རིག་འཛིན་གཏེར་བདག་གླིང་པའི་གཏེར་ཆོས་སྐོར་གྱི་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-012
Wylie title rig 'dzin gter bdag gling pa'i gter chos skor gyi thob yig DJYD-KABUM-20-WA-012.pdf
Location bdud 'joms rin po che bka' 'bum
Volume 20, Text 12, Pages 281-312 (Folios 141a1 to 156b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rig 'dzin gter bdag gling pa'i gter chos skor gyi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 281-312. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: smin gling gter chos skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [141a] ཨོཾ་སྭསྟི། རྨད་དུ་བྱུང་བའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡང་སྲིད་སྔ་འགྱུར་བསྟན་པའི་ཤིང་རྟ་གཅིག་པུ་སྤྲུལ་པའི་གཏེར་ཆེན་རིག་འཛིན་གཏེར་བདག་གླིང་པའི་གཏེར་ཆོས་སྐོར་ཐོབ་པ་ལ། འཆི་མེད་གྲུབ་པའི་གནས་མཆོག་བྲག་དམར་གཡའ་མ་ལུང་འཆི་མེད་རྡོ་རྗེའི་ཀེའུ་ཚང་ནས་གཏེར་ཁ་ཐམས་ཅད་ཀྱི་ཐོག་མར་སྤྱན་དྲངས་པའི་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་སྐོར་ཐོབ་པའི་ཚུལ་ལ། དབང་། ཁྲིད། ལུང་གསུམ་གྱི། དང་པོ་ནི། ལོ་ཆེན་རིན་པོ་ཆེས་མཛད་པའི་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད་ཀྱི་སྟེང་ནས་བླ་སྒྲུབ་རྩ་བའི་དབང་བསྐུར་བ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་པ་སྔོན་དུ་འགྲོ་བས། བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་དང་། ཚིག་དབང་རིན་པོ་ཆེའི་བྱེད་ལས་ཡོན་ཏན་དང་ཕྲིན་ལས་ཀྱི་དབང་། དམ་ཚིག་བསྒོ་བ་དང་བཅས་སྨིན་རྒྱས། གཏེར་ཆེན་རིན་པོ་ཆེའི་གསུང་དབང་ཆོག་འཆི་བདག་བདུད་འཇོམས་དང་། ལོ་ཆེན་རིན་པོ་ཆེའི་མཚམས་སྦྱོར་ངག་འདོན་གསལ་བདེར་སྤེལ་བ་གུང་སྤྲད་པའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཚེ་སྒྲུབ་འཆི་མེད་ཡང་སྙིང་ [141b] ཀུན་འདུས་ཀྱི་དབང་། གཏེར་གཞུང་གི་སྟེང་ནས་བཀའ་སྲུང་དྲེགས་པ་ཞལ་བཞིའི་གཏོར་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་། བཀའ་བསྒོ། མཐའ་རྟེན་དྲག་པོའི་བསྒྲལ་དབང་བཅས་ལེགས་པར་ནོས། གཉིས་པ་ནི། ལོ་ཆེན་རིན་པོ་ཆེས་མཛད་པའི་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ་གཞིར་བཞག་སྟེ། རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་ལྗགས་བཤད་གྲུབ་ཆེན་ཁྱུང་པོ་རས་པ་འགྱུར་མེད་འོད་གསལ་གྱིས་ཟིན་བྲིས་སུ་བྱས་པ་རིག་འཛིན་ཞལ་ལུང་གི་སྟེང་ནས་ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོ། ཐུན་མོང་གི་དམིགས་སྐོར་དྲུག །ཐུན་མོང་མ་ཡིན་པའི་དམིགས་སྐོར་གསུམ། དངོས་གཞི་རྣལ་འབྱོར་བསྐྱེད་པའི་རིམ་པ། སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས་། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཁྲིད། མན་ངག་རྫོགས་པའི་རིམ་པ་ཞི་གནས་བཙལ་བ། ལྷག་མཐོང་བསྐྱེད་པ། ཟུང་འཇུག་ཏུ་བསྒོམ་པ་བཅས་ཀྱི་ཁྲིད་སྨིན་རྒྱས་དང་། ཞར་བྱུང་པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དམིགས་ཁྲིད་ (བྱེ་བྲག་འདི་ལ་ཁྲི་ཆེན་པདྨ་དབང་རྒྱལ་གྱིས་མཛད་པའི་ཁྲིད་ཡིག་རྒྱས་པའང་ཡོད། ) [142a] བཅས་ལེགས་པར་ནོས། གསུམ་པ་ལུང་ལ། ཐོག་མར་ཟབ་གཏེར་སྤྱིའི་གཏེར་འབྱུང་སྐལ་བཟང་དགའ་བྱེད། ཆོས་ཚན་དངོས་ལ་གཉིས། གཏེར་གཞུང་རྡོ་རྗེའི་གསུང་གི་སྐོར་དང་། གསལ་བྱེད་ཁ་སྐོང་གི་སྐོར་གཉིས། དང་པོ་ལ་བདུན་ལས། དང་པོ་ངེས་ཤེས་སྐྱེད་པ་ལོ་རྒྱུས་ཀྱི་སྐོར་ལ། ལྡེ་མིག་རྟ་བདུན་དབང་པོ། ལུང་བསྟན་རབ་གསལ་མེ་ལོང་། ལུང་བསྟན་གབ་སྦས་ཡེ་ཤེས་སྒྲོན་མེ། གབ་རྒྱ་ཅན་གྱི་ལུང་བྱང་ལེ་ཚན་གཉིས། ས་བཅོས་གསང་བའི་གདམས་པ། སྐུ་ཚབ་རྣམ་གཉིས་ཀྱི་དཀར་ཆག་ངོ་མཚར་མེ་ལོང་། དམ་རྫས་མྱོང་གྲོལ་དཀར་ཆག་འཁོར་བ་དོང་སྤྲུགས་རྣམས་སོ། །གཉིས་པ་སྨིན་བྱེད་དབང་ནི། དབང་ཆོག་སྨིན་བྱེད་བུམ་བཟང་ངོ་། །གསུམ་པ་བསྐྱེད་རིམ་སྒྲུབ་ཐབས་ཀྱི་སྐོར་ལ། ཕྱི་སྒྲུབ་རྡོ་རྗེའི་སྙིང་པོ། ནང་སྒྲུབ་སྲོག་གི་ཐིག་ལེ། གསང་སྒྲུབ་ཡང་ཟབ་དྭངས་མ། ལས་བྱང་དོན་གཉིས་ལྷུན་གྲུབ་རྣམས་སོ། །བཞི་པ་ཟབ་མོ་རྫོགས་རིམ་གྱི་སྐོར་ལ། རྫོགས་རིམ་ངེས་དོན་སྙིང་པོ། ཐོད་རྒལ་གྱི་ཁྲིད་ཡིག་འཇའ་ལུས་མཆོག་སྦྱིན། འཕོ་བའི་གདམས་པ་སྐྱེ་མེད་མྱུར་ [142b] འགྲུབ་རྣམས་སོ། །ལྔ་པ་མཐའ་རྒྱས་ལས་ཚོགས་ཀྱི་སྐོར་ལ། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་ངོ་མཚར་རྨད་བྱུང་། བྱིན་འབེས་དངོས་གྲུབ་ཆར་འབེབས། རྩ་གསུམ་སྐོང་གསོ་ཀུན་བཟང་མཆོད་སྤྲིན། ལས་བཞིའི་སྦྱིན་སྲེག་ཕྲིན་ལས་ཀུན་འགྲུབ། ལས་ཚོགས་འདོད་རྒུའི་བང་མཛོད། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་ཟབ་མོ། ཚེ་སྒྲུབ་འཆི་མེད་བདུད་རྩིའི་སྙིང་པོ། ཐུགས་རྗེ་ཆེན་པོ་འཁོར་བ་ཡོངས་གྲོལ་གྱི་སྒྲུབ་ཐབས་སྐུ་གསུམ་སྙིང་ཐིག །གུ་རུའི་དྲག་སྒྲུབ་དྲེགས་པ་ཚར་གཅོད། རྡོ་རྗེ་ཕུར་པའི་གཏོར་ཆོག་དུག་ཟེར་རེག་ཕུང་རྣམས་སོ། །དྲུག་པ་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་སྐོར་ལ། ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལོ་རྒྱུས། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་ཐབས། ཚེ་སྒྲུབ་ཀྱི་རྗེས་གནང་ཟབ་མོ། ཚེ་འཁོར་བཅའ་ཐབས། བཅུད་ལེན་གྱི་གདམས་པ། ཟ་ཡིག་གི་གདམས་པ་ཟབ་མོ་རྣམས་སོ། །བདུན་པ་བཀའ་སྲུང་མའི་སྐོར་ལ་གཉིས། བཀའ་སྲུང་དྲེགས་པ་སྡེ་ལྔའི་སྐོར་དང་། ཐུན་མོང་མ་ཡིན་པ་གསང་མགོན་གྱི་སྐོར་རོ། །དང་པོ་ལ། བཀའ་སྲུང་དྲེགས་པའི་ [143a] ལོ་རྒྱུས། བཀའ་སྲུང་དྲེགས་པའི་སྒྲུབ་ཐབས། གཏོར་དབང་ཕྲིན་ལས་འབྱུང་གནས། བཀའ་སྲུང་དྲེགས་པའི་ལས་སྦྱོར། སྐོང་གསོ་བདུད་དཔུང་ཀུན་འཇོམས། ཞར་བྱུང་གཏེར་སྲུང་ཞིང་སྐྱོང་གི་སྐོང་བ་ལོག་འདྲེན་ཚར་གཅོད་རྣམས་སོ། །གཉིས་པ་ལ་གསང་མགོན་གྱི་ལོ་རྒྱུས། དྲིལ་སྒྲུབ། སྔགས་བྱང་། རྟགས་ཡིག །ཕོ་ཉ་སྒོས་སྒྲུབ། སྲོག་གཏད། མཆོག་ཏུ་གསང་བའི་གདམས་པ། ལས་བྱང་སྐྱོང་བ་བཅས་སོ། །གཉིས་པ་གསལ་བྱེད་ཁ་སྐོང་གི་སྐོར་ལ། སྔོན་འགྲོ་ཕན་བདེའི་ཆར་རྒྱུན། ལས་བྱང་པདྨའི་དགོངས་རྒྱན། དེའི་བུམ་སྒྲུབ་ངག་སྒྲིགས། ལས་བཞིའི་ཛཔྲ་སྔགས་ཤམ་བུ། བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ། གསང་སྒྲུབ་ཀྱི་ལས་བྱང་སྙིང་པོའི་བཅུད་དྲིལ། ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར། དེའི་སྔོན་འགྲོའི་ཟུར་འདེབས། ཡང་གསང་ཧཱུྃ་གི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན། ཚེ་སྒྲུབ་ཧྲཱིཿགཅིག་མའི་རྒྱུན་ཁྱེར། འཕོ་བའི་གསོལ་འདེབས། ཚེ་སྒྲུབ་ཡང་སྙིང་ཀུན་འདས་ཀྱི་ལས་བྱང་འཆི་མེད་འདོད་འཇོ། ཚེའི་དབང་ཆོག་འཆི་བདག་བདུད་འཇོམས། [143b] དེའི་རྒྱུན་ཁྱེར། ཚེ་ཁྲིད་རྩ་ཐོ། བརྟག་བཞུགས་འབུལ་བའི་ཆོ་གའི་ཁྲིགས་རིམ་འཆི་མེད་གྲུབ་པའི་དགའ་སྟོན། ཞལ་བཞིའི་ལས་བྱང་ལས་བཞི་ལྷུན་གྲུབ། བསྟོད་པ་ཀ་ཕྲེང་མ། བསྐང་བ་དཔག་བསམ་སྙེ་མ། དྲག་གཏོར་གྱི་ལས་རིམ་རྡོ་རྗེའི་ཐོག་མདའ། གཏེར་སྲུང་ཞིང་སྐྱོང་གི་གཏོར་ཆོག །ཞིང་སྐྱོང་གི་བསྐང་བ་ཕྲིན་ལས་མྱུར་འགྲུབ་རྣམས་གཏེར་ཆེན་དངོས་ཀྱི་གསུང་། ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ། དེའི་ཆ་ལག་ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ། ཐུགས་ཐིག་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད། ཚེ་དབང་གི་མཚམས་སྦྱོར་ངག་དོན་གསལ་བདེར་སྤེལ་བ། བསྙེན་པའི་ཐོ་བྱང་བཅས་མཁན་ཆེན་དྷརྨ་ཤྲཱིའི་གསུང་། བསྙེན་ཡིག་གི་ཟུར་འདེབས་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་གསུང་། འཕོ་བའི་གསོལ་འདེབས་བདེ་ཆེན་མྱུར་ལམ་གོང་གསུང་། ཀ་དག་གི་ཟབ་ཁྲིད་མི་འགྱུར་དཔལ་གྱི་སྒྲོན་མའི་ལྗགས་བཤད་ཟིན་བྲིས་རིག་འཛིན་ཞལ་ལུང་གྲུབ་ཆེན་ཁྱུང་པོ་རས་པས་ཡི་གེར་བཏབ། ཕུར་པའི་ཆོག་ཁྲིགས་བཀླག་ཆོག་མ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་གསུང་། ཕུར་པའི་གཏོར་ཆོག་གི་ཕྲིན་ [144a] ལས་བདུད་ལས་རྣམ་རྒྱལ་འཇམ་མགོན་པདྨ་གར་དབང་གི་གསུང་བཅས་དང་། ཞར་བྱུང་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་གཏེར་ཆེན་གསུང་། དེའི་ཁྲིད་ཡིག་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ་བཅས་སོ། །དེ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཇོ་མོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། གཏེར་ཆེན་རིག་འཛིན་གཏེར་བདག་གླིང་པ། དེ་ལས་ལོ་ཆེན་དྷརྨ་ཤྲཱི་དང་། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། དེ་གསུམ་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་། རྗེ་བཙུན་མི་འགྱུར་དཔལ་སྒྲོན། དེ་གཉིས་ཀས་ཁྲི་ཆེན་པདྨ་བསྟན་འཛིན་དང་། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། གཉིས་ཀས་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། དེས་ཁྲི་ཆེན་པདྨ་དབང་རྒྱལ་དང་། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། གཉིས་ཀས་ཁྲི་ཆེན་སངས་རྒྱས་ཀུན་དགའ། རྗེ་བཙུན་དང་། ཁྲི་ཆེན་གཉིས་ཀས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་བླ་མ་འགྱུར་མེད་ངེས་ [144b] དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་ཁྲི་ཆེན་པདྨ་བསྟན་འཛིན་དང་། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། གཉིས་ཀས་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་མན་གོང་བཞིན། ཡང་ན་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ནས། ཁྲི་པདྨ་དབང་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། པད་སྤྲུལ་པདྨ་དབང་རྒྱལ་རྡོ་རྗེ་གསུམ་གྱི་གསན། གསུམ་ཀ་ལས་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ། དེས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལ་སྩལ་བ་སྟེ་ཉམས་ཁྲིད་ཀྱི་བརྒྱུད་པ་པད་སྤྲུལ་རིན་པོ་ཆེའི་བརྒྱུད་པ་འདི་གཙོ་ཆེ་གསུང་། ཡང་མི་འགྱུར་དཔལ་སྒྲོན་གྱིས་མཛད་པའི་སྐོར་རྣམས་ཉིད་ནས། ཁྱུང་པོ་རས་པ་འགྱུར་མེད་འོད་གསལ། སྦུས་སྡེ་སྒོམ་ཆེན་སྤྲུལ་སྐུ་པདྨ་དབང་རྒྱལ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་མན་གོང་བཞིན། ཡང་དབང་ཁྲིད་ལུང་དང་བཅས་པ་ཡོངས་རྫོགས་ཀྱི་བརྒྱུད་པ་གཅིག་ནི། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ནས། རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ། འགྱུར་ [145a] མེད་མཐུ་སྟོབས་རྣམ་རྒྱལ། ཐུབ་བསྟན་སྣང་མཛད་འོད་ཟེར། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་དེས་བདག་ལའོ། །གཉིས་པ་བྱེ་བྲག་རྫོགས་ཆེན་གྱི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོར་སེམས། དགའ་རབ། ཤྲཱི་སེང་། ཨོ་རྒྱན་ཆེན་པོ་མན་འདྲ། ཚེ་དཔག་མེད་ཀྱི་བརྒྱུད་པ་ནི། སྣང་མཐའ། ཚེ་དཔག པད་འབྱུང་མན་འདྲ། ཕུར་པའི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། ཕྱག་ན་རྡོ་རྗེ། པྲ་བྷ་ཧསྟི། སློབ་དཔོན་ཆེན་པོ་མན་གོང་བཞིན་ནོ། །དམ་ཤོད་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པའི་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་སྐོར་ཐོབ་པ་ལ། དབང་། ཁྲིད། ལུང་གསུམ་གྱི། དང་པོ་ནི། འཇམ་མགོན་པདྨ་གར་དབང་གིས་མཛད་པའི་དབང་གི་མཚམས་སྦྱོར་ཆོག་ཁྲིགས་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས་དབང་བཞི་མཐའ་རྟེན་བཟླས་ལུང་བཅས་ལེགས་པར་ནོས། གཉིས་པ་ཁྲིད་ལ་གཉིས། རྩ་བ་དང་། ཡན་ལག་གི་ཁྲིད་དོ། །དང་པོ་ནི། ལོ་ཆེན་རིན་པོ་ཆེས་མཛད་པའི་ཁྲིད་ཡིག་རབ་གསལ་ [145b] སྣང་བའི་སྟེང་ནས་ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོ། ཐུན་མོང་གི་དམིགས་སྐོར་གསུམ། ཐུན་མོང་མ་ཡིན་པའི་དམིགས་སྐོར་གསུམ། དངོས་གཞི་སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས། ཐུགས་འོད་གསལ་རྫོགས་རིམ་དེ་ཁོ་ན་ཉིད་ལྟ་སྒོམ་སྤྱོད་པའི་ཁྲིད། རྗེས་ཀྱི་བྱ་བ་དགེ་སྦྱོར་སྲང་འཇུག་གི་མན་ངག་རྣམས་ཉམས་ཁྲིད་ཀྱི་ཚུལ་དུ་ནོས། གཉིས་པ་ལ། ལོ་ཆེན་རིན་པོ་ཆེས་མཛད་པའི་ཁྲིད་ཏིག་སྟེང་ནས་རྨི་ལམ་ཉིང་འཁྲུལ་རང་གྲོལ། འབྱམས་གཅོད་ཀྱི་ཞལ་ཤེས་དང་བཅས་པ། ཟབ་ལམ་འཕོ་བའི་དམིགས་ཁྲིད། གཉིས་འཛིན་འཁྲུལ་གཅོད་ཀྱི་ཁྲིད། རྫོགས་རིམ་སྣང་བཞིའི་ཁྲིད་བཅས་སོ་སོར་བཤད་ཁྲིད་ཀྱི་ཚུལ་དུ་ཐོབ། གསུམ་པ་ལུང་ལ་གཉིས། གཏེར་གཞུང་རྩ་བ་དང་། གསལ་བྱེད་ཁ་སྐོང་གི་སྐོར་རོ། །དང་པོ་ནི། ཟབ་གཏེར་གྱི་ཁ་བྱང་། བྱིན་རླབས་དབང་གི་མན་ངག །བསྐྱེད་རིམ་བསྙེན་པའི་མན་ངག །ཚོགས་བསགས་སྒྲུབ་པའི་མན་ངག །ཟབ་མོ་ཁྲིད་ཀྱི་མན་ངག །ཁྱད་པར་རྫོགས་རིམ་སྣང་བཞིའི་མན་ངག །རྨི་ལམ་གྱི་མན་ངག །ཟབ་ལམ་འཕོ་བའི་ [146a] མན་ངག །གཉིས་འཛིན་འཁྲུལ་གཅོད་ཀྱི་མན་ངག །དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག །སྒྲིབ་སྦྱོར་ཁྲུས་ཀྱི་མན་ངག །གྲོལ་ལམ་གསུམ་གྱི་མན་ངག་བཅས་ལེ་ཚན་བཅུ་གཉིས་སོ། །གཉིས་པ་ལ། གཏེར་ཆེན་རིན་པོ་ཆེའི་གསུང་དཔལ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་། དེའི་ལྷན་ཐབས་རྣམ་གྲོལ་ལམ་བཟང་གི་ཡན་ལག་མཛེས་རྒྱན་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། ལོ་ཆེན་དྷརྨ་ཤྲཱིའི་གསུང་སྐོར་ལ། དབང་གི་མཚམས་སྦྱོེར་བཀླག་ཆོག་མ། བསྙེན་ཡིག་ཉུང་གསལ་སྙིང་པོ། རིམ་གཉིས་རྩ་བའི་ཁྲིད་ཡིག་ཆེན་མོ་རབ་གསལ་སྣང་བ། དཔལ་རྡོ་རྗེ་སེམས་དཔའི་ཁྲིད་ཡིག་བསྡུས་པ། ཡན་ལག་རྨི་ལམ་གྱི་ཁྲིད་ཡིག་ཉིང་འཁྲུལ་རང་གྲོལ། དེ་ལས་འཕྲོས་པའི་སྙན་བརྒྱུད་ཡིག་ཆུང་། ཟབ་ལམ་འཕོ་བའི་དམིགས་སྐོར་ཟིན་བྲིས། འཕོ་བའི་གསལ་འདེབས་ཉུང་གསལ་གོ་བདེ། ཟབ་ལམ་འཕོ་བའི་གསོལ་འདེབས་རིག་པ་འཛིན་པའི་ཕོ་ཉ། གཅོད་ཀྱི་ཁྲིད་ཡིག་བསྐྱུད་བྱང་དུ་བཀོད་པ་འཁྲུལ་རྟོག་དབྱིངས་གྲོལ། རྫོགས་ [146b] རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ། ལམརིམ་གསོལ་འདེབས་ངོ་བོ་རང་བཞིན་མ་བཅས། (འདི་ལུང་རྒྱུན་ཡོད་མེད་དཔྱད་གསུང་། ) མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་མཛད་པའི་སྒྲིབ་སྦྱོང་ཁྲུས་ཀྱི་ཆོ་ག་གསལ་བའི་སྒྲོན་མེ། གྲོལ་ལམ་གསུམ་གྱི་མན་ངག་འཇུག་བདེའི་ལྷན་ཐབས། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་གྱིས་མཛད་པའི་འཕོ་བའི་ཟིན་བྲིས་ཀུན་བཟང་མྱུར་ལམ། འཇམ་མགོན་པདྨ་གར་དབང་གིས་མཛད་པའི་དབང་གི་ཆོ་ག་རྒྱས་པར་སྤེལ་བ། སྤྲོས་བཅས་སྒྲུབ་མཆོད་རྒྱས་པའི་ལག་ལེན་རྣམ་གྲོལ་སྙེ་མ་བཅས་ལེགས་པར་ཐོབ་བོ། །དེ་ལྟ་ཐོབ་པའི་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། རྡོ་རྗེ་ཧཱུྃ་མཛད། དྲི་མེད་བཤེས་གཉེན། ཨོ་རྒྱན་ཆེན་པོ། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨ་ཤྲཱི། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། དེ་ལས་ཁྲི་ཆེན་པདྨ་བསྟན་འཛིན་དང་། མཁན་ཆེན་བསྟན་འཛིན་རྡོ་རྗེ། གཉིས་ཀ་ལས་ཁྲི་ཆེན་ཕྲིན་ལས་ [147a] རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ལས། ཁྲི་ཆེན་པདྨ་དབང་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། པད་སྤྲུལ་པདྨ་དབང་རྒྱལ་གསུམ་གྱིས་གསན། གསུམ་ཀ་ལས་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་བཞིན། ཡང་ན་ཁྲི་ཆེན་པདྨ་དབང་རྒྱལ་ནས། དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ། འཇམ་མགོན་པདྨ་གར་དབང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་བཞིན། ཁྲིད་ཀྱི་བརྒྱུད་པ་ནི། གཏེར་ཆེན་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང་། རྗེ་བཙུན་མི་འགྱུར་དཔལ་སྒྲོན་གཉིས་ཀྱིས་གསན། གཉིས་ཀ་ལས་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན་མན་གོང་བཞིན། ཡང་ན་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ལས། ཁྲི་ཆེན་པདྨ་དབང་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། པད་སྤྲུལ་ [147b] པདྨ་དབང་རྒྱལ་གསུམ་གྱིས་གསན། གསུམ་ཀ་ལས་ཁྲི་ཆེན་སངས་རྒྱས་ཀུན་དགའ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་བཞིན། ལུང་གཏེར་གཞུང་རྩ་བ་ཡོངས་རྫོགས་དང་། གཏེར་ཆེན་རིན་པོ་ཆེའི་ལྗགས་སྒྲིགས་ཆོ་ག་རྣམ་གྲོལ་ལམ་བཟང་བཅས་གཏེར་ཆེན་ནས། ལོ་ཆེན་ཆོས་དཔལ་རྒྱ་མཚོ། དེ་གཉིས་ཀ་ལས་ཁྲི་ཆེན་རིན་ཆེན་རྣམ་རྒྱལ། དེ་ནས་ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །ཡང་ན་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་ཆེན་སངས་རྒྱས་ཀུན་དགའ། སྔགས་རམ་འགྱུར་མེད་བསྟན་འཕེལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མན་གོང་བཞིན། ལོ་ཆེན་རིན་པོ་ཆེའི་གསུང་རྣམས་དང་། རིན་ཆེན་རྣམ་རྒྱལ་གྱི་ཡན་ལག་མཛེས་རྒྱན་བཅས་ལོ་ཆེན་དྷརྨ་ཤྲཱི། ཁྲི་ཆེན་རིན་ཆེན་རྣམ་རྒྱལ། མཁན་ཆེན་བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ་མན་གོང་བཞིན། འཇམ་མགོན་པདྨ་གར་དབང་གིས་མཛད་པའི་དབང་ཆོག་དང་སྒྲུབ་མཆོད་ [148a] ལག་ལེན་མཛད་པ་པོ་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་གི་བླ་མ་ལའོ། །འཇམ་དབྱངས་མཁྱེན་བརྩེས་མཛད་པའི་མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོ་དྲིལ་བ་གཞན་ཕན་མཁའ་ཁྱབ་དང་། སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོ་གཉིས་མཛད་པ་པོ་ནས་བདག་གི་བླ་མ་ལའོ། །ཡང་དབང་ཁྲིད་ལུང་བཅས་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཅིག་ནི། ཁྲི་ཕྲིན་ལས་རྣམ་རྒྱལ་དང་། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། གཉིས་ཀས་མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ལའོ། །ཡང་ན་ཁྲི་ཕྲིན་ལས་རྣམ་རྒྱལ་ནས། རིག་འཛིན་དཔལ་འབྱོར་རྒྱ་མཚོ། རྡོར་འཛིན་འགྱུར་མེད་བསྟན་འཛིན་འཕེལ་རྒྱས། ཐུབ་བསྟན་སྣང་མཛད་འོད་ཟེར། མཆོག་སྤྲུལ་བསྟན་འཛིན་ནོར་བུ། རྗེ་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ལའོ། །ཡང་གཏེར་གནས་དེ་ཉིད་ནས་སྤྱན་དྲངས་པའི་མ་ཧཱ་གུ་རུ་དྲག་པོའི་སྐོར་ལ་དབང་ལུང་གཉིས་ལས། དང་པོ་ནི། པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི་དབང་ [148b] དོན་འདོད་འཇོ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་སྨིན་རྒྱས་དང་། དྲེགས་པ་སྡེ་བརྒྱད་ཀྱི་སྲོག་གཏད་ངག་གི་དཔལ་བསྐྱེད་བཅས་ནོས་ནས། གཉིས་པ་ལ། མ་ཧཱ་གུ་རུ་དྲག་པོ་སྒྲུབ་པའི་ལོ་རྒྱུས། དབང་ཆོག །ལས་བྱང་། ཕྲིན་ལས་ཀྱི་ཁ་སྐོང་། སྲུང་ཟློག་བསད་པའི་མན་ངག །ལྷ་སྲིན་དམ་འདོགས། རྒྱལ་འགོང་གནད་འབེབས། མནན་པའི་ལས་མཐའ། སྲེག་པའི་ལས་མཐའ། འཕང་བའི་ལས་མཐའ། མན་ངག་ལས་ཚོགས་བདུན་པ། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་སྒྲུབ་ཐབས་རྣམས། །ཁ་སྐོང་ཆོག་ཁྲིགས་སྐོར་ལ། བྱིན་རླབས་དབང་གི་མཚམས་སྦྱོར་ངག་གི་དཔལ་བསྐྱེད། བརྒྱུད་འདེབས། ལས་བྱང་དངོས་གྲུབ་ཆར་འབེབས། ལས་བྱང་ཁྱེར་བདེ། ལས་བུམ་སྒྲུབ་ཆོག །བསྙེན་ཡིག་ཉུང་གསལ། གཏོར་མའི་ལས་རིམ་དགྲ་བགེགས་ཀུན་འཇོམས། རྒྱལ་འགོང་གནད་འབེབས་ཨར་གཏད་ཀྱི་ལག་ལེན་གསལ་བྱེད། མཐའ་སྡུད་སྲེག་པའི་ཕྲིན་ལས་གློ་བུར་དུ་སྒྲུབ་པའི་ཆོ་ག །སྲེག་པའི་མེའི་ལས་མཐའ་གདུག་པ་མཐར་བྱེད། ཧོམ་གྱི་ཡིག་ཆུང་། ཧོམ་མཆོད་ཀྱི་ངག་འདོན་ [149a] དམོད་བྱང་། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་མཆོད། བཀའ་བསྒོ་བྱེད་ཚུལ་རྡོ་རྗེ་འབར་བའི་གཟི་བྱིན་རྣམས་གཏེར་ཆེན་ཉིད་ཀྱི་གསུང་། དབང་དོན་འདོད་འཇོ་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། གསལ་བྱེད་བཀླགས་པས་དོན་གྲུབ་རིན་ཆེན་རྣམ་རྒྱལ་གྱི་གསུང་། བླ་མ་དྲག་པོའི་ལྟ་ཁྲིད། བདག་འཇུག་ནག་འགྲོས་དབང་དྲག་གྲུབ་པའི་ལམ་བཟང་། དམིགས་པའི་སྒོས་ཆོས་ཟིན་ཐོར་སྤེལ་བ། རྩལ་དབང་ལྷན་ཐབས་བཅས་མི་འགྱུར་དཔལ་སྒྲོན་གྱི་གསུང་། པདྨ་དྲག་པོའི་སྒྲུབ་ཐབས་རྣམ་བཤད་དངོས་གྲུབ་གཏེར་མཛོད་ཨོ་རྒྱན་ཆོས་གྲགས་ཀྱི་གསུང་། བླ་མ་དྲག་པོའི་མནན་པའི་མན་ངག་འཆོར་མེད་དུས་ཀྱི་ཞགས་པ་ཨོ་རྒྱན་སྐལ་བཟང་གི་གསུང་། བླ་མ་དྲག་པོའི་ལས་བཞིའི་སྦྱིན་སྲེག་དངོས་གྲུབ་མྱུར་ལམ་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་གསུང་། རབ་འབྱམས་གཉིས་པ་ཀུན་བཟང་རྣམ་རྒྱལ་གྱིས་མཛད་པའི་བྱིན་འབེབས། གཙོ་བོ་ཡོངས་རྫོགས་ཀྱི་ལྷ་དབང་བཅས་རབ་འབྱམས་གཉིས་པ་ཀུན་བཟང་རྣམ་རྒྱལ་གྱི་གསུང་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ [149b] ཡས། སྤྱན་རས་གཟིགས་དབང་། པདྨ་ཐོད་ཕྲེང་། ཡེ་ཤེས་མཚོ་རྒྱལ། བཻ་རོ་ཙ་ན། རིག་འཛིན་གཏེར་བདག་གླིང་པ། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌི་ཡ་ན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་གཅིག་ནི། རྗེ་གཏེར་ཆེན་བླ་མ་ནས། དྲིན་ཆེན་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱ། བསྟན་འཛིན་ཆོས་ཀྱི་རྒྱལ་པོ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། ཐུབ་བསྟན་སྣང་མཛད་འོད་ཟེར། མདོ་སྔགས་བསྟན་འཛིན་ནོར་བུ། འགྱུར་མེད་སྨིན་གྲོལ་རྒྱ་མཚོ། ཁྱབ་བདག་འཇམ་དཔལ་བདེ་བའི་ཉི་མ། དེས་བདག་ལའོ། །ཡང་གཏེར་གནས་དེ་ཉིད་ནས་སྤྱན་དྲངས་པ་རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་སྐོར་ཐོབ་པ་ལ། དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ [150a] དབང་དང་འབྲེལ་བར་ཨ་ཏི་རིག་པའི་རྩལ་དབང་སྨིན་རྒྱས་སུ་ནོས། གཉིས་པ་ལ། དགེ་བ་གསུམ་གྱི་དོན་ཁྲིད་སྟེང་ནས་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་སྨིན་ཁྲིད་དུ་ལེགས་པར་ཐོབ། གསུམ་པ་ལ། རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས། རིག་པའི་རྩལ་དབང་། དང་པོར་དགེ་བ་ལམ་སྟེགས་ཀྱི་གདམས་པ། བར་དུ་དགེ་བ་ཁྲེགས་ཆོད་ཀྱི་གདམས་པ། ཐ་མར་དགེ་བ་ཐོད་རྒལ་གྱི་གདམས་པ། ཕྱིའི་ངོ་སྤྲོད་བདུན། ནང་གི་ངོ་སྤྲོད་བདུན། གསང་བའི་ངོ་སྤྲོད་བདུན། ཨར་གཏད་མུན་ཁྲིད་ཀྱི་གདམས་པ། ཉིན་མཚན་གྱི་སྐོར། མངོན་སུམ་འབྲས་བུའི་གདམས་པ་མཆོག་ཏུ་གསང་བ། རྟགས་ཚད་ཀྱི་གདམས་པ། ཐོད་རྒལ་གྱི་ངོ་སྤྲོད་རྣམས་སོ། །བཀའ་སྲུང་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མའི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། རྗེས་གནང་ཚུལ་བཞིན་ལེགས་པར་ནོས་ཏེ། གཉིས་པ་ལ། སྔགས་སྲུང་མའི་སྒྲུབ་ཐབས། སྲོག་གཏད། ཕྲིན་ལས་བཞིའི་མན་ངག །ཁྱད་པར་གྱི་མན་ངག །བསྐང་བ་རྦད་བསྐུལ་མན་ངག་ [150b] ལས་ཚོགས་རྣམས་སོ། །ཁ་སྐོང་ཆོག་ཁྲིགས་ལ། སྔགས་སྲུང་མའི་ཕྲིན་ལས་དངོས་གྲུབ་འབྱུང་གནས། གཏོར་འབུལ་ཁྱེར་བདེ། རྗེས་གནང་བཀླག་ཆོག་མ། གནམ་ལྕགས་བྲག་གི་གཏེར་སྲུང་རྡོར་ལེགས་དང་རྒྱལ་པོའི་མཆོད་ཕྲིན་ཉུང་བསྡུས་བཅས་གཏེར་ཆེན་གསུང་རྣམས་སོ། །དེ་ལྟར་ཚང་བར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རིགས་ལྔ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཨོ་རྒྱན་ཆེན་པོ། བི་མ་ལ་མི་ཏྲ། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་། སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས། ནམ་མཁའི་སྙིང་པོ། ཛྙཱ་ན་ཀུ་མཱ་ར། རྡོ་རྗེ་བདུད་འཇོམས། རིག་འཛིན་གཏེར་བདག་གླིང་པ། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལ་བཀའ་དྲིན་དུ་སྩལ་བའོ། །ཡང་བརྒྱུད་ཚུལ་གཅིག་ནི། [151a] ཁྲི་ཕྲིན་ལས་རྣམ་རྒྱལ་ནས། དཔལ་འབྱོར་རྒྱ་མཚོ། མཐུ་སྟོབས་རྣམ་རྒྱལ། ཐུབ་བསྟན་སྣང་མཛད་འོད་ཟེར། མཆོག་སྤྲུལ་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ན་རྗེ་བཙུན་མི་འགྱུར་དཔལ་སྒྲོན་ནས། གྲུབ་དབང་འགྱུར་མེད་འོད་གསལ། ཆོས་དབྱིངས་རང་གྲོལ། པདྨ་བཤེས་གཉེན། པདྨ་དོན་ཡོད། འཇིགས་མེད་གོ་ཆ། མཐུ་སྟོབས་རྣམ་རྒྱལ་མན་འདྲ། ཡར་ལུང་ཤེལ་བྲག་དཔལ་ཆེན་སྒྲུབ་ཕུག་གི་བྱང་འདབ་རྒྱལ་མཚན་འདྲ་བའི་བྲག་མེ་ལོང་ལྟ་བུའི་ངོས་ནས་སྤྱན་དྲངས་པའི་འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཛོམས་བྱེད་ཀྱི་སྐོར་ཐོབ་པ་ལ། དབང་ལུང་གཉིས་ལས། དང་པོ་དབང་ནི། རས་བྲིས་ཀྱི་དཀྱིལ་འཁོར་དུ་གཏེར་ཆེན་ལྗགས་སྒྲིགས་དབང་ཆོག་བདེ་ཆེན་འདོད་འཇོ་ལྟར་འཇུག་པ་སྔོན་དུ་འགྲོ་བས་དབང་བཞི་མཐའ་རྟེན་དང་བཅས་པ་དང་། ལས་གཤིན་གྱི་རྗེས་གནང་བཀའ་གཏད་བཅས་ལེགས་པར་ནོས། གཉིས་པ་ལུང་ལ། ལོ་རྒྱུས་ལུང་བསྟན། སྒྲུབ་ [151b] དབང་། ལས་ཚོགས། བཀའ་སྲུང་། ཁ་སྐོང་སྐོར་དང་ལྔ་ལས། དང་པོ་ལ། ཟབ་གཏེར་གྱི་ཁ་བྱང་གསང་བའི་ལྡེའུ་མིག །གཞུང་དོན་གསལ་བྱེད་ལོ་རྒྱུས། མ་འོངས་ལུང་བསྟན་ནོ། །གཉིས་པ་ལ། འཇམ་དཔལ་ཞི་སྒྲུབ། ཁྲོ་བོ་རྩ་བའི་སྒྲུབ་པ། ལས་བྱང་བདུད་ལས་རྣམ་རྒྱལ། སྨིན་བྱེད་དབང་གི་ཆོ་ག་རྣམས་སོ། གསུམ་པ་ལ། ཏིང་འཛིན་སྲུང་བའི་མན་ངག །བཟློག་པའི་མན་ངག །བསད་པའི་མན་ངག །མཐའ་སྡུད་མནན་པའི་མན་ངག །སྲེག་པ་མེའི་ལས་མཐའ། འཕང་བ་ཟོར་གྱི་ལས་མཐའ། བསྐུལ་དང་ཟློག་གཞུང་། གཟུ་དཔང་སོགས་གདབ་ལས། དམ་སྲི་མནན་པ། འཁོར་ལོ་ལིང་གའི་གཞུང་རྣམས་སོ། །བཞི་པ་ལ། ལས་གཤིན་གྱི་སྒྲུབ་ཐབས། ལས་གཤིན་གྱི་རྗེས་གནང་། གཏེར་བདག་དམ་ཅན་གྱི་གསོལ་ཁ་རྣམས་སོ། །ལྔ་པ་ཁ་སྐོང་ལ། དྲེག་འཇོམས་ཀྱི་བརྒྱུད་འདེབས། ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན། ཉམས་ལེན་རྒྱུན་ཁྱེར་སྙིང་པོ་བསྡུས་པ། ལས་བུམ་སྒྲུབ་ཐབས། དཀྱིལ་འཁོར་ [152a] གྱི་ཆོ་ག་ཁྲག་འཐུང་རྣམ་པར་རོལ་པའི་དགའ་སྟོན། དབང་ཆོག་བདེ་ཆེན་འདོད་འཇོ། བསྙེན་ཡིག་འདོད་འཇོའི་བུམ་བཟང་། བསྙེན་སྒྲུབ་ལས་གསུམ་གྱི་གོ་དོན་སྤྱི་ཆིངས་བསྐྱུད་བྱང་དུ་སྤེལ་བ། མནན་པའི་མན་ངག་བསྟན་དགྲ་ཚར་གཅོད། བསྲེག་པའི་མན་ངག་དུས་མཐའི་མེ་ཆེན། དྲག་པོ་ཟོར་གྱི་མན་ངག་རྡོ་རྗེའི་ཐོག་མདའ། མཁྱེན་དགོངས་དམོད་བཅོལ། དམར་ཆེན་གཏོར་ཟློག་གི་ལག་ལེན་གནད་ཀྱི་གསེར་ཐུང་། ལས་གཤིན་གྱི་ཕྲིན་ལས་ཕོ་ཉ་མྱུར་མགྱོགས། ལས་གཤིན་གྱི་རྗེས་གནང་བཅས་རྗེ་གཏེར་ཆེན་གསུང་། དྲེགས་འཇོམས་སྲུང་ཟློག་བསད་མནན་གྱི་ལག་ལེན་ཟིན་བྲིས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་གསུང་། གཤིན་རྗེའི་བསྐང་བ་ཀུན་མཁྱེན་ལྔ་པའི་གསུང་བཅས་སོ། །དེ་ལྟར་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། ཕྱག་རྡོར། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ ། ཁྲག་འཐུང་ནག་པོ། ཕུང་བྱེད་ཤནྟིཾ་གརྦྷ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། [152b] རིག་འཛིན་གཏེར་བདག་གླིང་པ། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་དྲིན་ཆེན་རིན་ཆེན་རྣམ་རྒྱལ། དེ་ནས་དབང་བརྒྱུད་ནི། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། འཇམ་བྱངས་མཁྱེན་བརྩེའི་དབང་པོ། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་དབང་བརྒྱུད་ཚུལ་གཅིག་ནི། ཁྲི་ཕྲིན་ལས་རྣམ་རྒྱལ། དཔལ་འབྱོར་རྒྱ་མཚོ། མཐུ་སྟོབས་རྣམ་རྒྱལ། ཐུབ་བསྟན་སྣང་མཛད་འོད་ཟེར། མཆོག་སྤྲུལ་བསྟན་འཛིན་ནོར་བུ། འཁར་ལོའི་མགོན་པོ་འཇམ་དཔལ་བདེ་བའི་ཉི་མའམ་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ཡང་ན་མཁན་ཆེན་བསྟན་འཛིན་རྡོ་རྗེ། ངེས་དོན་བསྟན་འཛིན་བཟང་པོ། ཞེ་ཆེན་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་མན་གོང་ལྟར། ཡང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་དྲེགས་འཇོམས་ཀྱི་གཞུང་དོན་གསལ་བྱེད་མཆན་འགྲེལ་བཅས་མཛད་པ་པོ་ནས། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་ [153a] རྒྱལ། ཞེ་ཆེན་རྒྱལ་ཚབ་མན་གོང་བཞིན། ཡང་ན་རིན་ཆེན་རྣམ་རྒྱལ་ནས། སྔགས་རམ་བཀྲ་ཤིས། རིག་འཛིན་བཟང་པོ། མཐུ་སྟོབས་རྣམ་རྒྱལ་མན་གོང་བཞིན་ནོ། ། ༈ ། མོན་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའི་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་ཐོབ་པ་ལ། དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། རས་བྲིས་ཀྱི་དཀྱིལ་དུ་ལོ་ཆེན་གྱི་ལྗགས་བསྒྲིགས་དབང་ཆོག་སྐལ་ལྡན་ཀུན་དགའི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བས་སྤྲོས་བཅས་བུམ་པའི་དབང་ལ། ཐུན་མོང་རིག་པའི་དབང་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་། སྐུ་གསུང་ཐུགས་ཀྱི་དབང་སྟེ་བུམ་དབང་ཡོངས་རྫོགས། སྤྲོས་མེད་མཆོག་དབང་རྣམ་གསུམ་གཏད་རྒྱ་གཏོར་དབང་དང་བཅས། རས་དཀྱིལ་དུ་ཡུམ་ཀ་གསང་བ་ཡེ་ཤེས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་གནང་བ། གར་དབང་ཚེ་དཔག་མེད་ཀྱི་ཚེའི་དབང་། རྗེས་འབྲེལ་བཀའ་སྲུང་ལྷ་ཆེན་གྱི་སྲོག་གཏད་ཐུན་མོང་མ་ཡིན་པ་དང་བཅས་རྩ་བ་དང་ཡན་ལག་གི་སྨིན་བྱེད་ཡོངས་སུ་རྫོགས་པ་ [153b] ལེགས་པར་ཐོབ། གཉིས་པ་ཁྲིད་ལ། ལོ་ཆེན་གྱི་གསུང་སྔོན་འགྲོ་དངོས་དང་། དངོས་གཞིའི་ཁྲིད་ཡིག་ཟིན་བྲིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལྟར་རྩ་ཁྲིད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་། ཉིན་མཚན་གྱི་རྣལ་འབྱོར། འཕོ་བ་བཅས་སྨིན་ཁྲིད་དང་། གཏུམ་མོ་ཟབ་རྒྱས་བཅུ་གཅིག་གི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན་དང་། ཐབས་ལམ་བདེ་ཆེན་སྙིང་པོའི་འཁྲུལ་འཁོར་ཟིན་བྲིས་འཆི་མེད་བཅུད་སྟེར་བཅས་སྨིན་ཁྲིད་དུ་ལེགས་པར་ཐོབ། གསུམ་པ་རྒྱབ་བརྟེན་ལུང་ལ། ཡབ་ཀ ། ཡུམ་ཀ ། ཚེ་དཔག་མེད། བཀའ་སྲུང་། ཁ་སྐོང་ཆོག་ཁྲིགས་སྐོར་དང་ལྔ་ལས། དང་པོ་ལ། ཟབ་གཏེར་གྱི་ཁ་བྱང་ལྡེའུ་མིག །ལོ་རྒྱུས་ལུང་བསྟན་དུས་གསུམ་གསལ་བྱེད། མཐོང་གྲོལ་སྐུ་རྟེན་གཉིས་ཀྱི་དཀར་ཆག །མྱོང་གྲོལ་བདེ་ཆེན་རིལ་བུའི་དཀར་ཆག །ཟབ་གཏེར་གྱི་སྒྲུབ་པ། འཇིག་རྟེན་དབང་ཕྱུག་རྩ་བའི་སྒྲུབ་ཐབས། གཅེས་གནད་དང་གནད་དབབ། གཏོར་མའི་ཆོ་ག །སྔོན་འགྲོ་གནད་ཀྱི་གདམས་པ། ལས་བྱང་སྙིང་པོའི་བཅུད་ཐིག །གསང་བ་ཚོགས་ཀྱི་མཆོད་པ། སྤྲོས་བཅས་བུམ་པའི་དབང་གི་ཆོ་ག །སྤྲོས་མེད་མཆོག་དབང་རྣམ་གསུམ། སྙིང་པོ་ [154a] དོན་གྱི་གཏེར་དབང་། རྫོགས་རིམ་ཡེ་ཤེས་སྙིང་པོ། གཏུམ་མོའི་ལམ་རིམ་ཟབ་རྒྱ་བཅུ་གཅིག་པ། ཐབས་ལམ་བདེ་ཆེན་སྙིང་པོ། རྣལ་འབྱོར་གསུམ་པའི་མཚན་མའི་མན་ངག །བཙན་ཐབས་འཕོ་བའི་མན་ངག །ཨ་ཏིའི་ལམ་རིམ་སྙིང་པོ། མྱུར་ལམ་སྦྱིན་སྲེག་རྣམ་བཞི། རབ་གནས་ཡེ་ཤེས་བྱིན་འབེབས། ཚེ་འདས་རྗེས་འཛིན་གནས་ལུང་རྣམས་སོ། །གཉིས་པ་ལ། ཡུམ་གསང་བ་ཡེ་ཤེས་ཀྱི་ལོ་རྒྱུས། མཁའ་འགྲོའི་བྱིན་རླབས། སྒྲུབ་ཐབས། བསྟོད་བསྐུལ། རྣལ་འབྱོར་རིམ་བཞི། དམ་ཚིག་མེ་མཆོད་རྣམས་སོ། །གསུམ་པ་ལ། འཆི་མེད་ཚེའི་ལོ་རྒྱུས། ཚེའི་དབང་བསྐུར། ཚེའི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། ཚེའི་བཅུད་ལེན་རྣམ་གསུམ། འཆི་མེད་ལས་ཚོགས་འཆི་བསླུ་རྣམ་གསུམ་བཅས་སོ། །བཞི་པ་ལ། བཀའ་སྲུང་ལྷ་ཆེན་གྱི་ལོ་རྒྱུས། ལྷ་ཆེན་གྱི་རྗེས་གནང་བསྙེན་ཐབས། སྒྲུབ་ཐབས། བསྟོད་པ། བསྐུལ་བ། རྟེན་རྫས་བཅའ་ཐབས། ལས་མཐའ་བུང་བ་བཅུད་འཐུང་གི་མན་ངག །དབང་སྡུད་ལས་སྦྱོར། མེ་མཆོད། ཕྱག་མཚན་ལས་ [154b] སྦྱོར། རིལ་བུའི་ལས་སྦྱོར། སྔགས་ཐེམས་གཅེས་གནད། སྒབ་འདྲེ་མནན་ཐབས། ལས་མཐའ་དྲག་པོའི་ཕྲིན་ལས། ཟློག་པའི་མན་ངག །དབྱེ་བའི་མན་ངག །བསྐྲད་པའི་མན་ངག །གནད་འབེབས། ཟབ་གཏེར་གྱི་ཤོག་སེར་ཕབ་བྱང་རྣམས་སོ། །ལྔ་པ་ཁ་སྐོང་ལ། བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་འབེབས། རྒྱུན་ཁྱེར་ཟབ་ལམ་སྙིང་པོར་དྲིལ་བ། ཆོ་གའི་ལྷན་ཐབས་སྙིང་པོའི་མཛེས་རྒྱན། ཐུགས་རྗེ་ཆེན་པོའི་ལམ་རིམ་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ། བསྙེན་ཡིག་བཀླག་པས་ཀུན་ཤེས། སྒྲུབ་རྫས་རིལ་བུའི་སྦྱོར་ཚུལ། སྦྱིན་སྲེག་གི་ཆོ་ག་འདོད་དོན་མྱུར་འགྲུབ། འཕོ་བའི་དམིགས་རིམ་གསོལ་འདེབས། རབ་གནས་ཡེ་ཤེས་བྱིན་འབེབས་ཀྱི་ཆོ་གའི་གསལ་བྱེད། པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་བདུད་རྩིའི་ཆར་འབེབས། འཆི་བ་བསླུ་བའི་ཆོ་ག་འཆི་བདག་བདུད་འཇོམས། ལྷ་ཆེན་གྱི་རྗེས་གནང་ཐུན་མོང་མ་ཡིན་པ། དེའི་ལས་བྱང་དཔག་བསམ་སྙེ་མ། གཏོར་ཆོག་ཁམས་གསུམ་མྱུར་འགུགས། བསྐང་བཤགས་ཕྲིན་ [155a] བ ཅོལ་དགོས་འདོད་ཆར་འབེབས། མེ་མཆོད་ཁམས་གསུམ་དབང་བྱེད། ལྷ་ཆེན་གཏོར་འབུལ་ཁྱེར་བདེ། གཏེར་སྲུང་སྨན་བཙུན་མའི་མཆོད་ཕྲིན་སྒྲུབ་པོའི་རེ་སྐོང་། ཤ་འུག་གཏེར་སྲུང་གཉིས་ཀྱི་གཏོར་འབུལ་ཁྱེར་བདེ་བཅས་གཏེར་ཆེན་ཉིད་ཀྱི་གསུང་། སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་ངག་འདོན་སྐལ་ལྡན་ཀུན་དགའ། བསྙེན་ཡིག་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་ཟུར་རྒྱན་བསྐྱུད་བྱང་། ཁྲིད་ཡིག་ཟིན་བྲིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་སྔོན་འགྲོ་དངོས་གཞི་སྟེ་ལེའུ་ཚན་གཉིས། རྩ་ཁྲིད་སྙིང་པོ་སྟན་ཐོག་གཅིག་མ། གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་ཉིད་སྣང་བའི་འོད། འཁྲུལ་འཁོར་རྩ་ཚིག་གི་ཟིན་བྲིས་འཆི་མེད་བཅད་སྟེར། ཨ་ཏིའི་ལམ་རིམ་སྙིང་པོའི་གྲེལ་ཁ། གནས་ལུང་ཆོ་གའི་ངག་འདོན་ཐར་ལམ་གསལ་བྱེད། སྒྲུབ་མཆོད་ཕྱག་ལེན་ཟིན་བྲིས། རྩ་ཁྲིད་རྫོགས་རིམ་ཡེ་ཤེས་སྙིང་པོའི་རྣམ་བཤད། རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ་བཅས་ལོ་ [155b] ཆེན་དྷརྨ་ཤྲཱིའི་གསུང་། དབང་གི་རྣམ་བཤད་དེ་ཁོ་ན་ཉིད་མཛེས་པའི་རྒྱན། གཏུམ་མོའི་གསོལ་འདེབས་སྨོན་ལམ། གསང་བ་ཡེ་ཤེས་ཀྱི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་། དེའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ། གསང་ཡེའི་བསྙེན་ཡིག་གྲུབ་གཉིས་གཏེར་མཛོད་བཅས་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། གསང་བ་ཡེ་ཤེས་ཀྱི་ཁྲིད་ཡིག་མན་ངག་གསལ་སྒྲོན། རྩ་ཁྲིད་ཀྱི་སྐུ་རྡོ་རྗེའི་ཟུར་འདེབས་མུན་ཁྲིད། ཐུགས་རྡོ་རྗེ་གཉིད་ཀྱི་འོད་གསལ་གསལ་འདེབས། གར་དབང་ཚེ་དཔག་མེད་ཀྱི་རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས་བཅས་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་གསུང་། འཁྲུལ་འཁོར་རྩ་ཚིག་གི་ལྷན་ཐབས་གུ་རུའི་དགོངས་རྒྱན་རྗེ་པདྨ་དབང་རྒྱལ་གྱི་གསུང་། བརྒྱུད་འདེབས་ཁ་སྐོང་། གཏུམ་མོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་ཕྲིན་ལས་ཆོས་སྒྲོན་གྱིས་མཛད་པ་བཅས་སོ། །དེ་ལྟར་རྩ་བ་དང་ཡན་ལག་གི་ཆོས་སྐོར་ཆ་ཚང་བར་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། ལོ་ཆེན་བཻ་རོ། མཁའ་འགྲོ་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་། རིག་འཛིན་ [156a] གཏེར་བདག་གླིང་པ། དེས་ལོ་ཆེན་དྷརྨ་ཤྲཱི་དང་། པདྨ་འགྱུར་མེད་རྒྱ་མཚོ། གསུམ་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་གཅིག་ནི། གཏེར་ཆེན་ནས། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། རབ་འབྱམས་གཉིས་པ་ཀུན་བཟང་རྣམ་རྒྱལ། ཞེ་ཆེན་རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། ཐུབ་བསྟན་སྣང་མཛད་འོད་ཟེར། མཆོག་སྤྲུལ་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་ལའོ། །ལོ་ཆེན་དྷརྨ་ཤྲཱི། པདྨ་འགྱུར་མེད་རྒྱ་མཚོ། རྗེ་བཙུན་མི་འགྱུར་དཔལ་སྒྲོན་གསུམ་གྱི་ཁ་སྐོང་སྐོར་རྣམས་མཛད་པ་པོ་སོ་སོ་ནས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། དེ་མན་གོང་དང་འདྲ། རྗེ་པདྨ་དབང་རྒྱལ་གྱི་གསུང་ཕྲིན་ [156b] ལས་ཆོས་སྒྲོན་ལ་བརྒྱུད་ཅིང་། ཕྲིན་ལས་ཆོས་སྒྲོན་གྱི་གསུང་རྣམས་རྗེ་མཁྱེན་བརྩེའི་དབང་པོ་ནས་སྔར་བཞིན་ནོ། །ཡང་བཀའ་སྲུང་ལྷ་ཆེན་གྱི་བསྙེན་ཡིག་དཔག་བསམ་འདོད་རྒུ་དང་། ལྷ་ཆེན་གྱི་སྒབ་འདྲེ་མནན་ཐབས་བཅས་ཨོ་རྒྱན་རབ་བརྟན་གྱིས་མཛད་པའི་ལུང་བརྒྱུད་ནི། མཛད་པ་པོ་ནས། ཨོ་རྒྱན་སྐལ་བཟང་། སྟག་བླ་སྤྲུལ་སྐུ་མདོ་རྒྱུད་རྒྱ་མཚོ། གུ་རུ་ཆོས་དབང་། ཀུན་བཟང་ངེས་དོན་དབང་པོ། མཐུ་སྟོབས་རྣམ་རྒྱལ། ཐུབ་བསྟན་སྣང་མཛད་འོད་ཟེར། མདོ་སྔགས་བསྟན་འཛིན་ནོར་བུ། ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་བཞིན་དུ་སྩལ་བའི་བཀའ་དྲིན་ཐོབ་བོ༎ ༎