རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-019
Wylie title rig 'dzin 'jigs med gling pa'i dgongs gter rdzogs pa chen po klong chen snying thig gi thob yig DJYD-KABUM-20-WA-019.pdf
Location bdud 'joms rin po che bka' 'bum
Volume 20, Text 19, Pages 351-362 (Folios 176a1 to 181b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rig 'dzin 'jigs med gling pa'i dgongs gter rdzogs pa chen po klong chen snying thig gi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 351-362. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: 'jigs gling dgongs gter skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། །[176a] ཨོཾ་སྭསྟི། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སླར་ཡང་གངས་ཅན་བསྟན་འགྲོའི་བསོད་ནམས་ཀྱི་དཔལ་དུ་བྱོན་པ་རིག་འཛིན་འཇིགས་མེད་གླིང་པའམ་ཀུན་མཁྱེན་མཁྱེན་བརྩེའི་འོད་ཟེར་དུ་གྲགས་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྐོར་ཇི་ལྟར་ཐོབ་པའི་ཚུལ་ལ། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་གསུམ་ལས། དང་པོ་ལ། བླ་མ། ཡི་དམ། མཁའ་འགྲོ། ཆོས་སྐྱོང་བཅས་སྐོར་ཚོ་བཞི་ལས། དང་པོ་བླ་སྒྲུབ་ཀྱི་སྐོར་ལ། རིག་འཛིན་གྱི་རྩ་དབང་རྒྱལ་ཐབས་སྤྱི་བླུགས། ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་གཏོར་དབང་། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་བཅས་པའོ། །གཉིས་པ་ཡི་དམ་གྱི་སྐོར་ལ། སྟ་གོན་ཞག་གིས་ཆོད་པའི་དངོས་གཞི་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་དང་། ཐུགས་སྒྲུབ་དཔལ་ཆེན་འདུས་པ་རྩ་བའི་དབང་། རིགས་བཞིའི་སྒོས་དབང་དང་བཅས་པ་རྣམས་སོ། །གསུམ་པ་མཁའ་འགྲོའི་སྐོར་ལ། ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཕྱི་སྒྲུབ་རྩ་བའི་ [176b] དབང་དང་། མཁའ་འགྲོའི་ལས་ཚོགས་བཞི་པ་དང་འབྲེལ་བའི་ཚེ་དབང་། གསང་སྒྲུབ་སེང་གེའི་གདོང་ཅན་གྱི་དབང་དང་བཅས་པའོ། །བཞི་པ་ཆོས་སྐྱོང་གི་སྐོར་ལ། མ་མགོན་ལྕམ་དྲལ་གྱི་སྲོག་དབང་དང་། ཚེ་རིང་མཆེད་ལྔའི་སྲོག་དབང་བཅས་ལེགས་པར་ཐོབ་པའོ། །གཉིས་པ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལ་གསུམ་ལས། དང་པོ་ཐོག་མར་དགེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་རྗེས་སུ་མཐུན་པ་ལ། ཐུན་མོང་གི་སྔོན་འགྲོའི་ཁྲིད་ཡིག་ལག་ལེན་འདེབས་ཚུལ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས། ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་བཞག་བཅས་སོ། །གཉིས་པ་བར་དུ་དགེ་བ་གསང་སྔགས་རྡོ་རྗེ་ཐེག་པའི་དངོས་གཞིའི་བསྐྱེད་རྗོགས་རིམ་གཉིས་སྟོན་པའི་ཁྲིད་སྐོར་ལ། བསྐྱེད་རིམ་ལྷའི་ཁྲིད་ཀྱི་རྣམ་པར་བཞག་པ་འོག་མིན་བགྲོད་པའི་ཐེམ་སྐས་དང་། རྩ་གསུམ་སོ་སོའི་དམིགས་ཁྲིད་བྱེ་བྲག་དང་བཅས་པ་རྣམས་དང་། རྫོགས་རིམ་ཀུན་གྱི་རྩ་བ་བདེ་སྟོང་རླུང་གི་རྫོགས་རིམ་སྙན་བརྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ། བདེ་སྟོང་རླུང་གི་རྫོགས་རིམ་ཞལ་ཤེས་གཏུམ་མོ་འབར་འཛག་ཡིག་ཆུང་། ཐབས་ལམ་ [177a] སྦས་དོན་མ་བསྒོམ་སངས་རྒྱས། རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ། འཕོ་བ་མ་བསྒོམ་སངས་རྒྱས། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ཁྲིད་རྣམས་སོ། །གསུམ་པ་ཐ་མར་དགེ་བ་འོད་གསལ་རྫོགས་པ་ཆེན་པོའི་ཁྲིད་ལ། ཁྲེགས་ཆོད་གཙོ་བོར་སྟོན་པ་ཀུན་མཁྱེན་ཞལ་ལུང་སོགས་མན་ངག་གི་ཡིག་ཆ་རྣམས་དང་། ཁྱད་པར་ཁྲིད་ཡིག་ཡེ་ཤེས་བླ་མ་ཡོངས་སུ་རྫོགས་པ་སྨིན་ཁྲིད་ཀྱི་ལུགས་སུ་ལེགས་པར་ཐོབ་བོ། །གསུམ་པ་རྒྱབ་བརྟེན་ལུང་གི་སྐོར་ལ་གླེགས་བམ་གཉིས་ལས། པུ་སྟི་དང་པོ་ལ་རིམ་པ་བཞིན། ཌཱཀྐིའི་གསང་གཏམ་ཆེན་མོ། གསང་བ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན། གནད་བྱང་ཐུགས་ཀྱི་སྒྲོམ་བུ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ། རྩ་དབང་རྒྱལ་ཐབས་སྤྱི་བླུག །དབང་གི་སྤྱི་དོན་སྙིང་པོའི་དོན་གསལ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ། བླ་མ་མཆོད་པའི་ཆ་ག་དངོས་གྲུབ་རྒྱ་མཚོ། ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ། བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་རྒྱུན། ནང་སྒྲུབ་རིག་འཛིན་འདུས་པ། གབ་བྱང་གནད་ [177b] ཀྱི་མིག་ཚགས། བསྙེན་ཡིག་དངོས་གྲུབ་ཀྱི་ཟ་མ་ཏོག །ཚེ་སྒྲུབ་བདུད་རྩིའི་བུམ་བཅུད། དེའི་དམིགས་གནད་གལ་མདོ། ཚེ་སྒྲུབ་དབང་བཤད་ལྷན་ཐབས། ཡུམ་ཀ་བདེ་ཆེན་རྒྱལ་མོའི་ལོ་རྒྱུས། ཡུམ་ཀའི་བྱིན་རླབས་དབང་གི་ཆོ་ག །རྩ་སྒྲུབ་བདེ་ཆེན་དཔལ་ཕྲེང་། དེའི་རྩ་བའི་བསྙེན་ཡིག །དེའི་དོགས་སེལ་ལུས་དཀྱིལ་མངོན་བརྗོད། ཡུམ་ཀའི་བདག་འཇུག་དབང་དོན་རབ་གསལ། མེ་མཆོད་ལས་བཞིའི་བང་མཛོད། སྐུ་གསུམ་བདུད་རྩིའི་བཅུད་ལེན། ཕྲིན་ལས་བདེ་ཆེན་སྙིང་པོའི་གཏེར་བུམ། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཀླུ་དབང་དགོངས་རྒྱན། མཁའ་འགྲོའི་སུན་བཟློག་ངོ་མཚར་སྣང་བ། དེའི་གྲངས་གསོག་ཉེར་བསྡུས་དང་། སྐོང་བཤགས་ཀྱི་འཛུད། དཔའ་བོ་དཔའ་མོའི་སུན་བཟློག །ཡུམ་ཀའི་ཚེ་དབང་གི་མཚམས་སྦྱོར། གཡང་ཆོག་གཏེར་བུམ་སྒྲུབ་པའི་ལྷན་ཐབས། རིགས་བདག་གི་སྒྲུབ་ཐབས་བདེ་བ་ཅན་གྱི་ཆོ་ག་གཞན་ཕན་ཕྲིན་ལས། བདེ་བ་ཅན་གྱི་བསྟོད་སྨོན། སྒྲིབ་སྦྱོང་གནས་ལུང་གི་ཆོ་ག་དག་བྱེད་གཏེར་བུམ། དུག་དབྱུང་བྱབ་བཀྲུས་ལྷན་ཐབས། བླ་བསླུ་སྲོག་འཚོའི་ལྗོན་པ། གསང་སྒྲུབ་སེང་ [178a] གདོང་མའི་དབང་ཆོག་བྱིན་རླབས་ཆུན་པོ། གསོལ་འདེབས་བྱིན་རླབས་ཆར་འབེབས། སེང་གདོང་མའི་སྒྲུབ་ཐབས་ལས་བྱང་། དེའི་བསྙེན་ཡིག །བསྲུང་བཟློག་བྱད་མ་སྟོབས་འཇོམས། བྱད་འགྲོལ་གནམ་ལྕགས་འཁོར་ལོ། གཏོར་བཟློག་བྱད་གདོན་གཡུལ་འཇོམས། བཅས་གཞི་གནད་ཀྱི་ཡིག་ཆུང་། ཕྲིན་ལས་གཞན་ཕན་འཁོར་ལོ། ཡོ་ག་གསུམ་གྱི་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་། དཔལ་ཆེན་བརྒྱུད་པའི་གསོལ་འདེབས། ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པ། དེའི་བསྙེན་ཡིག །གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན། དཔལ་ཆེན་ཕྱག་རྒྱ་རྒྱས་པ། ཁྲག་འཐུང་རིགས་བཞིའི་སྒོས་དབང་། སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག །རིགས་བཞིའི་བསྙེན་པའི་དམར་བྱང་། བདག་འཇུག་དབང་དོན་རྒྱ་མཚོ། རོལ་པ་ཆེན་པོའི་གཏོར་བཟློག །ཟེར་ཁ་ཟབ་མོ་གུད་དུ་སྦས་པ། བསྲུང་བཟློག་འཁོར་ལོའི་ཞལ་ཤེས། ཆེ་མཆོག་བདུད་རྩི་འཁྱིལ་པ་ཡོན་ཏན་འདུས་པའི་ [178b] དཀྱིལ་འཁོར། སྨན་སྒྲུབ་ལག་ལེན་ཟིན་ཐོ། བསྐྱེད་རིམ་རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས། ཞི་དྲག་ཐུན་མོང་གི་ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ། སྐོར་བཤགས་རྡོ་རྗེའི་ཐོལ་གླུ། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། དེའི་དཀའ་འགྲེལ་དབྱར་གྱི་རྔ་གསང་། བདག་འཇུག་དབང་དོན་གསལ་བ། པྲ་ཁྲིད་དམར་བྱང་གནད་ཡིག །གསོལ་འདེབས་ཞལ་མཐང་མ། ཁྲོ་བོ་རྟ་མགྲིན་འདུས་པ་དང་བཅས་པ་རྣམས་སོ། །པུ་སྟི་ཕྱི་མ་ལ་རིམ་པ་བཞིན་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། བླ་མ་དྲག་པོ་རྟ་ཁྱུང་འབར་བ། དེའི་དབང་དང་བསྙེན་པའི་གནས་ཡིག །ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད། གཞི་ལམ་འབྲས་བུའི་སྨོན་ལམ། སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ། བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ། བདེན་ཚིག་གྲུབ་པའི་སྨོན་ལམ་པྲ་ཎི་དྷ་ན་རྣམ་མཁྱེན་གྲོང་འཇུག །རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུ། ཞི་ཁྲོ་ངན་སོང་སྦྱོང་བའི་ཆོག་བསྒྲིགས་ཁྲོམ་དཀྲུགས་གསལ་བའི་རྒྱན། དེའི་ཞིབ་དཔྱོད་ལྷན་ཐབས། ཡང་ཡིག་དཀའ་གནད་རྒྱ་འགྲོལ། ལྷ་དབང་གི་ [179a] བཀོལ་བྱང་། ཉམས་ཆག་སྐོང་བའི་མན་ངག །རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མང་། ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲྭ་བ། བསྲེག་སྦྱོང་སྒྲིབ་གཉིས་རྣམ་གྲོལ། བཀའ་སྲུང་མ་མགོན་ལྕམ་དྲལ། ལྕམ་དྲལ་གསུམ་གྱི་སྲོག་གཏད། ལྕམ་དྲལ་སྒྲུབ་པའི་གནད་ཡིག །མདོས་བསྐང་སྲིད་པ་གཞིར་བཞེངས། མ་མོ་མཁའ་འགྲོའི་འཁྲུགས་བསྐང་། གཡུལ་མདོས་བདུད་དཔུང་ཟིལ་གནོན། དེའི་བསོགས་ཀྱི་ཡིག་ཆུང་། གཟའ་རྒོད་སྲོག་གི་སྤུ་གྲི། བསྐུལ་བྱང་དུག་རླངས་འཚུབ་མ། ཚེ་རིང་མའི་སྲོག་གཏད། དེའི་གསོལ་མཆོད་ཕྲིན་ལས་དཔག་བསམ་ཡོངས་འདུ། གབ་ཡིག་དོན་ཡོད་ཞགས་པ། དེའི་ཡང་ཡིག་ཆིག་བརྒྱུད་མ། གཡང་འགུགས་ཉུང་བསྡུས། གཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ། རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་བསྐང་བ་རྒྱས་པ་དང་། དེའི་རྒྱུན་ཁྱེར་བསྡུས་པ། འཕོ་བ་མ་བསྒོམ་སངས་རྒྱས། འཕོ་བའི་ངོ་སྤྲོད་ཉུང་ངུ་། བདེ་སྟོང་རླུང་གི་རྫོགས་རིམ། གཏུམ་མོ་འབར་འཛག་གི་ཡིག་ཆུང་ [179b] སྙན་བརྒྱུད་ཞལ་ཤེས་དང་བཅས་པ། ཐབས་ལམ་མ་བསྒོམ་སངས་རྒྱས། འཁྲུལ་འཁོར་སྦས་དོན་གསལ་བ། གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས། ཉེར་དཔྱད་ཕྱིན་དྲུག་ལང་ཚོ། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད། མན་ངག་གི་རྒྱུད་ཕྱི་མ། ལུང་ཀུན་ཏུ་བཟང་པོའི་དགོངས་ཉམས། རྫོགས་པ་ཆེན་པོའི་གནས་གསུམ་ཤན་འབྱེད། སེམས་སྦྱང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས། ཐུན་མོང་གི་སྔོན་འགྲོའི་ཁྲིད་ཀྱི་ལག་ལེན་འདེབས་ལུགས། ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་བཞག །དངོས་གཞིའི་ཁྲིད་ཡིག་ཡེ་ཤེས་བླ་མ། ལུང་གི་རྒྱབ་བརྟེན་པདྨ་དཀར་པོ། གནས་ལུགས་རྡོ་རྗེའི་ཚིག་རྐང་། དེའི་དོན་འགྲེལ་ཀུན་མཁྱེན་ཞལ་ལུང་། གོལ་ཤོར་ཚར་གཅོད་སེང་གེའི་ང་རོ། གནས་ལུགས་གཅེར་མཐོང་། རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་གདམས་ཀོ་གྲུའི་འཇིགས་སྐྱོབ། སྤྱོད་ཡུལ་ལམ་ཁྱེར་སངས་རྒྱས་ལམ་ཞུགས། གཏོར་མའི་ཟིན་བྲིས་གསལ་བ། བཻ་རོའི་སྒྲུབ་ཐབས། [180a] འཇིགས་མེད་གླིང་པ་ཉིད་ཀྱི་བླ་མའི་རྣལ་འབྱོར། རྒྱལ་གདོན་ཞི་བའི་བསྒོམ་བཟླས། བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ། ཚེས་བཅུའི་དུས་དྲན་གསོལ་འདེབས། གུ་རིའི་གསོལ་འདེབས་གཉིས། སྔོན་འགྲོའི་ངག་འདོན་སྐོར། ཆུ་གཏོར་བརྒྱ་རྩའི་ལྷན་ཐབས། སྤུང་གཏོར་བསྡུས་པ། དཀར་གསུར་ཞིང་ཁམས་ཀུན་ཁྱབ། དམར་གསུར་འདོད་ཡོན་རྒྱ་མཚོ། གསོན་གཤིན་གྱི་བསྔོ་བ་ཉི་མའི་འོད་ཟེར། དུས་མཐར་གདབ་པའི་སྨོན་ལམ། རབ་གནས་ཀྱི་རྒྱུད་ནས་གསུངས་པའི་མཆོད་ཕྲེང་ཀུན་དུ་རྒྱུ་དང་། ཡན་ལག་ཨརྒའི་ཆོ་ག་གཉིས། རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འདོད་འཇོ་དང་བཅས་སྤྱིར་ཆོས་ཚན་བརྒྱ་དང་སོ་ལྔ་ལ་ནང་གསེས་སུ་དབྱེ་བ་བརྒྱ་དང་ལྡ་བཅུ་ཐམ་པ་རྣམས་བཞུགས་པ་ཡོངས་སུ་རྫོགས་པ་ཐོབ་བོ། །དེ་ལྟར་ཐོབ་པའི་བླ་མ་བརྒྱུད་པའི་རིམ་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེང་ཧ། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་མི་ཏྲ། [180b] སློབ་དཔོན་པདྨ་འབྱུང་གནས། ཐུགས་སྲས་རྗེ་འབངས་གྲོགས་གསུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། དེ་ནས་ཆོས་བདག་ཞལ་སློབ་གསུམ་ནས་བརྒྱུད་ཚུལ་ལ། ཐོག་མར་རིགས་འདུས་ཐུགས་རྗེ་ཆེན་པོ། ཞི་ཁྲོ་ངན་སོང་སྦྱོང་བ་དག་གི་དབང་དང་། སྔོན་འགྲོའི་ཁྲིད་ཡིག་ཡོངས་རྫོགས། རྩ་བ་གསུམ་གྱི་ལུང་དང་། ཆོས་སྤྱོད་སྨོན་ལམ་སོགས་ཀྱི་ལུང་རྣམས་ཆོས་ཀྱི་བདག་པོ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ནས། འཇིགས་མེད་རྒྱལ་བའི་མྱུ་གུ་ལས། །ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་དབང་ནི། གཞུང་དེ་ཉིད་ཀྱི་ཆོས་བདག་ཏུ་རིག་འཛིན་འཇིགས་མེད་གླིང་པ་ཉིད་ནས་ལུང་བསྟན་པ་འཇིགས་མེད་བསྟན་པའི་རྒྱལ་མཚན་ལའོ། །བླ་མ་རིག་འཛིན་འདུས་པའི་རྩ་བའི་དབང་ཚེ་དབང་བཅས་དང་། ཐུགས་རྗེ་ཆེན་པོའི་དབང་། སྔོན་འགྲོ་དངོས་གཞི་དང་བཅས་པའི་ཁྲིད་ཡོངས་རྫོགས། ཁྲིད་ཡིག་རྣམས་དང་སྔོན་འགྲོ་སོགས་ཀྱི་ངག་འདོན་སྐོར་མཐའ་རྟེན་རྒྱབ་ཆོས་རྣམས་ཀྱི་ལུང་དང་བཅས་པ་ཆོས་ཀྱི་བདག་པོ་ནས། གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ [181a] ཕྲིན་ལས་འོད་ཟེར་རམ་རིག་འཛིན་བྱང་ཆུབ་རྡོ་རྗེ་ལའོ། །ཡང་གསང་སྒྲུབ་སེང་གདོང་ཅན་གྱི་དབང་མ་གཏོགས་གོང་སྨོས་ཀྱི་དབང་ཡོངས་རྫོགས་དང་། སྔོན་འགྲོའི་ཁྲིད། རྩ་གསུམ་ཆོས་སྐྱོང་ཆོས་སྤྱོད་ཀྱི་སྐོར་རྣམས་ཀྱི་ལུང་བཅས་གྲུབ་དབང་རིན་པོ་ཆེ་ནས། གཞོན་ནུ་འཇིགས་མེད་ཆོས་ཀྱི་བློ་གྲོས་ལའོ། །ཡང་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་དང་། སྙིང་ཐིག་གླེགས་བམ་གཉིས་ཀྱི་ལུང་ཡོངས་རྫོགས་བཅས་ཚར་གཅིག་ནི། གྲུབ་དབང་རིན་པོ་ཆེ་ནས། རྗེ་ཀུན་དགའ་སྙིང་པོའམ། བྱང་སེམས་ཆེན་པོ་ཀུན་མཁྱེན་ལའོ། །ཡང་ཐུགས་རྗེ་ཆེན་པོའི་དབང་དང་སྔོན་འགྲོ་རྩ་རླུང་བཅས་ཀྱི་ཁྲིད་ལུང་ཐོར་བུ་འགའ་ཞིག །གྲུབ་དབང་རིན་པོ་ནས། རས་པ་དམ་ཚིག་རྡོ་རྗེ་ལའོ། །ཡང་རྩ་བ་གསུམ་གྱི་དབང་སྔོན་འགྲོའི་ཁྲིད་ལུང་ཕལ་ཆེར་བཅས་ཚར་གཅིག་གྲུབ་དབང་རིན་པོ་ཆེ་ནས། སྐྱབས་རྗེ་རྫོགས་ཆེན་པ་མཆོག་གི་སྤྲུལ་པའི་སྐུ་མི་འགྱུར་ནམ་མཁའི་རྡོ་རྗེ་ལའོ། །དེ་ལྟར་ཆོས་བདག་ཞལ་སློབ་གསུམ་སོགས་སོ་སོའི་ཞལ་སྔ་ནས། ཐམས་ཅད་མཁྱེན་པ་རྒྱལ་སྲས་གཞན་ཕན་མཐའ་ [181b] ཡས་འདོ་ཟེར་གྱིས་གསན། དེས་མཁན་ཆེན་པདྨ་བཛྲ་ལ། དེས་བྱང་ཆུབ་སེམས་དཔའ་ཀུན་བཟང་ཆོས་ཀྱི་གྲགས་པ། དེས་བདག་ཅག་གི་འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མ་ལ། གང་དེས་བརྩེ་བ་ཆེན་པོས་བདག་འཇིགས་བྲལ་བདེ་ཆེན་ཡེ་ཤེས་རྡོ་རྗེ་ལ་དགྱེས་བཞིན་དུ་སྩལ་བའོ༎ ༎