རྒྱ་ཆེན་བཀའི་མཛོད་ཆེན་པོ་ཐོབ་ཡིག།

From Dudjom Wiki
DJYD-KABUM-21-ZHA-005
Wylie title rgya chen bka'i mdzod chen po thob yig DJYD-KABUM-21-ZHA-005.pdf
Location bdud 'joms rin po che bka' 'bum
Volume 21, Text 5, Pages 27-80 (Folios 14a1 to 40b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rgya chen bka'i mdzod chen po thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 21: 27-80. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: rgya chen bka' mdzod skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [14a] ཨོཾ་སྭསྟི། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པར་གྲགས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བའི་ལུང་བསྟན་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེའམ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་གང་གི་ཞལ་སྔ་ནས་ངོ་མཚར་མཛོད་ཆེན་ལྔའི་ཤིང་རྟ་གསར་དུ་འདྲེན་པར་མཛད་པའི་ནང་ཚན་གསུང་འབུམ་རིན་པོ་ཆེ་རྒྱ་ཆེན་བཀའི་མཛོད་ཆེན་པོ་ཐོབ་པ་ལ། དཀར་པོའི་ཚེས་ཀྱིས་འཁྱུད་པའི་ཟླ་བ་ཉ་བའི་གྲངས་ཀྱི་ས་བཅད་དང་ལྡན་པ་ལས། དང་པོ་ཡུལ་ཁྱད་པར་ཅན་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་ཀྱི་སྐོར་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ༼ཀ༽ བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པའི་དོན་གྱི་ཚུལ་ལ་ཅུང་ཟད་བསྔགས་པ་ཡངས་པའི་སྙིང་པོ་དྲི་མེད་འོད་བཟང་ཀུན་སྣང་ནོར་བུ་ཟབ་མོའི་རྒྱ་མཚོ། འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དང་དབྱེར་མེད་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་ [14b] པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར། དཔལ་རྡོ་རྗེ་འཛིན་པའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར། རྒྱལ་ཚབ་བྱམས་པ་མགོན་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཟུང་ཅད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཕ་རོལ་ཏུ་ཕྱིན་པ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར། བྱང་ཆུབ་སེམས་དཔའི་སའི་སྙིང་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་སྤྲིན་གྱི་ཆར། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཏིང་འཛིན་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར། རྒྱལ་སྲས་ནམ་མཁའི་སྙིང་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་ [15a] སྤྲིན་གྱི་ཆར། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྣམ་ཐར་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར། འཁོར་ལོའི་མགོན་པོའི་ངོ་བོར་བཞུགས་པའི་ལྷག་པའི་ལྷ་ཡིད་བཞིན་འཁོར་ལོ་ལ་བསྟོད་པའི་ཚོགས་ཕྲེང་བར་བསྟར་བ་ཡོངས་སུ་སྦྱངས་པའི་བཻཌཱུརྱའི་ཕྲེང་བ་ཞེས་བྱ་བའི་ནང་གསེས་སུ། རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་འདེབས་པ་བདུད་རྩིའི་ལྗོན་ཤིང་། རྗེ་བཙུན་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་གསོལ་བ་འདེབས་པ་འཆི་མེད་གྲུབ་པའི་ལྗོན་ཤིང་། འཕགས་མའི་གསོལ་འདེབས་གྲུབ་པའི་ངག །འཕགས་མའི་གསོལ་འདེབས་འཆི་མེད་རྡོ་རྗེའི་གླུ། འཕགས་མའི་སྙན་དབང་དུ་གསོལ་བ་སྙིང་གི་མེ་ཏོག་ཁ་བྱེ་བ། འཕགས་མ་ཡིད་བཞིན་འཁོར་ལོའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་མོས་གུས་ཀྱི་ཏམྦུ་ར། རྗེ་བཙུན་མ་ལ་བསྟོད་པ་སྦྲང་རྩིའི་རླབས་ཕྲེང་། བྱིན་རླབས་ཉིན་བྱེད་བསྐུལ་བའི་བསྟོད་དབྱངས་སྐྱ་རེངས་ཀྱི་ཕྲིན་པ། ལྷ་མོ་ལ་གུས་དམ་བཅས་རྒྱུན་འབབས་ཀྱི་ [15b] ཚིག་ཕྲེང་བདུད་རྩིའི་ཐིགས་པ། རྗེ་བཙུན་ཐུགས་རྗེ་ཅན་མ་ལ་བསྟོད་ཅིང་ཕྱག་བྱ་བ་བདུད་རྩིའི་སྒྲ་དབྱངས། རྒྱལ་བའི་ཡུམ་ལ་ཐུགས་དམ་བསྐུལ་ཞིང་གསོལ་བ་འདེབས་པ་འཆི་བདག་གཡུལ་རྒྱ། འཕགས་མའི་ཐུགས་རྗེ་བསྐུལ་བ་དཔག་བསམ་གྲིབ་བསིལ། རྗེ་བཙུན་བཅོམ་ལྡན་འདས་མའི་ཐུགས་དམ་བསྐུལ་བ་བསམ་དོན་ལྷུན་གྲུབ། རྗེ་བཙུན་ཨཱརྻ་ཏཱ་རེ་ལ་འདུད་ཅིང་གསོལ་བ་བར་ཆད་ཀུན་སེལ། སྒྲོལ་མར་གསོལ་འདེབས་ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡཻའི་དབུ་ཅན་བཅས། སྒྲོལ་མར་བསྟོད་པ་ན་མོ་གུ་རུ་ཨཱརྻ་ཏཱ་རེ་ཙྪིནྡ་ཙཀྲ་ཡའི་དབུ་ཅན། དཔལ་ཧེ་རུ་ཀ་ལ་བསྟོད་ཕྱག་འཚལ་བ་བདེ་ཆེན་རོལ་པ། འཕགས་མ་གདུགས་དཀར་ཅན་ལ་བསྟོད་པ་བྱིན་རླབས་ཀྱི་སྣང་བ། རྨད་དུ་བྱུང་བའི་སློབ་དཔོན་ཆེ་པོ་ཟླ་བའི་ཞབས་ཀྱི་རྟོགས་པ་བརྗོད་པ་དབྱངས་ཀྱི་ཡན་ལག་བརྒྱ་ལྡན། ཕ་དམ་པ་སངས་རྒྱས་ལ་བསྔགས་པ་བརྗོད་པ་དཔའི་བོའི་རོལ་མོ། རྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་པ་ལ་བསྔགས་པ་རྡོ་རྗེའི་རྒྱུད་མང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བསྔགས་པ་ཨུ་དུམ་བ་རའི་འཛུམ་ཟེར། དཔལ་ལྡན་ཕག་མོ་གྲུ་པ་ལ་བསྔགས་པ་སངས་རྒྱས་དགྱེས་པའི་རོལ་མོ། དཔལ་ས་སྐྱ་པ་ཆེན་ [16a] པོ་ཀུན་དགའ་སྙིང་པོ་ལ་བསྔགས་པ་ངོ་མཚར་མེ་ཏོག །གངས་ཅན་གྱི་གསང་ཆེན་བསྟན་པའི་བདག་པོ་ཁུ་དབོན་བརྒྱུད་པར་བཅས་པ་ལ་བསྔགས་པ་བརྗོད་པ་གཟི་བརྗིད་མཐའ་ཡས། ཆོས་རྗེ་ས་སྐྱ་པཎ་ཆེན་ལ་བསྔགས་པའི་ཚིག་ཕྲེང་མཚོ་བྱུང་མགྲིན་གླུ། ཆོས་རྗེ་ཀུན་མཁྱེན་དོལ་པོ་ལ་བསྔགས་པ་གཞོམ་མེད་སྒྲ་དབྱངས། ཀུན་མཁྱེན་བུ་སྟོན་ཆོས་རྗེ་ལ་བསྔགས་པ་རཏྣ་ཀ་མ་ལ། བོ་དོང་འཇིགས་བྲལ་ཆེན་པོ་ལ་བསྔགས་པ་དབྱངས་ཅན་རྒྱུད་མང་། གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོ་ལ་ཁྱུང་པོའི་གསེར་ཆོས་དང་མཐུན་པར་བསྔགས་པ་མི་ཤིགས་རང་སྒྲ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ལ་བསྔགས་པ་ངོ་མཚར་མཐའ་ཡས། དཔལ་ཆོས་ཀྱི་རྒྱལ་པོ་དྷརྨ་ཀར་ལ་མོས་གུས་ཀྱི་བདེན་གཏམ་དུ་བསྔགས་པ། དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་ལ་བསྟོད་པ། སྐྱབས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་ལ་བསྔགས་པ། འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀརྨ་པའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པ་ཀུན་བཟང་འཁོར་ལོའི་རེའུ་མིག་ཚངས་སྲས་དགྱེས་པའི་རོལ་མོ། བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ [16b] ལ་བསྟོད་སྨོན་དུ་སྦྱར་བ་བསམ་དོན་ཀུན་འགྲུབ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་བསྔགས་པ། གཏེར་ཆེན་ཤེས་རབ་འོད་ཟེར་ལ་བསྔགས་པ། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལ་བསྔགས་པ། མཁས་གྲུབ་ཀརྨ་ཆགས་མེད་ལ་བསྔགས་པ། ལྷ་ལྡན་སྤྲུལ་པའི་གནས་ལ་ཆེད་དུ་བརྗོད་པ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་ཆེད་དུ་བརྗོད་པ། ཁྲ་འབྲུག་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་ཆེད་དུ་བརྗོད་པ། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་ལ་ཆེད་དུ་བརྗོད་པ། ཟུར་མཁར་རྡོའི་མཆོད་རྟེན་གྱི་རྟོགས་པ་བརྗོད་པ་ངོ་མཚར་རླབས་ཕྲེང་། གུང་ཐང་གཙུག་ལག་ཁང་གི་རྟོགས་པ་བརྗོད་པ་རྣམ་འཕྲུལ་རབ་སྙན། འོག་མིན་མཚུར་ཕུའི་གནས་མཆོད་རྟེན་དང་བརྟེན་པར་བཅས་པ་ལ་ཆེད་དུ་བརྗོད་པ། ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་ཆེད་དུ་བརྗོད་པ། གྲྭ་ནང་བྱམས་པ་གླིང་གི་མཆོད་རྟེན་ལ་ཆེད་དུ་བརྗོད་པ་བཅས།
༈     །   གཉིས་པ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   རྡོ་རྗེའི་ཡེ་ཤེས་འབེབས་པའི་བྱིན་རླབས་ལམ་ཟབ་ཀྱི་ཕྲེང་བ་ཡོངས་འདུས་ [17a] ལྗོན་པའི་སྐྱེདཚལ་ལ་ནང་གསེས་སུ།   གསུང་གི་དབང་ཕྱུག་སྤྲུལ་པའི་སྐུ་རྡོ་རྗེའི་རིགས་ལྡན་བླ་མའི་ངོ་བོར་མཆོད་ཅིང་གསོལ་བ་གདབ་པ་བདེ་ཆེན་ལྷན་ལྡན་སྐྱེས་རོལ་པ།   རིག་འཛིན་ཆེན་པོ་བི་མ་ཏྲའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་བ་སྒྲོན་མ་འཕྲུལ་འབྱེད།   འཇིག་རྟེན་དབང་ཕྱུག་རྒྱལ་མཚན་བཅུ་བཞི་པ་གཙོ་བོར་གྱུར་པའི་བླ་མའི་དཀྱིལ་འཁོར་མཆོད་ཅིང་གསོལ་བ་གདབ་པ་ངེས་དོན་ལམ་འཇུག   །མངའ་བདག་མར་པ་ལོ་ཙཱ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་སྒྲུབ་སྨིན་བྱེད་དང་བཅས་པ་ཟབ་གསང་སྒོ་འབྱེད།   རྗེ་བཙུན་མར་པ་ལོ་ཙཱའི་བླ་སྒྲུབ་ལས་གསང་སྒྲུབ་དབང་གི་ཆོ་ག་བཀླགས་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འབྱེད།   རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར།   རྗེ་བཙུན་བཞད་པ་རྡོ་རྗེའི་དབང་བསྐུར་བྱིན་རླབས་དང་འབྲེལ་བ་ཡེ་ཤེས་བཅུད་སྦྱིན།   རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་གི་བླ་མ་བརྒྱུད་པའི་རིམ་པ་མཆོད་པའི་ཆོ་ག་ཀུན་བཟང་རྣམ་པར་རོལ་པའི་རྒྱན།   གངས་ཅན་མགོན་པོ་དཔལ་ལྡན་ཀརྨ་པ་སྐུ་ཕྲེང་ [17b] བཅུ་བཞིའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ཟུང་འཇུག་ལམ་བཟང་།   གྲུབ་ཆེན་ཀརྨ་པཀྴི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དོན་གཉིས་འདོད་འཇོ།   རྒྱལ་དབང་བཅུ་བཞི་པའི་བླ་མའི་རྣལ་འབྱོར་ཉུང་འདུས།   བླ་མའི་རྣལ་འབྱོར་འོད་གསལ་གཅེར་མཐོང་།   བྱམས་མགོན་བླ་མ་དབྱེར་མེད་དུ་སྒྲུབ་པའི་ཐབས་བྱམས་ཆེན་དགྱེས་པའི་སྣང་བ།   བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་རིགས་འདུས་མཆོག་གསང་བདེ་བར་སྒྲུབ་པའི་མན་ངག   །འགྲོ་མགོན་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ།   བླ་མའི་རྣལ་འབྱོར་ཟིང་འཇུག་མཆོག་སྦྱོར།   བློ་ལྡན་མཆོག་སྲེད་རྩལ་དང་སྦྱར་བའི་བླ་མའི་རྣལ་འབྱོར།   ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས།   འཕགས་མ་སྒྲོལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་གཏེར་གྱི་བུམ་བཟང་།   རྣམ་སྣང་ལོ་ཙཱ་བ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཡེ་ཤེས་རང་ཤར།   རིགས་གསུམ་བླ་མའི་རྣལ་འབྱོར་སྐལ་བཟང་འདོད་འཇོ།   རྡོ་རྗེ་འཛིན་པ་ལུས་ཀྱི་དཀྱིལ་འཁོར་དུ་གྲུབ་པའི་ཚུལ་ཐུན་མོང་མ་ཡིན་པ་ཡེ་ཤེས་སྟོབས་སྐྱེད།   གུ་རུ་གཙོ་འཁོར་གྱི་ [18a] བླ་མའི་རྣལ་འབྱོར་སྡེ་དགེའི་མཛོད་པ་ཚེ་དོན་ངོར་གནང་བ།   བླ་མ་ཚེ་དཔག་མེད་ཀྱི་རྣལ་འབྱོར་ཚེ་དབང་དངོས་གྲུབ་དཔལ་སྟེར།   བརྒྱུད་པ་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཚུལ་ཚོགས་ཀྱི་ཆོ་ག་དང་བཅས་མདོར་བྱས་པ་སྣ་ཚོགས་ནོར་བུའི་རྒྱལ་པོ་བཅས།   
༈     །   གསུམ་པ་ཡུལ་དམ་པ་རྣམས་ལ་གསོལ་འདེབས་དང་ཞབས་བརྟན་གྱི་སྐོར་བསོད་ནམས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   མོས་གུས་ཀྱི་རབས་ལས་སྐྱེས་པའི་ཐུགས་རྗེ་མངོན་པར་བསྐུལ་བའི་ཚིག་ཕྲེང་སྐལ་ལྡན་འདོད་པ་འཇོ་བའི་བུམ་བཟང་ལ་ནང་གསེས་སུ།   དྲིན་ལྡན་དང་འབྲེལ་ཐོགས་ཀྱི་བླ་མ་རྣམས་ལ་གུས་པའི་ཚིག་རྡོ་རྗེ་གཉུག་མའི་གསང་ལམ།   གསུང་རབ་ཡན་ལག་བཅུ་གཉིས་ལ་གསོལ་འདེབས་སྨོན་ལམ་མདོར་བསྡུས་བྱས་པ་ཀུན་ཏུ་དགེ་བ།   འཕགས་པ་འཇམ་དཔལ་གྱི་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཡེ་ཤེས་དཔལ་བསྐྱེད།   འཕགས་པའི་ཐུགས་རྗེ་བསྐུལ་བའི་ཚིགས་བཅད་ཉེར་ལྔ་པ།   ནམ་མཁའི་རྒྱལ་པོའི་གསོལ་འདེབས་སྨོན་ལམ།   དུས་འཁོར་བརྒྱུད་པའི་གསོལ་འདེབས།   དཀྱིལ་ [18b] འཁོར་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྗེ་མངོན་པར་སྐུལ་བའི་བསྟོད་དབྱངས་ནོར་བུ་སྣང་ཡངས་ཀྱི་རྒྱན།   ཨོ་རྒྱན་རྗེ་འབངས་བཅས་པའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བྱིན་རླབས་ཆར་འབེབས།   སངས་རྒྱས་ཀུན་དངོས་མ་ཧཱ་གུ་རུ་ལ་མི་ཕྱེད་དད་པའི་གདུང་དབྱངས་རིགས་མཆོག་གྲུབ་པའི་ཕྱག་རྒྱ།   སྐྱབས་གཅིག་སངས་རྒྱས་གཉིས་པའི་མཚན་གྱི་བྱེ་བྲག་ལ་བསྟོད་ཅིང་དགོངས་དོན་སྨོན་ལམ་དུ་གསོལ་བ་འདོད་འཇོའི་གཏེར་བུམ།   ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་ལ་དུས་སུ་ཐུགས་རྗེ་སྐུལ་ཞིང་གསོལ་བ་གདབ་པ་འདོད་རྒུ་ཡོངས་འདུས།   གུ་རུ་པདྨ་འབྱུང་གནས་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་བྱིན་རླབས་ཆར་འབེབས་ནོར་བུའི་རྒྱལ་པོ་བདུད་རྩིའི་སྙིང་པོ།   གུ་རུ་པདྨ་སམྦྷ་ཝ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་དངོས་གྲུབ་མཆོག་སྩོལ་ནོར་བུའི་རྒྱལ་པོ་བཅུད་ཀྱི་སྙིང་པོ།   གུ་རུ་པདྨ་རྒྱལ་པོ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་དགོས་འདོད་ཀུན་འབྱུང་ནོར་བུའི་རྒྱལ་པོ་དབྱིག་གི་སྙིང་པོ།   གུ་རུ་བློ་ལྡན་མཆོག་སྲེད་ལ་ཐུགས་དམ་ [19a] བསྐུལ་བའི་གསོལ་འདེབས་བསམ་དོན་ཀུན་འགྲུབ་ནོར་བུའི་རྒྱལ་པོ་ཡེ་ཤེས་སྙིང་པོ།   གུ་རུ་ཉི་མ་འོད་ཟེར་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཕན་བདེ་ཀུན་སྩོལ་ནོར་བུའི་རྒྱལ་པོ་ཉི་མའི་སྙིང་པོ།   གུ་རུ་ཤཱཀྱ་སེང་གེ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་དགེ་ལེགས་ཀུན་འབྱུང་ནོར་བུའི་རྒྱལ་པོ་ཟླ་བའི་སྙིང་པོ།   གུ་རུ་སེང་གེ་སྒྲ་སྒྲོག་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཕྱོགས་ལས་རྣམ་རྒྱལ་ནོར་བུའི་རྒྱལ་པོ་སྟོབས་ཀྱི་སྙིང་པོ།   གུ་རུ་རྡོ་རྗེ་གྲོ་ལོད་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཕྲིན་ལས་ཡོངས་གྲུབ་ནོར་བུའི་རྒྱལ་པོ་འབར་བའི་སྙིང་པོ།   གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་བར་ཆད་ཀུན་སེལ།   མཁའ་སྤྱོད་ཌཱ་ཀིའི་དབང་མོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་པ་ཡིད་ཀྱི་གདུང་སེལ།   རྩ་གསུམ་ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བ་རྡོ་རྗེ་རྟའི་མགྲིན་གླུ།   ཚེ་སྒྲུབ་གསང་བ་འདུས་པའི་བརྒྱུད་པའི་གསོལ་འདེབས།   གསང་འདུས་ནང་སྒྲུབ་སྐབས་སུ་མཛད་པའི་གསོལ་འདེབས།   རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས།   སྒྲུབ་སྡེ་ཆེན་པོ་བཀའ་འདུས་ཀྱི་ལྷ་དང་གྲུབ་ [19b] པའི་རིག་འཛིན་རྣམས་ལ་གསོལ་བ་འདེབས་པ་དཔལ་ཆེན་དགྱེས་གླུ།   འཇམ་དཔལ་སྐུའི་དཀྱིལ་འཁོར་དང་བཀའ་བབས་ཀྱི་སློབ་དཔོན་ཆེན་པོ་རྣམས་ལ་གསོལ་བ་འདེབས་པ་འཁོར་ལོ་མཐར་འབྱིན།   གསང་འདུས་མི་བསྐྱོད་པ་འགོས་ལུགས་ཀྱི་བརྒྱུད་འདེབས།   གཞན་སྟོང་དབུ་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་།   སྟོད་འདུལ་ཁ་ཆེ་བརྒྱུད་པའི་སྡོམ་རྒྱུན་གསོལ་འདེབས་མུ་ཏིག་ཕྲེང་བ།   གནམ་ཆོས་འོད་ཆོག་གི་བརྒྱུད་འདེབས།   དྭགས་པོ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་སྤྱི་ལ་གསོལ་འདེབས་སྨོན་ལམ།   ཀརྨ་པའི་གཙོས་བླ་མ་རྣམས་ལ་གསོལ་འདེབས།   བསྟན་པ་སྤྱིའི་གསོལ་འདེབས་བཀྲ་ཤིས་འབྱུང་གནས།   ཀུན་འདུས་ཕྱག་འཚལ་མཆོག་དགའི་འདོད་འཇོ།   པཎ་ཆེན་ཤཱཀྱ་ཤྲཱི་ལ་རྣམ་ཐར་དང་རྗེས་སུ་མཐུན་པའི་གསོལ་བ་འདེབས་པ་དྲི་མེད་དཔལ་མཛེས།   རྗེ་ལྷོ་བྲག་པ་ཆེན་པོ་ལ་གསོལ་བ་འདེབས་པ་དགྱེས་མཛད་དགྱེས་གླུ།   རྫེ་བཙུན་མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པ་བདེ་ཆེན་སྙིང་པོ།   རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་པ་ངོ་མཚར་སྙིང་པོ།   མཉམ་མེད་སྒམ་པོ་པ་ཆེན་པོ་ལ་གསོལ་བ་འདེབས་པ་ཡེ་ [20a] ལ་གསོལ་འདེབས།   ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་གི་གསོལ་འདེབས་རྒྱས་པ་མཁའ་སྤྱོད་རོལ་མོ།   གསོལ་འདེབས་བསྡུས་པ།   རྫོང་ཆེན་ཁམ་ཕུག་གསོལ་འདེབས།   ཨ་ལོའི་དཔལ་དེའུར་གསོལ་འདེབས།   གསས་མཁར་གཉིས་པ་གཡུང་དྲུང་བཀོད་པའི་གསོལ་འདེབས།   ཁྱུང་པོའི་གདུང་རབས་རགས་བསྡུས་ཀྱི་གསོལ་འདེབས་བཀྲ་ཤིས་དབྱངས་སྙན།   སྨོན་རྒྱལ་པད་སྤྲུལ་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས་ལྷའི་རྔ་བོ་ཆེའི་སྒྲ་དབྱངས།   གྲུབ་དབང་གཡུང་དྲུང་ཕུན་ཚོགས་ལ་གསོལ་འདེབས།   བོན་གཏེར་ཚེ་དབང་གྲགས་པའི་ཞབས་བརྟན་གསོལ་འདེབས།   སྨོན་ལམ་མཆོག་གསུམ་རྩ་བ་སོགས།   
༈     །   ༼ཁ༽  བཞི་པ་སྔ་ཕྱིའི་འགྱུར་གཉིས་ལས་བྱུང་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་དང་ཟིན་བྲིས་ཀྱི་སྐོར་དངོས་གྲུབ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   རྙིང་མའི་སྐོར་དང་གསར་མའི་སྐོར་གཉིས་ལས།   དང་པོ་རྙིང་མ་ལ་བཀའ་གཏེར་གཉིས་ཀྱི་དང་པོ་ལ།   མཁོན་ལུགས་དཔལ་ཆེན་ཡང་དག་ཧེ་རུ་ཀ་ཟླ་གམ་དགུ་པའི་སྒྲུབ་ཐབས་ཁྲག་འཐུང་མངོན་པར་རོལ་པ།   དེའི་དབང་བསྐུར་བའི་ [20b] ཆོ་ག་ཁྲག་འཐུང་མོངན་པར་འབྱུང་བ།   བསྙེན་པ་དང་རྒྱུན་གྱི་རྣལའབྱོར་བྱ་བའི་ཡི་གེ་ཐུགས་ཀྱི་ཐིག་ལེ།   ཞི་བའི་སྦྱིན་སྲེག་ཉེས་པ་ཀུན་སྦྱོང་།   རྡོ་རྗེ་ཕུར་བ་བདུད་འཇོམས་རོལ་པའི་པུསྟ་ཀའི་བཞུགས་བྱང་དང་བརྒྱུད་པའི་ཡི་གེ་ཟླ་ཤེལ་མེ་ལོང་།   རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་ས་སྐྱ་པཎ་ཆེན་གྱིས་ཤངས་སྲེག་ཤིང་དུ་བསྒྱུར་བ།   རྗེ་བཙུན་གྲགས་པས་མཛད་པའི་བསྙེན་སྒྲུབ་ཀྱི་ཡི་གེ་སོགས་མན་ངག་རྙིང་པ་ཕྱོགས་བསྡུས་རྡོ་རྗེ་ཕུར་པའི་སྒྲུབ་སྐོར།   ཡང་ཕུར་ཐུན་མོང་གི་མན་ངག་ཨ་ཏིའི་ཁྲིད་རིམ་ཐར་པའི་སྒོ་གཅིག་པྲཛྙཱ་རསྨིའི་བཀའ་འབུམ་ལས་ཁོལ་ཕྱུང་སྟེ་ལེ་ཚ་གསུམ་ནི་བྱུང་ཁུངས་ཡིག་རྙིང་གི་སྐོར་དང་།   དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་པ།   སློབ་མ་ལ་དབང་བསྐུར་བའི་ཚུལ་ཏེ་ལེ་ཚན་གཉིས་ནི་རྗེ་བཙུན་རིན་པོ་ཆེའི་གསུང་རབ་གཞུང་འདིའི་རྩ་བ་དང་།   ཁ་སྐོང་ཡིག་ཆ་གསར་མཛད་ལ།   འཁོན་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་བཻཌཱུརྻའི་ཕྲེང་མཛེས།   སྟོད་ལས་ཀྱི་དབང་བསྐུར་བའི་ལག་ལེན་གསལ་བྱེད་བདུད་རྩིའི་དོ་ཤལ།   གཏོར་དབང་གི་ཡི་གེ་བྱིན་རླབས་བཅུད་ཀྱི་ཐིག་པ།   སྨད་ལས་དྲག་པོ་སྒྲོལ་བའི་རྗེས་སུ་ [21a] གནང་བའི་ཡི་གེ་བདུད་བཞིའི་གཡུལ་འཇོམས།   བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་མཁྱེན་བརྩེའི་གསུང་།   བསྙེན་ཡིག་དཔལ་ཆེན་ཐུགས་ཐིག   །བསྐྱེད་རྫོགས་ཁྲིད་ཡིག་ས་བོན་ཙམ་སྨོས་པ་རྡོ་རྗེའི་གསང་མཛོད།   སྒྲུབ་རྟེན་གྱི་གནད་དང་མངོན་སྤྱོད་གཟེར་ཁའི་བཅས་ཀྱི་རིམ་པ་རྣམ་གསལ་ཐོས་ཆུང་ཡིད་ཀྱི་བཅུད་འཛིན།   རྒྱུན་གྱི་ཉམས་ལེན་ཐུགས་ཀྱི་ཐིག་ལེ།   སྨད་ལས་གཏོར་བཟློག་གི་ལག་ལེན་གསལ་བར་བཀོད་པ་རྡོ་རྗེ་གནམ་ལྕགས་འཁྲུལ་འཁོར།   བསྟོད་བསྐུལ་གསོལ་ཁ་སྦྲེལ་བ་ལྷའི་རྔ་སྒྲ།   བསྙེན་སྒྲུབ་ལས་གསུམ་ལ་ཉེ་བར་མཁོ་བའི་ཡིག་སྣ་ཕྲན་ཚེགས་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་རྒུའི་བང་མཛོད།   གསེར་སྐྱེམས་སྤྱི་འགྲོ་འདིར་མཐུན་ཁ་བསྒྱུར་བ།   མངོན་སྤྱོད་ལས་ལ་ཉེ་བར་མཁོ་བའི་ཡིག་ཆུང་སྦས་པ་མིག་འབྱེད།   ལས་བཞིའི་སྦྱིན་སྲེག་ཕྲིན་ལས་གཟི་བརྗིད་དཔལ་འབར།   དགྲ་དུར་ཕུང་གསུམ་མནན་པའི་མན་ངག་རྡོ་རྗེ་ཐོག་བརྩེགས།   ལིང་ཁྲུས་ནོར་བུ་ཆུ་དྭངས།   ཚེ་འགུགས་ཀྱི་ཕྲིན་ལས་དྭངས་མ་བཅུད་བསྡུས།   གཏོར་བཟློག་གི་འདོན་འགྲིགས་ [21b] མཐོང་བས་གོ་འབྱེད།   རྒྱུད་འགྲེལ་སྙིང་པོ་བསྡུས་པ་དཔལ་ཆེན་དགྱེས་པའི་ཞལ་ལུང་།   སྙན་བརྒྱུད་ཕུར་པའི་བསྙེན་ཟིན་བཅས།   ༼ག༽   རྡོ་རྗེ་རྣམ་འཇོམས་ཁྲོ་དཀར་གྱི་གཟུངས་ཆོག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང་།   རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔའི་སྒྲུབ་ཐབས་གཟུངས་ཆོག་དང་བཅས་པ་སྦྱོང་བྱེད་རྡོ་རྗེའི་བུམ་པ།   དེའི་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ་བཟང་།   གཉིས་པ་གཏེར་མའི་སྐོར་ལ།   རཏ་གླིང་ཐུགས་ཆེན་གསང་འདུས་ཀྱི་སྒྲུབ་ཁོག་ལག་ལེན་གཞན་ཕན་གཏེར་མཛོད།   དེའི་སྒྲུབ་ཆེན་དཀྱུས་མ་དང་བུམ་སྒྲུབ་གཉིས་ཀའི་ཐུན་བཟུང་འཛབ་དགོངས་ཀྱི་རིམ་པ།   སྐྱེ་བདུན་སྒྲུབ་པའི་དམིགས་པ་རྒྱ་ཅན་གྱི་སྔགས་ཤམ་གུད་སྦས།   ལས་བཞིའི་སྦྱིན་སྲེག་གི་ཆོ་ག་དངོས་གྲུབ་དཔལ་འབར།   རིགས་དྲུག་གནས་འདྲེན་གྱི་ཆོ་ག་ཐར་པའི་སྒོ་འབྱེད།   རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན།   དབང་བཤད་རྒྱས་བསྡུས།   བཀའ་བརྒྱད་བདེར་འདུས་ཀྱི་བསྙེན་པའི་ལག་ལེན་ཏིལ་མར་སྒྲོན་མེ།   རྩ་གསུམ་སྙིང་བཅུད་བླ་མ་དགོངས་པ་འདུས་པའི་དབང་བསྐུར་ཡོངས་རྫོགས་ཀྱི་ལག་ [22a]  [22b]  [23a] ལེན་དངོས་གྲུབ་རྒྱ་མཚོའི་ཆུ་རྒྱུན།   དེའི་དཔའི་བོ་རྐྱང་སྒྲུབ་དང་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་ཀྱི་ཡི་གེ་བདུད་རྩི་སྟོང་གི་ཟབ་བཅུད།   དེའི་དབང་ཆེན་སོགས་ལ་ཉེ་བར་མཁོ་བའི་ལྷན་ཐབས་ཞི་བའི་སྲེག་བླུག་བསྡུས་པ་ཟླ་བའི་སྣང་བ།   དེའི་སྒྲིབ་སྦྱོང་ཡེ་ཤེས་འོད་འཕྲོའི་ལག་ལེན་གསལ་བྱེད་འཁྲུལ་མེད་གནད་ཀྱི་གཟེར་བུ།   །དེའི་སྐོང་ཆོག་ཆེན་མོའི་ཟིན་བྲིས་གྲུབ་པའི་ངག་གི་མེ་ལོང་།   སྒྲུབ་ཆེན་གྱི་ལག་ལེན་གསང་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ།   སྨན་སྒྲུབ་ཀྱི་ལག་ལེན་རྣལ་འབྱོར་འཇུག་པའི་བདེ་ལམ།   ཕུར་པ་བཀའ་གཏེར་སྤྱི་འགྲོའི་གསལ་འདེབས་བདུད་འཇོམས་རྡོ་རྗེའི་གླུ་དབྱངས།   རཏ་ཕུར་ཡང་གསང་བླ་མེད་ཀྱི་ལས་བྱང་ལ་ཉེར་མཁོའི་ཟུར་འདེབས་ཨིནྡྲ་ནཱི་ལའི་དོ་ཤལ།   དེའི་སྟོད་ལས་ཀྱི་སྒྲུབ་ཁོག་ཕྲིན་ལས་མངོན་པར་འབྱུང་བ།   སྨད་ལས་དུག་ཕུར་ནག་པོའི་སྒྲུབ་ཁོག་གཅིག་ཤུར་ལས་ཀྱི་སྤུ་གྲི།   ཕན་འདོགས་མེའི་སྦྱོར་པ་བྱ་གྲུབ་འབར་བ་འཁྱིལ་བ།   ཚར་གཅོད་མེའི་ལས་སྦྱོར་བལྟས་ཆོག་ཏུ་བཀོད་པ་གདུག་པ་ཀུན་བསྲེག   །བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གསལ་བར་བྱེད་པའི་ [23b] ཡི་གེ་ལས་རིགས་གྲུབ་པའི་ཤིང་རྟ།   དཔལ་ཆེན་ཕུར་པའི་སྐོང་བ་བདུད་འདུལ་སྔགས་གླིང་མ།   གཏོར་བཟློག་དང་དཔལ་མདོས་གཉིས་ཀྱི་ཕྱག་ལེན་ཁྲག་འཐུང་དཔུང་ནོན།   གདབ་ཁའི་འདོན་འགྲིགས་འཁྲུལ་བྲལ་རྡོ་རྗེའི་ཐོག་ཟེར།   ལིང་ཁྲུས་ནོར་བུ་ཆུ་དྭངས།   རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ།   དྲག་པོའི་སྦྱིན་སྲེག་གི་ལག་ལེན།   གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚྭ་ཚྭ།   ཐུགས་སྒྲུབ་ཡང་འདུས་ཀྱི་སྒྲུབ་ཁོག།   ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བླ་བརྒྱུད་ཕྱག་འཚལ་ཉེས་ལྟུང་རང་གྲོལ།   བརྒྱུད་པའི་དོན་བསྐང་འབྲེལ་ཚད་རང་གྲོལ།   གནས་འདྲེན་འགྲོ་དྲུག་རང་གྲོལ་བཀླགས་ཆོག་ཏུ་བསྡེབས་པ་ཡིད་གཉིས་རང་གྲོལ།   གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཁྱེར་བདེར་བཀོད་པ།   པད་གླིང་ཐུགས་སྒྲུབ་ནོར་རྒྱམ་ཟིན་བྲིས་རིན་ཆེན་སྒྲོན་མེ།   འཇའ་ཚོན་དཀོན་སྤྱིའི་བརྒྱུད་འདེབས་བྱིན་རླབས་ལྕགས་ཀྱུ།   དཀོན་སྤྱི་དང་ཞི་ཁྲོ་ངེས་དོན་སྙིང་པོའི་ཕྱག་ལེན་ཆོག་བསྒྲིགས་འཇའ་ཚོན་དགོངས་རྒྱན།   བསྙེན་ཡིག་པདྨའི་ཞལ་ལུང་།   རྫོགས་རིམ་ཁྲིད་ཡིག་ཁམས་ [24a] གསུམ་ཡོངས་གྲོལ།   ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་ཟེར།   ཐུགས་ཆེན་ངན་སོང་རང་གྲོལ་གྱི་བརྒྱུད་འདེབས་ཐུགས་རྗེའི་ཆུ་རྒྱུན།   དེའི་ནང་སྒྲུབ་རྒྱུན་ཁྱེར་བྱིན་རླབས་རྒྱ་མཚོ།   ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་བསྐང་བ་འཆི་མེད་འདོད་འཇོའི་རྔ་སྒྲ།   རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་ཟུང་འཇུག་རོལ་མོ།   དགོངས་གཏེར་བསམ་ལྷུན་བརྒྱུད་འདེབས་དངོས་གྲུབ་ཆར་འབེབས།   སྟག་ཤམ་ཡིད་མ་དགོངས་འདུས་སྤྱི་བསྡོམ་སྤྲོས་བཅས་དབང་ཆེན་སྨིན་གྲོལ་རྒྱ་མཚོ་དབང་རྐྱང་ལུགས་སུ་བསྐུར་བའི་ཟིན་ཐོ།   ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་ཀྱི་ཡི་གེ་མདོར་བསྡུས་གནམ་ལྕགས་ལྡེའུ་མིག   །ཆོས་གླིང་ཟབ་ལམ་ཐུགས་ནོར་རྩ་བའི་སྒྲུབ་ཆེན་དང་བདུད་བརྩི་སྨན་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་ཟུང་འབྲེལ་དུ་བཀོད་པ་གྲུབ་གཉིས་བདུད་རྩིའི་ཟ་མ་ཏོག   །ཐུགས་ནོར་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ལག་ལེན་འདུས་གསལ་དུ་བཀོད་པ་ནོར་བུ་སྣ་ཚོགས་མདོག་ཅན།   ༼ང་༽གཏེར་གསར་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་དབང་བསྐུར་གྲུབ་ [24b] གཉིས་བདུད་རྩིའི་བཅུད་འབེབས།   ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་དབང་ཆོག་ཁྲིགས་མུ་ཏིག་ཆུན་པོ།   གཏེར་གསར་སྒྲོན་མ་འཇིགས་པ་ཀུན་སེལ་ལས་སའི་འཇིགས་སྐྱོབས་བསྒོམ་བཟླས།   ཐུགས་སྒྲུབ་ཆ་ལག་སྨི་བརྩེགས་སྒྲུབ་ཐབས་ཁྱེར་བདེ།   རྡོར་སེམས་སྒོམ་བཟླས་རྒྱུད་སྡེ་བཞི་སྦྲགས།   མདོ་ཆོག་དང་གསར་མའི་སྐོར་ལ།   སྒྲོལ་མ་བཀྲ་ཤིས་དོན་གྲུབ་མའི་སྒྲུབ་ཐབས་བཀྲ་ཤིས་ཆར་འབེབས།   སྒྲོལ་མ་རྣལ་འབྱོར་མའི་རྒྱུན་ཁྱེར་དམ་ཚིག་ངེས་པའི་ཐིག་ལེ།   དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བསྐུར་ཡེ་ཤེས་རྒྱ་མཚོའི་བཅུད་འདྲེན།   སྒྲོལ་མ་རྣལ་འབྱོར་མའི་རྩ་བའི་དབང་བསྐུར་ཨུཏྤལ་ལྗོན་ཤིང་།   དེའི་རིགས་གཏད་ཡེ་ཤེས་སྒོ་འབྱེད།   མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ།   སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད།   བཅོམ་ལྡན་འདས་འོད་དཔག་མེད་འཁོར་བཅས་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་ཐར་པའི་ཤིང་རྟ།   རྗེ་བཙུན་འཇམ་དབྱངས་དཀར་པོའི་སྒོམ་བཟླས་སྙིང་གི་མུན་སེལ།   སྨྲ་བའི་སེང་གེའི་སྒོམ་བཟླས་ [25a] བློ་གྲོས་ཁ་འབྱེད།   ནམ་མཁའ་དྲི་མེད་གསུང་དབང་གི་བསྙེན་པའི་ཆོ་ག་བསྡུས་པ་ཟབ་མོའི་ཡེ་ཤེས་ལ་འཇུག་པ།   འཇམ་དབྱངས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར།   དེའི་བརྒྱུད་འདེབས་སྨོན་ལམ་བྱིན་རླབས་བདུད་རྩིའི་སྣང་གཏེར་མཁྱེན་བརྩེའི་གསུང་།   སངས་རྒྱས་དཔའི་བོ་བདུན་སྒྲུབ་ཅིང་མཆོད་པའི་ཆོ་ག་ཚོགས་གཉིས་བདུད་རྩིའི་ཆུ་གཏེར་རབ་ཏུ་རྒྱས་པ།   ཐར་མདོའི་ཆོ་ག་མན་ངག་ལྟར་བཀོད་པ་ཉེས་པའི་གདུང་སེལ།   མདོ་ཆོག་རྣམས་ལ་སྦྱར་བར་བྱ་བའི་གཤིན་པོ་རྗེས་འཛིན་ཐར་ལམ་སྣང་བྱེད།   སྟོན་པ་ཉེ་བའི་སྲས་བརྒྱད་འཁོར་བཅས་ཀྱི་མཆོད་ཆོག་རྒྱལ་སྲས་དགྱེས་པའི་ལམ་འཇུག   །ཐུབ་དབང་ཉེ་སྲས་བརྒྱད་ཀྱི་མཚན་བརྒྱའི་བསྟོད་པ།   དེའི་སྒོམ་ལུང་འབོགས་ཚུལ་བྱང་ཆུབ་སྤྱོད་པའི་ཤིང་རྟ།   ནམ་སྙིང་ལྟུང་བཤགས་བརྒྱུད་འདེབས་ཨིནྡྲ་ནཱི་ལའི་ཕྲེང་།   འཕགས་པ་ནམ་མཁའི་སྙིང་པོའི་བཟླས་ལུང་སྒྲུབ་ཐབས་ལྟུང་བཤགས་དང་བཅས་པ་འཕགས་པའི་ལམ་གྱི་ཤིང་རྟ།   སྟོན་པ་གནས་བརྟན་ཆེན་པོ་འཁོར་བཅས་མཆོད་ཅིང་གསོལ་བ་འདེབས་པའི་ [25b] ཆོ་ག་འཕགས་པ་དགྱེས་པའི་ལམ་འཇུག   །འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ།   མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞིབ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག   །གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་།   བཅུ་གཅིག་ཞལ་དཔལ་མོ་ལུགས་དང་འབྲེལ་བའི་སྨྱུང་གནས་ཆོ་ག་གཞན་ཕན་ཀུན་ཁྱབ།   དེའི་རྗེས་གནང་དང་ཡན་ལག་བརྒྱད་པའི་སྡོམ་པ་འབོག་ཆོག་གཞན་ཕན་རབ་འབྱམས།   སྨྱུང་གནས་སྒྲུབ་པའི་ལག་ལེན་གསེར་སྡོང་གཡུའི་ཕྲ་ཚོམ།   ཕན་ཡོན་མདོར་བསྡུས་སྐལ་ལྡན་ངལ་གསོ།   སྨན་བླའི་མདོ་ཆོག་གི་བཤམ་བཀོད་ཟིན་བྲིས།   སྨན་བླའི་སྟོང་མཆོད་ལག་ལེན།   དཔལ་ཀུན་རིག་གི་ཆོ་ག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ།   བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་མངོན་དགའི་ཞིང་གི་རྒྱན་མཛེས་བྱེད་ལྷན་ཐབས་ཨིནྡྲ་ནཱི་ལའི་ཆུན་འཕྱངས།   ཚེ་དཔག་མེད་མཚན་བརྒྱ་རྩ་བརྒྱད་ཀྱི་གཟུངས་ [26a] རིང་འདོན་པའི་གདམས་ངག་ཚིག་བཅད་མ།   བཅོམ་ལྡན་འདས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་མདོར་བསྡུས།   བཅོམ་ལྡན་འདས་གདུགས་དཀར་མོའི་བསྐྱེད་བཟླས་རྒྱུན་ཁྱེར་རྡོ་རྗེ་འབར་བ།   ལྷ་མོ་འོད་ཟེར་གྱི་སྒོམ་བཟླས་བཅས།   ༼ཅ༽   ༈     ལྔ་པ་མདོ་སྔགས་ཀྱི་དགོངས་བཅུད་སྙིང་པོར་དྲིལ་བའི་ཁྲིད་ཡིག་གི་སྐོར་ཟབ་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་དང་དངོས་གཞིའི་ཁྲིད་རིམ་མདོར་བསྡུས་ངེས་དོན་སྒྲོན་མེ།   རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་།   དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་འདེབས་རྡོ་རྗེ་འབེབས་པ་ཆེན་པོ།   སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ།   དུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་དང་རྣལ་འབྱོར་ཡན་ལག་དྲུག་པ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་དམིགས་སྡོམ་ལྷན་སྐྱེསས་གྲུབ་སྟེར།   རྒྱུད་སྡེ་ལྔ་གཙོ་བསྡུས་ལ་བརྟེན་པའི་དཀྱིལ་འཁོར་མཆོད་ཆོག་བདག་འཇུག་དང་བཅས་པ་སྨིན་གྲོལ་ [26b] སྙིང་པོ།   དེའི་བསྙེན་ཡིག་ཟབ་དོན་སྙིང་པོ།   ནི་གུ་ཆོས་དྲུག་ཁྲིད་བསྡུས་སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་།   མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ།   ལྷ་བཞི་དྲིལ་སྒྲུབ་ཀྱི་ཉམས་ལེན་ཡེ་ཤེས་རང་གསལ།   དེའི་ཁྲིད་ཡིག་ཡེ་ཤེས་འོད་འཕྲོ།   ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་གཏོར་འབུལ།   བཀའ་བབ་དྲུག་ལྡན་གྱི་བརྒྱུད་འདེབས་མུ་ཏིག་ཕྲེང་བ།   ལྕགས་ཟམ་ལུགས་ཀྱི་ཡིག་དྲུག་ཉམས་ལེན་གཞུང་གསལ་བྱེད་དང་བཅས་པ།   དེའི་སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡང་བཅུད།   རྗེས་དྲན་གྱི་གསོལ་འདེབས་རྡོ་རྗེའི་གསུང་།   ཡིག་དྲུག་གི་སྒོམ་ལུང་འབོགས་ཚུལ་གཞན་ཕན་མཁའ་ཁྱབ།   བདེ་མཆོག་དཀར་པོའི་རྫོགས་རིམ་དང་ཚེ་ཁྲིད་བདུད་རྩིའི་གོང་བུ།   ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཟབ་ཁྲིད་འཆི་མེད་བདུད་རྩིའི་ཆུ་གཏེར།   ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ།   བློ་སྦྱོང་བརྒྱུད་འདེབས་དད་པའི་གདུང་སེལ།   བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བྱང་ཆུབ་གཞུང་ལམ།   བློ་སྦྱོང་སྨོན་ལམ་བྱང་སེམས་རྒྱ་མཚོའི་འཇུག་ངོག   ། [27a] གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར།   སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་སཱ་ལིའི་བདུད་རྩི་བཅས།   
༈     །   དྲུག་པ་རྣམ་བཤད་དང་འབེལ་གཏམ་དྲིས་ལན་གྱི་སྐོར་ལུང་རིག་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   རྣམ་བཤད་སྐོར་ལ།   རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་བཤད་ཚེ་དབང་དགའ་བ་འཁྱིལ་བའི་ཐིག་ལེ།   བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན་གཏོང་ཐུན་གདོང་ལྔའི་གད་མོ།   ཚོམ་བུ་ཚོགས་སྒྲུབ་ཀྱི་གཏོང་ཐུན་གསལ་བར་སྤྲོས་པ་ཚངས་པའི་ང་རོ།   ཐུགས་གསང་དགོངས་འདུས་གཏོང་ཐུན་སྒྱུར་སོ་ཅན།   ཚོགས་མཆོད་ཀྱི་དེ་ཉིད་མདོར་བསྡུས་སྨོས་པ་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ།   འབེལ་གཏམ་སྐོར་ལ།   ལྟ་བ་གཏན་ལ་འབེབས་པ་ལས་འཕྲོས་པའི་གཏམ་སྐབས་ལྔ་པ་ལུང་དང་རིག་པའི་མེ་ཏོག་རབ་ཏུ་དགོད་པ།   རིས་མེད་ཆོས་ཀྱི་འབྱུང་གནས་མདོ་ཙམ་སྨོས་པ་བློ་གསལ་མགྲིན་པའི་མཛེས་རྒྱན།   ཐུབ་བསྟན་ཆོས་འཁོར་གླིང་གི་འདུས་པ་རྒྱ་མཚོར་བསླབ་བྱའི་གཏམ་དུ་གསོལ་བ་ཚོགས་མཆོག་ཀུན་ཏུ་དགའ་བའི་རྣ་རྒྱན།   རང་གཞན་ལ་ཉེར་མཁོའི་འབེལ་གཏམ་དང་ལྡན་ [27b] ཀུན་ཏུ་དགའ་བའི་རྣ་རྒྱན་ལེའུ་ཚན་ལྔ་པ།   ཆོས་རྒྱལ་སེ་ན་ཤུ་བྷའི་གཉེན་སྟོན་སྐབས་ཀྱི་འབེལ་གཏམ་ཡིད་ཅན་ཀུན་ཏུ་དགའ་བའི་རྣ་རྒྱན།   ཤུ་བྷ་འབྲུག་དགུ་གླིང་སོགས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད།   སི་ཏུ་སྤྲུལ་སྐུ་པདྨ་ཀུན་བཟང་ཁྲིར་ཕེབས་སྐབས་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན།   དུས་དེར་རྗེ་ཉིད་ཀྱིས་གསང་སྙིང་སྤྱི་དོན་གསུངས་སྐབས་མཛད་པའི་དེའི་སྤྱི་དོན།   མཐང་གྲོལ་ཞྭ་དམར་ལོ་རྒྱུས།   དཔའི་བོའི་དབུ་ཞྭའི་བཤད་པ་མདོར་བསྡུས།   དབང་བསྐུར་བྱིན་རླབས་སོགས་ཀྱི་རབ་དབྱེ་ཉུང་བསྡུས་བློ་དམན་ཉམས་དགའ།   ངེས་དོན་དབུ་མའི་འཁྲུལ་རྟོག་འབུར་འཇོམས་ལེགས་བཤད་གསེར་གྱི་ཐོ་བ།   དྲིས་ལན་སྐོར་ལ།   ཚེ་སྒྲུབ་ཏིང་འཛིན་དོགས་སེལ་འོད་ཀྱི་ཐུར་མ།   དྲིས་ལན་རྣ་བའི་བདུད་རྩི།   པད་ནོར་དྲིས་ལན།   བསོད་སྤྲུལ་དྲིས་ལན།   བཀྲ་འཕེལ་དྲིས་ལན།   རྡོར་བྲག་སྤྲུལ་སྐུའི་དྲིས་ལན།   ཀར་དགའི་དྲིས་ལན།   འཇིགས་བྱེད་སྟ་གོན་ཟིན་བྲིས།   ༼ཆ༽  བདུན་པ་རྡོ་རྗེའི་གླུ་ཡི་སྐོར་ངེས་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད་དང་།   བརྒྱད་པ་སྐལ་པ་བཟང་པོའི་ཚོགས་ལ་གཙོ་བོར་དགོངས་ཏེ་ཞལ་ [28a] གདམས་སུ་གནང་བ་བསྟན་པ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   རང་གཞན་ལ་གཏན་གྲོས་སུ་གདམས་པ་སྙིང་གི་བདུད་རྩི་ཞེས་བྱ་བ་ལ་ནང་གསེས་སུ་རང་ཉིད་ཀྱིས་དམ་བཅའ་བདུན་དུ་མཛད་པ་ཚིག་ལྷུག་བཅད་སྤེལ་མ་རྗེས་སུ་རང་དྲན་གསོ་བའི་མགུར་བཞི་ཚན་སུམ་ཅུ་པ།   རང་ལ་གྲོས་འདེབས་དང་ལྷག་པའི་ལྷའི་ཐུགས་དམ་བསྐུལ་བའི་སྨོན་ཚིག་བཀའ་བརྒྱུད་བླ་མ་སོགས།   ཚུལ་ཁྲིམས་རྒྱ་མཚོར་གནང་བ་སངས་རྒྱས་ཀུན་དངོས་སོགས་ཚིག་ལྷུག་མ།   ཀརྨ་ཕན་བདེར་གནང་བ་མཆོག་གསུམ་ཀུན་འདུས་སོགས་ཚིག་ལྷུག་མ།   བསྟན་འཛིན་བཟང་པོར་གནང་བ་དྲན་ཆོག་མགོན་པོ་སོགས།   མོས་ལྡན་འགའི་དགེ་སྦྱོར་གསལ་འདེབས་སུ་གནང་བ་ཚིག་བཅད་ལྷུག་སྤེལ་མ་རྩ་གསུམ་ཀུན་འདུས་སོགས།   བླ་མ་འོད་འཕྲོར་གནང་བ་ཚིག་བཅད་ལྷུག་སྤེལ་མ་ཡེ་ཤེས་ཀློང་ནས་སོགས།   གུ་རུ་བྷཻ་ཥ་ཛྱར་གནང་བ་བཀའ་བརྒྱུད་གདུང་འཚོབ་སོགས།   རྣལ་འབྱོར་མངྒ་ལར་གནང་བ་སྐྱབས་དུས་གསུམ་སོགས།   རྡོར་སློབ་རཏྣར་གནང་བ་བླ་མ་ཡི་དམ་སོགས།   དགེ་འདུན་ཕུན་ཚོགས་ལ་གནང་བ་ཕ་རྗེ་བཙུན་སོགས།   རྗེ་དབོན་དམ་ [28b] ཆོས་ལ་གནང་བ་སངས་རྒྱས་ཀུན་འདུས་སོགས།   རྟ་རྣ་དགོན་དམར་སྤྲུལ་སྐུར་གནང་བ་རྗེ་དཔལ་ལྡན་སོགས།   པདྨ་ཆོས་འཕེལ་ལ་གནང་བ་ན་མོ་གུ་རུ་ལྟ་སྒོམ་སོགས།   དུས་ངན་བླ་སློབ་བྲེལ་ཚུལ་ལ་སྐྱོབ་བའི་གླ་མཚན་ལྡན་སོགས།   སྙིགས་དུས་ཀྱི་འགྱུར་བར་སྐྱོ་བའི་གླུ་དུས་དེང་སང་སོགས།   རང་གཞན་སྙིགས་དུས་ཀྱི་སྤྱོད་པ་ལ་སྐྱོ་བའི་གླུ་ཁྱོད་མདོ་མེད་སོགས།   འཇམ་རྡོར་སློབ་དཔོན་རིགས་དཔོན་ལ་གནང་བ་ཕ་རྗེ་བཙུན་སོགས།   ནཱ་ཐ་ལཀྵྨཱིར་གནང་བ་རྗེ་འགྲན་ཟླ་སོགས།   ཚེ་མཚམས་དགེ་འདུན་ལ་གནང་བ་ན་མོ་གུ་རུ་བེ་ཐོག་མར་སོགས།   གཤེན་བཙུན་དྲུང་མུར་གནང་བ་རྒྱལ་བ་ཀུན་འདུས་སོགས།   བླ་མ་ཆོས་གྲགས་ལ་གནང་བ་ན་མོ་གུ་རུ་ཞི་གནས་སོགས་དང་རྡོ་རྗེ་འཆང་དངོས་སོགས་ལེའུ་ཚན་གཉིས།   ཀརྨ་འཆི་མེད་ལ་གནང་བ་ན་མོ་གུ་རུ་རྩ་བའི་བླ་མ་སོགས།   མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ངེས་པ་ཆ་ཙམ་རྙེད་པའི་གླུ་གཉུག་མ་རང་ཤར།   ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསང་དོན་ངེས་པས་དྲངས་པའི་གླུ་ཟབ་དོན་རྒྱན་གྱི་མེ་ཏོག   །ཟབ་ལམ་ནི་གུ་ཆོས་དྲུག་གི་རྡོ་རྗེའི་གནས་ངེས་པའི་མགྲིན་གླུ་ཀ་ལ་པིངྐའི་སྒྲ་དབྱངས།   བླ་ན་མེད་པའི་ [29a] རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་གནས་ལ་དད་པའི་པདྨོ་མཆོག་ཏུ་རྒྱས་པའི་དབྱངས་ཚིག་རིགས་ལྡན་དགྱེས་གླུ།   བྲག་དམར་གཡའ་མ་ལུང་དུ་བཞེངས་པའི་མགུར་ཨ་ཧོ་བསིལ་ལྡན་སོགས།   བསམ་ཡས་མཆིམས་ཕུར་གསུངས་པའི་མགུར་ཨེ་མ་ལ་ཨ་ཧོ་སོགས།   ཡར་ལུང་ཤེལ་བྲག་ཏུ་གསུང་པའི་མགུར་གནས་མཆོག་ཁྱད་འཕགས་སོགས།   མཁར་ཆུ་ལྕགས་ཕུར་ཅན་དུ་གསུངས་པའམགུར་ཁྱབ་བདག་མཚོ་སྐྱེས་སོགས།   ལྷོ་གྲོ་བོ་ལུང་དུ་གསུངས་པའི་མགུར་ཆུ་འབབས་པ་སོགས།   གཉའ་གཉའ་ལུང་བསྟན་ཕུག་ཏུ་གསུངས་པའི་མགུར་བོད་ཁ་བ་ཅན་སོགས།   དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་གསུངས་པའི་མགུར་རྗེ་ངོ་མཚར་སོགས།   སྒྲུབ་མཚོ་པདྨ་གླིང་དུ་གསུངས་པའི་མགུར་སྐྱབས་རྒྱལ་བ་སོགས།   གཉུག་མའི་དེ་ཉིད་གསལ་བར་སྟོན་པ་ཐོལ་བྱུང་དོ་ཧའི་གླུ་ཕྲེང་རྡོ་རྗེ་ཕ་ལམ་གྱི་ཕྲེང་བ་ལ་ནང་གསེས་སུ།   འཆི་མེད་གྲུབ་པའི་རྒྱལ་བ་བཀའ་དྲིན་ཅན་རྣམ་གཉིས་ལ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་དཔྱིད་ཀྱི་དབྱངས་སྙན།   གྲུབ་ཐོབ་རྒྱལ་མཚོའི་ཆུ་འགོ་བཀའ་བརྒྱུད་ཀྱི་སྟོན་པ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེ་ [29b] མངོན་པར་བསྐུལ་བའི་གླུ་དབྱངས་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས།   གཏན་སྐྱབས་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་མངོན་པར་དྲན་པའི་ མོས་གུས་ཀྱི་དབྱངས་ལྷར་བཅས་རྣ་བའི་བཅུད་ལེན།   ཐུན་མོང་སྔོན་འགྲོའི་མགུར་དཔལ་རྡོ་རྗེ་འཆང་སོགས།   སྐྱབས་འགྲོའི་མགུར་སྐྱབས་དཀོན་མཆོག་སོགས།   སེམས་བསྐྱེད་ཀྱི་མགུར་རྗེ་དམིགས་པ་སོགས།   ཀརྨ་བདེ་ལེགས་ཡེ་ཤེས་བཟང་པོ་ལ་གནང་བ་རྗེ་པདྨའི་མཚན་གྱིས་སོགས།   རྗེ་རང་གིས་རང་ལ་ཞེས་པ་ནས་ཕ་བླ་མ་སོགས་ཀྱི་བར་དུ་ཡིག་ཕྲེང་གཉིས་ཆད་ཡུལ་སྣང་ལ་ཞེ་ཁྲེལ་པའི་མགུར་དཔལ་རྫོགས་པའི་སོགས།   རྗེ་རང་གི་ཐུགས་བློ་འགྱུར་ལྡོག་མེད་པའི་གསལ་འདེབས་ཀྱི་མགུར་ང་སྤྲང་པོ་ཟ་ཉལ་སོགས།   ཐུགས་སྣང་དྭངས་སྐབས་གསུངས་པའི་མགུར་ཕ་དྲན་ཆོག་གི་རྒྱལ་པོ་སོགས།   ཚེ་དབང་གི་དྲིས་ལན་ཆོས་རྒྱལ་ཟླ་འོད་སོགས།   ཀརྨ་དབང་ལྡན་ལ་གནང་བའི་རྗེ་པདྨའི་སོགས།   པྲཛྙཱ་ལ་གནང་བའི་སངས་རྒྱས་ཀུན་དངོས་སོགས།    [30a] གདམས་པའམགུར་ཆུང་བཞི་པད་འབྱུང་བླ་མ་སོགས།   བཀའ་བརྒྱུད་གྲུབ་པའི་སོགས།   རྗེ་དྲིན་ལྡན་སོགས།   དཔལ་ལྡན་བླ་མའི་སོགས་བཅས།   ཉམས་ཀྱི་གླུ་རྗེ་འཆི་མེད་སོགས།   ཉམས་མགུར་ན་མོ་གུ་རུ་གངས་ཅན་སོགས།   གཞི་མེད་ཀློང་གྲོལ་གྱི་མགུར་གཞི་མེད་སོགས།   ཐོལ་བྱུང་ཉམས་སྣང་གི་མགུར་རྩེ་མོ་བྱུང་རྒྱལ་སོགས།   རྒྱལ་མཆོག་བཅོ་ལྔ་པས་དྲིས་ལན་བཀའ་བརྒྱུད་གྲུབ་ཐོབ་སོགས།   དྷརྨ་ཏཱ་རར་གནང་བསྐྱབས་གནས་ཀུན་འདུས་སོགས།   བདེ་ལྡན་ལ་གནང་བ་ན་མོ་གུ་རུ་བེ་ཕྱག་ཆེན་སོགས།   དཀོན་མཆོག་བསྟན་སྐྱོང་ལ་གནང་བ་ན་མོ་གུ་རུ་ལས་དང་པོ་པའི་སོགས།   དགེ་སློང་དམ་ཆོས་ལ་གནང་བ་ན་མོ་གུ་ར་བེ་སོ་སོར་སྡུད་པའི་སོགས།   དེ་བེནྡྲེར་གནང་བ་གུ་རུ་པདྨ་སོགས།   གནས་སྒོ་དྲུང་པ་སྤྲུལ་སྐུར་གནང་བ་རིགས་དྲུག་ཁྱབ་བདག་སོགས།   མོས་ལྡན་འགའི་གསལ་འདེབས་སུ་གསུངས་པ་ན་མ་གུ་རུ་བསྒོམ་པས་སོགས།   རི་ནང་མཁའ་འགྲོར་གནང་བ་ན་མོ་གུ་རུ་ཆོས་སྔོན་འགྲོ་སོགས།   དྷྭ་ཛར་གནང་བ་ན་མོ་གུ་ར་བེ་ལུང་དང་སོགས།   དགེ་ལེགས་རབ་རྒྱས་ལ་གནང་བ་བཀའ་བརྒྱུད་ [30b] བླ་མ་སོགས།   ཚེའི་མིང་ལ་གནང་བ་རྗེ་བཀའ་བརྒྱུད་སོགས།   འབྲས་ལྗོངས་བླ་མར་གནང་བ་དལ་འབྱོར་སོགས།   གཏེར་སྟོན་ཞིག་གིས་དྲིས་ལན་རྗེ་བཙུན་སོགས།   དགེ་མང་སྤྲུལ་སྐུར་གནང་བ་མ་ཧཱ་གུ་རུ་སོགས།   ལམ་ཞུགས་ཀྱི་གང་ཟག་ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གནད་བསྡུས།   བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ།   ཐུན་མོང་བསླབ་བྱ་མདོར་བསྡུས་མཚུངས་བྲལ་བླ་མ་སོགས་བཅས།   
༈     །   དགུ་པ་བརྡ་སྤྲོད་པ་ཡན་ལག་དང་བཅས་པའི་གཞུང་རིག་པའི་སྐོར་ལེགས་སྦྱར་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   བརྡ་སྤྲོད་གཞུང་ལུགས་ཀྱི་མཚན་གྱི་མངོན་བརྗོད་ཕྲེང་བར་བསྟར་བ་ལྷའི་རྔ་མོ་ཆེའི་སྒྲ་དབྱངས་ལ་ནང་གསེས་སུ།   དཔལ་ཀརྨ་པ་ཐེག་མཆོག་རྡོ་རྗེ།   རྗེ་དཔོན་སྤྲུལ་སྐུ་ཐེག་མཆོག་བསྟན་འཕེལ།   ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ།   དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ།   ཀརྨ་ཆོས་ཀྱི་དབང་ཕྱུག།   ཀརྨ་ཤེས་རབ་རྒྱ་མཚོ།   ཀརྨ་ངེས་དོན་བཅས་སོ་སོར་མཚན་རྟགས་སྨོན་ཚིག་སྐད་གཉིས་ཤན་སྦྱར་སུམ་འབིད་ཅན་བཅས།   
༈     བཅུ་པ་མཆོད་འབུལ་དང་ཆབ་ཤོག་ [31a] གི་སྐོར་ལེགས་སྤྱད་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལ་ནང་གསེས་སུ།   འཇིག་རྟེན་དབང་ཕྱུག་ཀརྨ་པར་མཆོད་སྤྲིན་ཆེན་པོ་སྤྲོས་པའི་ཚིགས་སུ་བཅད་པ་རིགས་གསུམ།   སྐྱབས་མགོན་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོར་མཆོད་སྤྲིན་སྤྲོས་པའི་ཚིགས་སུ་བཅད་པ་རིགས་ལྔ།   དཔལ་ལྡན་དཔའི་བོའི་འབུལ་ཡིག་རིགས་གཉིས།   གཏེར་ཆེན་མཆོག་གླིང་ལ་འབུལ་ཡིག་ཚན་གཉིས་བཅས།   རང་དང་གཞན་བསྐུལ་ངོར་བསྐུར་ཡིག་ཚིགས་བཅད་མཚོ་བྱུང་མགྲིན་པའི་རོལ་རྩེད་ལ་ནང་གསེས་སུ།   དཔལ་ཀརྨ་པ་ཐེག་མཆོག་རྡོ་རྗེ།   འབྲུག་པ་ཐམས་ཅད་མཁྱེན་པ།   རྒྱལ་དབང་བཅོ་ལྔ་པ།   ཞེ་ཆེན་དབོན་སྤྲུལ།   གཏེར་ཆེན་མཆོག་གླིང་རྣམས་ལ་ཕུལ་བའི་ཆབ་ཤོག   །མཁས་དབང་སྒྲུབ་པ་པོ་ཞིག་གི་མཆིད་ལན།   རྗེ་པདྨ་ཉིན་བྱེད་ཞལ་སྔ་ནས་ལྕང་སྐྱ་སྤྲུལ་སྐུར་འབུལ་བའི་གསུང་ཚབ།   འགུ་ལོག་གི་ལིང་ཐུགས་རྡོར་ལ་ཕུལ་བ།   རྗེ་པདྨ་ཉིན་བྱེད་ཞལ་སྔ་ནས་འབྲུག་པ་རྒྱལ་དབང་ [31b] ཆོས་རྗེ་དང་ཨ་མཆོག་དགེ་བཤེས་གཉིས་ལ་གནང་བའི་གསུང་ཚབ་རེ་རེ།   འཕེལ་ཚ་བླ་མ་བསོད་རྒྱལ་ལ་ཕུལ་བ།   རྫོགས་ཆེན་རྡོར་རབ་ལ་སྤྲིངས་པ།   ཨ་མཆོག་སྤྲུལ་སྐུ་དང་།   དགེ་བཤེས་ལ་གསུང་ལན་རེ་རེ།   ཧོར་དགོན་གསར་ཆོས་རྗེ་ལ་ཕུལ་བ།   ནང་ཆེན་རྒྱལ་སྲས་སྤྲུལ་སྐུ་ཨ་བདེ་ལ་ཕུལ་བ།   སྦྱང་ཡོན་བློ་གྲོས།   སྙིང་པོའི་རིང་ལུགས།   རྣམ་ཐར་བཞིར་འཇུག་བཅས་གསུམ་པོ་དབོན་རྒྱན་མཆོག་སྤྲུལ་གསུང་ཚབ།   མཚུར་གྲྭ་སྦྱིན་པ་མཐར་ཕྱིན།   དཀོན་མཆོག་ཐུབ་བསྟན་རྒྱ་མཚོ།   ཀུན་གཟིགས་མཁྱེན་བརྩེ།   དྲུང་ཆེན་རིག་འཛིན།   སྡེ་དགེ་ལྷ་སྲས།   སྡེ་དྲུང་ཕྲིན་ལས་རྒྱ་མཚོ།   ལྷ་ལྡན་སའི་ཚངས་པ་མཆེད་ཟུང་རྣམས་ལ་གནང་བའི་ཆབ་ཤོག་བཅས།   
༈     བཅུ་གཅིག་པ་དཀར་ཆག་ལོ་རྒྱུས་དང་ཞལ་བྱང་གི་སྐོར་ངོ་མཚར་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག།   དྲན་པ་ཡེ་ཤེས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ།   ཕོ་བྲང་ལྷུན་གྲུབ་སྟེང་གི་ཐུབ་དབང་རྟེན་གསུམ་མཐོང་གྲོལ་ལྷ་ཁང་འཛམ་གླིང་བཀྲ་ཤིས་འོད་འབར་གྱི་དཀར་ [32a] ཆག་རྫོགས་ལྡན་དཔྱིད་ཀྱི་དབྱངས་སྙན།   རྩ་གསུམ་མཆོད་སྡོང་ཆེན་པོ་བྱིན་རླབས་དཔལ་འབར་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག   །ཤངས་པའི་གསེར་ཆོས་རིན་པོ་ཆེའི་དཀར་ཆག་བཻཌཱུརྻའི་ལྡེའུ་མིག   །རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི་དཀར་ཆག།   ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་བ་ངོ་མཚར་རབ་དགའི་སྣང་བ།   དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཞིང་ཁམས་ཀུན་ཏུ་ཁྱབ་པའི་སྒྲ་སྙན།   རྗེ་དཔོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད་བཅས།   ༼ཇ༽  འཛི་སྒར་སྤྲུལ་སྐུའི་གདུང་རྟེན་དཀར་ཆག།   མཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག   །གཏེར་དབོན་ངག་གི་རྡོ་རྗེའི་སོའི་གདུང་རྟེན་དཀར་ཆག།   རིང་བསྲེལ་རྣམ་བཞི།   བདུད་རྩི་ལྔ།   མྱང་གྲོལ་རྟེན་འདུས།   ཉེར་མཁོའི་རྫས་རྣམས་གཅིག་དྲིལ་གྱི་དཀར་ཆག   །དེའི་ཁ་སྐོང་།   ཁྱད་པར་བཅུ་གསུམ་དང་ལྡན་པའི་རྩ་བརྒྱད་སྟོང་སྦྱར་ [32b] གྱི་རྟོགས་བརྗོད་ཡོངས་འདུས་མེ་ཏོག་གསར་བའི་ཕྲེང་བ་དཔྱོད་ལྡན་རྣ་རྒྱན།   བདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ།   དབེན་པ་ཟླ་མཛེས་ཀྱི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིག   །དཔལ་གྱི་ཙཱ་ར་ཏྲའི་བསྔགས་བརྗོད་མདོར་བསྡུས་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས།   སྒྲུབ་གནས་པདྨ་ཤེལ་ཕུག་ལ་ཆེད་དུ་བརྗོད་པ་ཨེ་མ་སྔོན་ཚེ་སོགས།   རོང་མེ་དཀར་མོ་སྟག་ཚམ་ལ་ཆེད་དུ་བརྗོད་པ་ཨ་ཧོ་སྟོབས་བཅུ་སོགས།   ཙཱ་འདྲ་རིན་ཆེན་བྲག་གི་རྟོགས་བརྗོད་ཡིད་ཀྱི་རྒྱ་མཚོའི་མེ་ལོང་།   གཡུང་དྲུང་རྣམ་པར་བཀོད་པའི་གནས་མཆོག་ཆེན་པོའི་མདོ་བྱང་གསལ་བྱེད་སྙིང་པོར་བསྡུས་པ།   སྤར་བྱང་སྐོར་ལ།   རྣམ་ཐར་ཟངས་གླིང་མ།   བླ་མ་དགོངས་འདུས།   བཀའ་བརྒྱད་དང་རྡོར་སེམས།   ཐུགས་ཆེན་གསང་འདུས།   དཀོན་མཆོག་སྤྱི་འདུས།   གསོལ་འདེབས་ལེའུ་བདུན་མ།   ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར།   རྒྱལ་བ་ཀུན་འདུས།   ཕྱག་བཞི་པའི་སྐོང་ཟློག་སོགས།   སྨན་བླའི་ཆོ་ག   ། [33a] ཀར་རབས་རིམ་བྱོན་མཆོད་ཆོག   །མདོ་སྡེ་རྒྱན་འགྲེལ་ཐོགས་ཊཱིཀ   །   མཁའ་སྤྱོད་དབང་པོ་སོགས་དང་།   ཐུབ་བསྟན་སྙིང་པོ་མ་གཉིས་བྱང་ཆུབ་ཆོས་སེང་ངོར་གནང་བ།   ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་།   བརྒྱད་སྟོང་པ་བཅས་ཀྱི་སྤར་བྱང་སྨོན་ཚིག།   བླ་མ་དགོངས་འདུས་ཞལ་ཐང་གྲ་ཚར་བཅུ་གཅིག་གི་རྒྱབ་བྱང་།   བཀའ་བརྒྱད་གྲ་ཐང་སོ་སོའི་ཞལ་བྱང་།   ཐུབ་དབང་གནས་བརྟན་གཙོ་འཁོར་གྱི་གསེར་ཐང་བདུན་ཚར་གྱི་རྒྱབ་བྱང་།   རྫོགས་ཆེན་བརྒྱུད་པའི་ཞལ་ཐང་རྒྱབ་བྱང་།   
༈     བཅུ་གཉིས་པ་ཉེར་མཁོ་སྣ་ཚོགས་ཀྱི་སྐོར་ཕན་བདེ་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ།   འཇམ་དཔལ་བྱིན་རླབས་སོགས་གསོལ་འདེབས་སྨོན་ལམ།   པད་གླིང་རྫོགས་ཆེན་ཀུན་བཟང་དགོངས་འདུས་ཀྱི་སྨིན་གྲོལ་འབོགས་ཚུལ།   ཚོགས་བདག་རྒྱུན་གཏོར།   ཆོས་དབང་བླ་མ་གསང་འདུས་ཀྱི་དབང་བསྐུར་ལག་ལེན་གསལ་བྱེད།   ལྷ་རྩེའི་བཅའ་ཡིག   །མཆོག་གླིང་ཐུགས་སྒྲུབ་རྣམ་གཉིས་ཀྱི་ཁོག་དབུབ་ཡིད་བཞིན་དངོས་གྲུབ་འབྱུང་ [33b] བའི་བུམ་བཟང་།   རྟེན་ལ་ནང་གཞུག་འབུལ་བའི་ལག་ལེན་ལུགས་སྲོལ་ཀུན་གསལ་དྲི་བྲལ་ནོར་བུ་ཆུ་ཤེལ་གྱི་མེ་ལོང་།   གཙུག་ལག་ཁང་གི་གཉྫི་ར་དང་གསེར་འཕྲུའི་གཟུངས་འབུལ་ལག་ལེན།   གནོད་སྦྱིན་ལྷ་མང་གི་འཁྲུལ་འཁོར་བཅའ་སྒྲུབ་ཀྱི་ལག་ལེན་རན་ཆེན་རྫིང་བུ།   དམ་པའི་ཆོས་འཆད་ཉན་བྱ་བའི་སྐབས་སུ་ཉེར་མཁོའི་མཚམས་སྦྱོར་མཆོག་དམན་ཀུན་དགའ།   མི་ཏྲ་བརྒྱ་རྩའི་དབང་བཤད་སྐལ་ལྡན་ཡིད་ཀྱི་ངལ་གསོ།   སྨན་ཆོག་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི།   སྨན་ཆོག   གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ།   དབྱར་གནས་དང་དགག་དབྱེའི་ལས་ཆོག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ།   སྡོམ་གསུམ་གསོ་སྦྱོང་རྒྱས་བསྡུས་ཐར་པའི་ཐེམ་སྐས།   སོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་བ་ཉེས་ལྟུང་དག་བྱེད་གདྒཱའི་ཆུ་རྒྱུན།   ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་བྱང་སྡོམ་ཉེས་བཤགས་ནོར་བུ་ཀེ་ཏ་ཀའི་ཕྲེང་བ།   གསང་སྔགས་གསར་རྙིང་རྡོ་རྗེ་ཐེག་པའི་དམ་ཚིག་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ཁ་ [34a] སྐོང་བཅས།   རྡོ་རྗེ་ཐེག་པའི་ཉེས་ལྟུང་ཕྱིར་བཅོས་ཆོ་ག་རིག་འཛིན་དབུགས་དབྱུང་གི་ཐིག་ལེ།   ཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཟེགས་མ།   ཐུན་མཚམས་ཉེར་མཁོ་གསར་རྙིང་གི་གདམས་ངག་སྙིང་པོ་བསྡུས་པ་དགོས་པ་ཀུན་ཚང་།   སངས་རྒྱས་སྲས་གཅིག་གི་རྒྱུད་ཟབ་མོ་རྒྱུན་ཁྱེར་དུ་བྱ་བའི་ཡན་ལག་མདོར་བསྡུས་འཁྲུལ་སྣང་རང་གྲོལ།   བཅོམ་ལྡན་འདས་རིག་བྱེད་མའི་བསྐང་བ་དངོས་གྲུབ་འགུགས་པའི་ལྕགས་ཀྱུ།   རྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི།   གཅོད་ཡུལ་རྒྱ་མཚོའི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཟབ་མོའི་ཡང་ཞུན།   གསུར་མཆོད་འོད་ཡོན་སྤྲིན་ཕུང་།   རི་ཁྲུས་ཁྱིམ་ཁྲུས་གངྒཱའི་ཟེགས་མ།   ཤེར་སྙིང་བདུད་བཟློག་བར་ཆད་ཀུན་སེལ་ལག་ལེན་བལྟས་ཆོག་ཏུ་བཀོད་པ་རྣམ་ཐར་སྟོབས་སྐྱེད།   ཀླུ་སྒྲུབ་ནས་བརྒྱུད་པའི་སྒྲོལ་མའི་གཡུལ་མདོས་བལྟས་ཆོག་ཏུ་བཀོད་པ་བདེན་འབྲས་མྱུར་སྟོན།   བཙའ་གཏོ་གཞུང་ཡན་ལག་བཅས་ཚན་གཉིས།   རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ།   བསང་ཡིག་སྐོར་ལ།    [34b] རྒྱུན་གྱི་བསང་མཆོད་དགེ་ལེགས་སྤྲིན་ཕུང་།   འཇའ་ཚོན་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསང་མཆོད་ཞིང་ཁམས་ཀུན་ཁྱབ།   ཕུར་པ་སྲུང་མར་བཅས་པ་ལ་རྒྱུན་བསང་སྲེག་བླུགས་འབུལ་ཆོག་བདེ་ཆེན་རོལ་པ།   མཆོག་གླིང་བླ་མ་ནོར་ལྷའི་བསང་མཆོད་དགོས་འདོད་སྤྲིན་ཕུང་།   གེ་སར་བསང་མཆོད་དགོས་འདོད་ཆར་འབེབས།   འབའ་ལུང་གངས་མཚོ་གཉན་པོའི་བསང་མཆོད།   རྫོང་ཤོད་ཀྱི་གནས་གཏེར་སྲུང་མའི་བསང་གསོལ་དཔལ་ཆེན་ཐུགས་སྤྲུལ་སོགས་དང་སྔོན་ཚེ་དཔལ་ཆེན་སོགས།   གནས་མཆོག་འབུར་མོ་བྲག་དཀར་གྱི་གསོལ་མཆོད།   རྒྱུན་གྱི་བསང་མཆོད།   དཔལ་སྤུངས་ཡུལ་ལྷའི་བསང་མཆོད།   ཡུལ་བདག་ཧ་ཁྲའི་བསང་མཆོད་དཔལ་འབྱོར་རབ་རྒྱས།   ཡུལ་བདག་གི་ས་ར་གཉན་པོའི་བསང་མཆོད།   རྨ་ཐམ་གཉན་པོའི་བསང་མཆོད།   དཔལ་འོག་ཡུལ་ལྷ་སྤྱི་བསྡུས་ཀྱི་བསང་མཆོད།   གནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུ་ར།   ཞི་མཛད་རྡོ་རྗེའི་གནས་ཀྱི་ཡང་མཛོད་དཔལ་དེའུའི་བསང་མཆོད།   འདན་ཡུལ་ [35a] གཞི་བདག་རྣམས་ཀྱི་བསང་དང་གསེར་སྐྱེམས།   ཟླ་ཀླུང་གཞི་བདག་བསང་མཆོད།   མདོ་སྨད་ཐང་ལྷའི་ཡུལ་སྐྱོང་གི་བསང་གསོལ།   ཁྲ་འབོའི་ཡུལ་བདག་བསང་མཆོད།   ཨ་རབ་ཡུལ་ལྷ་རག་ཉག་གཉན་པོའི་བསང་མཆོད།   འབྱུང་སྤྱིའི་ཉེས་སེལ་གྱེར་གཏོའི་ལག་ལེན་གསེར་གྱི་ཐུར་མ་བཅས།   
༈      བཅུ་གསུམ་པ་ཆོས་སྲུང་དང་ནོར་ལྷ་གཞི་བདག་གི་གསོལ་མཆོད་སྐོར་ཕྲིན་ལས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   རྡོ་རྗེ་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་གསོལ་བ་དོན་གཉིས་གྲུབ་པའི་དཔྱིད།   མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ།   མ་མགོན་ཞལ་སྦྱོར་གྱི་བསྙེན་པ་བཏང་བའི་འདོན་ཟིན།   བེར་ཅན་ལྕམ་དྲལ་མདོས་ཀྱིས་སྐོང་ཆོག་སྒྲུབ་བརྒྱུད་བསྟན་པའི་བ་དན།   ཀ་ར་ལུགས་མ་མགོན་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གསོལ་ཁ་དམ་ཅན་དགྱེས་རོལ།   སྐོང་བ་མཉེས་པ་གསུམ་ལྡན།   དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་སྒྲུབ་ཆེན་མོའི་ལག་ལེན་བལྟས་ཆོག་ཏུ་བཀོད་པ་དངོས་གྲུབ་རྫིང་བུ།   མགོན་པོའི་སྤོས་སྦྱོར་རྒྱས་བསྡུས་ཀྱི་ [35b] ལག་ལེན།   ༼ཉ༽   མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་དཀར་གཉིས་ཀྱི་མངའ་གསོལ་དགེ་ལེགས་སྤྲིན་ཕུང་།   གཏོར་ཆོག་ཕྲིན་ལས་གཏེར་མཛོད་ཀྱི་ཁ་སྐོང་།   མགོན་དཀར་ལས་གཞུང་རཏྣའི་བང་མཛོད།   བཀའ་ཆེན་བཅུ་གསུམ་གྱི་དབང་ཆོག   །དཔལ་ལྡན་སྔགས་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ།   དུད་སོལ་མ་གཙོ་བོར་གྱུར་པའི་ལྷ་མོ་སྤྱིའི་མཆོད་གསོལ་སྐྱེ་བ་ལྔ་པའི་སྒྲ་དབྱངས།   བཀའ་དྲིན་ལྷ་མོའི་གསོལ་མཆོད་བསམ་དོན་ལྷུན་གྲུབ།   ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ།   ཛམ་དཀར་བསྟོད་པ་དངོས་གྲུབ་ཆར་འབེབས།   རྨུགས་འཛིན་དམར་པོའི་སྐོང་བ་ལོངས་སྤྱོད་ཆར་འབེབས།   ཛམ་དམར་ཆ་ལག་གཡང་འགུགས་པདྨ་རཱ་གའི་ལྕགས་ཀྱུ།   རྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས།   གཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས།   རྩ་གསུམ་ཆོས་སྐྱོང་གཏོར་འབུལ་རིག་འཛིན་དགའ་སྟོན།   གཅོད་ཡུལ་གཏོར་འབུལ་སྙིང་པོ་བཅུད་ལྡན།   དམ་ཅན་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་བསྡུས་ལེགས་པ་ཀུན་ཚང་།   དེའི་མངའ་གསོལ་དགོས་འདོད་ཀུན་སྩོལ།    [36a] ཞིང་སྐྱོང་གསོལ་སྐོང་ཉུང་བསྡུས།   སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ།   དཔལ་ཆེན་མའི་གཡང་སྒོ་འབྱེད་པའི་ཆོ་ག་རིན་ཆེན་ལྡེའུ་མིག།   གཡང་ཆོག་ཟུར་འདེབས་ཡོངས་འདུའི་སྙེ་མ།   བསང་མཆོད་ནོར་བུའི་ཆར་སྤྲིན།   གཏོར་འབུལ་དངོས་གྲུབ་གཡང་འཁྱིལ།   མཇུག་ཆོག་དགེ་ལེགས་ཆར་འབེབས།   དུར་བདག་གཏོར་འབུལ།   ནོར་བསྙགས་དང་མཁའ་རིའི་གསོལ་མཆོད།   རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་སྐྱོང་གི་མཆོད་སྤྲིན་འདོད་འཇོའི་བ་མོ།   
༈      །   བཅུ་བཞི་པ་ཐུན་མོང་རིག་པའི་གནས་ཀྱི་བསྟན་བཅོས་ཀྱི་སྐོར་ལེགས་བཤད་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ།   འདུལ་བ་མདོ་རྩ་ལས་འབྱུང་བའི་རི་མོ་བྲི་ཡིག་ཚངས་པའི་པ་ཏྲ།   བྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ།   པདྨ་བཛྲའི་གནས་འདྲེན་ཙཀླིའི་བཀོད་ཡིག   །སྐད་གཉིས་ཤན་སྦྱར་ལ་ཉེ་བར་མཁོ་བའི་ཟིན་བྲིས་ལས་དང་པོ་པ་འཇུག་པའི་རོལ་མཚོ།   ཚེ་དཔག་མེད་ལ་སོགས་པའི་གཟུངས་ཀྱི་སྒྲ་བསྒྲུབས་ནོར་བུ་སྐར་ [36b] མདོག་གི་ཕྲེང་བ།   བརྡ་སྤྲོད་པ་ཙནྡྲ་པའི་སྐབས་སུ་ཉེ་བར་མཁོ་བའི་ཏིང་མཐའི་དཔེར་བརྗོད་ཉུང་ངུ་རྣམ་གསལ།   ལུང་སྟོན་པ་ཀཱ་ལཱ་པའི་རྣམ་བཤད་ཟླ་བའི་འོད་ཟེར་ལས་ཀུན་བཤད་ཀྱི་འགྲེལ་བ་སྟོན་ཀའི་ཟླ་འོད།   དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན།   ལྕགས་བརྒྱད་ཁམས་བརྒྱད་ཀྱི་དུག་འདོན་ཐལ་སྨན་གྱི་ཆོ་ག   །ནད་སྨན་སྤྲད་པའི་ལག་ལེན།   འཚོ་བྱེད་ལས་དང་པོ་པ་ལ་ཉེར་མཁོའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ།   ཟླ་ཤེལ་རིལ་བུ་སྤྱི་དང་ཁྱད་པར་བ་སྦྱོར་ཚུལ་བདུད་རྩིའི་མྱུ་གུ    ༼ཏ༽   སྐར་རྩིས་ཀྱི་ལག་ལེན་ལེགས་བཤད་ཀུན་བཏུས།   རབ་ཡིད་ཤིང་མོ་སྤྲུལ་ལོའི་ལྀ་ཐུའི་འགོ་བརྗོད་ཀོ་ཀི་ལའི་དབྱངས་སྙན།   ཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ་ནོར་བུའི་མེ་ལོང་།   ཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང་།   ཙི་ནའི་ས་དཔྱད་གསར་འགྱུར་ལུགས་ཀྱི་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག   །བག་མར་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད།   མདའ་དར་འཛུགས་པའི་འབེལ་གཏམ།   ཡིག་བསྐུར་རྣམ་བཞག་དབྱངས་ [37a] ཅན་རྒྱུད་མང་བཅས།   
༈ ། བཅོ་ལྔ་པ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཡིད་བཞིན་འདོད་འཇོ་དགེ་ལེགས་རྒྱ་མཚོ་མཐའ་ཡས་པའི་མཛོད་ལ། ལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ་བའི་ཚིག་གི་ཕྲེང་བ་ཟླ་འོད་བདུད་རྩིའི་ཆར་བ་ལ་ནང་གསེས་སུ། མཆོག་གསུམ་ཀུན་འདུས་སོགས། ངེས་པར་ལེགས་པའི་སོགས། ཨོཾ་སྭསྟི་སིདྡྷི་རསྟུ། ཚེ་འོད་དཔག་མེད་སོགས། བདག་གཞན་དུས་གསུམ་སོགས། རྟག་བརྟན་ཡོངས་སུ་སོགས། སྤྱི་འགྲོ་ཁྱེར་བདེའི་བསྔོ་བ་ཡོན་བཤད་དང་བཅས་པ་སཱ་ལ་ཆེན་པའི་ས་བོན། གསོལ་འདེབས་དང་སྨོན་ལམ་ཐོར་བུ་གཞན་ཕན་སྣང་བ་ལ་ནང་གསེས་སུ། ཚད་མེད་བཞི་དང་སོགས། དུས་གསུམ་རྒྱལ་བ་སོགས། ཁ་སྦྱོར་སྐུ་ནི་སོགས། སྒྲིབ་བྲལ་རྣམས་ལ་སོགས། མཚན་ཙམ་ཐོས་པས་སོགས། ཞེན་ལོག་ངེས་འབྱུང་སོགས། སྨོན་ལམ་ཆེན་པོ་སོགས། རྒྱལ་བ་ཀུན་ལས་སོགས། སྲས་བཅས་རྒྱལ་བ་སོགས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་རྗེས་སུ་མཐུན་པར་གདབ་པ་འབྲེལ་བཅས་གཏན་བདེའི་ས་ [37b] བོན། ལྟ་ན་སྡུག་པའི་ཞིང་གི་སྨོན་ལམ་རྣམ་པར་རྒྱལ་བའི་ལྗོན་ཤིང་། ཇོ་ནང་བསྟན་འབར་མ། ཤམྦྷ་ལའི་སྨོན་ལམ། ཡན་ལག་བདུན་པ་ཚིགས་སུ་བཅད་པ། བླ་མ་ལྔ་བཅུ་པའི་བསྡུས་དོན་སྨོན་ལམ་མདོ་སྔགས་ཀུན་གྱི་ཡང་སྙིང་། བསྟན་པ་སྤྱིའི་སྨོན་ལམ་ཐར་པའི་གྲུ་ཆེན། རྣམ་དཀར་སྨོན་ལམ་ལྷག་བསམ་ཟླ་འོད། བདུད་རྩི་སྨན་གྱི་སྨོན་ལམ་བདུད་རྩིའི་མྱུ་གུ སྐྱབས་གནས་དཀོན་མཆོག་སོགས། རྩ་གསུམ་ཀུན་འདུས་སོགས། ཁྱེད་ནི་རང་བྱུང་སོགས། རྒྱལ་ཀུན་སྤྱི་གཟུགས། ཐེག་ཆེན་རིགས་སད་སོགས། བསླུ་མེད་དཀོན་མཆོག་སོགས། བདག་ནི་འདི་བཟུང་སོགས། འདུན་དང་སྨོན་ལམ་སོགས། གཏེར་ཆེན་མཆོག་གླིང་ནས་གཏེར་ཚབ་འབུལ་རྒྱུའི་འདོད་གསོལ་སྨོན་ཚིག། ཏཱའི་སི་ཏུའི་སྐྱེས་རབས་དང་སྦྱར་བའི་ཤིས་བརྗོད་ཉིན་བྱེད་སྣང་བ། ཤིས་པ་བརྗོད་པའི་ཚིག་ཕྲེང་སེང་གེའི་སྒྲ་བཅས། ༼ཨ༽ རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་ཐར་རྒྱས་པ་ནོར་བུ་སྣ་ཚོགས་མདོག་ཅན། རྟོགས་པ་བརྗོད་པའི་དུམ་བུ་སྨིག་རྒྱུའི་བདུད་རྩི། འདས་རྗེས་ཀྱི་རྣམ་ཐར་ངོ་མཚར་ནོར་ [38 སྣང་བ་དང་། རྒྱ་ཆེན་བཀའི་མཛོད་ཀྱི་དཀར་ཆག་མདོར་བསྡུས་ཟབ་རྒྱས་རྒྱ་མཚོ་མཐའ་ཡས་ལ་འཇུག་པའི་གྲུ་བོ་བླ་མ་བཀྲ་ཤིས་ཆོས་འཕེལ་གྱི་མཛད་པ་བཅས་གླེགས་བམ་གྱི་ཕྲེང་བ་ཕྱོགས་ཀྱི་གྲངས་དང་ལྡན་པའི་བཀླག་ལུང་ཟབ་མོ་ལེགས་པར་ནོས། ༈ བཀའ་མཛོད་སྤར་གྱི་ཁོངས་སུ་མ་འཁོད་པའི་སྐོར་ཕྱོགས་བསྡུས་ལ བཀའ་དྲིན་ཆེ་བའི་དཔལ་ལྡན་བླ་མ་མཆོག་རྣམས་ཀྱི་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་ཕྲེང་བ། རིས་མེད་པའི་བསྟན་འཛིན་གྱི་སྐྱེད་བུ་མཆོག་རྣམས་འཚོ་གཞེས་སུ་གསོལ་བའི་སྨོན་ཚིག་མི་ཤིགས་རྡོ་རྗེའི་ཕྲེང་བ། སྐྱབས་མཆོག་རྡོ་རྗེ་འཆང་ཆེན་པོའི་ཞབས་བརྟན་སྲིད་ཞིའི་ཀུན་ལ་སོགས། ཡང་སྤྲོས་མཐའ་ཀུན་བྲལ་སོགས། ཡང་གཞི་རྒྱུད་སྐད་ཅིག་སོགས། ཡང་གང་གིས་སྐད་ཅིག་སོགས། ཐེག་མཆོག་རྡོ་རྗེའི་ཞབས་བརྟན་རང་བྱུང་རྟག་པ་སོགས། སི་ཏུ་པདྨ་ཀུན་བཟང་གི་ཞབས་བརྟན་དཔལ་ལྡན་རིགས་བརྒྱའི་སོགས། རྒྱལ་དབང་བཅོ་ལྔ་པའི་ཞབས་བརྟན་ཚེ་འོད་དཔག་མེད་སོགས། དབོན་རྒན་མཆོག་སྤྲུལ་ཞབས་བརྟན་སྐྱེ་བ་ [38b] མེད་པ་སོགས། སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཀྱི་ཞབས་བརྟན་རྟག་བརྟན་འགྱུར་མེད་སོགས། རྒྱལ་དབང་བཅུ་བཞི་པའི་རྗེ་དཔོན་ཟུང་གི་ཞབས་བརྟན་གདོད་ནས་ལྷུན་གྲུབ་སོགས། དཔལ་གསལ་སྤྲུལ་སྐུའི་ཞབས་བརྟན་སྲིད་ཞིའི་དཔལ་གྱུར་སོགས། རྡོར་བྲག་རྒྱལ་སྲས་སྤྲུལ་སྐུའི་ཞབས་བརྟན་དགེ་ལེགས་ས་གསུམ་སོགས། རྣམ་གླིང་སྤྲུལ་སྐུ་མྱུར་འབྱོན་གསོལ་འདེབས་བཀའ་བརྒྱུད་བླ་མ་སོགས། འཇམ་དབྱངས་མཁྱེན་བརྩེའི་ཞབས་བརྟན་ཚེ་འོད་དཔག་མེད་སོགས། ཡང་གཙང་རྟག་འཇམ་པའི་སོགས། ཡང་རང་བྱུང་གདོད་མའི་སོགས། ཡང་རྡོ་རྗེ་འཆང་ཆེན་སོགས། མཆོག་གླིང་ཞབས་བརྟན་རྒྱལ་ཀུན་གསུང་གི་སོགས། ཤར་རོང་མཆོག་སྤྲུལ་ཞབས་བརྟན་རྟག་བརྟན་འགྱུར་མེད་སོགས། ཟླ་བཟང་སྤྲུལ་སྐུའི་ཞབས་བརྟན་རྟག་བརྟན་གཞོམ་གཞིག་སོགས། མཆོག་གླིང་ཞབས་བརྟན་དགེ་ལེགས་ཕུན་ཚོགས་སོགས། དྲི་མེད་ཟླ་ཤར་གྱི་ཞབས་བརྟན་ངེས་དོན་བསྟན་པའི་སོགས། རྡོར་བྲག་སྤྲུལ་སྐུའི་ཞབས་བརྟན་སངས་རྒྱས་ཀུན་དངོས་སོགས། ལྷུན་གྲུབ་རབ་བརྟན་ཡང་སྲིད་ཞབས་བརྟན་ཆོས་ [39a] དབྱིངས་ཆེན་པོར་སོགས། ཀུན་ཁྱབ་སྤྲུལ་སྐུའི་ཞབས་བརྟན་ཚེ་དབང་རིག་འཛིན་སོགས། ཨ་གྲོ་སྤྲུལ་སྐུའི་ཞབས་བརྟན་སངས་རྒྱས་ཀུན་དངོས་སོགས། བླ་མ་ཞིག་གི་ཞབས་བརྟན་མཆོག་གྲུབ་རྒྱལ་པོ་སོགས། དཔལ་ཁྱིམ་སྔགས་འཆང་ཡང་སྲིད་ཞབས་བརྟན་ཀུན་བརྟགས་སྤྲོས་པའི་སོགས། རྫོགས་ཆེན་རིན་པོ་ཆེའི་ཞབས་བརྟན་རྒྱལ་དབང་པདྨའི་སོགས། དཔའི་བོའི་ཐུགས་སྲས་ཟུང་གི་ཞབས་བརྟན་གདོད་ནས་རྟག་པ་སོགས། གནས་མདོའི་བླ་སྤྲུལ་ཟུང་གི་ཞབས་བརྟན་ཚེ་དཔག་མེད་མགོན་སོགས། ཟླ་བཟང་སྤྲུལ་སྐུའི་ཞབས་བརྟན་བསླབ་གསུམ་ཆ་རྫོགས་སོགས། ནང་ཆེན་ཚོགས་གཉིས་ཞབས་བརྟན་གདོད་ནས་སྤངས་དང་སོགས། བླ་མ་ཀརྨའི་ཞབས་བརྟན་བླ་མ་ཡི་དམ་སོགས། འདྲེན་མཆོག་རྣམ་གསུམ་གྱི་ཞབས་བརྟན་ཚེ་དཔག་མེད་མགོན་སོགས། དཔལ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་སྲིད་ཞིའི་ཁམས་ན་སོགས། གསང་སྔགས་གླིང་པའི་ཞབས་བརྟན་འགྱུར་མེད་རྟག་པ་སོགས། དཔལ་ཡུལ་མཆོག་སྤྲུལ་ཞབས་བརྟན་གདོད་ནས་མི་འགྱུར་སོགས། [39b] ཞེ་ཆེན་མཐུ་སྟོབས་སྤྲུལ་སྐུའི་ཞབས་བརྟན་འཆི་མེད་གསུང་གི་སོགས། ལྡན་མཁར་མགོ་རབ་མཛེས་སྤྲུལ་སྐུའི་ཞབས་བརྟན་བྱིན་རླབས་གཏེར་ཆེན་སོགས། རི་ཆེ་འཕགས་སྤྲུལ་ཞབས་བརྟན་སར་གནས་འཕགས་མཆོག་སོགས། བསྟན་འཛིན་ཉི་མའི་ཡང་སྲིད་ཞབས་བརྟན་ངག་གི་དབང་ཕྱུག་སོགས། སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཞབས་བརྟན་གཞན་དོན་ཐུགས་བསྐྱེད་སོགས། ཡང་ཚེ་དང་ཡེ་ཤེས་སོགས། དམ་པའི་ཞབས་བརྟན་བློ་བཟང་རྒྱལ་བའི་སོགས། རྒྱལ་དབང་བཅུ་བཞི་པར་ཕུལ་བའི་ཞབས་བརྟན་ཐུབ་པའི་བསྟན་ལ་སོགས་སུམ་འབིད་ཅན། འབྲུག་ཆེན་ཐམས་ཅད་མཁྱེན་པར་ཕུལ་བའི་ཞབས་བརྟན་ཐུབ་པའི་བསྟན་པ་སོགས་སུམ་འབིད་ཅན། མྱུར་འབྱོན་གསོལ་འདེབས་སྐོར་ལ། རྗེ་པདྨ་ཉིན་བྱེད་དབང་པོར་རྒྱལ་བ་སྲས་བཅས་སོགས། མཁན་ཆེན་བླ་མར་དྲི་མེད་ཟླ་ཤར་སོགས། འཇའ་འབའ་ལུང་སྤྲུལ་སྐུར་སྟོབས་བཅུ་མངའ་བ་སོགས། གཏེར་ཆེན་མཆོག་གླིང་ལ་དཀྱིལ་འཁོར་ཀུན་བདག་སོགས། གར་དབང་བཟང་པོར་སྒྲུབ་བརྒྱུད་བསྟན་པའི་སོགས། [40a] ཚེར་ལུང་དྲུང་ཆེན་པར་གདོད་ནས་ཟུང་འཇུག་སོགས། སྒྲུབ་བརྒྱུད་བསྟན་པ་མཐའ་རྒྱས་ལ་བླ་མ་རྒྱལ་བ་སོགས། སངས་རྒྱས་ཆོས་འཕེལ་ལ་བདེན་པ་གྲུབ་ཅིང་སོགས། དགོན་གསར་སྤྲུལ་སྐུར་བཀའ་བརྒྱུད་བླ་མ་སོགས། སྒྲུབ་དཀར་སྤྲུལ་སྐུར་དཔལ་ལྡན་འཇིག་རྟེན་སོགས། བྲག་གཡབ་སྐྱབས་མགོན་ལ་རབ་འབྱམས་རྒྱལ་ཀུན་སོགས། མཁར་མགོ་བླ་མར་དོན་དམ་ཆོས་དབྱིངས་སོགས། ངག་དབང་འོད་ཟེར་ལ་བརྒྱུད་པ་དྲུག་ལྡན་སོགས། རྨོག་ཚ་སྤྲུལ་སྐུར་ཨོཾ་འགྲུབ་པར་གྱུར་ཅིག་སོགས། མདོ་སྔགས་སྤྲུལ་སྐུར་གདོད་ནས་འགྱུར་མེད་སོགས། བདེ་ཆེན་རྒྱ་མཚོའི་སྤྲུལ་སྐུར་སྔོན་སྦྱངས་སྨོན་ལམ་སོགས། ཡང་བླ་མ་ཞིག་ལ་བསོད་ནམས་ཡེ་ཤེས་སོགས། ནང་ཆེན་ཚོགས་གཉིས་གསོལ་འདེབས་བསོད་ནམས་ཚོགས་ཆེན་སོགས། ཆོས་རྒྱལ་དྭགས་པོ་ལྷ་རྗེའི་བླ་མའི་རྣལ་འབྱོར་ཆོས་སྐུ་གཅེར་མཐོང་། མཁས་གྲུབ་ཤངས་པའི་གདམས་པ་འཇམ་དཔལ་རྒྱ་ལུགས་ཀྱི་ཉམས་ལེན་ཡོན་ཏན་མཐའ་ཡས། ཉམས་མགུར་ཨ་ཧོ་ [40b] གཏད་མེད་རྣལ་འབྱོར་སོགས། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྒྱུན་གཏོར་མོས་ལྡན་དགའ་བྱེད། པདྨའི་སྙིང་པོའི་རྒྱུད་ཀྱི་ས་བཅད། ཡང་དག་བརྒྱུད་འདེབས་མཆོག་གི་འདོད་འཇོ། ཡང་དག་ཧེ་རུ་ཀ་ཚོམ་བུ་ཚོགས་སུ་སྒྲུབ་པའི་པྲ་ཁྲིད་ལག་ལེན་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ། གཏེར་སྲས་ཚེ་གྲགས་ལ་གནང་བའི་ཕྱོགས་བཅུའི་དཀོན་མཆོག་སོགས། མཆོག་གླིང་གྲོ་ལོད་སྤར་བྱང་བཅས་སོ། །དེ་ལྟར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མཛད་པོ་འཇམ་མགོན་བླ་མ་ནས། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། མཆོག་སྤྲུལ་ཚེ་དབང་བསྟན་འཛིན། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་པ་ཆེན་པོས་སྩལ་བ་ལགས་སོ།། །།