ཐུགས་ཏིག   །ནང་སྒྲུབ་ཟས་ནོར་སྒྲུབ་པ་ནོར་བུ་བསམ་འཕེལ།   དམིགས་པའི་འཁྲུལ་འཁོར་སྙིང་གི་ཐིག་ལེ་རཏྣ་འབར་བའི་རྒྱ་ཅན།   སྲོག་ཡིག་སྙིང་གི་ཐིག་ལེ།   གནད་གཅིག་ཡིད་བཞིན་འདོད་རྒུ་རྒྱ་མཚོའི་དཔག་བསམ་ལྗོན་ཤིང་།   དམ་ཉམས་སློབ་མ་ལོག་སྤྱོད་ཅན་ལ་རྟགས་མྱུར་དུ་བསྟན་ཐབས་ཉམས་པའི་སྲོག་འཕྲོག་དམར་ནག་བཅས།   
༈     །མདོ་ཁམས་སུ་རངས་རྡོའི་མཆོད་རྟེན་ནས་རྣལ་འབྱོར་དུང་ཕྲེང་ཅན་གྱིས་བཏོན་ནས་རིག་འཛིན་བདུད་འདུལ་རྡོ་རྗེ་ལ་བཀའ་བབས་པ་མགོན་པོ་སྟག་ཞོན་གྱི་ཆོས་སྐོར་ལ།   ཡི་དམ་དགོངས་པ་འདུས་པ་ལས་བསྟན་སྲུང་ཆེན་པོ་དཔལ་མ་ཧཱ་ཀ་ལ་སྟག་ཞོན་ལྕམ་དྲལ་གྱི་ལོ་རྒྱུས་ཚངས་པའི་རྔ་སྒྲ།   དུས་ཚིག་གི་ལུང་བྱང་ཀུན་གསལ་མེ་ལོང་།   ཕྲིན་ལས་ལམ་ཁྱེར་བསྡུས་པ།   སྦྱོར་ཡུམ་དཔལ་འབར་ནག་མོའི་ཐུན་གྱི་སྒྲུབ་པ་དགྲ་བགེགས་ཁ་ཕུང་དུ་གཏོང་བ།   མཆོད་བསྟོད་དགྲ་འདུལ་ཕྲིན་ལས་ལྷུན་གྲུབ།   དྲིལ་སྒྲུབ་གནམ་ལྕགས་སྤུ་གྲི་ལྟ་བུའི་ཨུ་པ་ངྷེ་ཤ   །   ཤི་ས་བསྟན་པ་ཕ་ལམ་རྡོ་རྗེ་ལྟ་བུའི་ཨུ་པ་ངྷེ་ཤ   །    [130b] མ་གྲུབ་སྤོག་ཆོག་རྒྱལ་པོ་ལྟ་བུའི་ཨུ་པ་ངྷེ་ཤ  །   མན་ངག་སྙིང་དགོངས་ཐིག་ལེ་ཡིད་བཞིན་ནོར་བུ་ལྟ་བུའི་ཨུ་པ་ངྷེ་ཤ   །   མན་ངག་ལག་ལེན་དཔག་བསམ་ལྗོན་ཤིང་ལྟ་བུའི་ཨུ་པ་ངྷེ་ཤ   །   ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཨུ་པ་ངྷེ་ཤ །   མངོན་སྤྱོད་དྲག་པོའི་གདམས་ངག་ཨུ་པ་ངྷེ་ཤ   །   སྐུའི་མགོན་པོ་བདུད་རྒྱལ་ལྕགས་ཀྱི་མོན་པའི་སྒྲུབ་པ་དགྲ་སྲོག་གཅོད་པའི་སྤུ་གྲི།   གསུང་གི་མགོན་པོ་ཟངས་མདོག་དམར་པོའི་སྒྲུབ་པ་དགྲ་སྲོག་གཅོད་པའི་སྤུ་གྲི།   ཐུགས་ཀྱི་མགོན་པོ་ཀླུ་བདུད་ནག་པོའི་སྒྲུབ་པ་དགྲ་སྲོག་གཅོད་པའི་སྤུ་གྲི།   ཡོན་ཏན་གྱི་མགོན་པོ་སྐྱེས་བུ་སྤྱང་ཞོན་ཅན་གྱི་སྒྲུབ་པ་དགྲ་ལ་ལྟས་ངན་གྱི་དམག་ཚོགས་འགྱེད་པའི་སྤུ་གྲི་རེག་གཅོད།   ཉམས་པ་མྱུར་སྒྲོལ་སྤུ་གྲི་རེག་གཅོད་ཏེ་ཕུ་ནག་པོའི་ཨུ་ངྷེ་ཤ   །   ཐུགས་ཀྱི་ལས་མཁན་མོ་རྡོ་རྗེ་སྡེར་མོའི་སྒྲུབ་པ་དགྲ་གཤེད་སྲོག་རླུང་དམར་ནག   །ཕོ་ཉ་སྲོག་བདག་གི་སྒྲུབ་པ་དགྲ་ལ་སྨྱོ་འབོག་གཏོང་བ་ཕུང་བྱེད་སྙིང་ཆུ་དམར་ནག   །བསྐུལ་པ་གནམ་ལྕགས་ཐོག་མདའ་བཅས་སོ།   །
༈     །སྙན་བརྒྱུད་སྐོར་ཇི་ལྟར་ཐོབ་ཚུལ་ལ།   སྙན་བརྒྱུད་རིན་པོ་ཆེའི་ [131a] མཛོད་ཁང་ཟབ་མོ་གཏེར་གྱི་རྒྱན་འཁོར་ལས་དབང་ཆོག་ཡེ་ཡིན་དང་རྫོགས་སྐུ་བཞི་ལྷུན་གྲུབ་གསེར་གྱི་མཆོད་སྡོང་བདུད་བཞིའི་དཔུང་འཇོམས།   རྩ་བ་སྒྲུབ་དཀྱིལ་འཆི་མེད་དཔལ་སྟེར་འཆི་བདག་བདུད་འཇོམས།   སྙན་བརྒྱུད་ཐང་ལུགས་ཚེའི་སྒྲུབ་པ་སྙན་བརྒྱུད་ཡིད་བཞིན་ནོར་བུ་རིན་པོ་ཆེའི་སྤར་ཁབ་འཆི་མེད་ཚེའི་སྒྲུབ་པ་བདུད་རྩིའི་བུམ་པ་ཨ་ཡུ་མདའ་འཐེན་འཆི་བདག་བདུད་འཇོམས།   དབང་ཆོག་བྱིན་རླབས་སྤྲིན་ཕུང་འཆི་བདག་བགེགས་འཇོམས་བཅས་ལེགས་པར་ཐོབ་བོ།   །དེ་ལྟར་ཟབ་ཆོས་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི།   ཆོས་སྐུ་སྣང་བ་མཐའ་ཡས།   ལོངས་སྐུ་ནམ་མཁའི་རྒྱལ་པོ།   སྤྲུལ་སྐུ་པདྨ་ཐོད་ཕྲེང་།   མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།   འབྲོག་བན་ཁྱེའུ་ཆུང་ལོ་ཙཱ།   གཏེར་ཆེན་བདུད་འདུལ་གླིང་པ།   རྒྱལ་སྲས་རྡོ་རྗེ་མཐོང་གྲོལ།   རིག་འཛིན་འཆི་མེད་རྡོ་རྗེ།   གར་དབང་ཕྲིན་ལས་ནོར་བུ།   མཆོག་གྲུབ་ཆོས་ཀྱི་རྒྱ་མཚོ།   འགྲོ་འདུལ་སྐལ་བཟང་རྡོ་རྗེ།   ཁྱབ་བདག་བསྟན་འཛིན་འཕེལ་རྒྱས་ཏེ།   གཏེར་ཆེན་ནས་འདིའི་བར་གྱི་བརྒྱུད་རིམ་རྣམས་ཉིད་ཀྱི་གཏེར་སྲས་རིགས་དབོན་གདུང་བརྒྱུད་གྲུབ་པ་ [131b] ཐོབ་པའི་སྐྱེས་བུ་ཤ་སྟག་ཡིན་ལ།   དེ་ལས་འཁོར་ལོའི་མགོན་པོ་གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འདུས་པ་རྩལ།   དེ་ཉིད་ཀྱི་ཞལ་སྔ་ནས་བདག་འབྲོག་བན་ལོ་ཙཱ་སྐྱེས་རབས་ཀྱི་ཕྲེང་བའི་གྲལ་དུ་བྱིན་རླབས་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་པ་ཆེན་པོས་རབ་ཏུ་གཅེས་པའི་ནོར་གྱི་དབྱིག་ཏུ་སྩལ་བར་མཛད་པ་སྟེ།   སྔོན་དགེའི་ལས་འཕྲོའི་བག་ཆགས་མི་དམན་པས་ཤིན་ཏུ་སྐལ་པ་བཟང་བར་སེམས་པ་ཡིན་ནོ།   །
༈     །ད་ནི་དེ་དང་རྗེས་སུ་འབྲེལ་བར་བཀའ་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་ཐོབ་པ་ལ་སྐོར་ཚོ་བདུན་ལས།   དང་པོ་དག་སྣང་གི་སྐོར་ལ།   དག་སྣང་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་སྐྱོ་བསང་མ།   གསང་བའི་དག་སྣང་མནལ་ལམ་གསང་བ་ཡང་ཁོལ་བཀའ་རྒྱ་ཅན།   དག་སྣང་འོད་ཟེར་གྱི་འཇའ་གུར་དག་སྣང་མནལ་ལམ་སུརྱ་རསྨི།   ཐོགས་མེད་མཁའ་ལྡིང་གི་རྒྱལ་པོས་ཐོག་མཐའ་བར་དུ་སྤྲུལ་བསྒྱུར་འགྱེད་ཚུལ་དང་བན་བོན་གྱི་གནས་ཡིག་འབྲེལ་བ་དོན་ལྡན་འཁོར་བ་དོང་སྤྲུགས།   མནལ་ལམ་ཕྲན་བུ་ཆོས་དབྱིངས་རྡོ་རྗེའི་བརྟན་བཞུགས།   གཟིགས་སྣང་དུས་རེ་ཞིག་མ་བཅས།   
༈     །གཉིས་པ་ཉམས་མགུར་ཞལ་ [132a] གདམས་ཀྱི་སྐོར་ལ།   ཅང་ཤེསལྟ་བུའི་དམ་བཅའ་ཉེར་གཅིག་སྣང་སྟོང་སྒྱུ་མ་རྡོ་རྗེའི་གླུ།   མི་སྨྱོན་བདུད་འདུལ་རྡོ་རྗེའི་གླུ་སྨྱོན་ཡིད་སྐྱོ་མ།   བརྡ་ཆོས་རྡོ་རྗེའི་གླུ།   སྐུར་འདེབས་མཁན་ལ་སྐྱོ་བ་སྐྱེས་ནས་གླུ་སྨྱོན་རྡོ་རྗེའི་ཉམས་དབྱངས་མ།   དུས་ལ་སྐྱོ་བའི་གླུ་སྨྱོན་རྡོ་རྗེའི་ལྡེའུ་མིག   །སྒྲོ་སྐུར་འདེབས་པ་མཐོང་ནས་ཡིད་སྐྱོ་བའི་གླུ།   སྨྱོ་གླུ་ཐོལ་བྱུང་མ།    ལུང་བསྟན་ཡིན།    དྲེད་པོ་རྟག་འཛིན་ཅན་ལ་སྐྱོ་བའི་གླུ་སྨྱོན་རྡོ་རྗེའི་ཐར་ལམ།   ཕ་མཆོག་མངྒ་ཨ་ཡུའི་མཛད་སྤྱོད་ཡིད་ལ་དྲན་པའི་གླུ།   གླུ་སྨྱོན་ཐར་པའི་ལམ་མཆོག   །བསྐྱེད་རྫོགས་ཟུང་འཇུག་གི་རྒྱང་གླུ།   ཉམས་རྟོགས་ཟུང་འཇུག་གི་ཐོལ་གླུ།   ཆོས་བྲོ་ཀ་དག་ཆོས་དབྱིངས་མ།   གླུ་སྨྱོན་རྡོ་རྗེའི་ཐ་ཚིག་མ།   རྦད་རྒོག་མགུར་མ་ཀུན་ཁྱབ་ཆོས་དབྱིངས་མ།   ངོ་མཚར་སྐུ་དྲིན་ཆེ་བའི་གླུ་སྨྱོན་རྡོ་རྗེའི་གད་རྒྱང་མ།   སྙིང་གཏམ་ཚིག་ལྔ།   སྤུ་སྟོད་གྲོང་བའི་དད་ལྡན་ཕོ་མོ་རྣམས་ལ་གཞན་ལ་འགྲོ་དུས་གསུངས་པ་སྒྱུ་མའི་གླུ་དབྱངས།   སྤུ་བོ་བྲ་གད་རི་ཁྲོད་དུ་གསུངས་པའི་གླུ།   ཡང་ཕ་བཀའ་དྲིན་འཁོར་མེད་མ།   སྤུ་བོ་འདོང་ཆུ་རིག་འཛིན་གསང་ཕུག་ནས་ཁྲོམ་གཏེར་འདོན་པའི་དུས་གསུངས་ [132b]   པ།   རྒྱས་དར་ཆོས་ལྡིང་རི་ཁྲོད་དུ་གསུངས་པ།   མི་སྨྱོན་བདུད་འདུལ་རྡོ་རྗེས་བུ་སྨྱོན་ནོར་འཛིན་ལ་གདམས་པ།   གླུ་སྨྱོན་ལྗོན་ཚལ་གུར་འདབས་སུ་སྨྲས་པ།   སྐལ་ལྡན་ཨོ་རྒྱན་རྣམ་རྒྱལ་ལ་གདམས་པ།   ཡང་ཨོ་རྒྱན་རྣམ་རྒྱལ་ལ་གདམས་པ།   ཨོ་རྒྱན་བསྟན་སྲུང་ལ་གདམས་པ།   འཁྲུལ་ཞིག་ཀུན་བཟང་བཀྲ་ཤིས་ལ་གདམས་པ་ཀ་སྨད་སུམ་ཅུའི་ཚིགས་བཅད།   འཚོ་བྱེད་ཀརྨ་ཚེ་བརྟན་ལ་གདམས་པ་འཕགས་པའི་ནོར་བདུན་སྐལ་ལྡན་མ།   དགེ་སློང་ཀརྨ་ཆོས་འཁོར་ལ་གདམས་པ་ཉམས་ཀྱི་དབྱངས་ཆུང་།   མི་དབང་ཀརྨ་བསམ་འགྲུབ་ལ་གདམས་པ་དྲི་མེད་པད་དཀར།   ཀརྨ་རིན་ཆེན་ལ་གདམས་པའི་སྙིང་པོ་དོན་ལྡན་མ།   ཆོས་མཛད་མ་ཨོ་རྒྱན་སྐྱིད་ལ་གདམས་པའི་གླུ།   མཁས་སྤྱོད་འོད་གསལ་མཆེད་གཉིས་ལ་གདམས་པ་ཉམས་ཀྱི་དབྱངས་ཆུང་།   རྒྱ་རོང་རིག་འཛིན་ཕུན་ཚོགས་ལ་གདམས་པ།   ཡང་དུས་གསུམ་རྒྱལ་བའི་བཀའ་སོགས།   ཆང་གི་ཉེས་དམིགས།   གསང་སྔགས་ཆོས་སྒར་གྱི་བཅའ་ཡིག   །ཆོས་སྒར་བཅའ་ཡིག་བསྡུས་པ་བཅས།   
༈     །གསུམ་པ་གསོལ་འདེབས་ཀྱི་སྐོར་ལ།   རྒྱལ་བ་དགོངས་བརྒྱུད་ཀྱི་ [133a] གསོལ་འདེབས་མཁའ་དབྱིངས་མ།   རིག་འཛིན་བརྡ་བརྒྱུད་ཀྱི་གསོལ་འདེབས་ཨུཏྤ་ལའི་ཕྲེང་བ།   རྒྱལ་བ་དགོངས་བརྒྱུད་ཀྱི་གསོལ་འདེབས་བསྡུས་པ་མུ་ཏིག་ཕྲེང་བ།   གང་ཟག་སྙན་བརྒྱུད་ཀྱི་གསོལ་འདེབས་རྒྱས་པ།   གང་ཟག་སྙན་བརྒྱུད་ཀྱི་གསོལ་འདེབས་ཁྱབ་བརྡལ་མ།   སྨོན་ལམ་གཏེར་བརྒྱུད་ཀྱི་གསོལ་འདེབས་ཀུན་ཁྱབ་གསེར་ཕྲེང་།   གུ་རུ་པདྨ་ལ་གསོལ་བ་འདེབས་པ་མུ་ཏིག་ཕྲེང་བ།   ཡང་ཀུན་ཁྱབ་གསེར་ཐག་ཕྲེང་བ།   ཕྱི་ནང་གསང་བའི་གསོལ་འདེབས་བྱིན་རླབས་སྤྲིན་འཕྲོ་མ།   རྫོགས་ཆེན་གསོལ་འདེབས་རིན་ཆེན་གསེར་ཕྲེང་།   རྡོ་རྗེ་ཕུར་པ་བཀའ་མ་ས་ལུགས།   བརྒྱུད་འདེབས་རིན་ཆེན་གསེར་ཕྲེང་།   བདུད་འདུལ་རྡོ་རྗེའི་སྐྱེ་བརྒྱུད་གསོལ་འདེབས་མུ་ཏིག་ཕྲེང་བ།   རྣམ་ཐར་གསོལ་འདེབས་འབྲལ་བ་རང་གྲོལ།   སྐྱེས་རབས་གསོལ་འདེབས་མདོར་བསྡུས་ཀུན་བཟང་མ།   ཨབ་ལུས་བསྐུལ་བའི་གསོལ་འདེབས་ཚིག་ལྔ།   བོན་ཞིག་ཚེ་དབང་གཡུང་དྲུང་མཐོང་གྲོལ་གསལ་གྱི་གསོལ་འདེབས།   དམ་ཆོས་ཀློང་གསལ་སྙིང་ཐིག་ལས་བརྒྱུད་པའི་གསོལ་འདེབས་ཚངས་པ་ལྷའི་རྔ་སྒྲ།   དམ་ཆོས་ངལ་གསོ་སྐོར་གསུམ་ [133b] ལས་དགེ་གསུམ་དོན་ཁྲིད་བྱང་ཆུབ་ལམ་བཟང་གི་བརྒྱུད་ལྔའི་གསོལ་འདེབས་གཟི་བྱིན་འོད་འབར།   ཨོ་རྒྱན་གླིང་པའི་བཀའ་ཐང་སྡེ་ལྔའི་ངེས་པ་དོན་བརྒྱུད་ཀྱི་གསོལ་འདེབས་ཚངས་པ་ལྷའི་སྒྲ་དབྱངས།   ལེའུ་བདུན་མའི་ཉེ་བརྒྱུད་གསོལ་འདེབས་མུ་ཏིག་ཕྲེང་བ།   དབང་ཆེན་སྤྲུལ་སྐུ་མ་ཎི་ཀི་རྟིའི་སྐུ་ཕྲེང་གསོལ་འདེབས་ཚངས་པ་ལྷའི་རྔ་སྒྲ།   རིག་འཛིན་ཉེ་བརྒྱུད་ཀྱི་གསོལ་འདེབས་གསེར་ཐག་གི་ཕྲེང་བ།   གསོལ་འདེབས་མུ་ཏིག་གི་ཕྲེང་བ་ཕོ་ཉ་མྱུར་འབོད།   བདུད་འདུལ་རྡོ་རྗེའི་ཕྱི་ནང་གསང་བའི་གསོལ་འདེབས་བྱིན་རླབས་མྱུར་སྩོལ།   ངེས་དོན་གསོལ་འདེབས།   བདུད་འདུལ་རྡོ་རྗེའི་གསོལ་འདེབས་དྲན་པ་ཀློང་གྲོལ།   ཀུན་བཟང་དགོངས་པ་ཟང་ཐལ་གྱི་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་རྒྱན།   སྙན་བརྒྱུད་པདྨ་འོད་འབར་རམ་ཕྱག་ཆེན་གསོལ་འདེབས།   བླ་མ་སྐུ་གསུམ་གྱི་གསོལ་འདེབས་མ་བཅོས་མ།   ཡང་ཨོཾ་ཨཱཿཧཱུཾ་སྤྱི་གཙུག་བདེ་ཆེན་སོགས།   གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ   དུས་གསུམ་སངས་རྒྱས་ཀུན་བཟང་སོགས།   ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་ལ་གསུངས་པ་ཤླཽ་ཀ   །   ས་སྐྱིད་དགེ་བསྙེན་ལྷུན་གྲུབ་བཟང་པོ་ལ་གསུངས་པ།   དཔོན་པོ་པདྨ་ནོར་བུ་ལ་ [134a] གསུངས་པ།   མདོ་སྟོད་ཡར་ལུང་པའི་བཙུན་མ་ཀུན་བཟང་དབང་མོ་དང་ཀུན་བཟང་ཆོས་སྐྱིད་གཉིས་ལ་གསུངས་པ།   ཀུན་བཟང་བཀྲ་ཤིས་ལ་གསུངས་པ།   སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་གསུངས།   ན་མོ་གུ་རུ་སརྦ་སིདྡྷི་ཧཱུཾ་ཧྲཱིཿ   གདོད་མའི་མགོན་མཆོག་སོགས།   
༈      །   བཞི་པ་ལམ་རིམ་ཆོས་སྤྱོད་སྣ་ཚོགས་ཀྱི་སྐོར་ལ།   སྐྱབས་སེམས་བྱང་ཆུབ་སེམས་སྦྱོང་གི་སྡོམ་པ་འབོག་ཆོག   །བཟླས་པའི་ནུས་པ་སྟོབས་འབྱིན་གྱི་ངག་འདོན་གསལ་ཕྲེང་།   སྔོན་འགྲོ་བློ་ལྡོག་གི་རིམ་པ་ལམ་ཟབ་མོ་བླ་མའི་རྣལ་འབྱོར།   ལམ་རིམ་ཐར་པའི་གསེང་ལམ་བར་དོ་གཅེར་མཐོང་རང་གྲོལ་ཚ་བ་དམར་ཐག   །ཆུ་གཏོར་བསྔོ་བ་བདུད་རྩི་ཀུན་ཁྱབ་པདྨའི་ལྗོན་ཤིང་མི་ཟད་རྒྱན་འཁོར།   ཚོགས་སུ་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་མཛད་པའི་ལམ་རིམ་ཆོས་སྤྱོད་རྒྱུན་ཆགས་རབ་གསལ་རྣམ་གྲོལ་ཐར་གླིང་འདྲེན་པའི་ཀིང་རྟ།   ཐུན་མོང་མ་ཡིན་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲོལ་ཕུག་མགོན་མཆོག   །དྲུག་ཅུ་རྩ་གཉིས་དང་བསྐལ་བཟང་སངས་རྒྱས་ཁྲི་དྲུག་སྟོང་གི་ཕྱག་མཆོད་འཁོར་བ་དོང་སྤྲུགས་འབྲེལ་པ་ཐོབ་ཆོག   །བསང་མཆོད་བདུད་རྩི་ཀུན་ [134b] ཁྱབ་བདེ་དགེའི་རྔ་སྒྲ།   མེ་གསུར་འདོད་རྒུ་ཀུན་ཁྱབ་རྒྱན་གྱི་འཁོར་ལོ།   ཕུང་པོ་གཟན་དུ་བསྐྱུར་བ་ཀུ་སུ་ལུའི་ཚོགས་འཁོར།   སྤྱན་རས་གཟིགས་ཀྱི་བསྒོམ་རིམ་བཟླས་བརྗོད་ཕན་ཡོན་ཚངས་ལྷའི་རྔ་སྒྲ་འཁོར་བ་དོང་སྤྲུགས།   རྟ་མགྲིན་ནག་པོ་ཀླུ་འདུལ་གྱི་ཉམས་ལེན་རྒྱུན་ཁྱེར།   རང་ལུས་ཨ་ནུའི་ཚོགས་འཁོར་བདུད་རྩིའི་སྤྲིན་ཕུང་བསོད་ནམས་ཚོགས་རྫོགས།   རྩ་གསུམ་ཇ་མཆོད་བདུད་ཀྱི་ཀུན་ཁྱབ།   གུ་རུ་མཚན་བརྒྱད་ཀྱི་ཇ་མཆོད་འོད་ཟེར་ཕྲེང་བ།   རྩ་གསུམ་ཇ་མཆོད་བདུད་རྩིའི་སྤྲིན་ཕུང་།   ཨོ་རྒྱན་ལུང་རིག་གིས་ཞུས་པའི་ཇ་མཆོད།   གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ    ཧྲཱིཿདུས་གསུམ་རྒྱལ་ཀུན་རིགས་བདག་སོགས་ཇ་མཆོད།   གུ་རུ་པདྨ༴    སོགས།   ཧྲཱིཿ    དབྱིངས་ཉིད་མཁའ་དང་མཉམ་པའི་སོགས་ཇ་མཆོད།   ཧཱུྃ་ཧྲཱིཿ   རང་བྱུང་གྲུབ་བྷནྡྷའི་སོགས་གཏོར་བསྡོས་བསྡུས་པ།   ཕྱི་སྣང་ཡུལ་པད་འོད་ཀྱི་སོགས།   སྤྱི་གསོལ་འདོད་རྒུ་ལྷུན་གྲུབ།   བདུད་མགོན་ནག་པོ་ཆེན་པོའི་མཆོད་བསྟོད་རྡོ་རྗེའི་བྲག་རྫོང་དགྲ་བགེགས་རྡུལ་རློག   །ཆོས་འཁོར་སྐྱོང་བའི་གསོལ་མཆོད་དཔག་བསམ་ལྗོན་ཤིང་།   ཆོས་སྐྱོང་ཆེན་པོའི་གསོལ་མཆོད་འདོད་ [135a] རྒུ་ལྷུན་གྲུབ།   གཏེར་སྲུང་ཙ་ཏྲཱི་ནག་མོའི་གསོལ་མཆོད།   གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་སྲུང་མ་དབང་ཕྱུག་དགྲ་འདུལ་རྩལ་གྱི་གསོལ་མཆོད་འདོད་རྒུ་ལྷུན་གྲུབ།   ཤིང་སྒོ་གངས་རའི་སྲུང་མའི་གསོལ་མཆོད་དཔག་བསམ་ལྗོན་ཤིང་།   སྦས་ཡུལ་བྲག་གད་ལྗོངས་ཀྱི་སྲུང་མ་བདུད་བཙན་སྨན་གསུམ་གྱི་གསོལ་མཆོད་བཅས།   
༈     །ལྔ་པ་དཀར་ཆག་སྦས་བཤད་ཀྱི་སྐོར་ལ།   དམ་རྫས་རེག་པ་དོན་ལྡན་གྱི་ངེས་དོན་བདུད་འདུལ་རྡོ་རྗེའི་ངར་རྦད་རྣལ་འབྱོར་རོལ་པའི་དགའ་སྟོན་རྒྱན་གོས་ཀྱི་རྣམ་བཀྲ་ངར་རྦད་རྡོ་རྗེའི་ཐོལ་གླུ་མ་རྟོགས་ལོག་པར་རྟོགས་པའི་ཚང་ཚིང་བསྲེག་བྱེད་ཡེ་ཤེས་རབ་འབར།   རིག་འཛིན་ཆེན་པོ་པདྨའི་ལྷུག་ཞྭ་དྷཱ་ཀི་སྤྲིན་གྱི་ཕུང་པོ་མཐོང་གྲོལ་ཡེ་ཤེས་འོད་སྐུ།   ཨོ་རྒྱན་པད་ཞུ་ཡེ་ཤེས་མཐོང་གྲོལ་གཟི་བྱིན་རབ་འབར་གྱི་རྟོགས་བརྗོད།   སྐལ་བཟང་མགྲིན་རྒྱན་སྐུ་གསུམ་ཀློང་གྲོལ།   ཟབ་གཏེར་འདོན་པའི་གནས་དང་གཏེར་ཆོས་གཏེར་རྫས་སོགས་བཞུགས་ཚུལ།   ཆུ་རྟ་ལོ་ལ་ཆོས་འཁོར་སྐྱོང་བ་ཆེན་པོས་བོད་ཡུལ་དུ་འོང་དགོས་ཚུལ་གྱི་ཕེབས་སྒོ་ལ་བརྟེན་པའི་ཞུ་ཡིག   །གེ་སར་གྱི་ [135b] འབྲེལ་འབྱུང་ཤར་ཕྱོགས་ཀྱི་མི་དབང་རྣམས་ལ་ཕུལ་བའི་ཞུ་ཡིག   །མཆོག་གི་དཔལ་ལྡན་བླ་མ་དམ་པའི་དྲུང་དུ་ཞུ་ཡིག   །གསང་ཚིག་ཞལ་གདམས་སྐལ་ལྡན་མིའི་དབང་པོ་ནོར་བུ་འཛིན་པ་ཆེན་པོའི་དྲུང་དུ་ཞུ་བ།   ལགས་དམ་པ་ཉིད་འཇིགས་བྲལ་སེང་གེའི་ཁྲི་སོགས།   ཀཿཐོག་རིག་འཛིན་ཕུན་ཚོགས་ལ་འབུལ་ཡིག   །རིག་འཛིན་ཞལ་གདམས་སྤྲིང་ཡིག་ནོར་བུ་པདྨ་སོགས།   ཆོས་མཛད་མ་མཆོག་མོ་ལ་སྤྲིངས་པ།   མངའ་རིས་པ་ཨོ་རྒྱན་དཔལ་བཟང་ལ་སྤྲིངས་པ།   ང་ཡུལ་ཕྱོགས་འཛིན་ཀུན་བྲལ་སོགས།   རྡོ་མཁར་ན་ཡོད་པའི་དམ་ཉམས་འབྱུང་པོ་དེ་ལ་སྤྲིངས་པ།   རྫ་དགོན་གསོན་འདྲེ་ལ་སྤྲིངས་པ་བཅས།   
༈     །དྲུག་པ་གནས་ཡིག་བཀའ་བསྒོའི་སྐོར་ལ།   སྤུ་བོ་མདུང་ཆུ་ནས་གདན་དྲངས་པའི་བདེ་ཆེན་པདྨ་བཀོད་ཀྱི་གནས་ཡིག་ཐོས་པ་རང་གྲོལ།   གུ་རུའི་སྒྲུབ་གནས་དྭགས་རི་གསང་བ་གཉན་གྱི་དཀར་ཆག་ཚོར་བ་རང་གྲོལ།   ཚ་བ་སྒྲོ་བྲག་གི་གནས་ཡིག་ཁྱད་པར་ཅན་གུ་རུ་ཞི་ཕུག་གི་དཀར་ཆག   །དྲག་པོ་ཧཱུྃ་སྒྲུབ་ཕུག་གི་དཀར་ཆག   །ཨོ་རྒྱན་གླིང་ཕུག་གི་དཀར་ཆག   །བྲག་ཡང་རྫོང་གི་དཀར་ཆག   །བཀྲ་ཤིས་འཛོམས་ལུང་ [136a] གི་གནས་ཡིག   །གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་གནས་ཡིག་འོད་གསལ་རྡོ་རྗེའི་ཀློང་སྒྲོམ།   ཤིང་དགུ་གངས་རིའི་གནས་ཡིག་ཚོར་བ་རང་གྲོལ།   ཚ་བ་སྒང་སྐུ་ལྷ་རིག་འཛིན་གསང་ཕུག་གི་དཀར་ཆག་བདེ་ཆེན་ཐར་པའི་གྲུ་གཟིང་སྣང་བྱེད།   གུ་རུའི་སྒྲུབ་གནས་སྡེ་དགེ་ར་རུ་ཞེས་ཤེལ་རི་ལྷའི་གཞལ་ཡས་ཀྱི་དཀར་ཆག་ཚོར་བ་རང་གྲོལ།   ཤེལ་ལེ་རྒྱལ་དཀར་གྱི་གནས་ཡིག་ཐོས་གྲོལ་ཆེན་མོ།   སྐུ་གསུམ་བཅུད་དྲིལ་གྱི་གནས་བསྟོད་སྐུ་གསུམ་ཀློང་སྒྲོལ།    ཁྱུང་པོ་ནང་ངོ་ཐི་གཡུང་དྲུང་ཐིག་ལེའི་གནས་ཡིག་ཚོར་གྲོལ་དོན་ལྡན།   དཔལ་གྱི་རི་ཁྱིམ་ལྷ་རི་དཀར་ཆེན་གྱི་གནས་ཡིག་འབྲེལ་བ་དོན་ལྡན།   ཁྱུང་པོ་རྒོད་ཚང་གནས་ཡིག   ། སྡེ་དགེ་རུ་ཐོག་པདྨ་འོད་ཀྱི་གནས་ཡིག་ཚོར་བ་རང་གྲོལ།   ཤར་ཕྱོགས་དཔལ་གྱིས་སྲས་ཁྱུང་འབྲིའུ་རི་ཁྱིམ་གྱི་གནས་ཡིག་འཁོར་བ་དོང་སྤྲུགས།   དཔལ་གྱི་གནས་མཆོག་གཡུ་བྲག་ལྷ་རི་འོད་གསལ་བདེ་ཆེན་གསང་ཕུག་དཀར་ཆག་བདེ་ཆེན་ཐར་པའི་གྲུ་གཟིང་།   བདེ་ཆེན་པདྨ་བཀོད་པའི་མཁའ་འགྲོ་གདངས་ཀྱི་རྭ་བའི་གནས་ཡིག་ཚོར་གྲོལ་རེག་པ་ [136b] དོན་ལྡན་འོད་སྣང་།   དཔལ་གྱི་གནས་མཆོག་དགའ་བ་ལུང་གི་དཀར་ཆག་ཚོར་གྲོལ་རེག་པ་དོན་ལྡན།   སེང་ཁྲོམ་གངས་ཀྱི་ར་བའི་གནས་ཡིག་བདེ་ཆེན་ཐར་པའི་གྲུ་གཟིང་བཅས།   
༈      །   བདུན་པ་བརྟག་བཞུགས་སྨོན་ལམ་བཀྲ་ཤིས་ཀྱི་སྐོར་ལ།   རྒྱལ་སྲས་མ་ཎི་ཀིརྟིའི་བརྟན་བཞུག་རྡོ་རྗེའི་གུར་ཁང་།   པདྨ་དབང་དྲག་རྩལ་གྱི་བརྟན་བཞུགས་རྡོ་རྗེའི་རྒྱ་མདུད།   བརྟན་བཞུགས་རྟག་བརྟན་རྡོ་རྗེ།   གར་དབང་ཆོས་ཀྱི་རྒྱ་མཚོའི་གསོལ་འདེབས་བརྟན་བཞུགས།   མཁས་གྲུབ་ཨོ་རྒྱན་བསྟན་འཛིན་གྱི་སྐྱེས་རབས་བརྟན་བཞུགས་གསོལ་འདེབས།   ནམ་མཁའ་འཇིགས་མེད་ཀྱི་བརྟན་བཞུགས་རྡོ་རྗེའི་ཕྲེང་བ།   གྲགས་ལྡན་མ་དང་པདྨ་ལེགས་གྲུབ་བརྟན་བཞུགས།   རིག་འཛིན་པདྨ་དབང་རྒྱལ་གྱི་བརྟན་བཞུགས་འགྱུར་མེད་རྟག་བརྟན།   བརྟན་བཞུགས་གསོལ་འདེབས་རྡོ་རྗེའི་རྒྱ་མདུད།   སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་དད་པའི་གདུང་དབྱངས།   སྤྲུལ་སྐུ་མྱུར་འབྱོན་དཔག་བསམ་ལྗོན་ཤིང་།   ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་སྤྲུལ་སྐུ་ངོས་འཛིན་མཛད་དང་མཚན་རིག་འཛིན་པདྨ་རྣམ་པར་རྒྱལ་བ་ཞེས་གསོལ་བའི་ [137a] བརྟན་བཞུགས།   ཀརྨ་འགྱུར་མེད་བསྟན་པའི་ཉི་མའི་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས།   རིག་འཛིན་མི་འགྱུར་རྡོ་རྗེའི་བརྟན་བཞུགས་རྡོ་རྗེའི་རྒྱ་མདུད།   གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ་གཞན་དོན་དུ་གཤེགས་པའི་སྤྲུལ་སྐུ་ངོས་འཛིན་གནང་སྟེ་པདྨ་གར་དབང་དུ་མཚན་གསོལ་བརྟན་བཞུགས་རྡོ་རྗེའི་རྒྱ་མདུད།   ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་མཆོག་སྤྲུལ་འཁྲུངས་ཚུལ་བརྟགས་པའི་བཀའ་ཕྲ།   རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་བརྟན་བཞུགས་རྡོ་རྗེའི་རྒྱ་མདུད།   མཁས་གྲུབ་ཨོ་རྒྱན་བསྟན་འཛིན་གྱི་སྤྲུལ་སྐུ་སྐྱེས་མཆོག་བསྟན་འཛིན་གྲགས་པའི་བརྟན་བཞུགས།   ཐུགས་སྲས་པ་ཨོ་རྒྱན་རྒྱ་མཚོ་ལ་ལུང་བསྟན་དང་ཚེ་ཚད་མནང་བ་ནུས་ལྡན་རྡོ་རྗེའི་རྫུན་རིས་ཞེས་པ།   འགྲོ་འདྲེན་པདྨའི་མཚན་ཅན་ལ་ལུང་བསྟན་དང་ཚེ་ཚད་གནང་བ།   ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ལ་ལུང་བསྟན་དང་ཚེ་ཚད་གནང་བ།   སྟག་རས་ཀུན་བཟང་འོད་གསལ་སྙིང་པོས་ཞུས་པའི་གསང་བདག་རྡོ་རྗེའི་ཞབས་བརྟན་སྟག་བླ་རིག་འཛིན་རྣམ་རྒྱལ་ལ་གནང་བའི་རྣལ་འབྱོར།   པདྨ་རྡོ་རྗེ་ལ་ལུང་བསྟན་དང་ཚེ་ཚད་གནང་བ།   མཆོག་ [137b] གི་སྤྲུལ་པའི་སྐུ་མཆོག་གི་བརྟན་བཞུགས་རྡོ་རྗེའི་ཕྲེང་བ།   
༈     །གསོན་གཤིན་གྱི་བསྔོ་བ་ནོར་བུ་པདྨའི་ལྗོན་ཤིང་།   བསྔོ་བ་ཕྱོགས་བཅུའི་རབ་འབྱམས་སོགས།   རྔ་ཡབ་པདྨ་འོད་ཀྱི་སྨོན་ལམ་བདེ་ཆེན་ཚངས་པའི་རྔ་སྒྲ་འཁོར་བ་དོང་སྤྲུགས།   ངེས་དོན་སྨོན་ལམ་འཁོར་བ་དོང་སྤྲུགས།   ལམ་ཐོད་རྒལ་གྱི་སྨོན་ལམ་དྲན་པ་རང་གྲོལ་འབྲེལ་བ་ཐོབ་ཆོག་སྐལ་བཟང་མགྲིན་རྒྱན་ཡེ་ཤེས་འོད་སྐུ་སྨོན་ལམ་ཀུན་གྱི་གཙུག་ནོར་མ།   སྨོན་ལམ་འཁོར་བ་དོང་སྤྲུགས་མ།   སྨོན་ལམ་ཚོགས་གཉིས་མྱུར་རྫོགས་ཕྱོགས་བཅུ་མ།   སྨོན་ལམ་རྣམ་དག་མ།   སྨོན་ལམ་འཁོར་བ་དོང་སྤྲུགས་རྒྱ་མཚོ་མ།   སྨོན་ལམ་བྱིན་རླབས་སྤྲིན་འཕྲོ་མ།   ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་ཀྱིས་ཞུས་པའི་སྨོན་ལམ།   རྒྱལ་ཁྲི་པ་ཀུན་བཟང་བསམ་པ་ལྷུན་གྲུབ་ཀྱིས་ཞུས་པའི་སྨོན་ལམ།   དཔོན་ཆེན་བསོད་ནམས་རིན་ཆེན་གྱིས་ལུས་པའི་སྨོན་ལམ།   ཀུན་བཟང་ཤེས་རབ་ཀྱིས་ཞུས་པའི་སྨོན་ལམ་དང་ལྕགས་མདུད་དཔོན་པོ་ཀུན་བཟང་ཆོས་རྒྱལ་གྱིས་ཞུས་པའི་སྨོན་ལམ་བཅས།   ཨོ་རྒྱན་རྣམ་རྒྱལ་གྱིས་ཞུས་པའི་སྨོན་ལམ།   སྤུ་བོ་ཡར་ལུང་པའི་སྔགས་འཆང་ཟུང་གིས་ཞུས་པའི་སྨོན་ལམ།    [138a] བྱམས་ཆེན་ཨོ་རྒྱན་རྣམ་རྒྱལ་གྱིས་ཞུས་པའི་སྨོན་ལམ།   རིག་འཛིན་མི་འགྱུར་རྡོ་རྗེའི་དྲུང་ཡིག་སྐལ་ལྡན་ཨོ་རྒྱན་ཀློང་གྲོལ་ལམ་ཀརྨ་ཡང་དག་གིས་ཞུས་པའི་སྨོན་ལམ།   བཀྲ་ཤིས་དཔལ་གྱིས་ཞུས་པའི་སྨོན་ལམ།   རི་པ་བླ་མ་བསོད་ནམས་ལྷུན་གྲུབ་ཀྱིས་ཞུས་པའི་སྨོན་ལམ།   རོང་ཡུལ་གྱི་གྲུབ་ཆེན་ཨོ་རྒྱན་བསྟན་སྲུང་གིས་ཞུས་པའི་སྨོན་ལམ།   ཀརྨ་ཆོས་འཛིན་ནམ་རིག་འཛིན་འོད་གསལ་སྙིང་པོས་ཞུས་པའི་སྨོན་ལམ།   འཕྱོང་རྒྱས་པ་ཀུན་བཟང་མཐོང་གྲོལ་གྱིས་ཞུས་པའི་སྨོན་ལམ།   ཀརྨ་ནོར་ལྡན་གྱིས་ཞུས་པའི་སྨོན་ལམ།   གྲུབ་ཚ་ཀུན་བཟང་བཀྲ་ཤིས་ཀྱིས་ཞུས་པའི་སྨོན་ལམ།   རིག་འཛིན་ཆོས་ཀྱི་རྒྱ་མཚོས་ཞུས་པའི་སྨོན་ལམ།   ཐོད་རྒལ་སྣང་བཞིའི་སྨོན་ལམ།   གླིང་རས་ཀུན་བཟང་འོད་གསལ་རྒྱས་པོས་ཞུས་པའི་སྨོན་ལམ།   ཚ་སྒོ་བླ་མའི་དཔོན་པོ་ཀུན་དགའ་ཕུན་ཚོགས་ཀྱིས་ཞུས་པའི་སྨོན་ལམ།   རྗེ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད་སོགས་སྨོན་ལམ།   དཔལ་ལྡན་མི་ཡི་དབང་པོ་ཉ་རུ་སྤྱི་ཕུད་དཔལ་གཤིན་རྣམ་རྒྱལ་གྲགས་པའི་བདེ་སྟོང་གཟུངས་མ་ཀུན་བཟང་སྐྱིད་མོས་ཞུས་པའི་སྨོན་ལམ།   ཀུན་བཟང་སྣང་མཐའ་པད་འབྱུང་མན་ཆད་སོགས།    [138b] གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ    སྦྱིན་པ་རྒྱ་ཆེན་གྱུར་པ་སོགས།   བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས་སོགས།   བཀྲ་ཤིས་འདོད་རྒུ་མྱུར་སྩོལ་མ།   བཀྲ་ཤིས་པདྨའི་ལྗོན་ཤིང་བཅས་ཀྱིས་བཀའ་འབུམ་རྣམས་ལེགས་པར་ཚང་བ་སྟེ།   ལུང་གི་བརྒྱུད་པའང་གོང་བཞིན་ཤེས་པར་བྱའོ།   །ཡང་རྣམ་ཐར་གཏེར་འབྱུང་མདོར་བསྡུས་དད་པའི་མཆོད་སྡོང་གི་ལུང་བརྒྱུད་མཛད་པ་པོ་ནས་རྒྱལ་སྲས་རྡོ་རྗེ་མཐོང་གྲོལ་མན་སྔར་བཞིན་ནོ།།  ༎