སྙན་ངག་མེ་ལོང་མའི་བཤད་པ་ཞིབ་པར་ནོས་པའི་བརྒྱུད་པ།

From Dudjom Wiki
DJYD-KABUM-20-WA-034
Wylie title snyan ngag me long ma'i bshad pa zhib par nos pa'i brgyud pa DJYD-KABUM-20-WA-034.pdf
Location bdud 'joms rin po che bka' 'bum
Volume 20, Text 34, Pages 521-523 (Folios 261a1 to 262a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Snyan ngag me long ma'i bshad pa zhib par nos pa'i brgyud pa. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 20: 521-523. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: slob dpon daN+Di'i snyan ngag me long ma
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [261a] ཨོཾ་སྭསྟི། འཕགས་ཡུལ་གྱི་སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་སློབ་དཔོན་དཎྜིའི་ཞབས་ཀྱིས་མཛད་པའི་སྙན་ངག་མེ་ལོང་མ་ལེའུ་གསུམ་གྱི་རྣམ་དབྱེ་སྒྲ་རྒྱན་དོན་རྒྱན་དང་བཅས་པའི་དཀའ་གནད་ཀྱི་བཤད་པ་ཤིན་ཏུ་ཞིབ་པར་ནོས་པའི་བརྒྱུད་པ་ནི། ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ། པཎ་ཆེན་ཀིརྟི་བྷུ་ཏི། པཎྜི་ཏ་ཆེན་པོ་དབྱུག་པ་ཅན། པཎ་ཆེན་པཱུརྞ་ཙནྡྲ། དཔལ་ལྡན་འཆི་མེད་སེང་གེ། སློབ་དཔོན་རབ་འབྱོར་ཟླ་བ། པཎ་ཆེན་ཕུན་ཚོགས་བྱེད་པ། ཤོང་སྟོན་ཆེན་པོ་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། འཇིག་རྟེན་མིག་གཅིག་དཔང་ལོ་ཆེན་པོ། སྨྲ་བའི་ཉི་མ་བྱང་ཆུབ་རྩེ་མོ། ལོ་ཆེན་ནམ་མཁའི་བཟང་པོ། མཁས་པ་ཤེས་རབ་དཔལ། ལོ་ཆེན་ཐུགས་རྗེ་དཔལ། མཁས་མཆོག་སངས་རྒྱས་མཚན་ཅན། མང་ཐོས་ལེགས་པ་རྒྱལ་མཚན། ཞུ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། ལོ་ཆེན་པད་དཀར་ཆོས་སྐྱོང་། གྲངས་ཆེན་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེ། སྨོན་འགྲོ་པཎ་ཆེན་ཚེ་དབང་དོན་གྲུབ། མཁས་ [261b] པའི་དབང་པོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། ཀུན་མཁྱེན་ལྔ་པ་ཆེན་པོ། ཡང་ན་ཞ་ལུ་ལོ་ཙཱ་བ་ནས། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། དཔལ་ཁང་ལོ་ཙཱ་བ་ཆོས་ཀྱི་རྒྱ་མཚོ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། སྨོན་འགྲོ་པཎ་ཆེན་མན་གོང་བཞིན། ཀུན་མཁྱེན་ལྔ་པས། རིག་འཛིན་པདྨ་ཕྲིན་ལས། ཉང་པདྨ་དབང་དྲག །རིག་འཛིན་ཚེ་དབང་ནོར་བུ། འཇམ་མགོན་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། འཇམ་མགོན་ཡོན་ཏན་རྒྱ་མཚོ། ཡང་ན། པདྨ་ཕྲིན་ལས་ནས། དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་སྙིང་པོ། པདྨ་བཤེས་གཉེན། ཨོ་རྒྱན་བདེ་ཆེན་གྲུབ་པ། ཨོ་རྒྱན་རང་གྲོལ་རྡོ་རྗེ། ཕྲིན་ལས་དར་རྒྱས། པདྨ་འགྲོ་འདུལ། དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་སྙིང་པོ། པདྨ་བཤེས་གཉེན། ཨོ་རྒྱན་བདེ་ཆེན་གྲུབ་པ། ཨོ་རྒྱན་རང་གྲོལ་རྡོ་རྗེ། ཕྲིན་ལས་དར་རྒྱས། པདྨ་འགྲོ་འདུལ། བསྟན་འཛིན་འཕེལ་རྒྱས། འཇམ་མགོན་ཡོན་ཏན་རྒྱ་མཚོ། མཁན་བླ་མ་བཀྲ་ཤིས་ཆོས་འཕེལ། དེ་གཉིས་ཀས་ལྷག་བསམ་བསྟན་པའི་རྒྱལ་མཚན། མཁས་མཆོག་ངག་དབང་ལེགས་གྲུབ། བཤེས་གཉེན་ཆེན་པོ་བློ་གྲོས་རབ་དགའ། དེས་བདག་ལའོ། །ཡང་ན། རྟོགས་ལྡན་ལྷག་བསམ་ནས། [262a] གྲུབ་དབང་དྷརྨ་སེང་གེ། ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ། བཤེས་གཉེན་དཀོན་མཆོག་རབ་བརྟན། དེས་བདག་ལའོ། །ཡང་ན། རིག་འཛིན་པདྨ་ཕྲིན་ལས་ནས། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། འདིའི་སྔ་མས་སྙན་ངག་གི་གོ་དོན་རྩོམ་དཔེ་ཨུཏྤལ་ཕྲེང་མཛེས་དང་། ཕྱི་མས་སྙན་འགྲེལ་དོན་གསལ་སྒྲོན་མེ་གསར་དུ་མཛད་པ་བཅས་ཀྱི་སྟེང་ནས། རབ་འབྱམས་ཨོ་རྒྱན་ཆོས་གྲགས། མཁན་ཆེན་ཨོ་ཌི་ཡན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། འཇམ་དཔལ་བདེ་བའི་ཉི་མ། སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ། དེའི་ཞལ་སྔ་ནས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བརྡ་སྤྲོད་ཀྱི་བཏགས་མིང་དུ། མཚོ་བྱུང་དགྱེས་པའི་ལང་ཚོ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེ་ཞེས་འདོགས་པར་མཛད་པ་དང་བཅས་ཞིབ་ཁྲིད་རྩོམ་རྒྱུགས་ཀྱི་སྒོ་ནས་གོ་དོན་གཏན་ལ་ཕབ་པའི་བཀའ་དྲིན་ཐོབ་བོ། །ཡང་བོད་མཁས་ཀྱི་སྙན་འགྲེལ་སྟེང་ནས་ཚར་གཅིག་ཐོབ་ཀྱང་བརྒྱུད་པ་ཞིབ་ཏུ་མ་རྙེད་དོ།། །།