སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་སྐོར་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-026
Wylie title sprul pa'i gter chen o rgyan mchog gyur bde chen gling pa'i dam chos rdzogs pa chen po sde gsum gyi skor thob yig DJYD-KABUM-20-WA-026.pdf
Location bdud 'joms rin po che bka' 'bum
Volume 20, Text 26, Pages 473-480 (Folios 237a1 to 240b1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Sprul pa'i gter chen o rgyan mchog gyur bde chen gling pa'i dam chos rdzogs pa chen po sde gsum gyi skor thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 473-480. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: mchog gling rdzogs chen sde gsum skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [237a] ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་དང་། བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པ་ལྷན་རྒྱས་པས་མདོ་སྨད་འཛོམ་ནང་པདྨ་ཤེལ་ཕུག་གུ་རུའི་སྒྲུབ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་སྐོར་ཐོབ་པ་ལ། དབང་ཁྲིད་ལུང་གསུམ་ལས། དང་པོ་དབང་ནི། ཐོག་མར་སྤྱིར་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལ་ནང་གསེས་ཐུན་མོང་གཏོང་དབང་དང་། ཐུན་མིན་ཟབ་དབང་དངོས་བཅས་དབང་སྣ་གཉིས། ཕྱི་སྐོར་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་སྒྲུབ་དབང་། ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་བསྐུར། ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་སྟེ། ཕྱི་སྐོར་སེམས་སྡེ་ལ་དབང་སྣ་གསུམ། ནང་སྐོར་བླ་མ་རིག་འཛིན་བཅོ་ལྔའི་དབང་། ཡི་མ་ཞི་བ་མངོན་རྫོགས་སྟོན་པ་བཅུ་གཉིས་ཀྱི་དབང་། ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་རྩ་བ་ཡན་ལག་དང་བཅས་པའི་དབང་། ཁྲིད་ཀྱི་བྱིན་རླབས། མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་དབང་སྟེ། ནང་སྐོར་ཀློང་སྡེ་ལ་ [237b] དབང་སྣ་ལྔ། གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དབང་། ཡི་དམ་ཞི་བའི་དབང་ཁྲོ་བོ་གནས་གྱུར་དང་བཅས་པ། ཡི་དམ་ཁྲོ་བོ་བཀའ་བརྒྱད་ཀྱི་དབང་། ཁྲིད་ཀྱི་བྱིན་རླབས་ཏེ། གསང་སྐོར་མན་ངག་སྡེ་ལ་དབང་སྣ་བཞི། བཀའ་སྲུང་ཡེ་ཤེས་དབྱིངས་ཕྱུག་མཁའ་འགྲོ་སྡེ་དགུའི་དབང་། བཀའ་སྲུང་འཇིག་རྟེན་པ་འབར་མ་མེ་གདོང་མའི་སྲོག་གཏད། རྡོ་རྗེ་གཤོག་རྒོད་མའི་སྲོག་གཏད། དམ་ཅན་སྐྱེས་བུ་ཆེན་པོའི་སྲོག་གཏད། གཏེར་སྲུང་ལྷ་བཙན་ཀླུ་གསུམ་གྱི་བཀའ་གཏད་བཅས། སྲུང་མའི་སྐོར་ལ་དབང་སྣ་ལྔ་སྟེ། ཁྱོན་དྲིལ་དབང་སྣ་བཅུ་དགུ་པོ་གཏེར་གཞུང་རྩ་བ་ལ་གཏེར་འབྱིན་རིག་འཛིན་ཆེན་པོ་ལྷན་རྒྱས་ཀྱི་ཕྱག་བཞེས་མན་ངག་གཏན་ལ་ཕབ་སྟེ་རས་བྲིས་སོགས་གཞུང་གསལ་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚང་ལ་མ་འཁྲུལ་བར་ཐོབ་བོ། །གཉིས་པ་ཁྲིད་ནི། སྤྱིར་སྨིན་བྱེད་རང་རང་གི་ཞར་ལ་སོ་སོའི་ཁྲིད་རིམ་ཕལ་ཆེར་ཚང་བ་ཡིན་ལ། ཁྱད་པར་སྡེ་གསུམ་སོ་སོ་ཞར་བྱུང་དང་བཅས་པའི་ཉམས་ཁྲིད་མཁན་རཏྣའི་གསུང་ལྟར་ཞིབ་རྒྱས་སུ་ནོས། གསུམ་པ་ལུང་ལ། རྩ་བ་དང་། ཁ་སྐོང་གཉིས་ལས། [238a] དང་པོ་གཏེར་གཞུང་རྩ་བའི་སྐོར་ལ། མདོ་བྱང་རབ་ཏུ་གསལ་བ། ལོ་རྒྱུས་སྙིང་གི་ཏིག་ཀ ། ཤྲཱི་སེང་མན་ངག་གནད་གད་མས། ཤྲཱི་སེང་ཧའི་བླ་སྒྲུབ། རིག་འཛིན་བླ་མའི་ཟབ་དབང་། ཕྱི་སྐོར་བླ་མའི་སྒྲུབ་ཐབས། བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས། བླ་མའི་སྒྲུབ་དབང་། ཤྲཱི་སེང་ཧའི་རྡོ་རྗེའི་གླུ། ཕྱི་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ། ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་པ། ཕྱི་སྐོར་ཡི་དམ་ཞི་བའི་དབང་བསྐུར། ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས། ཕྱི་སྐོར་དངོས་གཞིའི་ཁྲིད་རིམ། བསྡུས་དོན་བཅས། ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས། ནང་སྐོར་ཁྲིད་ཀྱི་བྱིན་རླབས། ནང་སྐོར་ཁྲིད་ཀྱི་དངོས་གཞི། ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ། བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ། མན་ངག་གདམས་པ་མ་བུ། ནང་སྐོར་ཡི་དམ་ཞི་སྒྲུབ། ནང་སྐོར་ཞི་བའི་སྒྲུབ་དབང་། ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ། སྔགས་བྱང་། རྩ་བ་མངོན་རྫོགས་རྒྱལ་པོ་དང་། ཡན་ལག་དགུ་བསྒྲིལ་གྱི་དབང་བཅས། ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་བསྡེབས། མངོན་རྟོགས། ཡི་དམ་ཁྲོ་བོའི་ [238b] བདག་འཇུག་ངག་འདོན། སྨན་སྒྲུབ་ངག་འདོན། མྱོང་གྲོལ་རྫས་ཀྱི་སྒྲུབ་པ། དངོས་གྲུབ་ལེན་པ། བདུད་རྩི་སྨན་གྱི་ཚེ་ལུང་། ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་དབང་བསྐུར་བཅས། གསང་སྐོར་བླ་མའི་སྒྲུབ་ཐབས། རིག་འཛིན་ཡོངས་རྫོགས་ཀྱི་དབང་ཆོག །གསང་སྐོར་ཁྲིད་ཀྱི་བྱིན་རླབས། གསང་སྐོར་ཁྲིད་ཀྱི་རིམ་པ་དང་། ཁྲིད་ཀྱི་རྗེས་འབྲེལ། གསང་སྐོེར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ། གསང་སྐོར་ཡི་དམ་ཞི་སྒྲུབ། ཡི་དམ་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་འགྱུར་བཅས། གསང་སྐོར་ཡི་དམ་ཞི་བའི་དབང་བསྐུར། གསང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་བསྡེབས། སྨན་མཆོད། བཟླས་དམིགས་ངག་འདོན། ཁྲོ་བོའི་དབང་ཆོག །བཀའ་སྲུང་ཡེ་ཤེས་པའི་སྒྲུབ་ཐབས། བཀའ་སྲུང་དྲེགས་པ་ཕོ་མོའི་སྒྲུབ་ཐབས། གཏེར་སྲུང་མཆོད་ཐབས་ངག་འདོན། ཕྲིན་ལས་གསལ་འདེབས་བྱང་བུའི་སྐོར་ལ། གཤིན་པོ་རྗེས་འཛིན། པདྨ་ཤེལ་ཕུག་གི་དཀར་ཆག །ཞི་རྒྱས་སྦྱིན་སྲེག་གི་ངག་འདོན། རབ་གནས། མདོ་བྱང་སྙིང་བྱང་། ལུང་བསྟན་གཅེས་པའི་ལྡེའུ་མིག་བཅས་སོ། །གཉིས་པ་ཁ་ [239a] སྐོང་གི་སྐོར་ལ། སྡེ་གསུམ་སྤྱིའི་བརྒྱུད་འདེབས་འཇམ་མགོན་གུ་ཎའི་གསུང་། བརྒྱུད་འདེབས་བསྡུས་པ་མཁན་རཏྣའི་གསུང་། སྡེ་གསུམ་དབང་ཟིན་གོང་གསུང་། བསང་ཆུ་དང་བགེགས་གཏོར་བསྔོ་བ་བློ་གྲོས་རྒྱ་མཚོས་ཕྱུངས་པ། རིག་འཛིན་དགོངས་ཉམས་ཀྱི་གླུ། བུམ་དབང་ངག་བརྗོད། སྦུབས་མཆུའི་གདམས་པ་བཅས་བཀའ་མ་སྙན་བརྒྱུད་ལས་ཟུར་དུ་ཕྱུངས་པ། ནང་སྐོར་རིག་འཛིན་བཅོ་ལྔའི་བསྐྱེད་རིམ་བྱང་བུ། ནང་སྐོར་རིག་འཛིན་བཅོ་ལྔའི་དབང་ཆོག །སྟོན་པ་བཅུ་གཉིས་ཀྱི་དབང་བསྐུར་ཟུར་རྒྱན་བཅས་མཁན་རཏྣའི་གསུང་། སྟོན་པ་བཅུ་གཉིས་ཀྱི་འདས་རྗེས་རྡོར་གླིང་ལྟ་བ་ཀློང་ཡངས་ལས་ཁོལ་དུ་ཕྱུངས་པ། ཀློང་སྡེའི་ཚུག་ཤིང་ལ་འབྲི་རྒྱུ་རྡོ་རྗེ་ཟམ་པའི་གཞུང་ལས་ཁོལ་དུ་ཕྱུངས་པ། ནང་སྐོར་ཁྲོ་བོའི་ཛཔྲ་དམིགས་འབྲིང་པོ་བདེ་ཆེན་འབར་བའི་ཐིག་ལེ། ཛཔྲ་དམིགས་བསྡུས་པ་མཆོག་གི་ཐིག་ལེ། ཐུགས་སྲོག་དཔེའུ་རིས། ནང་སྐོར་ཡི་དམ་ཁྲོ་བོའི་ཛཔྲ་དམིགས། གསང་སྐོར་བླ་མའི་བསྐྱེད་རིམ་བསྡུས་པ་བཅས་མཁན་རཏྣའི་གསུང་། གསང་སྐོར་ཡི་དམ་ཁྲོ་བོའི་བརྒྱུད་འདེབས་དང་། གསང་སྐོར་ཁྲོ་བོའི་དབང་བསྐུར་ཡེ་ཤེས་ [239b] ཀློང་ཡངས་བཅས་འཇམ་མགོན་གུ་ཎའི་གསུང་། སེམས་སྡེའི་རིག་འཛིན་ཉེར་བརྒྱད་རྩ་འཁོར་ལ་བསྒོམ་ཚུལ་གྱི་དཔེའུ་རིས། ཕྱི་སྐོར་བླ་མའི་དཀྱིལ་འཁོར་བློས་བསླང་གི་དཔེའུ་རིས། ནང་སྐོར་ཁྲོ་བོའི་དཀྱིལ་འཁོར་བསྡུས་པའི་ལྷ་གནས་བཀོད་ཚུལ་དཔེ་ཐོ། ནང་སྐོར་ཡི་དམ་ཁྲོ་བོའི་དཀྱིལ་འཁོར་བསླང་ཐབས་དཔེའུ་རིས། ཀློང་སྡེའི་མཁའ་འགྲོའི་སྒྲུབ་རྟེན་ནང་དཀྱིལ་ལུས་ལ་བཀོད་པའི་ཙཀྲའི་དཔེའུ་རིས། ཕྱི་སྐོར་བླ་མའི་ལུས་དཀྱིལ་ལྷའི་གསལ་བྱེད། ནང་སྐོར་ལྷ་ཁྲིད་ཟུར་རྒྱན་རིན་ཆེན་ཕྲ་ཚོམ། ནང་སྐོར་མཁའ་འགྲོའི་རིག་ཟིན་རང་ཞལ་བལྟ་བའི་དྭངས་ཤེལ། སེམས་སྡེའི་ཉམས་ལེན་ཨ་དོན་རབ་གསལ། ཀློང་སྡེའི་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར། མན་ངག་སྡེའི་ཉམས་ལེན་སྙིང་པོ་སྒྲོན་མ་རབ་གསལ། བོགས་འདོན་ཉམས་དབྱངས་བྱིན་རླབས་ཆར་འབེབས། བླ་མ་ཆོས་སྐུའི་དོན་ཁྲིད་སྙིང་པོ་སངས་རྒྱས་མཛུབ་ཚུག །ཤྲཱི་སེང་ཧའི་ཞལ་གདམས་ཀྱི་དྲིས་ལན། བཀའ་སྲུང་ཡེ་ཤེས་པའི་གསོལ་མཆོད་ཕྲིན་ལས་ཀུན་ཁྱབ་བཀྲ་ཤིས་ཆར་འབེབས། དེའི་དབང་བསྐུར། སྡེ་གསུམ་སྲུང་མའི་བཀའ་གཏད། གཏེར་སྲུང་བཀའ་གཏད། [240a] སྲུང་མའི་ཟུར་རྒྱན་བཅས་མཁན་རཏྣའི་གསུང་། གཏེར་སྲུང་གཏོར་འབུལ་རྒྱན་ཁྱེར། གཏོར་དཔེ། སྡེ་གསུམ་སྨོན་ལམ་བཅས་འཇམ་མགོན་གུ་ཎའི་གསུང་སྟེ། དེ་རྣམས་ཀྱིས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆོས་སྐོར་གླེགས་བམ་དུ་གང་བཞུགས་ཡོངས་སུ་ཚང་བ་ཡིན་ནོ། །དེ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེང་ཧ། ཨོ་རྒྱན་པདྨ་ཐོད་ཕྲེང་། ལོ་ཆེན་བཻ་རོ་ཙ་ན། མངའ་བདག་ཆོས་རྒྱལ་ཁྲི་སྲོང་། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། ལྷ་སྲས་མུ་རུབ་བཙན་པོ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ། ཀུན་མཁྱེན་པདྨ་འོད་གསལ་མདོ་སྔགས་གླིང་པ། དེ་གཉིས་ཀའི་ཞལ་སྔ་ནས། གཏེར་སྲས་གཡུ་སྒྲའི་རྣམ་རོལ་ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུ། མཆོག་གླིང་རིགས་དབོན་བླ་མ་བསམ་གཏན་རྒྱ་མཚོ། ཁྱབ་བདག་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་སྩལ་བའི་སྐལ་བཟང་ཐོབ་བོ། ། ༈ །ལམ་རིམ་ཡེ་ཤེས་སྙིང་པོའི་ [240b] འགྲེལ་པ་ཚ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ཁྲིད་ལུང་གི་བརྒྱུད་པ་ནི། མཛད་པ་པོ་ནས། མཁན་རིན་ཆེན་ནོར་བུ། དེས་བདག་ལའོ།། །།