ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ་གྱི་ཐོབ་ཡིག།

From Dudjom Wiki
DJYD-KABUM-20-WA-035
Wylie title kun mkhyen klong chen pa'i bka' 'bum gyi thob yig DJYD-KABUM-20-WA-035.pdf
Location bdud 'joms rin po che bka' 'bum
Volume 20, Text 35, Pages 525-559 (Folios 263a1 to 280a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Kun mkhyen klong chen pa'i bka' 'bum gyi thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 525-559. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: klong chen bka' 'bum skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [263a] ཨོཾ་སྭསྟི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་རམ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོའི་བཀའ་འབུམ་སྐོར་རྣམས་ཐོས་པ་ལ། ཐོག་མར་མདོ་སྔགས་ཐུན་མོང་དང་གཙོ་བོར་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་བྱེད་པའི་བསྟན་བཅོས་རིན་པོ་ཆེ་བང་མཛོད་བདུན་ཞེས་ས་གསུམ་ཀུན་ལ་སྙན་པར་གྲགས་པའི་གླེགས་བམ་ཡིད་བཞིན་ནོར་བུ་ཆོས་ཀྱི་སྒོ་སྣ་ཚོགས་པ་སྣང་བར་བྱེད་པའི་སྒྲོན་མ་འོད་རབ་ཏུ་བཟང་པོ་དེ་དག་གི་བདུད་རྩི་ཇི་ལྟར་ཉམས་སུ་མྱོང་བའི་རིམ་པ་ལ། བདེ་བར་གཤེགས་པའི་ཆོས་ཀྱི་འཁོར་ལོ་མཐའ་དག་གི་སྙིང་པོ་ཐེག་པ་ཆེན་པོའི་མན་ངག་གི་གནས་ལ་འཇུག་པར་བྱེད་པའི་ཚུལ་མདོ་རྒྱུད་བསྟན་བཅོས་ཆེན་པོ་རྣམས་ལས་བཤད་པའི་ཚིག་དོན་རྟོགས་དཀའ་བ་ཐམས་ཅད་གཅིག་ཏུ་བསྡོམས་ནས། ཐོས་པ་དང་། བསམ་པ་དང་། སྒོམ་བྱུང་གི་ཤེས་རབ་དྲི་མ་མེད་པས་དཔྱད་ཅིང་སྤང་བླང་གི་གནད་མི་འཆུག་པར་བྱ་བའི་ཚུལ་ཚིག་ཉུང་ངུས་ཟབ་ཅིང་རྒྱ་ཆེ་བའི་གནས་གསལ་བར་སྟོན་པའི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་བ་ལེའུ་ཉེར་གཉིས་པ། དེའི་རྒྱ་ [263b] ཆེར་འགྲེལ་པ་པདྨ་དཀར་པོ། ཁྲིད་ཡིག་ཟབ་དོན་རྡོ་རྗེའི་སྙིང་པོ་དང་བཅས་པའི་དཀའ་ལུང་གི་བརྒྱུད་པ་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱི་ཐུན་མོང་གི་གཞི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲེལ་བའི་བླ་མ་བརྒྱུད་པ་ལའང་གསུམ་སྟེ། བསྟན་པ་ལ་རིམ་གྱིས་བསླབ་པ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ས་ལམ་དང་ཏིང་ངེ་འཛིན་གྱི་དྲོད་ཚད་བརྟན་པ་ཟབ་ཅིང་རྒྱ་ཆེ་བའི་བརྒྱུད་པ། ཆོས་ཉིད་དོན་གྱི་གནས་ལུགས་བསྟན་པ་ཟབ་མོ་ལྟ་བའི་བརྒྱུད་པ་དང་གསུམ་ལས། དང་པོ་ནི། ཐུབ་པ་ཆེན་པོ། འཇམ་དཔལ་དབྱངས། ཞི་བའི་ལྷ། ཨེ་ལ་དྷ་རི། མ་ཧཱ་ཤྲཱི་རཏྣ། བྷ་ཝ་བཛྲ། དྷརྨ་ཀིརྟི། དཱི་པཾ་ཀ་ར། སུ་མ་ཏི། རྡོག་ལོ་བློ་ལྡན་ཤེས་རབ། ཚེ་སྤང་བ་ཆོས་ཀྱི་བླ་མ། ཕྱྭ་པ་ཆོས་ཀྱི་སེང་གེ ། དན་བག་སྨྲ་སེང་། དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག ། སངས་རྒྱས་བརྩོན་འགྲུས། དབེན་དགེ་བ་ཤཱཀ་སེང་། བླ་བྲང་བ་ཆོས་དཔལ་རྒྱལ་མཚན། དཔལ་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་ལའོ། །གཉིས་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་ [264a] པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད་བཟང་པོ། སེང་གེ་བཟང་པོ། ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རིན་ཆེན་རི་བོ། ཟླ་བ་བཟང་པོ། འབུམ་ཕྲག་གསུམ་པ། བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། དཀར་ཆུང་རིང་མོ་བ། ཞང་གཡེ་བ། གཉལ་ཞིག་ལྗམ་དོར། རྒྱ་ཕྱིང་རུ་བ། ཆུ་མིག་པ་སེང་གེ་དཔལ། ལྷོ་བྲག་པ། བཙན་དགོན་པ་དང་། དབེན་དགེ་བ་གཉིས། དེ་གཉིས་ཀས་བླ་བྲང་ཆོས་དཔལ་རྒྱལ་མཚན། སྨྲ་བའི་ཉི་མ་ཀུན་མཁྱེན་དྲི་མེད་འོད་ཟེར་ལའོ། །གསུམ་པ་ནི། བཅོམ་ལྡན་འདས། འཕགས་པ་འཇམ་དཔལ། ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་ས་ལ་ཆེ་བ། ཆུང་བ། ཇོ་བོ་རྗེ། བལ་པོ་ཐང་པ་ཛ། ཨ་བྷྱ་ཀ་ར། བྱང་སེམས་ཟླ་རྒྱལ། གྲོ་ལུང་པ་ཆེན་པོ། སྤྱི་བོ་ལྷས་པ་བྱང་ཆུབ་འོད། རྨ་བྱ་བ་ཤཱཀྱ་སེང་གེ ། མཆིམས་ནམ་མཁའ་གྲགས་པ། མཁན་པོ་སྨོན་ལམ་ཚུལ་ཁྲིམས། སློབ་དཔོན་བྱང་ཆུབ་གྲུབ་པ། [264b] སློབ་དཔོན་གཞོན་ནུ་རྡོ་རྗེ། མཁས་མཆོག་ཀློང་ཆེན་རབ་འབྱམས་དཔལ་བཟང་པོ་ལའོ། །དོན་གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་བླ་མ་བརྒྱུད་པ་ལའང་ཕྱོགས་འདིར་སྔགས་གསར་རྙིང་ཐམས་ཅད་འདུས་པའི་ཕྱིར་བརྒྱུད་རིམ་དུ་མ་ཞིག་འགོད་དུ་ཡོད་ཀྱང་རེ་ཞིག་གཙོ་ཆེ་བའི་དབང་དུ་བྱས་ན་རྙིང་མ་ངེས་དོན་གྱི་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་དང་འབྲེལ་བའི་བླ་མ་བརྒྱུད་པ་ལ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ་ལས། དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་རིགས་གསུམ་མགོན་པོ། གཉིས་པ་ནི། ཕྱག་ན་རྡོ་རྗེ། རྒྱལ་པོ་ཛ༔ དེ་ནས་རིམ་བཞིན་ཨིནྡྲ་བྷུ་ཏི། སྲས་ཤཱཀྱ་བྷ་ཏི། ཀུ་ཀུ་རཱ་ཛ། ནཱ་གརྫུ་ན། པདྨ་སམྦྷ་ཝ། བི་མ་མི་ཏྲའོ། །གསུམ་པ་ནི། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །གྱེ་རེ་མཆོག་སྐྱོང་། དར་རྗེ་དཔལ་གྲགས། གནུབས་སངས་རྒྱས་ཡེ་ཤེས། པ་གོར་བློན་ཆེན་འཕགས། དན་ཡོན་ཏན་ [265a] མཆོག །འབྲེ་གསལ་བའི་བྱང་ཆུབ། བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། མཚུར་ཡེ་ཤེས་དབང་ཕོ། དན་ཆོས་ཀྱི་དབང་ཕྱུག །ཞང་མཆོག་གི་དབང་ཕྱུག །སྐྱི་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་ལའོ། །དོན་གསུམ་པ་འབྲས་བུ་རྫོགས་པ་ཆེན་པོ་སྒོ་གསུམ་བྱ་རྩོལ་ལས་འདས་པའི་ཆོས་ཉིད་རྡོ་རྗེའི་རྩེ་མོ་ཨ་ཏི་དོན་གྱི་སྙིང་པོ་དང་འབྲེལ་བའི་བླ་མ་བརྒྱུད་པ་ལའང་། སྤྱིར་སེམས་ཀློང་མན་ངག་གི་བརྒྱུད་རིམ་ཐ་དད་པ་ཡོད་ཀྱང་གཙོ་བོ་གནད་ཐོག་གི་མེ་བཙའ་ལྟ་བུ་མན་ངག་གི་སྡེ། དེའི་ནང་ནས་ཀྱང་མཆོག་ཏུ་འཕགས་པ་དམིགས་པ་ཡུལ་གྱི་བློ་ཅན་རྣམས་འཇུག་པ་དང་། རིག་པ་རང་སྣང་གི་བློ་ཅན་དབང་པོ་ཡང་རབ་ཀྱི་ཆོས་སུ་བསྟན་པ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་དང་འབྲེལ་བའི་བླ་མ་བརྒྱུད་པ་ལ། དགོངས་བརྡ་སྙན་བརྒྱུད་གསུམ་ལས། དང་པོ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་། སྟོན་པ་རྡོར་སེམས། གསང་བདག་ཕྱག་རྡོར། [265b] གཉིས་པ་ནི། སྤྲུལ་སྐུ་དགའ་རབ་རྡོ་རྗེ། གུ་རུ་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སེང་ཧ། རྒྱལ་བ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་མི་ཏྲ། གསུམ་པ་ནི། ཉང་ཏིང་འཛིན་བཟང་། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །སྤྲུལ་སྐུ་རྒྱལ་བ་ཞང་སྟོན། གུ་རུ་མཁས་པ་ཉི་འབུམ། ཆོས་བདག་གུ་རུ་ཇོ་བེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་ཟླ་བ་མུན་སེལ། རིག་འཛིན་ཀུ་མཱ་རཱ་ཛ། བརྒྱུད་སྲོལ་ཀུན་འདུས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོ། །དེ་ནས། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྗེ་དྷྭ་ཛ་བྷ་དྲ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། གྲུབ་མཆོག་བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ལའོ། །ཡང་ན་ཀུན་མཁྱེན་ཆོས་རྗེ་ནས། ལྡན་སྒོམ་ཆོས་ཀྱི་གྲགས་པ། ངམ་སྟོན་ཉི་མ་འོད་ཟེར། སྤྲུལ་སྐུ་ཆོས་དབྱིངས་གྲགས་པ། བྱང་སེམས་བསོད་ནམས་དཔལ་འབྱོར། སྨན་རྩེ་བ་བློ་གྲོས་རྒྱལ་མཚན། སྤྲུལ་ [266a] སྐུ་སྣ་ཚོགས་རང་གྲོལ། རྒྱལ་དབང་བསྟན་འཛིན་གྲགས་པ། མཚུངས་མེད་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ལའོ། །དེ་ནས། ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེ། གྲུབ་ཐོབ་པདྨ་རིག་འཛིན། ཁྱབ་བདག་ནམ་མཁའ་འོད་གསལ། མཚུངས་མེད་པདྨ་དར་རྒྱས། པདྨ་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། དེ་གཉིས་ཀ་ལས་རྗེ་རིག་འཛིན་བཟང་པོ། བྱང་སེམས་སྣ་ཚོགས་རང་གྲོལ་ལམ་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པདྨ་རྡོ་རྗེ། མཁན་ཆེན་ཀུན་བཟང་བསོད་ནམས། ཁྱབ་བདག་འཁོར་ལོའི་མགོན་པོ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་སྩལ་བའོ། །ཡང་ན། མཁན་པད་རྡོར་ནས། ལུང་རྟོགས་བསྟན་པའི་ཉི་མ། བླ་མ་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཐུབ་བསྟན་དཔལ་ལྡན་གྲགས་པ། འདྲེན་མཆོག་མཚུངས་མེད་འཇམ་དཔལ་བདེ་བའི་ཉི་མ། དེ་བདག་ལ་སྩལ་བ་སྟེ་མཛོད་བདུན་ཀ་ལ་འདྲའོ། །ཡིད་བཞིན་ [266b] མཛོད་ཀྱི་དོན་ཁྲིད་རྡོ་རྗེ་སྙིང་པོའི་བརྒྱུད་པ་གཞན་ཡང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ཡན་གོང་བཞིན་ལ། དེ་ནས་སྟག་བླ་བ་པདྨ་བློ་གྲོས། པདྨ་རྡོ་རྗེ། ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། དཔའ་བོ་རྡོ་རྗེ། པདྨ་ཀུན་གྲོལ་རྣམ་རྒྱལ་མན་གོང་དང་འདྲའོ། །ཡང་འཇམ་མགོན་མི་ཕམ་གྱིས་ཡིད་བཞིན་མཛོད་འགྲེལ་ཞུས་དག་ཁ་སྐོང་གཡུང་རྟགས་ཅན་དང་། ས་བཅད་བསྡུས་སྡོམ། གྲུབ་མཐའ་བསྡུས་པ། དཀའ་གནད་ཀྱི་རིགས་གསལ་བར་བྱེད་པ། ལེའུ་བཅོ་བརྒྱད་པའི་ཚིག་འགྲེལ་བཅས་ཐོབ་པའི་བརྒྱུད་པ། མཛད་པ་པོ་རྗེ་མི་ཕམ་ནས། མཁན་ཆེན་ཀུན་བཟང་བསོད་ནམས། དེས་བདག་གི་བླ་མ་ལའོ། ། ༈ ། མདོ་རྒྱུད་མན་ངག་མཐའ་དག་གི་ཡང་ཟབ་གནས་བསྡུས་རྫོགས་པ་ཆེན་པོའི་སྔོན་འགྲོ་གོང་ནས་གོང་དུ་འདྲེན་པའི་ལམ་རིམ་འབྲས་བུ་དང་བཅས་པ་རྫོགས་པར་སྟོན་པའི་ཆོས་ཚུལ་ཡོན་ཏན་རིན་པོ་ཆེ་དྲུག་ཚན་དུ་མའི་བདག་ཉིད་ཙམ་མན་ངག་རིན་པོ་ཆེའི་མཛོད་ཀྱི་བརྒྱུད་པ་ནི། ཕྱི་ཐུན་མོང་གི་བརྒྱུད་པ་དང་། ནང་ཐུན་མིན་རྡོ་རྗེ་ཐེག་པའི་བརྒྱུད་ཚུལ་བཅས་ཡོངས་རྫོགས་ཡིད་བཞིན་ [267a] མཛོད་ལྟར་འདྲེན་ལ། བརྒྱུད་སྲོལ་ཀུན་འདུས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཤེས་རབ་རྒྱ་མཚོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་རྡོར། འགྱུར་མེད་རྡོ་རྗེ། པདྨ་རིག་འཛིན་མན་འདྲའོ། ། ༈ །གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཟབ་ཅིང་རྒྱ་ཆེ་བའི་ཚུལ་གསལ་བར་སྟོན་པ་ཀློང་སྡེའི་མན་ངག་གི་དོན་འགྲེལ་ཀ་དག་ཁྲེགས་ཆོད་ཀྱི་གནས་གསལ་བར་སྟོན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་རྩ་བ་ལེའུ་བཅུ་གསུམ་པ། དེའི་འགྲེལ་པ་ཆོས་དབྱིངས་གསལ་བ། རྟོགས་པའི་སྣང་བ། ཐེག་པའི་རྒྱལ་པོ། ལུང་གི་མཛོད་ཅེས་མཚན་གྱི་རྣམ་གྲངས་ཇི་སྙེད་དུ་གྲགས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་ཞི་ཁྲོ་རབ་འབྱམས། རྒྱལ་བ་རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་རྡོར། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ། ཉང་བན་ཏིང་ [267b] འཛིན་བཟང་པོ། ཆོས་རྒྱལ་ཁྲི་སྲོང་། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་དབང་། རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། འཁྲུལ་ཞིག་སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མཱ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཁས་གྲུབ་བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་བཟང་ཆོས་རྗེ། དྲུང་ཡེ་ཤེས་པ། སངས་རྒྱས་རྒྱལ་མཚན། ངག་དབང་ཀུན་དགའ་གྲགས་པ། བྱམས་པ་ཆོས་དབྱིངས་དཔལ་ལྡན། རྗོགས་ཆེན་པ་བསོད་ནམས་རིན་ཆེན། ཨོ་རྒྱན་བསྟན་བསྟན་འཛིན། ཀརྨ་མཐུ་སྟོབས་རྣམ་རྒྱལ། སྔགས་འཆང་དགོངས་འདུས་རིན་པོ་ཆེ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། གྲུབ་དབང་པདྨ་རིག་འཛིན། ནམ་མཁའ་འོད་གསལ། པདྨ་དར་རྒྱས། ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། བླ་མ་བསྟན་འཛིན་ནོར་བུ། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ་མན་གོང་བཞིན་ནོ། ། ༈ །རྒྱུ་འབྲས་ཀྱི་ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པ་ཆེའི་མཛོད་ལེའུ་བརྒྱད་པའི་བརྒྱུད་པ་ནི། ཀུན་མཁྱེན་ཆེན་ [268a] པོ་དཔལ་བསམ་ཡས་པ་ངག་གི་དབང་པོ་ཡན་སྙིང་ཐིག་སྤྱི་བརྒྱུད་ལྟར་ལ། དེ་ནས་ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཤེས་རབ་རྒྱ་མཚོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། མྱོས་སྟོན་རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྫོགས་ཆེན་པདྨ་རིག་འཛིན་མན་སྤྱི་དང་འདྲ། ཡང་ན་མན་ངག་རིན་པོ་ཆེའི་མཛོད་ཀྱི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། ། ༈ ། རང་བཞིན་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་རྒྱུད་བཅུ་བདུན་དང་། མན་ངག་བརྒྱ་བཅུ་དགུའི་དོན་འགྲེལ་སྟོན་པ་སྐུ་གསུམ་གྱི་བྱུང་ཚུལ་སྟོན་པ་ནས་འབྲས་བུ་ལྷུན་གྲུབ་ཆེན་པོའི་རྣམ་གཞག་གི་བར་གྱི་དོན་སྟོན་པ་ཐེག་པའི་མཆོག་རིན་པོ་ཆེའི་མཛོད་རིམ་ཁང་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་བརྒྱུད་པ་ནི། བརྒྱུད་ཚུལ་གཉིས་པོ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལྟར་ན། ཀུན་ཏུ་བཟང་པོ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་ [268b] ཆེན། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། ཤྲཱི་སིང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཏིང་འཛིན་བཟང་པོ། ཁྲི་སྲོང་ལྡེའུ་བཙན། ལྡང་མ་ལྷུན་རྒྱལ། སེང་གེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། ཆོས་བདག་ཇོ་བེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མཱ་ར་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཤེས་རབ་རྒྱ་མཚོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། གསང་བདག་ཕྲིན་ལས་ལྷུན་གྲུབ། གར་དབང་འགྱུར་མེད་རྡོ་རྗེ། གྲུབ་ཐོབ་པདྨ་རིག་འཛིན་མན་སྤྱི་དང་འདྲའོ། །ཡང་ན་ཀུན་མཁྱེན་ཆོས་རྗེ་ནས། ཁྱབ་བརྡལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། རྒྱལ་སྲས་ཟླ་བ་གྲགས་པ། མཚུངས་མེད་ཀུན་བཟང་རྡོ་རྗེ། བླ་མ་རྡོ་རྗེ་རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། རིག་འཛིན་ཡན་པ་བློ་བདེ། [269a] འདུལ་འཛིན་པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། གྲུབ་དབང་པདྨ་རིག་འཛིན། ནམ་མཁའ་འོད་གསལ། པདྨ་དར་རྒྱས། ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། དེ་གཉིས་ཀས་རིག་འཛིན་བཟང་པོ། བྱང་སེམས་སྣ་ཚོགས་རང་གྲོལ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ་མན་གོང་བཞིན་ནོ། ། ༈ །སྐལ་པ་དང་ལྡན་པའི་གང་ཟག་ཚེ་གཅིག་ཐར་པ་བསྒྲུབ་པའི་དོན་དུ་རྒྱུད་དང་མན་ངག་གི་མངོན་པར་རྟོས་པ་ལག་ལེན་དུ་བསྟན་པ་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ནས་མཐར་ཐུག་འབྲས་བུ་གྲོལ་ས་ཆེན་པོ་ལ་ཐུག་གི་བར་དུ་རྡོ་རྗེའི་གནས་བཅུ་གཅིག་གིས་རྒྱ་ཆེར་བཤད་པ་ལམ་ཁྱེར་གནད་ཀྱི་དོན་འགྲེལ་ཚིག་དོན་རིན་པོ་ཆེའི་མཛོད་དམ་གཞན་དུ་ན་མཚན་གྱི་རྣམ་གྲངས་འོད་གསལ་མཛོད་ཅེས་ཀྱང་གྲགས་པའི་བླ་མ་བརྒྱུད་པ་ནི། ཀུན་མཁྱེན་ཆེན་པོ་ཡན་སྙིང་ཐིག་སྤྱི་བརྒྱུད་ཇི་ལྟ་བ་བཞིན་ལ། དེ་ནས་མཁས་གྲུབ་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ་ [269b] ཆེན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། འཇག་སྟོད་རིན་ཆེན་གྲུབ་པ། གསེར་ཁང་པ་ངག་གི་དབང་པོ། བྱམས་ལྡིང་དཔལ་འབྱོར་རྒྱལ་མཚན། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། སྡོམ་བརྩོན་པདྨ་ཕྲིན་ལས། ཀུན་མཁྱེན་གསུམ་པ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། གཏེར་ཆེན་གར་དབང་འགྱུར་མེད་རྡོ་རྗེ། རྫོགས་ཆེན་སྐུ་ཕྲེང་དང་པོ་གྲུབ་དབང་པདྨ་རིག་འཛིན་མན་གོང་དང་འདྲའོ། ། ༈ །རྩེ་མོ་ལྷུན་གྱིས་གྲུབ་པའི་གནས་སེམས་ཀློང་མན་ངག་གི་སྡེའི་སྙིང་པོའི་མཐར་ཐུག་གི་དམ་ཚིག་ཆེན་པོའི་དོན་མེད་པ་དང་། ཕྱལ་བ་དང་། ལྷུན་གྲུབ་དང་། གཅིག་པུ་སྟེ་དམ་ཚིག་ཆེན་པོ་བཞིའི་རྣམ་གྲངས་སུ་ངེས་པ་ལ་རེ་རེ་བཞིན་དེ་ཁོ་ན་ཉིད་དུ་གནས་བཀྲོལ་བ་དང་། རང་བྱུང་དོན་གྱི་ཡེ་ཤེས་སུ་འགགས་སྡོམ་པ་དང་། སྐྱེ་མེད་བསམ་ཡུལ་ལས་འདས་པར་ཆིངས་སུ་བཅིངས་པ་དང་། རྒྱུ་འབྲས་བྱ་རྩོལ་ལས་འདས་པར་ལ་བཟླ་བ་སྟེ། རྡོ་རྗེ་གནས་ཆེན་པོ་བཅུ་དྲུག་གི་རང་བཞིན་གསལ་བར་སྟོན་པ་གནས་ལུགས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་ལྔ་པ། དེའི་རྒྱ་ཆེར་འགྲེགལ་པ་དང་བཅས་ [270a] པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ནས་རིམ་པར་བརྒྱུད་པ་བླ་མ་དམ་པ་འཇག་སྟོད་རིན་ཆེན་གྲུབ་པ་ཡན་ཚིག་དོན་རིན་པོ་ཆེའི་མཛོད་ཇི་ལྟ་བ་བཞིན་ལ། དེ་ནས་བླ་ཆེན་བསོད་ནམས་རྒྱལ་མཚན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྫོགས་ཆེན་པདྨ་རིག་འཛིན་མན་གོང་དང་འདྲའོ། ། ༈ །དོན་གཉིས་ལྷུན་གྲུབ་ཀྱི་ནོར་བུའི་གཏེར་ལ་རང་དབང་དུ་སྤྱོད་པར་འདོད་པའི་སྐལ་བཟང་གི་མགྲོན་པོ་དག་སྣ་ཚོགས་སྤྲོས་པའི་ཆོས་ཀྱིས་དུབ་པ་གང་ཞིག་ཆོས་དབྱིངས་བདེ་བ་ཆེན་པོའི་ཁང་བཟང་དུ་ངལ་གསོ་བར་བྱེད་པའི་བསྟན་བཅོས་ངལ་གསོ་སྐོར་གསུམ་ཇི་ལྟར་ཐོབ་ཚུལ་ལ། ཐོག་མར་མདོ་སྔགས་ཀྱི་ཆོས་ཀུན་ཐོག་མཐའ་བར་གསུམ་དུ་དགེ་བའི་ལམ་འཁྲུལ་མེད་ཚང་བར་བསྟན་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་རྩ་བ་ལེའུ་བཅུ་གསུམ་པ། དེའི་བསྡུས་དོན་ཀུནྡའི་ཕྲེང་བ། རྒྱས་འགྲེལ་ཤིང་རྟ་ཆེན་པོ། བསྡུས་དོན་པདྨ་དཀར་པོ་བཅས་ཀྱི་བརྒྱུད་པ་ནི། ཀུན་མཁྱེན་ཡན་སྤྱི་ལྟར་ལ། ཀློང་ཆེན་དྲི་མེད་འོད་ཟེར་ནས། [270b] ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། པདྨ་འགྱུར་མེད་རྒྱ་མཚོ། འགྱུར་མེད་སྐལ་བཟང་། བླ་མ་རྟ་མགྲིན། ཨོ་རྒྱན་རྣམ་རྒྱལ། ངག་དབང་བློ་གྲོས། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། པདྨ་རྡོ་རྗེ། ཐུབ་བསྟན་རྒྱལ་མཚན། པདྨ་བདེ་ཆེན། རྒྱལ་མཚན་འོད་ཟེར། ཐུབ་བསྟན་དཔལ་ལྡན་གྲགས་པ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། དྲིན་ཆེན་བླ་མ་དགེ་འདུན་རྒྱ་མཚོ། དེས་བདག་ཡེ་ཤེས་རྡོ་རྗེ་ལའོ། ། ༈ །ཆོས་ཀུན་བདེན་ཞེན་གྱི་འཆིང་བ་གཅོད་ཐབས་རྫོགས་པ་ཆེན་པོ་སྒྱུ་མང་ལ་གསོ་རྩ་བ་ལེའུ་བརྒྱད་པ། དེའི་བསྡུས་དོན་མནྡྷ་རའི་ཕྲེང་བ། རྒྱས་འགྲེལ་ཤིང་རྟ་བཟང་པོ། དོན་ཁྲིད་ཡིད་བཞིན་ནོར་བུ་བཅས་དང་། ༈ །གཉུག་མ་རང་གནས་ཀྱི་ཡེ་ཤེས་ཏིང་འཛིན་སྒོམ་པར་བྱེད་པའི་ལམ་ཟབ་མོ་བསམ་གཏན་ངལ་གསོའི་རྩ་བ་རྡོ་རྗེའི་གནས་གསུམ་པ། དེའི་བསྡུས་དོན་པུཎྜ་རཱི་ཀའི་ཕྲེང་བ རྒྱས་ [271a] འགྲེལ་ཤིང་རྟ་རྣམ་དག །དོན་ཁྲིད་སྙིང་པོ་བཅུད་འདུས། ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ། དཀར་ཆག་པདྨ་སྟོང་ལྡན་བཅས་ཀྱི་བརྒྱུད་པ་ནི། གཏེར་ཆེན་འགྱུར་མེད་རྡོ་རྗེ་ཡན་སྔར་ལྟར་ལ། དེ་ནས། ས་མནྟ་བྷ་དྲ། འཇིགས་མེད་གླིང་པ། ཀུན་བཟང་གཞན་ཕན། དགེ་ལེགས་ནོར་བུ། པདྨ་བཀྲ་ཤིས་མན་འདྲ། ཡང་ན་མདོ་སྔགས་བསྟན་འཛིན་ནས། སྨྱོས་སྟོན་ཀརྨ། བཛྲཱ་ཀྵ་ར། ངག་དབང་ཀུན་བཟང་། ས་མནྟ་བྷ་དྲ། མཁྱེན་བརྩེའི་འོད་ཟེར། རྣམ་རྒྱལ་ལྷུན་གྲུབ། ཨོ་རྒྱན་ཕུན་ཚོགས་གྲགས་པ། པད་གླིང་དྲུག་པ་ཡབ་སྲས། པད་གླིང་བརྒྱད་པ། རྡོར་འཛིན་རྣམ་གྲོལ་རྒྱལ་མཚོ་མན་འདྲ། ཡང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེའི་གསན་ཡིག་ལྟར་ན་ངལ་གསོ་སྐོར་གསུམ་ཡོངས་རྫོགས་ཀྱི་བརྒྱུད་པ་མདོ་སྔགས་བསྟན་འཛིན་མན་གཅིག་པར་གསུངས་སོ། །རྫོགས་ཆེན་སེམས་སྡེའི་མན་ངག་གི་དོན་འགྲེལ་རང་གྲོལ་སྐོར་གསུམ་ཐོབ་པ་ལ། རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ། དེའི་གསོལ་འདེབས། དེའི་ལམ་རིམ་ [271b] སྙིང་པོ་དོན་ཁྲིད། རྫོགས་ཆེན་ཆོས་ཉིད་རང་གྲོལ། དེའི་དོན་ཁྲིད། རྫོགས་ཆེན་མཉམ་ཉིད་རང་གྲོལ། དེའི་དོན་ཁྲིད་རིན་ཆེན་སྙིང་པོ་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། སྣང་མཐའ་ཡབ་ཡུམ། ཨོ་རྒྱན་ཡབ་ཡུམ། དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། བྱ་བཏང་མ་ཏི་མངྒ་ལ། བྱང་སེམས་ཡོན་ཏན་དཔལ། བསམ་འགྲུབ་རྒྱལ་པོ། ནམ་མཁའ་གཞོན་ནུ། ཆོས་དབྱིངས་རྡོ་རྗེ། མཁས་གྲུབ་མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། ཐུགས་སྲས་པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་རྡོར། སྟག་བླ་པདྨ་བློ་གྲོས། པདྨ་རྡོ་རྗེ། ཁྱབ་བརྡལ་ལྷུན་གྲུབ། ཕྲིན་ལས་རྣམ་རྒྱལ། བྲག་དམར་དཔའ་རྡོར། པདྨ་ཀུན་གྲོལ་རྣམ་རྒྱལ། ཐེག་མཆོག་བསྟན་པའི་མགོན་པོ། ཡོངས་འཛིན་རིག་འཛིན་བཟང་པོ། མཁས་གྲུབ་པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། མཁན་པད་རྡོར། ཐུབ་བསྟན་དཔལ་ལྡན་གྲགས་པ། རྗེ་རྣམ་གྲོལ་རྒྱ་མཚོ་མན་འདྲ། ཡང་ན། སྣང་མཐའ། ཨོ་རྒྱན་ཡབ་ཡུམ། ཀུན་མཁྱེན་ཆེན་པོ། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ། [272a] བྱང་སེམས་ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱལ། ནམ་མཁའ་གཞོན་ནུ། རྒྱལ་སྲས་ཆོས་དབྱིངས་རྡོ་རྗེ། མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཀརྨ་བི་ཛ། ཕྲིན་ལས་ཆོས་སྒྲོན། གཞན་ཕན་མཐའ་ཡས། ཀུན་བཟང་བསྟན་པའི་ཉི་མ། རྗེ་རྣམ་གྲོལ་རྒྱ་མཚོ་མན་གོང་བཞིན། ༈ ། ངེས་དོན་སྙིང་ཐིག་གི་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ཁྲིད་རྐང་བརྒྱ་དང་བཞི་བཅུ་རྩ་གཅིག་ཡོད་པ་ཐོབ་པའི་ལུང་བརྒྱུད་ནི། ཀུན་མཁྱེན་ཡན་དོན་ཁྲིད་རང་གཞུང་དུ་གསལ་བ་ལྟར་ལ། དེ་ནས། ཁྱབ་བརྡལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། བསོད་ནམས་རིན་ཆེན། ངག་དབང་པདྨ། རྒྱལ་དབང་བསྟན་འཛིན། ཨོ་རྒྱན་དཔལ་འབྱོར། ཀུན་བཟང་རྣམ་རྒྱལ། ཐེག་མཆོག་གླིང་ [272b] པ། ཡེ་ཤེས་ཕུན་ཚོགས། པདྨ་དབང་ཕྱུག །ངག་དབང་ཀུན་བཟང་། ཐེག་མཆོག་བསྟན་འཛིན། ཨོ་རྒྱན་རྣམ་རྒྱལ་མན་སེམས་ཉིད་ངལ་གསོའི་བརྒྱུད་པ་དང་འདྲ། ༈ །སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲའི་ལུང་བརྒྱུད་ནི། ཀུན་བཟང་། ཞི་ཁྲོ། རྡོ་རྗེ་འཆང་། ཕྱག་རྡོར། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་མི་ཏྲ། པད་འབྱུང་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། སེང་གེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་བེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མཱ་རཱ་ཛ། དྲི་མེད་འོད་ཟེར། ཤེས་རབ་རབ་འབྱམས། ཀུན་དགའ་དཔལ་མཆོག །ཤཱཀྱ་རིན་ཆེན། ཀུན་དགའ་ཆོས་དབང་། ལེགས་པའི་ཤེས་རབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། པདྨ་བློ་གྲོས། པདྨ་རྡོ་རྗེ། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། ཕྲིན་ལས་རྣམ་རྒྱལ། དཔའ་བོ་རྡོ་རྗེ། པདྨ་ཀུན་གྲོལ་རྣམ་རྒྱལ། ཐེག་མཆོག་བསྟན་པའི་མགོན་ [273a] པོ། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། པདྨ་རྡོ་རྗེ། ཀུན་དགའ་རྒྱལ་མཚན། ཐུབ་བསྟན་དཔལ་ལྡན་གྲགས་པ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་ལའོ། །ཡང་ན། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་གྲགས། ཀུན་རྡོར། སྨྱོས་སྟོན་ཀརྨ། བཛྲཱ་ཀྵ་ར། ཀུན་བཟང་། འཇིགས་མེད་གླིང་པ། ལག་ན་རྡོ་རྗེ། དགེ་ལེགས་ནོར་བུ། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས་འོད་ཟེར། ཀུན་བཟང་བསྟན་པའི་ཉི་མ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་མན་འདྲ། ༈ །དེ་དག་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཁྱད་པར་ཅན་ནི། འཇིགས་མེད་གླིང་པ་ཉིད་ལ་ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛོད་ལ་དབང་བསྒྱུར་བར་མངའ་གསོལ། ཐུགས་ཀྱི་དགོངས་པའི་བྱིན་རླབས་འཕོས་པས་ཀུན་མཁྱེན་ཉིད་དང་དབྱེར་མེད་པ་དེ་ལས། ཀུན་བཟང་བྱང་ཆུབ་རྡོ་རྗེའམ་དཔལ་ཆེན་ལག་ན་རྡོ་རྗེ། རིག་འཛིན་བདེ་ [273b] བའི་རྡོ་རྗེ་ཆོས་ཀྱི་བློ་གྲོས། ཁྲག་འཐུང་རིག་པའི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། གཏེར་སྲས་ཚེ་དབང་ནོར་བུ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། ཆོས་རྗེ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། ། ༈ །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་འབུམ་ཐོར་བུའི་སྐོར་དེང་སང་དཔེ་ལུང་གི་རྒྱུན་བཞུགས་ཤིང་རང་སྐལ་དུ་ཇི་ལྟར་ཐོབ་པ་རྣམས་འགོད་པ་ལ། རྟོགས་བརྗོད་སོགས་ཐོར་བུ་སྣ་ཚོགས་སྐོར། གཞུང་དང་འགྲེལ་པའི་སྐོར། སྒྲུབ་ཐབས་ཕྲིན་ལས་ཀྱི་སྐོར། རྡོ་རྗེའི་གླུའི་སྐོར་དང་བཞི་ལས། དང་པོ་ནི། བློ་གསལ་རི་བོང་གི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ། ནགས་ཚལ་ཀུནྡའི་གཏམ། ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ་ལེའུ་བཞི་པ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། དུས་ལ་མངོན་པར་སྐྱོ་བའི་རབས། རང་ལ་གྲོས་སུ་ ལེའུ་ལྔ་མཆན། བཏབ་པའི་རབས། ཐར་པ་ལ་བསྐུལ་བའི་རབས། ཞུ་ཡིག་རིན་ཆེན་གསེར་གྱི་མཆོད་སྡོང་། སེམས་དང་ཡེ་ཤེས་ཀྱི་དྲིས་ལན། རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ། རྒྱུ་ལ་ཁམས་ [274a] འདུས་པ་མེ་ཏོག་ཕྲེང་ལྡན། བདེ་གཤེགས་ལ་བསྟོད་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། འཕགས་པ་འཇམ་དཔལ་ལ་བསྟོད་པ་མེ་ཏོག་གི་ཆུན་པོ། དབྱངས་ཅན་མ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས། ཡེར་པའི་གནས་བསྟོད་པད་དཀར་ཕྲེང་བ། ཞྭ་པདྨ་དབང་ཆེན་གྱི་བསྟོད་པ་རོལ་མོའི་སྤྲིན་ཕུང་། སྙིང་གཏམ་སུམ་ཅུ་པ། ཕན་པའི་སྙིང་གཏམ་ཤ་ཚའི་གྲོས་འདེབས་ཨང་ཡིག་དང་བཅས་པ། བུམ་ཐང་ལྷའི་སྦས་ཡུལ་གྱི་བསྟོད་པ་མེ་ཏོག་སྐྱེད་ཚལ། ངང་པའི་དྲིས་ལན་སྤྲིན་གྱི་སྙིང་པོ། དཀར་ཆག་རིན་ཆེན་མཛོད་ཁང་། རྒྱལ་བ་རང་བྱུང་རྡོ་རྗེ་ལ་སཾ་དྲི་ཚིག་ལེའུར་བྱས་པ། བླ་མ་དམ་པ་ཀུ་མཱ་རཱ་ཛ་སཾ་ལ་རྟོགས་པ་ཕུལ་བ། ཞྭ་པདྨ་དབང་ཆེན་གྱི་དཀར་ཁག་གཙིགས་ཀྱི་ཡི་གེ་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་མཁྱེན། མདོ་ཁམས་པ་ཆོས་གྲགས་བཟང་པོ། སྤྲུལ་སྐུ་ཉི་མ་འོད་ཟེར། འཇམ་དབྱངས་ཀུན་དགའ་རྒྱལ་མཚན། ངག་དབང་ཀུན་དགའ་ཆོས་གྲགས། སངས་རྒྱས་བློ་གྲོས། སྣ་ཚོགས་རང་གྲོལ། པད་གླིང་སྤྲུལ་སྐུ་ཡན་པ་བློ་བདེ། ཐུགས་སྲས་པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ [274b] ཁྲིམས་རྡོ་རྗེ། སྟག་བླ་པདྨ་བློ་གྲོས། པདྨ་རྡོ་རྗེ། ཁྱབ་གདལ་ལྷུན་གྲུབ། ཀུན་བཟང་ཕྲིན་ལས་རྣམ་རྒྱལ། བྲག་དམར་དཔའ་བོ་རྡོ་རྗེ། པདྨ་ཀུན་གྲོལ་རྣམ་རྒྱལ། ཐེག་མཆོག་བསྟན་པའི་མགོན་པ། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་རྡོ་རྗེ། བླ་མ་ཀུན་དགའ་རྒྱལ་མཚན། དཔལ་ལྡན་གྲགས་པ། རྡོར་འཛིན་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་རྟགས་མེད་ཀྱི་བརྒྱུད་པ། ཀུན་མཁྱེན། ལྡན་སྒོམ། དམ་སྟོན་ཉི་འོད། ཆོས་དབྱིངས་གྲགས་པ། བསོད་ནམས་དཔལ་འབྱོར། སྨན་རྩེ་བ་མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཐུགས་སྲས་པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། སཾ་རྟགས་ཅན། སྨན་རྩེ་བ་ཡན་སྔར་ལྟར་ལ། རྫོགས་ཆེན་བསོད་ནམས་རིན་ཆེན། བྱ་ཁྱུང་བ་ངག་དབང་པདྨ། རྒྱལ་དབང་བསྟན་འཛིན། ཨོ་རྒྱན་དཔལ་འབྱོར། [275a] ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། རྒྱལ་སྲས་གཞན་ཕན་མཐའ་ཡས། པད་གླིང་བརྒྱད་པ་བསྟན་པའི་ཉི་མ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །དཀར་ཆག་རིན་ཆེན་མཛོད་ཁང་བརྒྱུད་པ་སྔོན་མ་ལ་མེད། གཉིས་པ་གཞུང་དང་འགྲེལ་པའི་སྐོར་ལ། གཙོ་བོར་མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། གསང་འགྲེལ་མུན་སེལ་སྐོར་གསུམ་སོགས་བཞུགས་པ་རྣམས་ཀྱི་རྒྱུད་ཚུལ་གོང་དུ་སྨྲོས་པ་ལྟར་ལ། འདིར་རྒྱུད་རྒྱལ་གསང་སྙིང་མ་ཧཱའི་ཨ་ཏི་ལྟར་བཀྲལ་བ་ཕྱོགས་བཅུ་མུན་སེལ་གྱི་ཁྲིད་ལུང་གི་བརྒྱུད་པ་ནི། གནུབས་ཆེན་ཡན་བཀའ་མའི་སྐབས་ཀྱི་རྩ་བརྒྱུད་བཤད་ཁྲིད་ལྟར་ལ། དེ་ནས་པ་གོར་བློན་ཆེན་འཕགས་པ་ནས་རིམ་པར་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་བར་གོང་གི་ངེས་དོན་སྙིང་པོ་སྒྱུ་འཕྲུལ་ དྲྭ་བ་དང་འབྲེལ་བའི་བརྒྱུད་པ་ལྟར་ལ། དེ་ནས་ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་ [275b] དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། འབྲི་གུང་རིན་ཆེན་ཕུན་ཚོགས། ཉི་ཟླ་སངས་རྒྱས། དགེ་སྦྱོང་ཤྲཱི་ནཱ་ཐ། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་ཆོས་ཀྱི་བློ་གྲོས། རྒྱལ་སྲས་གཞན་ཕན་མཐའ་ཡས། པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །ཡང་ན་རྒྱལ་སྲས་གཞན་ཕན་མཐའ་ཡས་ནས། མཁན་པདྨ་རྡོ་རྗེ། མཁན་ཨ་པད། རྡོ་རྗེ་དཔལ་བཟང་། ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྣམ་རྒྱལ། དེས་བདག་ཛྙཱ་ན་ལའོ། །སེམས་སྡེ་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོའི་ལུང་བརྒྱུད་ནི། རིང་བརྒྱུད་ལྟར་ན། ཀུན་བཟང་། རིགས་ལྔ། གསང་བདག །དགའ་རབ། འཇམ་དཔལ་བཤེས་གཉེན། དྷ་ཧེ་ན་ཏ་ལོ། སྲས་རཱ་ཛ་ཧསྟི། སྲས་མོ་ཝ་ར་ཧི། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་མ་བྱང་ཆུབ། གཟུངས་མ་ཨ་ར་ལི། སློབ་དཔོན་ཨཀྵོ་བྷྱ། ཀུ་ཀུ་རཱ་ཛ། སྨད་འཚོང་ས་ར་ནི། མཇུག་མཐུད་མ་བུདྡྷ་ས་མནྟ། མ་ཧཱ་རཱ་ཛ། [276a] གོ་མ་དེ་ཝི། སློབ་དཔོན་ཨ་ལོ་ཀེ ། ཀུ་ཀུ་ར་ཛ་ཕྱི་མ། ཁ་ཆེ་མ་ཧཱ་རཱ་ཛ། དྲང་སྲོང་བྷ་ཥི་ཏ། གཟུངས་མ་བདག་ཉིད་མ། སློབ་དཔོན་ཀླུ་སྒྲུབ། དེ་ཝ་རཱ་ཛ། འཇམ་དཔལ་བཤེས་གཉེན་ཕྱི་མ། སངས་རྒྱས་གསང་བ། ཤྲཱི་སེང་ཧ། ཀུན་དགའ་མོ། བི་མ་ལ། ལོ་ཆེན་བཻ་རོ། གཡུ་སྒྲ། དྲི་མེད་ཟླ་ཤར། སོག་པོ་ཛྙཱ ་ན་ཤྲཱི། གནུབས་ཆེན། པ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །འབྲེ་གསལ་བའི་མཆོག །རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། རོང་ཟོམ་པཎྜི་ཏ། མཚུར་ཡེ་དབང་། དན་ཆོས་ཀྱི་དབང་ཕྱུག །ཞང་མཆོག་གི་བླ་མ། སྐྱི་ཡོན་ཏན་འབྱུང་གནས། དན་བག་གཞོན་ནུ་དོན་གྲུབ། ཀུན་མཁྱེན་ཀློང་ཆེན། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རཏྣ་ལཀྵིཾ། ཨ་ཡུ་ཤ་རཾ་བ་སུ་པུཥྚིཾ། ཤྲཱིབྷུ་ཏི། ནཻ་ར་བྷོ་ག །ཨ་ནནྟ་མངྒ་། པདྨ་མ་ཏི། ཤཱི་ལ་དྷྭ་ཛ། ཀརྨ་ནཻ་ར་བྷོ་ [276b] ག །ཨཀྵ་ར་བཛྲ། དྷརྨ་ཤྲཱི། དྷརྨ་ཀིརྟི། ཀྵ་ར་སུ་བྷུ། དྷརྨ་ཤྲཱི་ཛྭ་ལ། འཇིགས་མེད་གླིང་པའོ། །ཉེ་བརྒྱུད་ལྟར་ན། ཀུན་མཁྱེན་ཆེན་པོའི་ཡེ་ཤེས་སྐུས་ལན་གསུམ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་རིག་འཛིན་འཇིགས་མེད་གླིང་པ་ནས། ཀུན་བཟང་བྱང་ཆུབ་རྡོ་རྗེའམ་དཔལ་ཆེན་ལག་ན་རྡོ་རྗེ། རིག་འཛིན་བདེ་བའི་རྡོ་རྗེ་ཆོས་ཀྱི་བློ་གྲོས། ཁྲག་འཐུང་རིག་རྡོར། མཁན་པདྨ་རྡོ་རྗེ། གཏེར་སྲས་ཚེ་དབང་ནོར་བུ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། རྗེ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །གཞན་ཡང་སྙིང་ཐིག་མ་བུའི་སྐོར་དང་གདམས་ཁྲིད་ལག་ལེན་སོགས་ཀྱི་གསུང་རབས་གླེགས་བམ་རྣམས་ཟུར་དུ་བཞུགས་པ་ལས་ཤེས་སོ། །གསུམ་པ་སྒྲུབ་ཐབས་ཕྲིན་ལས་ཀྱི་སྐོར་ལ། གུ་རུ་ཞི་བའི་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་དྲག་སྒྲུབ་དང་བཅས་པ། རྒྱལ་བ་ཞི་ཁྲོའི་སྒྲུབ་དཀྱིལ་རིན་པོ་ཆེའི་གཏེར་མཛོད། སྡེ་བདུན་གྱི་དབང་ཆོག་ལག་ལེན་དང་བཅས་པ། དབྱངས་ཅན་མའི་ [277a] སྒྲུབ་ཐབས་འོད་ཀྱི་དྲྭ་བ། སྤྱི་བསྐང་དཔག་བསམ་ལྗོན་ཤིང་། གཟའ་བདུད་བསྐང་ཕྲིན་ཁྲག་མཚོ་འཁྱིལ་བ། བསང་མཆོད་ཀྱི་བདག་བསྐྱེད་དང་བྱིན་རླབས། བརྔན་བསང་ཆེན་མོ་ལོ་རྒྱུས་དང་བཅས་པ། རྒྱག་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག །ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱི་གྲུབ་པའི་ཕུད་རབས་རྒྱས་པ་ཀུན་བཟང་དགའ་སྟོན་བཅས་ཐོབ་པའི་བརྒྱུད་པ། ཨོ་རྒྱན་ཡབ་ཡུམ། ཀུན་མཁྱེན་ཆེན་པོ། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་། ཡོན་ཏན་དཔལ། སྤྲུལ་སྐུ་བསམ་འགྲུབ་རྒྱལ་པོ། ནམ་མཁའི་གཞོན་ནུ། མཁའ་ཀློང་ཡངས་པ། མ་ཏི་དྷྭ་ཚ། སྣ་ཚོགས་རང་གྲོལ། མོན་སྤྲུལ་ཡན་པ་བློ་བདེ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། པདྨ་བློ་གྲོས། པདྨ་རྡོ་རྗེ། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ། ཀུན་བཟང་ཕྲིན་ལས་རྣམ་རྒྱལ། བྲག་དམར་དཔའ་བོ་རྡོ་རྗེ། པདྨ་ཀུན་གྲོལ་རྣམ་རྒྱལ། ཐེག་མཆོག་བསྟན་པའི་མགོན་པོ། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། [277b] མཁན་པདྨ་རྡོ་རྗེ། ཀུན་དགའ་རྒྱལ་མཚན། ཐུབ་བསྟན་དཔལ་གྲགས། རྣམ་གྲོལ་རྒྱ་མཚོ། རྗེ་དགེ་འདུན་རྒྱ་མཚོ་ལས་སོ། །ཡང་ན་ཀུན་མཁྱེན་ནས། བཟོད་པ་གྲགས་པ། བདེ་ལེགས་པ། དཀའ་ཐུབ་པ། མཁའ་ཀློང་པ། མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་མན་འདྲ། ཡང་ཚུལ་ཁྲིམས་རྡོ་རྗེ་ནས། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཀརྨ་བི་ཛ། ཕྲིན་ལས་ཆོས་སྒྲོན། ཁྲག་འཐུང་རིག་པའི་རྡོ་རྗེ། པད་གླིང་བརྒྱད་པ་བསྟན་པའི་ཉི་མ། རྣམ་གྲོལ་རྒྱ་མཚོ། རྗེ་དགེ་འདུན་རྒྱ་མཚོ་ལས་སོ། །བསང་མཆོད་བདེ་ལེགས་ཀུན་འབྱུང་ནི། ཀུན་མཁྱེན། བདེ་ལེགས་རྒྱ་མཚོ། །བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། རྒྱ་མ་མི་འགྱུར། འབྲི་གུང་ཟུར་པ། ཕྲེང་པོ་ཤེས་ [278a] རབ་འོད་ཟེར། རྒྱལ་སྲས་ཀུན་བཟང་། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། སྒོམ་སྤྲུལ་པདྨ་དབང་རྒྱལ། ཕྲིན་ལས་ཆོས་སྒྲོན། རྒྱལ་སྲས་གཞན་ཕན་མཐའ་ཡས། པད་གླིང་བརྒྱད་པ་བསྟན་པའི་ཉི་མ། རྣམ་གྲོལ་རྒྱ་མཚོ། རྗེ་དགེ་འདུན་རྒྱ་མཚོ་ལས་སོ། །ཆོས་སྤྱོད་ལམ་རིམ་ཆེན་མོའི་ལུང་བརྒྱུད་ནི། ཀུན་མཁྱེན། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་། ཡོན་ཏན་དཔལ་བ། སྤྲུལ་སྐུ་བསམ་འགྲུབ་རྒྱལ་པོ། ནམ་མཁའ་གཞོན་ནུ། མཁའ་ཀློང་ཡངས་པ། མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། པདྨ་མ་ཏི། པདྨ་རྡོ་རྗེ། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ། ཀུན་བཟང་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་དཔའ་བོ། ཀུན་གྲོལ་རྣམ་རྒྱལ། རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། འཇམ་ [278b] མགོན་བློ་གྲོས་མཐའ་ཡས། ཀུན་བཟང་བསྟན་པའི་རྒྱལ་མཚན། རྗེ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། །བླ་མའི་རྣལ་འབྱོར། རྫོགས་ཆེན་དོན་གྱི་གསོལ་འདེབས་ཕུན་ཚོགས་དཔལ་འབར། རྩ་བ་གསུམ་ལ་གདུང་སེམས་ཀྱི་གསོལ་འདེབས་སྨོན་ལམ། བར་དོའི་གདམས་པ་ཚངས་སྤྲུགས་སུ་གདབ་པ་གནད་ཀྱི་མན་ངག །བར་དོའི་སྨོན་ལམ་ངོ་སྤྲོད། ཡང་བར་དོའི་ངོ་སྤྲོད་ཚན་ཅིག །བསྔོ་བ་རིན་པོ་ཆེའི་ཕྲེང་བ་བཅས་ཀྱི་བརྒྱུད་པ་ནི་གོང་གི་བསང་མཆོད་བདེ་ལེགས་ཀུན་འབྱུང་ལྟར་རོ། །བཞི་པ་རྡོ་རྗེ་གླུའི་སྐོར་ལ། དགོངས་ཉམས་ཀྱི་ཀློང་ལས་འཕྲོས་པའི་རྡོ་རྗེའི་གླུ་དབྱངས་ཇི་སྙེད་ཅིག་བཞུགས་པའི་དང་པོ་སྙིང་པོ་དོན་གྱི་མགུར་བཅུ་གསུམ་སྟེ། ཐོག་མར་མགུར་དབྱངས་ཀྱི་སྔོན་དུ་མཚམས་སྦྱོར་བའི་དཀར་ཆག་ཆེན་མོ། གསོལ་འདེབས་ཡན་ལག་བདུན་པ། གནས་ལུགས་དོན་གྱི་མཎྜལ། བཀའ་དྲིན་དྲན་པ་མ། ཕན་པའི་སྙིང་གཏམ། ངེས་དོན་རྡོ་རྗེའི་མགུར། གཉུག་མ་རྡོ་རྗེའི་ [279a] མགུར། ཁྱུང་ཆེན་རྡོ་རྗེའི་མགུར། རྩ་རླུང་རྡོ་རྗེའི་མགུར། དགོས་མེད་དོན་གྱི་རྡོ་རྗེའི་མགུར། ཡང་གསང་གནད་འདུས་རྡོ་རྗེའི་མགུར། ངེས་འབྱུང་སྐྱོ་ཤས་སྐྱེད་པ་རི་ཁྲོད་དགོན་པ་མ་ལེའུ་བཞི། མྱང་འདས་གཞིར་གྲོལ་མ། ན་དགའ་ཤི་སྐྱིད་མ། ན་བ་ལམ་ཁྱེར་རྡོ་རྗེའི་མགུར། ཞེན་པ་བཞི་བྲལ་རྡོ་རྗེའི་མགུར། ཁམས་གསུམ་ཡེ་གྲོལ་དུ་ལ་བཟླ་བའི་གདམས་པ་འཁོར་བ་དོང་སྤྲུགས་མ་རྣམས་སོ། །རྡོ་རྗེའི་གླུ་སུམ་ཅུ་མ། རྡོ་རྗེའི་གླུའི་དཀར་ཆག །ཕུན་སུམ་ཚོགས་ལྔ་མ། བཀྲ་ཤིས་རྡོ་རྗེའི་གླུ། བདེ་སྐྱིད་མཚོ་མོ་མ། ལེགས་པ་དམ་པ་མ། ནོར་བུ་ཉི་མ་མ། འདུན་མ་རྩེ་མོ་མ། གཞི་ལམ་འབྲས་གསུམ་མ། ཐེག་པ་རིམ་དགུ་མ། ཨོ་རྒྱན་བྱིན་རླབས་མ། བདུད་རྩི་ཟིལ་མངར་མ། གཏད་མེད་རྡོ་རྗེའི་གླུ། མཁའ་འགྲོ་དོན་གྱི་དགོངས་པ་རྡོ་རྗེའི་གླུ། བདེ་སྐྱིད་རི་ཁྲོད་མ་ལེའུ་གསུམ། མྱང་འདས་གཞིར་གྲོལ་མ་ལེའུ་གསུམ། བར་དོ་འཕྲང་སྒྲོལ་མ། སྦས་ཡུལ་རིན་ཆེན་མ་ལེའུ་གསུམ། [279b] འཁོར་བ་དོང་སྤྲུགས་མ། བཀྲ་ཤིས་དཔལ་འབར་མ་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི ཀུན་མཁྱེན་ཆེན་པོ། མདོ་ཁམས་ཆོས་གྲགས་བཟང་པོ། ཉི་མ་འོད་ཟེར། ཀུན་དགའ་རྒྱལ་མཚན། ངག་དབང་ཀུན་དགའ་ཆོས་གྲགས། མཁས་གྲུབ་བུདྡྷ་མ་ཏི། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། སྟག་བླ་པདྨ་བློ་གྲོས། པདྨ་རྡོ་རྗེ། ཁྱབ་གདལ་ལྷུན་གྲུབ། ཕྲིན་ལས་རྣམ་རྒྱལ། དཔའ་བོ་རྡོ་རྗེ། པདྨ་ཀུན་གྲོལ་རྣམ་རྒྱལ། ཨ་ཏི་བསྟན་པའི་རྒྱལ་མཚན། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པདྨ་རྡོ་རྗེ། བླ་མ་ཀུན་དགའ་རྒྱལ་མཚན། ཐུབ་བསྟན་དཔལ་གྲགས། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་མན་གོང་བཞིན་ནོ། །ཞར་བྱུང་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ཀྱི་རྣམ་ཐར་མཐོང་བ་དོན་ལྡན་མདོ་ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི་བརྒྱུད་པ་ནི། ཀུན་མཁྱེན། ཆོས་གྲགས་བཟང་པོ། ཉི་མ་འོད་ཟེར། [280a] ཀུན་བཟང་རྒྱལ་མཚན། ངག་དབང་ཆོས་གྲགས། སངས་རྒྱས་བློ་གྲོས། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། གསང་བདག་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་མན་གོང་གི་བཀའ་འབུམ་ཐོར་བུའི་བརྒྱུད་ཚུལ་བཞིན་ལས། རྒྱལ་སྲས་གཞན་ཕན་མཐའ་ཡས། ཀུན་བཟང་བསྟན་པའི་ཉི་མ། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། རྗེ་བླ་མ་ཀུན་སྤངས་པ་དགེ་འདུན་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ།། །།