དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་འགྲེས་བྱང་།

From Dudjom Wiki
DJYD-KABUM-23-A-008
Wylie title dur khrod brgyad kyi byin 'bebs 'gres byang DJYD-KABUM-23-A-008.pdf
Location bdud 'joms rin po che bka' 'bum
Volume 23, Text 8, Pages 141-146 (Folios 1a1 to 3b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dur khrod brgyad kyi byin 'bebs 'gres byang. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 141-146. Kalimpong: Dupjung Lama, 1979-1985.
Side notes Recto: byin 'bebs   Verso: bka' brgyad dgu 'dus
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་, གུ་རུ་ཆོས་ཀྱི་དབང་ཕྱུག་ (Dudjom Rinpoche, gu ru chos kyi dbang phyug)
Genre Descent of Blessings - byin 'bebs
Cycle བཀའ་བརྒྱད་གཏེར་ཁ་དགུ་འདུས་ (bka' brgyad gter kha dgu 'dus)
Deity bka' brgyad
Colophon

གུ་རུ་ཆོས་དབང་གི་གཏེར་མའོ།།

gu ru chos dbang gi gter ma'o//

[edit]
༄༅། །དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་འགྲེས་བྱང་བཞུགས་སོ། །ས་མ་ངྷྲ༔ མ་ཧཱ་ཤྲཱི་ཧེ་རུ་ཀ་ལ་ན་མོ༔ སྒྲུབ་པ་ཆེན་པོའི་བྱིན་དབབ་པའི་སྐབས་སུ་དུར་ཁྲོད་བརྒྱད་ཀྱི་རིག་འཛིན་ལྷ་དང་མཁའ་འགྲོས་ཀྱང་བྱིན་དབབ་པར་བྱ་སྟེ༔ ཧཱུཾ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ རུ་དྲའི་སྙིང་དང་སྟོབས་བཟང་རོ༔ ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ༔ ཉ་ཤིང་གོན་པའི་ཞིང་སྐྱོང་ནི༔ གནམ་འཕྲོ་དཀར་པོ་གླང་མགོ་ཅན༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཕྱོགས་སྐྱོང་རྒྱ་བྱིན་སྐུ་མདོག་སེར༔ གླང་ཆེན་སྙིང་དང་རྡོ་རྗེ་བསྣམས༔ མཚོ་ནང་མཐའ་ཡས་ཀླུ་དབང་དཀར༔ སྦྲུལ་མགོ་གདེངས་ཤིང་ཐལ་མོ་སྦྱར༔ ཤར་སྤྲིན་དཀར་ལ་ཤིང་སྡོང་སེར༔ མཆོད་རྟེན་མདངས་ལྡན་བདེ་བྱེད་བརྩེགས༔ ཀེའུ་རི་བྷན་དམར་བྱིས་དབྱུག་མཐིང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མཁས་ཤིང་སྙིང་སྟོབས་ཆེ༔ ཧཱུཾ་ཀཱ་ར་ཡིས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿ ཧཱུྃཿ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་མགོ་དང་འཆི་བདག་རོ༔ ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས༔ ཤིང་ཆེན་བཀྲ་ [1b] ཤའི་ཙུ་དྷ་སྔོ༔ ཞིང་སྐྱོང་འཚོ་བྱེད་མ་ཧེ་གདོང་༔ ཕྱོགས་སྐྱོང་གཤིན་རྗེ་སྔོ་ནག་བརྗིད༔ ཐོད་དབྱུག་ཐོགས་ནས་མ་ཧེ་ཞོན༔ ཀླུ་ཆེན་འཇོག་པོ་གསར་མཚོ་འཛིན༔ སྤྲིན་ཆེན་རྣམས་བརྒྱུད་སྔོ་སྐྱ་འཁྱིལ༔ མཆོད་རྟེན་ཏ་ལ་རིན་ཆེན་བརྩེགས༔ ཙོའུ་རི་མདའ་གཞུ་འགེང་མ་སེར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རང་བྱུང་རྫུ་འཕྲུལ་ལྡན༔ འཇམ་དཔལ་གཤེས་གཉེན་བྱིན་ཕོབ་ཅིག༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ནང་ཁྲོལ་སྟོབས་བཟང་རོ༔ ནུབ་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས༔ ཤིང་ཆེན་ཨ་ཏ་ཨ་ལི་ན༔ ཞིང་སྐྱོང་རོལ་ཆེན་ཆུ་སྲིན་གདོང་༔ ཕྱོགས་སྐྱོང་ཆུ་ལྷ་དམར་སྐྱ་སྦྲུལ༔ ཆུང་མ་དང་བཅས་ཆུ་སྲིན་ཞོན༔ ཀླུ་རྒྱལ་དུང་སྐྱོང་མཚོ་དམར་སྐྱ༔ སྤྲིན་སྒྲོགས་འཐིབས་པ་དམར་ནག་འཁྲུག༔ མཆོད་རྟེན་བདེ་རྒྱས་ཁམས་གསུམ་སྒྲོལ༔ པྲ་མོ་ཆུ་སྲིན་རྒྱལ་མཚན་དམར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོས་འཆད་འབྱོར་བ་ལྡན༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿ [2a] ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་མཚན་མ་ཁྱབ་འཇུག་རོ༔ བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས༔ ཨ་སུ་ཏ་ན་མཛེས་པའི་ཤིང་༔ ཞིང་སྐྱོང་དུང་ཁ་རྟ་མགོ་ལྗང་༔ ཕྱོགས་སྐྱོང་གནོད་སྦྱིན་དབྱུག་ཐོ་བསྣམས༔ ཆུང་མར་བཅས་ཏེ་རྟ་དམར་ཞོན༔ ཀླུ་རྒྱལ་སྟོབས་རྒྱུ་མཚོ་ཆེན་ལྗང་༔ རྨུག་བྱེད་མྱོས་སྤྲིན་ལྗང་གུར་འཐིབས༔ མཆོད་རྟེན་དོན་ཡོད་ཕྲིན་ལས་གཏེར༔ བཻ་ཏ་མཐིང་ག་རྡོ་རྗེ་ཕྱར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མྱང་འདས་མཐུ་རྩལ་ཆེ༔ པྲ་ཆེན་ཧསྟིས་བྱིན་ཕོབ་ཅིག༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧྲཱིཾ་ཧྲཱིཾ་ཨཱཿཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ལག་གཡས་དགའ་དབང་རོ༔ ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར༔ ཤིང་ཆེན་ནབ་སྐྱ་ཀྲོ་ཏ་བཟང་༔ ཞིང་སྐྱོང་འདུངས་པ་ར་གདོང་སེར༔ ཕྱོགས་སྐྱོང་མེ་ལྷ་ཞུབས་བུམ་ཅན༔ ཆུང་མ་དང་བཅས་ར་ལ་ཞོན༔ ཀླུ་རྒྱལ་པད་ཆེན་མཚོ་ཆེན་སྔོ༔ མུན་བྱེད་སྤྲིན་ཆེན་དམར་སེར་འཁྱིལ༔ མཆོད་རྟེན་ཀེ་འུ་རི་ཤནྟི༔ པུསྐ་དམར་སེར་བྱིས་རྒྱུ་འདྲེན༔ མ་མོ་ཆེན་མོ་ [2b] གཤེགས་སུ་གསོལ༔ སྟོན་པ་རོལ་རྩེད་ཟས་བཅུད་ཆེ༔ བི་མ་མི་ཏྲས་བྱིན་ཕོབ་ཅིག༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ལག་གཡོན་ཚོགས་བདག་རོ༔ ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ༔ ཤིང་ཆེན་བཞི་ཁྲི་རྫོགས་ལྡན་འོད༔ ཞིང་སྐྱོང་སྤྲུལ་པ་མི་གདོང་སྔོ༔ ཕྱོགས་སྐྱོང་སྲིན་པོ་གྲི་ཐོགས་སྨུག༔ ཆུང་མར་བཅས་ཏེ་རོ་ལ་ཞོན༔ ཀླུ་ཆེན་ཧུལྩ་མཚོར་བཅས་སྨུག༔ སྤྲིན་ཆེན་ངྷ་ན་སེར་བླར་འཁྱིལ༔ མཆོད་རྟེན་རྨང་གྲགས་ཀ་ཎི་ཀ༔ གསྨ་དུང་དམར་དཀྲུགས་འཐུང་ལྗང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་བདུད་འདུལ་བྱིན་རླབས་གནས༔ ངྷ་ནས་སཾསྐྲྀས་བྱིན་ཕོབ་ཅིག༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་རྐང་གཡོན་འབྲིང་གི་རོ༔ ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ༔ ཤིང་ཆེན་ཏ་རྫ་ནག་པོ་སྟེ༔ ཞིང་སྐྱོང་ལྟོ་འཕྱེ་ཤ་བ་མགོ༔ ཕྱོགས་སྐྱོང་རླུང་ལྷ་བ་དན་ཅན༔ དུད་ཁ་ཆུང་བཅས་ཤ་བ་ཞོན༔ ཀླུ་ཆེན་རིགས་ལྡན་མཚོར་བཅས་ལྗང་༔ སྤྲིན་པ་རབ་ཆད་ཆར་འབེབས་སེར༔ མཆོད་རྟེན་བདེ་ལྡན་ [3a] མ་ཧཱ་བབས༔ སྨེ་ཤ་ནག་མོ་ཙིཏྟ་ཟ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཁབ་བཞེས་བཙུན་མོར་ལྡན༔ རམྦུ་གུ་ཧྱས་བྱིན་ཕོབ་ཅིག༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་རྐང་གཡས་སྨིན་དྲུག་རོ༔ བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས༔ ཤིང་ཆེན་ཧ་ལ་འོད་དམར་འཁྱིལ༔ ཞིང་སྐྱོང་དྲེགས་པ་ལྕེ་སྤྱང་གདོང་༔ དབང་ལྡན་ལྗང་སྐྱ་རྩེ་གསུམ་ཅན༔ ཆུང་མར་བཅས་ཏེ་ལྕེ་སྤྱང་ཞོན༔ ཀླུ་ཆེན་བ་སུ་མཚོར་བཅས་དཀར༔ སྤྲིན་ཆེན་ཧ་ཅན་ནག་པོ་འཁྲུག༔ མཆོད་རྟེན་ཀླུ་གནས་ཤིན་ཀུན་ཏེ༔ ཙནྡ་སེར་སྐྱ་མཆོག་ལུས་འཕྲལ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོ་འཕྲུལ་བཟོ་ལ་མཁས༔ ཤིནྟཾ་གརྦྷས་བྱིན་ཕོབ་ཅིག༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་བདག༔ ཞིང་སྐྱོང་མ་མོ་ཀུན་གྱི་རྗེ༔ རིག་འཛིན་གྲུབ་ཐོབ་ཀུན་གྱི་གཙུག༔ ཀླུ་སོགས་སྡེ་བརྒྱད་ཀུན་གྱི་གཉེན༔ མཆོད་རྟེན་ཤིང་ཆེན་ཀུན་ཏུ་བཞུགས༔ ཨོ་རྒྱན་པདྨས་ [3b] བྱིན་ཕོབ་ཅིག༔ མ་མོ་མཁའ་འགྲོ་གཤེགས་སུ་གསོལ༔ གནས་འདིར་བྱིན་ཕོབ་བདག་དབང་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སེལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་ངྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨ་ཨཱཿཞེས་གདུང་བ་དྲག་པོས་གསོལ་བ་གཏབ་ཅིང་༔ དལ་བསྐོར་ཞིང་བྱིན་དབབ་བོ༔ བྱིན་འབེབས་བཀོལ་བྱང་ཨྠི༔ ས་མ་ཡ༔ དུར་ཁྲོད་དེ་དག་གི་བཀོད་པ་ནི་གཤིན་རྗེ་གསལ་ཤིང་གི་རྒྱུད་ལས་བཏུས་ཤིང་༔ གྲུབ་ཆེན་རིག་འཛིན་བརྒྱད་པོ་དེ་དག་ནི༔ དུར་ཁྲོད་བརྒྱད་དུ་བྱོན་ནས་བཀའ་བརྒྱད་བྱེ་བྲག་ཏུ་སྒྲུབ་པས་དངོས་གྲུབ་སོ་སོར་རྙེད་ཅིང་༔ དུར་ཁྲོད་དེ་དག་གི་ཕྱོགས་སྐྱོང་ཞིང་སྐྱོང་དང་གྲུབ་ཐོབ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་ རིག་འཛིན་རྣམས་གྲོགས་སུ་ཞལ་བཞེས༔ རྗེས་འཇུག་སྐྱོང་བར་གཡར་དམ་བཅས་ཕྱིར༔ དཀྱིལ་འཁོར་དུ་བཀོད་པ་དང་༔ བྱིན་ཆེན་དབབ་པར་ཤེས་སོ༔ ཨོ་རྒྱན་གྱིས་ནི་དུར་ཁྲོད་ཀུན་ཏུ་ཁྱབ་པར་བྱོན་ཅིང་དངོས་གྲུབ་ཐམས་ཅད་བརྙེས་པའི་ཕྱིར༔ བྱིན་དབང་དུ་གསལ་དུ་ཤེས་སོ༔ རྣལ་འབྱོར་པ་རྣམས་དལ་ལ་བསྐོར་ཞིང་སྤྱི་བླུག་གི་ཞྭ་དང་༔ ཞིང་ལྤགས་གཡབ་ཅིང་མཆོངས་སྟབས་བྱ༔ བྱིན་ཕོབ་ཅིག་ཅེས་པའི་སྐབས་སུ་རྔ་སོགས་སྒྲ་ཐམས་ཅད་བསྒྲགས་པར་བྱའོ༔ གུ་རུ་ཆོས་དབང་གི་གཏེར་མའོ།། །།