ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་པ༔ རྡོ་རྗེ་གཞོན་ནུའི་གསང་སྒྲུབ༔ ལས་བཞི་ལྷུན་གྲུབ༔

From Dudjom Wiki
TTDL-ZABTER-04-NGA-002
Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can: dpal chen phrin las kyi sgrub pa: rdo rje gzhon nu'i gsang sgrub: las bzhi lhun grub: TTDL-ZABTER-04-NGA-002.pdf
Location bdud 'joms gling pa zab gter
Volume 4, Text 2, Pages 43-491 (Folios 1a1 to 225a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can dpal chen phrin las kyi sgrub pa: rdo rje gzhon nu'i gsang sgrub las bzhi lhun grub:. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 4: 43-491. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: phur pa   Verso: bdud 'joms thugs sgrub gsang ba rgya can
More details More details
Genre Activity Manual - las byang  ·  Root Treasure - gter gzhung
Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་སྔགས་ནག་གར་དབང་བདུད་འཇོམས་རྡོ་རྗེའམ་གླིང་པ་འོད་གསལ་མི་འགྱུར་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་ནས། མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

zhes pa sngags nag gar dbang bdud 'joms rdo rje'am gling pa 'od gsal mi 'gyur rdo rjes gser smad rnga rol stag rtse'i g.yas logs rdo rje brag nas bton te mi lo bzhi la bka' rgyas btab nas/__mthar smar stod 'bros phug mkha' 'gro'i 'du gling du dag par phab pa'i yi ge pa ni hor gyi ban+de phun tshogs bkra shis so/__/dge'o/__/dge'o/__/dge'o/__/sarba mang+ga laM/

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་ཀྱི་སྒྲུབ་པ༔ རྡོ་རྗེ་གཞོན་ནུའི་གསང་སྒྲུབ༔ ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བརྡ་ཐིམ༔


ཐྂ༎༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ (བརྡ་ཡིག་) བདག་འདྲ་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན༔ ཉོན་མོངས་ནད་འཇོམས་བདུད་རྩི་སྨན༔ གཉིས་འཛིན་འགོང་པོ་འཇོམས་མཛད་དཔལ༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་འདི༔ སྙིང་ཐིག་ནང་ནས་བཅུད་དྲིལ་ཡིན༔ མ་འོངས་སྐལ་ལྡན་རིག་རྩལ་ཅན༔ སྙིང་གཏམ་ཚིག་གི་བདུད་རྩིར་རོལ༔ སྙིགས་མའི་དུས་སུ་དམ་ལྡན་དཀོན༔ འདྲེ་ཅན་སྡིག་པའི་དྲི་མ་ཅན༔ མ་སྨིན་བསླུ་བདུད་ལྟུང་ཁུར་མོད༔ མི་མངོན་བག་ཉལ་ལྐོག་ཏུ་སྦ༔ ལ་ལས་མངོན་བྱུང་རྒྱལ་ཁམས་སུ༔ སྔོན་བྱོན་ཡ་རབས་རྗེས་སྙེགས་སྒྲོགས༔ ལྐོག་གྱུར་བསླུ་ཟས་རྔམས་ཀྱིས་ཟ༔ སྔགས་པས་ཕྱག་རྒྱ་གཙོ་བོར་བསྟོད༔ རང་གཞན་མ་སྨིན་མགོ་བོ་འཁོར༔ རྣམ་སྨིན་ངན་འགྲོ་དེར་འཁོར་འགྱུར༔ སྙིགས་མའི་དུས་སུ་དེ་འདྲ་མང་༔ སུ་ཡིས་བློ་གཏོད་རང་སྙིང་ཚིམ༔ བརྟག་དཔྱོད་སྐྱོན་དང་བྲལ་ལ་སྟོན༔ སྨིན་བྱེད་དབང་གིས་མ་སྨིན་པར༔ ཉམས་ལེན་སྣོད་དུ་མི་རུང་བས༔ མཚན་ལྡན་རྡོ་རྗེ་རྒྱལ་པོའི་དྲུང་༔ དབང་དང་གདམས་པ་བླངས་བྱས་ཏེ༔ དེ་ནས་དབེན་པའི་རི་བྲག་ཁྲོད༔ ཚད་མ་གསུམ་དང་སྦྱོར་དངོས་རྗེས༔ གསང་བ་གསུམ་གྱིས་རྒྱས་བཏབ་རྗེས༔ རལ་བ་གསུམ་སོགས་སྤངས་བྱས་ནས༔ བློ་བདེ་རིག་པ་རྣལ་ཕབ་སྟེ༔ རྩིབས་བརྒྱད་ལྟེ་བར་ཕུར་པ་ལ༔ དར་རམ་རས་མཐིང་གིས་དཀྲིས་ཤིང་༔ མཆོད་རྫས་མི་མངོན་པ་རུ་བཤམ༔ དང་པོ་དཀར་དམར་བགེགས་གཏོར་བསྔོ༔ མཚམས་བཅད་རྡོ་རྗེའི་སྲུང་གུར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ༔ སྐད་ཅིག་རིག་པའི་འགྱུ་ལྡང་གིས༔ ཧཱུྃ་ཧཱུྃ་ཧཱུྃ༔ གཟུང་འཛིན་གཉིས་སྣང་ཆོས་ཀུན་སྟོང་པར་གྱུར༔ ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་གཞལ་ཡས་དབུས༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་རབ་འཇིགས་ཁྲོ་གཏུམ་གཟི་བརྗིད་འབར༔ ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་གདེངས༔ གཡས་ཞལ་རབ་དཀར་གཡོན་ཞལ་དམར་ལ་རྔམས༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་ནམ་མཁའི་དབྱིངས་སུ་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ༔ གཡས་ཕྱག་དང་པོས་རྡོ་རྗེ་རྩེ་དགུ་དང་༔ གཡོན་གྱི་དང་པོས་སྡིགས་མཛུབ་མེ་དཔུང་འབར༔ གཡས་ཀྱི་བར་པས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་གྱི་བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན༔ འོག་མ་གཉིས་ཀྱིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་སྤྲས༔ གར་དགུའི་ཉམས་དང་ལྡན་པའི་པང་གཡོན་དུ༔ ཀུན་ཏུ་བཟང་མོ་འཁོར་ལོ་རྒྱས་འདེབས་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་གཟིག་ཤམ་ཅན༔ ཕྱག་གཡས་ཁ་ཊྭཱྃ་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་ཡབ་ཀྱི་ཞལ་དུ་སྟོབ༔ ཡབ་ཡུམ་ཞལ་སྦྱོར་དགྱེས་པའི་གད་རྒྱངས་སྒྲོགས༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ སྤྱི་བོར་འཇིགས་བྱེད་ཆེན་པོ་ག་རུ་ཌ༔ སྤུ་གྲིའི་འདབ་གཤོག་རྡོ་རྗེའི་སེར་བ་འདྲིལ༔ རྭ་བར་ཀུན་བཟང་ཡབ་ཡུམ་སྙོམས་པར་ཞུགས༔ གནས་ལྔ་འཁོར་ལོ་ལྔ་ལྡན་དཀྱིལ་འཁོར་དུ༔ རྣམ་རོལ་ཀཱི་ལ་ཁྲོ་བཅུ་ཁྲ་ཐབས་དང་༔ རིགས་ཀུན་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ མ་འདྲེས་ཡོངས་རྫོགས་ལྷུན་གྲུབ་ཆེན་པོར་བསྒོམ༔ འཇའ་འོད་ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ ཧ་ཧ་ཧཱུྃ་ཕཊ་འབྲུག་སྟོང་སྒྲ་ལྟར་སྒྲོགས༔ འཁོར་འདས་ཁྱབ་གདལ་རྡོ་རྗེའི་སྐུར་བསྒོམ་མོ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་གདལ་བ་ཨེ་ཡི་དཀྱིལ་འཁོར་དུ༔ མི་གནས་ཡེ་ཤེས་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་སྲས་དང་བཀའ་འཁོར་བཅས་པ་རྣམས༔ སྤྱན་འདྲེན་གཤེགས་སོ་གཉིས་མེད་བརྟན་བཞུགས་གསོལ༔ གུས་པས་ཕྱག་འཚལ་དགྱེས་མཆོད་སྣ་ཚོགས་འབུལ༔ བདག་ཉིད་ཕུར་པ་བསྒྲུབ་པའི་རིག་འཛིན་ལ༔ ཕྲིན་ལས་ལྷུན་གྲུབ་རྣམ་གཉིས་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ ཧོཿ ཏིཥྛ་བཛྲ་ན་མོ༔ མ་ཧཱ་ག་ཎ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ ཡེ་ཤེས་མེ་དཔུང་དམར་ནག་འབར་བའི་ཀློང་༔ མ་རུངས་བདུད་སྡེ་བསྣོལ་བའི་གདན་སྟེངས་སུ༔ མི་བཟད་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ སྐུ་ཡི་ཆེ་བས་སྣང་སྲིད་ཟིལ་གྱིས་གནོན༔ གསུང་གི་ང་རོས་ཁམས་གསུམ་དབང་དུ་སྡུད༔ ཐུགས་ཀྱི་སྤྲུལ་པས་འཁོར་འདས་ཡོངས་ལ་ཁྱབ༔ ཡོན་ཏན་སྤྲུལ་པས་ལོག་རྟོག་འཁོར་བ་འཇོམས༔ ཕྲིན་ལས་སྣ་ཚོགས་གར་གྱིས་དགྲ་བགེགས་འདུལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ གཉིས་མེད་ལྷུན་རྫོགས་ཆེན་པོར་ཕྱག་འཚལ་བསྟོད༔ བདག་ཅག་ཚེ་དང་སྒྲུབ་པ་མཐར་སོན་ནས༔ ཚེ་འདིར་རིག་འཛིན་ས་ལ་ལྷུན་གྲུབ་ཤོག༔ ས་མ་ཡ༔ ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་གཞོན་ནུ་ཆེ༔ རང་བྱུང་རིག་པའི་ངང་ནས་བསྒྲུབ་པར་བྱ༔ འཁོར་འདས་ཁྱབ་གདལ་རོལ་པའི་ཟློས་གར་གྱིས༔ དྲན་རྫོགས་ཙམ་གྱིས་སྒྱུ་མའི་ལྷ་སྐུར་བཞེངས༔ ཡོད་མེད་མཐའ་བྲལ་གསལ་ཉམས་ལྟ་བུ་ལ༔ ཡེངས་མེད་འཛིན་བྲལ་ཆེན་པོའི་ཏིང་འཛིན་གྱིས༔ རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བ་ཡི༔ ཐུགས་ཀློང་ཡེ་ཤེས་སེམས་དཔའ་ཚོན་གང་བའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་མཐར༔ སྔགས་ཕྲེང་མགལ་མེ་ལྟར་འཁོར་རང་མདངས་བཞིས༔ རྣམ་བཞིའི་ལས་བསྒྲུབ་སྣོད་བཅུད་དག་པར་སྦྱོར༔ ཆོས་ཉིད་རོལ་པའི་ངང་ནས་དྲག་སྔགས་སྒྲོགས༔ ཨོཾ་ཤྲཱི་མ་ཧཱ་ཀྲོ་དྷ་བཛྲ་ཀུ་མཱ་ར་ས་མ་ཏི་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿལན་བདུན་མཐར༔ གསལ་སྟོང་ངང་ནས་དྲག་སྔགས་ལུག་རྒྱུད་དུ༔ བར་མ་ཆད་པར་ཆུ་རྒྱུན་བཞིན་དུ་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཡབ་ཡུམ་ཞལ་ཞུགས་གསང་ལམ་བརྒྱུད་འཁོར་ནི༔ འོད་ཟེར་གྱིས་འབྲེལ་མགལ་མེ་ལྟར་འཁོར་བསམ༔ སྤྲོས་བསྡུ་རྒྱལ་པོའི་ཕོ་ཉས་དོན་གཉེར་ལྟར༔ ལས་ལ་བསྒྱུར་ཁ་སོ་སོར་དཔག་པར་བྱ༔ བསྒྱུར་ཁ་མཁས་པ་ནོར་བུ་བསམ་འཕེལ་ལྟར༔ འདོད་རྒུ་འབད་མེད་ངང་བྱུང་གདམས་པ་ཟུངས༔ བསྒྱུར་ཁ་མི་མཁས་ཆུ་ལ་མར་འདོད་ལྟར༔ འདོད་དོན་གྲུབ་པ་མེད་པས་དཔག་མཁས་གཅེས༔ གསང་བའི་རྟེན་ཕུར་དམིགས་མེད་སྟོང་པའི་ངང་༔ ཧཱུྃ་ལས་འཕྲོ་འདུས་སྦྱོར་བའི་ཡོངས་གྱུར་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱུར༔ སྐུ་ཡི་ཀློང་དུ་སྤྲུལ་འཁོར་ཡོངས་རྫོགས་གསལ༔ མེ་རླུང་མཚོན་ཆའི་ཚྭ་ཚྭ་འཁྲིགས་པའི་ཀློང་༔ དུར་ཁྲོད་དཔལ་ཆས་རྒྱན་དང་གར་ཉམས་ལྡན༔ ཐུགས་ལས་འོད་འཕྲོས་རྒྱལ་བའི་དཀྱིལ་འཁོར་རྣམས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྣམ་རོལ་དུ༔ ཆུ་ལ་ཆུ་བཞིན་གཉིས་མེད་ཆེན་པོར་བསྒོམ༔ དམིགས་པ་གསལ་ཞིང་ཡང་ཡང་བསྐྱེད་བསྟིམ་བྱ༔ གསལ་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུ་ཡི༔ སེམས་དཔའ་རྡོ་རྗེ་ཧཱུྃ་གི་མཐར་སྔགས་འཁོར༔ དམ་ཚིག་པ་བསྒོམ་སྔགས་འདི་ལན་བདུན་བཟླ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་མ་ཏི་ཨཱཿཡེ་ཤེས་སྤྱན་འདྲེན་བསྟིམ་བསམ་སྔགས་བདུན་བཟླ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་སརྦ་ས་མ་ཡ་ཛ་ཛཿསྟྭཾ༔ སྣང་སྲིད་བློས་བླངས་ཆོས་དབྱིངས་ཡངས་པའི་མཁར༔ མཆོད་སྤྲིན་མི་ཟད་ནམ་མཁའི་གཏེར་དུ་ཤར༔ ལྷ་མོའི་གར་འཁྱུག་དགྱེས་མཆོད་ཡོ་བྱད་ཀྱིས༔ ལྷ་ཚོགས་མཆོད་ཅིང་བདེ་སྟོང་རོས་ཚིམས་བསམ༔ འཁོར་འདས་རང་ཀློང་རྫོགས་པའི་དབང་འབྱོར་གྱིས༔ རྒྱ་ཆེའི་མཆོད་པར་བསྒྱུར་ཞིང་སྔགས་བདུན་བཟླ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་ག་ཎ་ཙཀྲ་ཨ་མྲྀ་ཏ་སརྦ་པཱུ་ཛཿ ཧོཿ བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ཀའི་སྔགས་དང་ཧཱུྃ་གི་འོད་ཟེར་གྱིས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ནས༔ འོད་ཟེར་དཔག་མེད་སངས་རྒྱས་ཞིང་ཀུན་ཁྱབ༔ བྱིན་རླབས་དངོས་གྲུབ་སྤྲིན་ཕུང་བཞིན་དུ་བསྡུས༔ བདག་མདུན་ལ་ཐིམ་གཟི་བརྗིད་འོད་ཕུང་འབར༔ བདེ་གཤེགས་རྒྱལ་བའི་ཕྲིན་ལས་ལྷ་མཆོག་དཔལ༔ འཁོར་འདས་དབང་བསྒྱུར་དྲག་པོའི་གོ་འཕང་མཆོག༔ ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་བ་ཆེ༔ རིག་རྩལ་སྣ་ཚོགས་འཁོར་གྱི་རོལ་པར་ཤར༔ ཆོས་ཉིད་རོལ་པའི་ངང་ནས་དྲག་སྔགས་སྒྲོགས༔ བདག་མདུན་སྔགས་ཕྲེང་ཐུགས་ཀར་འཁོར་བསམ་ཞིང་༔ ཤར་གྲོལ་རོལ་པ་ཆེན་པོས་སྔགས་བདུན་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སླར་ཡང་ཐུགས་ཀའི་སྔགས་ཕྲེང་བརྟན་གྱུར་ནས༔ རིག་པ་ཧཱུྃ་མཐིང་ཐིག་ལེས་སྔགས་ཕྲེང་སྤེལ༔ སྔགས་ཕྲེང་བར་མ་ཆད་པ་ལུག་རྒྱུད་དུ༔ ཡབ་ཡུམ་ཞལ་བརྒྱུད་གསང་ལམ་ནས་ཞུགས་ཏེ༔ ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་སྔ་མ་བཞིན༔ ཆུ་བོའི་གཞུང་ལྟར་དལ་མེད་འཁོར་བ་ལས༔ བདེ་སྟོང་ཡེ་ཤེས་རྒྱས་ཤིང་དེའི་རྐྱེན་གྱིས༔ འོད་དང་འོད་ཟེར་དཔག་མེད་ཕྱོགས་བཅུར་འཕྲོས༔ རྒྱལ་བའི་ཞིང་ཁམས་མ་ལུས་ཀུན་ལ་ཁྱབ༔ རབ་འབྱམས་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མ་ལུས་མཉེས་པའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཐུགས་རྗེ་བྱིན་རླབས་གཟི་བརྗིད་དབང་རྣམས་དང་༔ སྣང་སྲིད་ཁམས་ཀྱི་དྲེགས་པ་ཅན་རྣམས་དང་༔ ཚེ་བསོད་དཔལ་འབྱོར་གཟི་བརྗིད་ལྡན་རྣམས་ཀྱི༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཐམས་ཅད་དང་༔ འབྱུང་ལྔའི་བཅུད་དང་སྣོད་བཅུད་བཀྲག་མདངས་རྣམས༔ གཅིག་ཀྱང་མ་ལུས་འོད་ཟེར་རྣམ་ལྔའི་ཚུལ༔ སྤྲིན་དཔུང་འཐིབ་པ་ལྟ་བུར་ཚུར་བསྡུས་ཏེ༔ རང་ཉིད་རྡོ་རྗེ་གཞོན་ནུའི་ཐུགས་ཀར་བསྟིམས༔ མཐུ་སྟོབས་གཟི་བརྗིད་ནུས་སྟོབས་ཐམས་ཅད་དང་༔ ཚེ་དང་བསོད་ནམས་ཡེ་ཤེས་རབ་རྒྱས་ནས༔ སྐུ་བཞི་ཡེ་ཤེས་ལྔ་ཡི་དབང་ཆེན་ཐོབ༔ དྲག་པོ་མཐུ་ཡི་དངོས་གྲུབ་ཐོབ་བསམ་ཞིང་༔ ཁྱབ་གདལ་མཐའ་བྲལ་ཆེན་པོའི་ངང་ཉིད་ལས༔ འཁོར་འདས་རྫོགས་ལྡན་རྡོ་རྗེའི་གདིང་ཆེན་གྱིས༔ བྱ་རྩོལ་གྲུབ་པའི་ཡེ་ཤེས་བདེ་བ་ཆེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བདག་མདུན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་ཀའི་སྔགས་ཕྲེང་མགལ་མེ་ལྟ་བུ་ལས༔ འོད་ཟེར་དཀར་གསལ་དཔག་ཏུ་མེད་པ་འཕྲོས༔ སངས་རྒྱས་བྱང་སེམས་མ་ལུས་མཉེས་མཆོད་ཕུལ༔ ཐུགས་རྗེ་བྱིན་རླབས་དཀར་གསལ་འོད་ཀྱི་ཚུལ༔ བསྡུས་ཏེ་བདག་མདུན་རྣམས་ལ་ཐིམ་པར་གྱུར༔ སླར་ཡང་འོད་ཟེར་དཔག་མེད་རབ་འཕྲོས་པས༔ ནམ་མཁས་གར་ཁྱབ་སེམས་ཅན་ཐམས་ཅད་ཀྱི༔ ལས་ཉོན་སྡིག་སྒྲིབ་བག་ཆགས་ནད་གདོན་རྣམས༔ མེ་ལོང་གཡའ་བྲལ་བཞིན་དུ་སངས་ཀྱིས་དག༔ སྣོད་བཅུད་བཀྲག་མདངས་གཟི་བརྗིད་ཚུར་བསྡུས་ནས༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས༔ རྣམ་སྨིན་བག་ཆགས་མ་ལུས་ཀུན་དག་ནས༔ ཞི་བའི་ཕྲིན་ལས་མ་ལུས་འགྲུབ་པར་བསམ༔ གསལ་སྟོང་མ་འགག་ཆུ་ཟླ་ལྟ་བུ་ཡི༔ ཕྱོགས་མེད་ཐུགས་རྗེ་ཐབས་ཀྱིས་འགྲོ་དོན་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡཿརྒྱ་རྒྱ་རྒྱ༔ (བརྡ་ཡིག་) སླར་ཡང་འོད་ཟེར་གསེར་མདོག་ལྟ་བུ་ཡིས༔ ཕྱོགས་དུས་རྒྱལ་བ་མ་ལུས་མཉེས་མཆོད་ཕུལ༔ ཐུགས་རྗེ་གཟི་བྱིན་དངོས་གྲུབ་མ་ལུས་པ༔ སེར་གསལ་འོད་ཀྱི་རྣམ་པར་ཚུར་བསྡུས་ཏེ༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རབ་ཏུ་རྒྱས༔ སླར་ཡང་འོད་འཕྲོས་འཇིག་རྟེན་ཁམས་རྣམས་ཀྱི༔ ཚེ་བསོད་དཔལ་འབྱོར་གཟི་བྱིན་ལྡན་རྣམས་དང་༔ ཤེས་རབ་ཡོན་ཏན་ལྡན་རྣམས་ཐམས་ཅད་ཀྱི༔ ཚེ་བསོད་དཔལ་ཡོན་ཐུགས་རྗེ་བྱིན་རླབས་དང་༔ འབྱུང་ལྔའི་བཅུད་དང་སྣོད་བཅུད་བཀྲག་མདངས་རྣམས༔ མ་ལུས་བསྡུས་ཏེ་བདག་མདུན་རྣམས་ལ་བསྟིམ༔ གཟི་བརྗིད་རབ་འབར་ནུས་པ་རྩལ་ལྡན་བསམ༔ བཟང་ངན་རྟོག་ཚོགས་རེ་དོགས་བྲལ་བ་ཡིས༔ མཉམ་ཤར་མཉམ་གྲོལ་མཉམ་པ་ཉིད་ཀྱི་ངང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) བཟླས་པས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པར༔ རཱ་གའི་མདོག་ལྟར་འོད་ཟེར་དཔག་མེད་པས༔ སངས་རྒྱས་བྱང་སེམས་རབ་འབྱམས་མཉེས་མཆོད་ཕུལ༔ དབང་བྱིན་དངོས་གྲུབ་གཅིག་ཀྱང་མ་ལུས་པ༔ དམར་གསལ་འོད་ཀྱི་རྣམ་པར་ཚུར་བསྡུས་ཏེ༔ བདག་མདུན་ལ་ཐིམ་དབང་གི་དངོས་གྲུབ་ཐོབ༔ སླར་ཡང་འོད་འཕྲོས་སྣང་སྲིད་ཁམས་རྣམས་ཀྱི༔ ལྷ་སྲིན་དྲེགས་པ་མ་ལུས་ཐམས་ཅད་དང་༔ ཞི་བས་མ་ཐུལ་དྲེགས་ཤིང་སྡང་སེམས་ཅན༔ ཀུན་ལ་ཕོག་སྟེ་ཐམས་ཅད་མ་ལུས་པ༔ ཤ་རུལ་སྦྲང་མ་བབས་བཞིན་དབང་བསྡུས་ཏེ༔ མདུན་དུ་བྲེད་ཅིང་དངངས་ཏེ་གནས་པ་ལ༔ ཡེ་ཤེས་མེ་དང་མཚོན་ཐུན་གྱིས་བསྡིག་པས༔ བཟོད་གླག་མེད་པར་བྲན་དུ་ཁས་བླངས་ནས༔ བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་སྒྲུབ་བསམ་ཞིང་༔ གང་ཤར་མ་འདྲེས་སོ་སོར་རྟོགས་གྲོལ་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སེང་གེའི་ངར་ (བརྡ་ཡིག་) རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་ཀའི་སྔགས་དང་སྐུ་ཡི་གནས་རྣམས་ནས༔ ཁྲོ་ཚོགས་ལྕགས་སྡིག་མཚོན་ཐུན་རླུང་ལྟར་འཚུབས༔ སྣང་སྲིད་ཁམས་རྣམས་མ་ལུས་ཀུན་ཁེངས་ནས༔ དྲེགས་ཤིང་སྡང་བའི་སེམས་དང་ལྡན་པ་ཡི༔ ལྟ་བ་ལོག་དང་བསྟན་པའི་དགྲ་བོ་དང་༔ སྡེ་བརྒྱད་གདུག་བྱེད་རྒྱལ་བསེན་དམ་སྲི་དང་༔ བདག་འཛིན་རཱུ་དྲ་བདག་ལྟའི་འགོང་པོ་རྣམས༔ གཅིག་ཀྱང་མ་ལུས་རྡུལ་ཕྲན་བཞིན་དུ་བརླག༔ རྣམ་པར་ཤེས་པ་ཆོས་དབྱིངས་མཁའ་ལ་བསྟིམ༔ ཚེ་བསོད་བཀྲག་མདངས་ནུས་པ་མ་ལུས་པ༔ ཚུར་འདུས་དབྱིངས་ཉིད་ཀུན་བཟང་མཁའ་ལ་བསྟིམ༔ སླར་ཡང་རྒྱལ་ཀུན་བྱིན་རླབས་དང་བཅས་པ༔ བདག་མདུན་ཐུགས་ཀའི་ཧཱུྃ་ལ་བསྟིམ་བྱས་པས༔ ཚེ་བསོད་དཔལ་འབྱོར་ནུས་སྟོབས་རབ་འབར་ཞིང་༔ དྲག་པོ་མཐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ སླར་ཡང་ལྷ་སྔགས་འོད་ཟེར་མཚོན་ཆ་འཕྲོས༔ སྣང་སྲིད་ཁམས་ཀུན་མ་ལུས་ཁྱབ་ཅིང་འཚུབས༔ ཞི་བས་མི་ཐུལ་དྲེགས་ཅན་གདོན་བགེགས་ཚོགས༔ ཤ་རུས་གཞོབ་བསྲེག་ཐལ་བའི་རྡུལ་དུ་བརླག༔ མ་བཟོད་སྲོག་སྙིང་མངོན་དུ་ཕུལ་བྱས་ཏེ༔ ཅི་བསྒོས་བཀའ་ཉན་འབངས་སུ་ཁས་བླངས་ནས༔ བཀའ་རྟགས་ཕུར་པ་མེ་འབར་ཀླད་ལ་གདབ༔ ཟུག་གཟེར་ན་ཚ་མེད་པར་རྒྱན་དུ་ཤར༔ བཀའ་འདས་གྱུར་ན་བརླག་ཅིང་བསྲེག་བྱས་ནས༔ བསྐལ་པར་སྡུག་བསྔལ་ཉམས་སུ་མྱོང་གྱུར་ཏེ༔ བཀའ་ལོག་དམ་ལས་འདའ་བའི་གནས་མེད་བསམ༔ ཉམས་པའི་ཚེ་སྲོག་བཀྲག་མདངས་ནུས་སྟོབས་རྣམས༔ མ་ལུས་བསྡུས་ཏེ་ཆོས་དབྱིངས་མཁའ་ལ་བསྟིམ༔ སླར་འདུས་སྙིང་གའི་ཧཱུྃ་ཡིག་ལ་ཐིིམ་པས༔ གཟི་བརྗིད་འོད་ཕུང་རབ་འབར་ནུས་རྩལ་ལྡན༔ རང་སྣང་མཐའ་བྲལ་བདེ་བ་ཆེན་པོའི་ཞིང་༔ མ་སྐྱེས་ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་རྣམས༔ མ་ལུས་ལུས་པ་མེད་པར་རང་ཤར་བའི༔ གང་འདུལ་སྣ་ཚོགས་ཐབས་དང་སྒྱུ་འཕྲུལ་གྱིས༔ ཐོགས་མེད་བྱ་བ་གྲུབ་པའི་དགོངས་ཉམས་ལྡན༔ འཁོར་འདས་རྫོགས་ལྡན་ཁྱབ་གདལ་ཀློང་གྲོལ་ངང་༔ འགགས་མེད་རྡོ་རྗེའི་གླུ་དབྱངས་འབྲུག་ལྟར་ལྡིར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) རང་བྱུང་རྣམ་པར་དག་པའི་མཁའ་དབྱིངས་སུ༔ གཞོམ་བྲལ་ཐོགས་མེད་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་དབྱིངས་ནས་གར་བསྒྱུར་འཁོར་གྱི་ཚོགས༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཆེན་པོར་བསྒོམ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་ཀུན༔ འོད་ཟེར་ཁ་དོག་ལྔ་ལྡན་ཚུལ་དུ་ཞུ༔ བུམ་པའི་ཆུ་དང་འདྲེས་ནས་རོ་གཅིག་གྱུར༔ ཡེ་ཤེས་ལྔ་ལྡན་བདུད་རྩིས་བུམ་པ་ཁེངས༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད་པས་མཉེས༔ སྐུ་གསུང་ཐུགས་བཅུད་འོད་ཟེར་ཚུལ་དུ་བསྡུས༔ སླར་ཡང་བུམ་པའི་ཆུ་དང་གཉིས་མེད་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དམ་ཚིག་ཡེ་ཤེས་གཉིས་མེད་དྲན་རྫོགས་ལྷ༔ འོད་ཞུ་བུམ་པའི་ཆུ་དང་གཉིས་མེད་འདྲེས༔ བྱིན་རླབས་རབ་འབར་ནུས་སྟོབས་དང་ལྡན་ཅིང་༔ མྱོང་ཚད་རྡོ་རྗེ་གཞོན་ནུའི་གོ་འཕང་ལ༔ འབད་མེད་རང་གྲོལ་རྡོ་རྗེའི་གདིང་ཐོབ་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཁྱབ་གདལ་ཆོས་དབྱིངས་ཡངས་པའི་མཁའ་ཀློང་དུ༔ རང་ཤར་གཞོམ་བྲལ་ཡེ་ཤེས་ལྔ་ཡི་ཀློང་༔ པད་ཉི་བདུད་དཔུང་བསྣོལ་བའི་གདན་སྟེང་དུ༔ མ་སྐྱེས་ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཡི༔ རྣམ་འཕྲུལ་མ་ངེས་ཡེ་ཤེས་ལྷ་ཡི་ཚོགས༔ འཇའ་འོད་ཡེ་ཤེས་མེ་དཔུང་ཀློང་དཀྱིལ་དུ༔ རྣམ་མང་ཏིལ་གོང་ཁ་ཕྱེས་བཞིན་དུ་གསལ༔ ཀུན་གྱི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་འཁོར༔ བཟླས་པས་རྒྱལ་ཀུན་ཡེ་ཤེས་གཅིག་ཏུ་བསྡུས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་ཕྱི་རབས་རྣལ་འབྱོར་ལས་ཅན་གྱིས༔ རང་བྱུང་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ༔ བརྟེན་ནས་མ་རུངས་གདུག་ཅན་འདུལ་བའི་ཕྱིར༔ ལས་བཞིའི་སྲེག་བླུགས་འོད་ཟེར་དྲྭ་བ་བསྟན༔ ཧཱུྃ་ཧྲཱིཿ སྣང་སྲིད་དག་པ་རབ་འབྱམས་ངང་ཉིད་ལས༔ གྲུ་གསུམ་མཐིང་ནག་འབར་བའི་ཨེ་ཀློང་དུ༔ པད་ཉི་དགྲ་བགེགས་བདུད་དཔུང་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་རབ་འཇིགས་ཞལ་བཞི་ཕྱག་བརྒྱད་ལྡན༔ གཡས་ཞལ་རབ་དཀར་གཡོན་ཞལ་དམར་ཞིང་གསལ༔ རྒྱབ་ཞལ་སེར་གསལ་དབུས་ཞལ་མཐིང་ནག་འབར༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་ནི་གསུམ་གསུམ་ཉི་ཟླ་ལྟ་བུ་ལ༔ སྤྱན་གསུམ་དམར་ཟླུམ་གློག་དམར་བཞིན་དུ་འཁྱིལ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་སོགས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུས་བརྒྱན༔ གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ ལྕགས་ཀྱུ་དང་ནི་ཞགས་པ་འབར་བ་བསྣམས༔ གཡོན་གསུམ་ཁ་ཊྭཱྃ་མེ་དཔུང་འབར་བ་དང་༔ གསུམ་པས་ལྕགས་སྒྲོག་དང་ནི་དྲིལ་བུ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ རྡོ་རྗེ་རིན་ཆེན་གཤོག་པ་རབ་ཏུ་གདེངས༔ ཞབས་དྲུག་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ ཧ་ཧཱུྃ་བྷྱོ་ཕཊ་ནམ་མཁའི་འབྲུག་ལྟར་སྒྲོགས༔ རིགས་དང་དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས༔ ཡེ་ཤེས་མེ་དཔུང་དམར་ནག་འབར་བའི་ཀློང་༔ རབ་འཇིགས་གཟི་བརྗིད་ལྡན་པའི་པང་གཡོན་དུ༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་གཡས་ཁ་ཊྭཱྃ༔ གཡོན་པས་དུང་དམར་ཡབ་ཀྱི་ཞལ་དུ་སྟོབ༔ ཡབ་ཡུམ་ཞལ་སྦྱོར་དགྱེས་པའི་གད་རྒྱངས་སྒྲོགས༔ ཁྲོ་མོའི་ཆས་རྫོགས་ཞལ་གདངས་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་ཉི་མ་སྟོང་ལྟར་འབར༔ དཔའ་གཏུམ་རྔམས་པ་སྲིན་པོ་ཁྲོས་པའི་ཚུལ༔ སྐུ་ཆེ་ཡན་ལག་རགས་པས་སྣང་སྲིད་ཁྱབ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ས་མ་ཡ༔ ཧཱུྃ་ཧྲཱིཿ གདལ་ཁྱབ་ཀ་དག་ལྷུན་འབྱམས་ཡངས་པ་རུ༔ རྫོགས་པའི་སངས་རྒྱས་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་སྲས་འཁོར་མ་ལུས་གཤེགས་སུ་གསོལ༔ པད་ཉི་དགྲ་གདོན་བསྣོལ་བའི་གདན་ལ་བཞུགས༔ གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔ ཨོཾ་བཛྲ་ཀུ་མཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཏིཥྛ་ལྷན༔ ན་མོ་མ་ཧཱ་ག་ན་སརྦ་པཱུ་ཛ་ ཧོཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧྲཱིཿ འོག་མིན་འཇིགས་བྲལ་རྡོ་རྗེའི་ཞིང་ཁམས་ནས༔ མ་སྐྱེས་ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ རྣམ་རོལ་མ་ངེས་འཁོར་གྱི་རོལ་པར་ཤར༔ ལས་བཞི་ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཡི༔ ཡབ་ཡུམ་སྲས་འཁོར་བཅས་ལ་ཕྱག་འཚལ་བསྟོད༔ འོ་མ་ཆུ་སྣ་འབྲས་ཆན་འབུལ་བ་ནི༔ ཧོཿ རང་བཞིན་རྣམ་པར་དག་པའི་བདུད་རྩི་མཆོག༔ འོ་མ་ཆུ་སྣ་འབྲས་ཆན་དཀར་མངར་ཚོགས༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་འབུལ༔ དུས་མིན་འཆི་བརྒྱད་ནད་གདོན་བར་ཆད་རྐྱེན༔ འཇིགས་པ་བཅུ་དྲུག་གློ་བུར་མི་མཐུན་ཕྱོགས༔ ཐམས་ཅད་མ་ལུས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་ཧཱ་ཨ་མྲྀ་ཏ་སརྦ་པཱུ་ཛ་ ཧོཿ ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྒྱ་སོགས་ཅི་འགྲུབ་བཟླ༔ ལྔ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མར་དང་ཟས་སྣ་དར་ཟབ་སྣ་ཚོགས་འབུལ༔ ཧཱུྃ་ཧྲཱིཿ སྣང་སྲིད་བཅུད་བསྡུས་མཆོད་སྤྲིན་རྒྱ་མཚོར་བསྒྱུར༔ ཟག་མེད་ཡེ་ཤེས་བདུད་རྩི་ཆེན་པོ་ཡི༔ མཉེས་མཆོད་འདོད་ཡོན་རྒྱ་མཚོ་མི་ཟད་གཏེར༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་ལ་འབུལ༔ ཚེ་བསོད་ཡེ་ཤེས་མངའ་ཐང་རྒྱས་པར་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་ཧཱ་ག་ན་སརྦ་པཱུ་ཛ་ ཧོཿ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་འགྲུབ་བཟླ༔ ལྔ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཚལ་ཆེན་ལི་ཁྲི་སྦྱར་བའི་འབྲུ་མར་འབུལ༔ ཧཱུྃ་ཧྲཱིཿ གདོད་ནས་རང་བྱུང་རྣམ་དག་བདུད་རྩི་མཆོག༔ འདོད་ཡོན་ལྔ་དང་འོད་ཟེར་དྲྭ་བ་འཁྲིགས༔ བདག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདི༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཞལ་དུ་འབུལ༔ འཁོར་འདས་དབང་དུ་བསྡུ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི༔ འཁོར་འདས་སྣང་སྲིད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་འགྲུབ་བཟླ༔ གཉིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཉུང་དཀར་སྲན་མ་འབྲུ་ནག་ཚོགས༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དང་བསྲེས་ཏེ༔ སྦྱང་སྤེལ་བདུད་རྩིར་བསྒྱུར་ཏེ་འབུལ་བ་ནི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པ་རུ༔ བདག་ཏུ་འཛིན་དང་དེར་བྱུང་དགྲ་བགེགས་རྣམས༔ མ་ལུས་ཕུལ་ཏེ་རྣམ་ཤེས་ཐུགས་སུ་བསྟིམ༔ ཧཱུྃ་ཧྲཱིཿམ་རིག་ལོག་རྟོག་བདུད་བཞི་རཱུ་དྲར་བཅས༔ མ་ལུས་བསྒྲལ་བའི་ཤ་རི་ཁྲག་མཚོ་འདི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ཏེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཞལ་དུ་བསྟབ༔ བཞེས་ནས་དུག་གསུམ་དགྲ་བགེགས་རྡུལ་དུ་རློག༔ དྲག་པོ་མཐུ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་རཱུ་ཊ་ལ་ཁཱ་ཧི༔ གནོད་བྱེད་དུག་ལྔ་དུག་གསུམ་ལོག་པར་ལྟ་བའི་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་ཁཱ་ཧི༔ ཅི་འགྲུབ་བཟླ༔ གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ཉམས་པ་བསྐང་ཕྱིར་སྣ་ཚོགས་དངོས་འབྱོར་དང་༔ ཡིད་སྤྲུལ་མི་ཟད་རྒྱན་གྱི་འཁོར་ལོར་དམིགས༔ ཧཱུྃ་ཧྲཱིཿདཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ མི་ཟད་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་འབུལ༔ འདས་དང་མ་འོངས་ད་ལྟ་དུས་གསུམ་དུ༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་དང་ཉམས་འགྱུར་ཉམས་ཆག་ཀུན༔ མ་ལུས་གནོང་འགྱོད་དྲག་པོས་སྐོང་ཞིང་བཤགས༔ རྩ་སྔགས་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧོཿ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ དགོངས་ཤིག་ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ བསྙེན་སྒྲུབ་ལས་སྦྱོར་མ་ལུས་མཐར་སོན་ཏེ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ རྩ་སྔགས༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ ཧོཿ དེ་ནས་རྗེས་རིམ་ནི༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ༔ མ་འབྱོར་མ་རྙེད་མ་ཚང་སོགས༔ ཉེས་འགལ་བཤགས་སོ་བཟོད་པར་གསོལ༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ལས་དང་སྐལ་བར་ལྡན་པའི་རྣལ་འབྱོར་གྱིས༔ ཐབས་མཆོག་མྱུར་ལམ་མ་ནོར་ངེས་གསང་བརྡོལ༔ རང་གཞི་གདོད་ནས་རྣམ་དག་ཀུན་ཏུ་བཟང་༔ ལམ་ནི་དམན་འཁྲུལ་སྲིད་པའི་འདམ་དུ་ཚུད༔ དེ་ཕྱིར་ཐབས་ཀྱི་ལམ་མཆོག་བསྐྱེད་རིམ་གྱིས༔ མ་ནོར་ལམ་ཞུགས་རང་གཞི་རང་ངོར་སངས༔ ལྷ་མཆོག་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ འཇུག་པར་འདོད་པའི་གང་ཟག་ལས་ཅན་རྣམས༔ གསང་སྔགས་དབང་ལ་བརྟེན་ནས་དགོངས་བཅུད་ལེན༔ གསང་སྔགས་ཉམས་ལེན་དབང་ལ་མི་བརྟེན་ན༔ བསྐལ་བརྒྱར་བསྒྲུབ་ཀྱང་འབྲས་བུ་གྲོལ་བ་ནི༔ མར་འདོད་ཆུ་བསྲུབ་སྙིང་པོ་མར་ལེན་ནམ༔ སྦལ་པའི་འགྲོས་ཀྱིས་སྟོང་གསུམ་འཁོར་ལས་དཀོན༔ དབང་གི་རྩ་བ་དམ་ཚིག་ཡིན་པའི་ཕྱིར༔ བསྲུང་ན་ཚེ་འདིར་སངས་རྒྱས་དེས་འཚེང་སྟེ༔ ཉམས་ན་གླིང་བཞི་བསྐོར་ནས་ཆོས་བརྩོན་ཀྱང་༔ མི་འཚེང་རྡོ་རྗེ་དམྱལ་བར་ལྟུང་དེས་ཕུང་༔ དབང་ལ་བརྟེན་ཏེ་དམ་ཚིག་བསྲུང་ནུས་ན༔ ཐར་ལམ་འགོད་ཕྱིར་བླ་མས་དེ་ལ་གདམས༔ དབང་རྫས་ལེགས་བསྒྲུབ་དཀྱིལ་འཁོར་མཆོད་རྫས་བཤམ༔ དེ་ཡང་བདག་བསྐྱེད་སྔོན་སོང་མདུན་བསྐྱེད་ནི༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ཁྱབ་གདལ་ལས༔ རང་བྱུང་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་ནི༔ རབ་འཇིགས་བསྐལ་པའི་མེ་དཔུང་འབར་བའི་ཀློང་༔ ཐར་པ་ཆེན་པོའི་གཞལ་ཡས་ཁང་ཆེན་པོ༔ གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར༔ གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས༔ ངོ་མཚར་ཡེ་ཤེས་རྒྱལ་བའི་ཕོ་བྲང་གསལ༔ ཡེ་ནས་རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔ བཛྲ་མ་ཊཾ་རཱུ་དྲ་ཀྲོ་ཏི་ར་བཾ༔ མ་སཱུཪྻ་མཎྜ་ལ༔ ཨ་ཙནྡྲ་མཎྜལ༔ པཾ་པདྨ་མཎྜལ་ལ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་རྟེན་གཞལ་ཡས་ཁང་གསལ༔ དེ་ནས་བརྟེན་པ་ལྷ་བསྒོམ་པ་ནི༔ ཧཱུྃ༔ རང་བྱུང་ཕོ་བྲང་ཨེ་ཡི་གཞལ་ཡས་དབུས༔ པདྨ་ཉི་མ་འབར་བའི་གདན་སྟེངས་སུ༔ བདུད་བཞི་རྒྱལ་བསེན་དྲེགས་པ་བསྣོལ་བའི་སྟེང་༔ ཡེ་ཤེས་འོད་ཀློང་རྡོ་རྗེའི་འཕྲོ་འདུ་ལས༔ བདག་ཉིད་ཡེ་ནས་མ་སྐྱེས་རྫོགས་པའི་ལྷ༔ རྒྱལ་ཀུན་ཕྲིན་ལས་ཡོངས་འདུས་ཡེ་ཤེས་ལྷ༔ མི་འཇིགས་འཇིགས་བྱེད་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་རབ་འཇིགས་ཁྲོ་གཏུམ་གཟི་བརྗིད་འབར༔ ཞལ་གསུམ་ཕྱག་དྲུག་མི་སྡུག་སྲིན་པོའི་གཟུགས༔ གཡས་ཞལ་རབ་དཀར་འཇིགས་པའི་གད་རྒྱངས་སྒྲོགས༔ གཡོན་ཞལ་དམར་གསལ་རྔམས་བརྗིད་ཕཊ་སྒྲ་སྒྲོགས༔ གཡས་ཕྱག་དང་པོས་རྡོ་རྗེ་རྩེ་དགུ་གསོར༔ བར་པས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་གྱི་དང་པོས་སྡིགས་མཛུབ་མེ་དཔུང་བར༔ བར་པའི་ཕྱག་ན་ཁ་ཊྭཱྃ་རྩེ་གསུམ་འཛིན༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ ཀོ་རློན་གཡང་གཞི་སྟག་ཤམ་རྒྱན་དྲུག་སྤྲས༔ རྡོ་རྗེ་རིན་ཆེན་གཤོག་པ་མཁའ་ལ་གདེངས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ གར་དགུའི་ཉམས་དང་ལྡན་པའི་པང་ཡོན་དུ༔ ཀུན་ཏུ་བཟང་མོ་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྲིལ༔ ཕྱག་གཡས་ཁ་ཊྭཱྃ་རྩེ་གསུམ་མཁའ་ལ་ཕྱར༔ གཡོན་པས་དུང་དམར་ཡབ་ཀྱི་ཞལ་དུ་སྟོབ༔ སྨ་ར་སྨིན་མ་དབུ་སྐྲ་དམར་སེར་འབར༔ ཁྲོ་མོའི་ཆས་རྫོགས་དགྱེས་པའི་གད་རྒྱངས་སྒྲོགས༔ བདེ་སྟོངས་ཉམས་ལྡན་འཇིགས་པའི་ལང་ཚོ་རྒྱས༔ གདལ་ཁྱབ་གཞོམ་བྲལ་དབྱིངས་ཀྱི་གཞལ་ཡས་སུ༔ གདོད་ནས་རང་བྱུང་ཡེ་ཤེས་རིག་པའི་སྐུ༔ མ་བཅོས་སྐྱེ་མེད་ཡེ་རིག་རྡོ་རྗེར་ཤར༔ རང་མདངས་ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ སྤྱི་བོར་འཇིགས་བྱེད་ཆེན་པོ་ག་རུ་ཌ༔ སྤུ་གྲིའི་འདབ་གཤོག་རྡོ་རྗེ་སེར་བ་འབེབས༔ གནམ་ལྕགས་མཆུ་སྡེར་ཀླུ་བརྒྱད་དོན་སྙིང་འདྲེན༔ རླབས་ཆེན་གཤོག་པས་ཉི་ཟླ་ཐང་ལ་འཕེན༔ མེ་དབལ་དུག་མཚོན་ཐུན་ཆར་རླུང་ལྟར་འཚུབས༔ གནམ་ལྕགས་རྭ་བར་ནོར་བུ་འབར་བའི་སྟེང་༔ སེང་ཁྲི་པདྨ་ཟླ་བའི་གདན་སྟེངས་སུ༔ ཀུན་བཟང་ཡབ་ཡུམ་འོད་ལྔའི་ཀློང་དུ་གསལ༔ ཕྱི་རིམ་གནམ་ལྕགས་འཁོར་ལོ་རྩིབས་བཞི་ལ༔ པད་ཉི་དགྲ་གདོན་ཕོ་མོ་བསྣོལ་བའི་སྟེང་༔ ཡེ་ཤེས་རང་མདངས་ཀཱི་ལ་རིགས་བཞི་ནི༔ ཤར་དུ་ཐུགས་མཆོག་བཛྲ་ཀཱི་ལ་ཡ༔ དཀར་གསལ་ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་རྔམས༔ གཡས་མཐིང་གཡོན་དམར་རྔམས་བརྗིད་འབར་བའི་སྐུ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་དངུལ་ཕུར་ཟུར་གསམ་འདྲིལ་ཞིང་འདེབས༔ སྐུ་སྨད་དངུལ་ཕུར་ཟུར་གསུམ་དབལ་ངར་ལྡན༔ ལྷོ་རུ་རཏྣ་ཀཱི་ལ་སེར་གསལ་བརྗིད༔ གཡས་ཞལ་རབ་དཀར་གཡོན་དམར་ཤིན་ཏུ་རྔམས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་གསེར་ཕུར་ཟུར་གསུམ་འདྲིལ་ཞིང་འདེབས༔ སྐུ་སྨད་གསེར་ཕུར་ཟུར་གསུམ་དབལ་ངར་ལྡན༔ ནུབ་ཏུ་པདྨ་ཀཱི་ལ་དམར་ཞིང་གསལ༔ གཡས་དཀར་གཡོན་སྔོ་དབུས་དམར་འཇིགས་པའི་སྐུ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་ཟངས་ཕུར་ཟུར་གསུམ་དགྲ་ལ་འདྲིལ༔ སྐུ་སྨད་ཟངས་ཕུར་ཟུར་གསུམ་དབལ་ངར་ལྡན༔ བྱང་དུ་ཀརྨ་ཀཱི་ལ་ལྗང་ནག་འབར༔ གཡས་དཀར་གཡོན་དམར་རབ་འཇིགས་རྔམས་པའི་སྐུ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་དབལ་ངར་ལྡན༔ ཀུན་ཀྱང་རྔམས་བརྗིད་ཁྲོ་གཏུམ་འབར་བའི་སྐུ༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཧ་ཧ་ཧཱུྃ་ཕཊ་ནམ་མཁའི་འབྲུག་ལྟར་ལྡིར༔ རྡོ་རྗེ་རིན་ཆེན་གཤོག་པ་མཁའ་ལ་གདེངས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ སྤྱི་བོར་རིགས་ཀྱི་མཁའ་ལྡིང་ཁྱུང་ཆེན་ལྡིང་༔ ཡེ་ཤེས་མེ་དཔུང་དམར་ནག་འབར་བའི་ཀློང་༔ རང་འདྲའི་ཁྲོ་ཆུང་སྐར་ལྟར་འཕྲོ་ཞིང་འཁྲིགས༔ སྟེང་འོག་ཕྱོགས་མཚམས་འཁོར་ལོ་རྩིབས་བཅུའི་སྟེང་༔ པད་ཉི་བདུད་དཔུང་གདོན་ཚོགས་བསྣོལ་བའི་སྟེང་༔ རང་བྱུང་རྒྱུ་ཡི་ཧཱུྃ་ཡིག་འཕྲོ་འདུ་ལས༔ སྟེང་ཕྱོགས་ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རབ་འཇིགས་དྲག་པོའི་སྐུ༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པས་མདའ་འགེང་དགྲ་བགེགས་སྙིང་ལ་གཟིར༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ ལྷ་གདོན་ཕོ་མོ་བསྣོལ་བའི་སྟེང་དུ་འགྱིང་༔ ཡུམ་མཆོག་རྡོ་རྗེ་སྒྲ་འབྱིན་གཡོན་ནས་འཁྲིལ༔ སྔོ་སྐྱ་དྲིལ་བུ་བྷན་དམར་ཡབ་ལ་སྟོབ༔ སྤྲུལ་པ་ཕག་དང་སྨིག་བུའི་མགོ་བོ་ཅན༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཤར་ཕྱོགས་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ དཀར་གསལ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་ལྗང་ནག་གཡོན་ཞལ་སེར་ནག་འབར༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་མ་གཉིས་ཀྱིས་འཁོར་ལོ་ཏྲི་ཤུལ་དང་༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ དྲི་ཟའི་གདོན་ཚོགས་བསྣོལ་བའི་གདན་ལ་འགྱིང་༔ ཡུམ་མཆོག་མདའ་སྙེམས་དཀར་མོ་གཡོན་ནས་འཁྲིལ༔ དྲིལ་བུ་བྷན་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད༔ སྤྲུལ་པའི་ཟ་གསོད་སྟག་དང་བྱ་རྒོད་གདོང་༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་ལྷོ་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རབ་འཇིགས་རྔམས༔ དང་པོ་གཉིས་ཀྱིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པའི་ཕྱག་གཉིས་མེ་དབལ་དབྱུག་ཏོ་ཐོགས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ ཞབས་བཞིས་མེ་ལྷའི་གདོན་ཚོགས་མ་ལུས་གནོན༔ ཡུམ་མཆོག་སྡེར་མོ་སྔོ་སྐྱ་གཡོན་ནས་འཁྲིལ༔ དྲིལ་བུ་བྷན་ཁྲག་ཡབ་ཀྱི་ཞལ་དུ་སྟོབ༔ སྤྲུལ་པ་གཡག་དང་བྱ་རོག་མགོ་བོ་ཅན༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེའི་གཤེད་པོ་ནི༔ སེར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་རབ་འཇིགས་རྔམས་ཁྲོ་འབར༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པ་གཉིས་ཀྱིས་བེ་ཅོན་དགྲ་སྟྭ་ཐོགས༔ ཐ་གཉིས་ཕུར་པས་སྲིད་གསུམ་འཁོར་བ་འཇིགས༔ གཤིན་རྗེའི་གདོན་ཚོགས་མ་ལུས་ཞབས་ཀྱིས་གནོན༔ ཡུམ་མཆོག་དུར་ཁྲོད་བདག་མོ་སེར་གསལ་འཁྲིལ༔ ཕྱག་གཡས་དྲིལ་འཛིན་གཡོན་པས་དུང་དམར་སྟོབ༔ སྤྲུལ་པའི་ཟ་གསོད་ཤ་བ་འུག་པའི་གདོང་༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་ནུབ་ཁྲོ་ཆེན་མི་གཡོ་མགོན་པོ་ནི༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་དམར་རབ་འཇིགས་ཁྲོ་གཏུམ་འབར༔ དང་པོ་གཉིས་ཀྱིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པས་རལ་གྲི་ཞགས་པ་སྡིགས་མཛུབ་མཛད༔ ཐ་གཉིས་ཕུར་པས་དགྲ་གདོན་སྙིང་ལ་གཟིར༔ སྲིན་པོའི་གདོན་ཚོགས་མ་ལུས་ཞབས་ཀྱིས་གནོན༔ ཡུམ་མཆོག་གཏུན་ཁུང་ལྗང་མོ་གཡོན་ནས་འཁྲིལ༔ ཕྱག་གཡས་དྲིལ་འཛིན་གཡོན་པས་དུང་དམར་སྟོབ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ་བོ་ཅན༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ནི༔ དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་རབ་འཇིགས་དྲག་པོའི་སྐུ༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པ་གཉིས་ཀྱིས་སྤུ་གྲི་ཞགས་པ་བསྣམས༔ ཐ་གཉིས་ཕུར་པས་ཁམས་གསུམ་ཐལ་བར་བརླག༔ ཆུ་ལྷའི་གདོན་ཚོགས་མ་ལུས་ཞབས་ཀྱིས་གནོན༔ ཡུམ་མཆོག་རྡོ་རྗེ་གཏུམ་མོ་གཡོན་ནས་འཁྲིལ༔ ཕྱག་གཡས་དྲིལ་འཛིན་གཡོན་པས་དུང་དམར་སྟོབ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ་བོ་ཅན༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་བྱང་ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི༔ དམར་གསལ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སེར་གཡོན་ལྗང་ཁྲོ་གཏུམ་གཟི་བརྗིད་འབར༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པ་གཉིས་ཀྱིས་རྔ་ཡབ་ཐོད་ཁྲག་བསྣམས༔ ཐ་གཉིས་ཕུར་པས་སྲིད་གསུམ་ཐལ་བར་བརླག༔ རླུང་ལྷའི་གདོན་ཚོགས་མ་ལུས་ཞབས་ཀྱིས་གནོན༔ ཡུམ་མཆོག་མདའ་སྙེམས་དམར་མོ་གཡོན་ནས་འཁྲིལ༔ ཕྱག་གཡས་དྲིལ་འཛིན་གཡོན་པས་དུང་དམར་སྟོབ༔ སྤྲུལ་པ་སྤྱང་ཀུ་ཁྲ་ཡི་མགོ་བོ་ཅན༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ བྱང་ཕྱོགས་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ནི༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་སེར་གསལ་གཡོན་ཞལ་དུད་ཁ་འབར༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པ་གཉིས་ཀྱིས་རྒྱ་གྲམ་དབྱུག་ཏོ་ཐོགས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ གནོད་སྦྱིན་གདོན་ཚོགས་མ་ལུས་ཞབས་ཀྱིས་གནོན༔ ཡུམ་མཆོག་རླུང་འབྱིན་ལྗང་མོ་གཡོན་ནས་འཁྲིལ༔ ཕྱག་གཡས་དྲིལ་འཛིན་གཡོན་པས་དུང་དམར་སྟོབ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ་བོ་ཅན༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྱང་ཤར་ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ སེར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་རྔམས་བརྗིད་ཁྲོ་གཏུམ་འབར༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པ་གཉིས་ཀྱིས་མདའ་གཞུ་འགེང་ཞིང་འཕེན༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ དབང་ལྡན་གདོན་ཚོགས་མ་ལུས་ཞབས་ཀྱིས་གནོན༔ ཡུམ་མཆོག་གསོད་བྱེད་སེར་མོ་གཡོན་ནས་འཁྲིལ༔ ཕྱག་གཡས་དྲིལ་འཛིན་གཡོན་པས་དུང་དམར་སྟོབ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ་བོ་ཅན༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ འོག་ཕྱོགས་ཁྲོ་རྒྱལ་ཆེན་པོ་སྟོབས་པོ་ཆེ༔ དབུས་ཞལ་དུད་ཁ་གཡས་སྔོ་གཡོན་དམར་ཞལ༔ ཁྲོ་གཏུམ་རྔམས་བརྗིད་རྡོ་རྗེའི་གཤོག་པ་ཅན༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་དམར་དཀྲུགས༔ བར་པས་རལ་གྲི་དང་ནི་སྦྲུལ་ཞགས་ཐོགས༔ མཐའ་གཉིས་དུག་གསུམ་དབྱིངས་སྒྲོལ་ལྕགས་ཕུར་འདྲིལ༔ ཡུམ་མཆོག་རྡོ་རྗེ་བསྐུལ་བྱེད་གཡོན་ནས་འཁྲིལ༔ དུད་ཁ་ཞལ་གཅིག་ཕྱག་གཉིས་དྲིལ་བྷན་བསྣམས༔ ས་བདག་ཕོ་མོ་བསྣོལ་བའི་གདན་ལ་འགྱིང་༔ སྤྲུལ་པ་ཟ་གསོད་དྲེད་དང་བྱི་བའི་གདོང་༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ རང་བྱུང་འཇིགས་པའི་ཁྲོ་རྒྱལ་ཆེན་པོ་བཅུ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ སྨ་ར་སྨིན་མ་དམར་སེར་མེ་འོད་འཕྲོ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ རྡོ་རྗེ་རིན་ཆེན་གཤོག་པ་མཁའ་ལ་གདེངས༔ སྤྱི་བོར་འཇིགས་བྱེད་གནམ་ལྕགས་ཁྱུང་གིས་བརྒྱན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ༔ དུར་ཁྲོད་དཔལ་ཆས་རྒྱན་དང་གར་དགུར་ལྡན༔ ཕྱི་རིམ་ཟླ་གམ་དམར་ནག་ཉེར་གཅིག་ཁར༔ པད་ཉི་དགྲ་གདོན་ཕོ་མོ་བསྣོལ་བའི་སྟེང་༔ སྲས་མཆོག་ཁྲོ་བོ་ཁྲ་ཐབས་ཉེར་གཅིག་ནི༔ མདུན་གྱི་སྲས་བདུན་མི་སྲུན་རྔམས་པའི་ཞལ༔ མཐིང་ནག་གཡས་དཀར་གཡོན་དམར་འཇིགས་པའི་སྐུ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་མེ་དཔུང་ཁ་ཊྭཱྃ་རྩེ་གསུམ་བསྣམས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ སྐུ་སྨད་དངུལ་ཕུར་དགྲ་གདོན་སྙིང་ལ་གདབ༔ གཡས་ཀྱི་སྲས་བདུན་ལྗང་ནག་རབ་འཇིགས་སྐུ༔ གཡས་སྔོ་གཡོན་སེར་གཤིན་རྗེ་ཁྲོས་པའི་ཞལ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣབས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ སྐུ་སྨད་ཕུར་དབལ་དགྲ་གདོན་སྙིང་ལ་གདབ༔ གཡོན་གྱི་སྲས་བདུན་དམར་ནག་གཟི་འོད་འབར༔ གཡས་དཀར་གཡོན་ལྗང་མིའུ་ཐུང་ཁྲོས་པའི་ཞལ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་རི་རབ་ཕུར་པ་དགྲ་ལ་འདྲིལ༔ སྐུ་སྨད་ཕུར་དབལ་དགྲ་གདོན་སྙིང་ལ་གདབ༔ ཀུན་ཀྱང་རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ བསྐལ་པའི་མེ་འབར་དྲག་སྔགས་ཐོག་སེར་འཕྲོ༔ རྒྱུ་དྲུག་རྩ་བ་དབྱིངས་སུ་སྒྲོལ་བར་བྱེད༔ ཨོཾ་ཀརྨ་ཀྲོ་དྷ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་སྒོར་ཛ༔ ལས་རྡོ་རྗེ་ལྕགས་ཀྱུ་མ༔ དཀར་མོ་ལྕགས་ཀྱུ་དུང་གི་ཕུར་པ་འདྲིལ༔ ལྷོ་སྒོར་ཧཱུྃ་ལས་རིན་ཆེན་ཞགས་པ་མ༔ སེར་མོ་ཞགས་པ་གསེར་གྱི་ཕུར་པ་འདྲིལ༔ ནུབ་སྒོར་བཾ་ལས་པདྨ་ལྕགས་སྒྲོག་མ༔ དམར་མོ་ལྕགས་སྒྲོག་ཟངས་ཀྱི་ཕུར་པ་འདྲིལ༔ བྱང་སྒོར་ཧོཿ ལས་ཀརྨ་དྲིལ་བུ་མ༔ ལྗང་མོ་དྲིལ་བུ་གཡུ་ཡི་ཕུར་པ་འདྲིལ༔ སྐུ་སྨད་དབལ་ཕུར་དགྲ་གདོན་སྙིང་ལ་གཟིར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ༔ དཀྱིལ་འཁོར་ཆེན་པོའི་མུ་རན་ཁོར་ཡུག་ཏུ༔ སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཚོགས༔ ཤྭ་ན་བདག་ཉིད་ས་བདག་བསྭེ་ལྕགས་དང་༔ དུང་སོགས་སྐྱེས་བུ་གཙོ་འཁོར་ཡང་གཡོག་དང་༔ སྲུང་མ་དམ་ཅན་རྒྱ་མཚོ་འཁོར་བཅས་རྣམས༔ མ་འདྲེས་ཡོངས་རྫོགས་ལྷུན་གྲུན་ཆེན་པོར་བསྒོམ༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ ཧོཿ ས་མ་ཡ་སྟྭཾ༔ དེ་ནས་གཞུང་དུ་འཇུག་གོ༔ མཐར་ཛབ྄་བསྙེན་པ་ནི༔ བདག་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་ལས་འོད་འཕྲོས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ལས་འོད་འཕྲོས་པས༔ རྒྱལ་ཀུན་མཆོད་ཅིང་ཐུགས་རྗེ་གཟི་བྱིན་བསྐུལ༔ སླར་ཡང་འོད་འཕྲོས་འགྲོ་བའི་སྒྲིབ་པ་སྦྱང་༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ༔ དག་པ་རབ་འབྱམས་བདེ་བ་ཆེན་པོའི་ངང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བརྒྱ་སྟོང་ཁྲི་འབུམ་སོགས་བཟླས༔ བདག་དང་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་ཀུན༔ ཁ་བ་བབས་ལྟར་སྐད་ཅིག་སྤྱན་དྲངས་ནས༔ བདག་མདུན་ལྷ་དང་དབྱེར་མེད་རོ་གཅིག་གྱུར༔ རྒྱལ་ཀུན་ཕྲིན་ལས་མངའ་བདག་དབང་ཐོབ་ཅིང་༔ སྤྲུལ་པས་གང་འདུལ་འགྲོ་བ་འདྲེན་པར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅི་མང་བཟླས་མཐར༔ བདག་དང་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ཀྱི༔ སྐུ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས༔ འོད་ཟེར་མེ་འོད་མཚོན་ཆའི་ཚྭ་ཚྭ་ནི༔ དྲག་ཅིང་ཚ་ལ་རྩུབ་པ་དཔག་མེད་འཕྲོས༔ གདུག་ཅིང་སྡང་བའི་སེམས་ལྡན་བདུད་བགེགས་རྣམས༔ ཐལ་བ་རྡུལ་བརླག་བཀའ་ཉན་བྲན་ཁོལ་ཞིང་༔ དམ་ལོག་ཐམས་ཅད་དམར་ཉིལ་གཏུབ་བསམ་ཞིང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ༔ གནོད་བྱེད་ཕོ་མོའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་ཙིག་ཙིག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱོག་མྱོག༔ སོད་སོད༔ དྷ་ཏི་མ་མ༔ ཤཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅི་མང་བཟླས་ཏེ་དམིགས་པ་གནད་དང་ལྡན་པའི་ངང་ནས་གསལ་བའི་གཟེར་གྱིས་གདབ༔ ཉམས་སུ་ལེན་པའི་སྐྱེས་བུ་རྣམས༔ རྣམ་གཡེང་ལེ་ལོའི་རྟོག་པ་སྤོངས༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ ཆོས་ཉིད་སྒྱུ་མར་རོལ་པའི་ངང་༔ སྲིད་པ་རྡོ་རྗེ་ཕུར་པའི་དལ༔ སྣང་བ་ལྷ་ཡི་གཞལ་ཡས་ཁང་༔ དྲན་རྟོག་ཆོས་ཉིད་རོལ་པའི་ཀློང་༔ གཟུང་བ་ཡུལ་ལ་དོགས་པ་སྤངས༔ འཛིན་པ་སེམས་ཀྱི་རྩ་བ་བཅད༔ གཞི་མེད་རྩ་བྲལ་དོན་ལ་བལྟ༔ བདག་སྣང་ཆོས་སྐུའི་ཀློང་དུ་བཤིག༔ འཁོར་འདས་ཀ་དག་རྫོགས་པ་ཆེ༔ ཆོས་ཀུན་རྟོག་པ་གཞི་རུ་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) རྒྱུད་ཀྱི་རྒྱལ་པོ་བླ་ན་མེད༔ ཟབ་གསང་རྡོ་རྗེ་ཕུར་པའི་རྒྱུད༔ གུ་ཧྱ་སཱུཪྻ་རསྨི་འདི༔ འོན་མིན་ཆོས་དབྱིངས་སྟུག་པོ་བཀོད༔ གསང་མཛོད་ཆེན་པོའི་གཞལ་ཡས་ནས༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ རོལ་པའི་འཁོར་ལ་གསང་མཛོད་ཕྱེས༔ རྩོལ་མེད་མངོན་སུམ་རབ་ཀྱི་ལམ༔ རྩོལ་བ་རིམ་བཞིན་ཐབས་ཀྱི་ལམ༔ བཟླས་བརྗོད་སྒྲིབ་སྦྱངས་ཐ་མའི་ལམ༔ རིམ་པ་བཞིན་དུ་བཀྲོལ་ཏེ་བསྟན༔ གདམས་པའི་མན་ངག་ཕུར་པའི་རྒྱུད༔ ངེས་གསང་ཐེག་པ་མཆོག་གི་རྩེ༔ སྙིང་པོའི་ནང་ནས་ཡང་སྙིང་མཆོག༔ ས་ཡི་སྙིང་པོ་གསེར་ལྟ་བུ༔ འོ་མའི་སྙིང་པོ་མར་ལྟ་བུ༔ ཆུ་ཡི་སྙིང་པོ་ལན་ཚྭ་ལྟར༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་འདི༔ རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར༔ གསང་སྔགས་སྟོན་པ་རྡོ་རྗེ་ཆོས༔ ཐུགས་ཀྱི་བདག་ཉིད་དེ་བཞིན་གཤེགས༔ རྡོར་སེམས་ལག་ན་རྡོ་རྗེ་ཡིས༔ ཞུ་བསྡུས་འཁོར་གྱི་རོལ་པ་ལ༔ མངོན་སུམ་ཐབས་དང་རྟེན་འབྲེལ་གྱིས༔ གྲོལ་བྱེད་བླ་མེད་བཀའ་རྒྱས་བཀྲོལ༔ གསང་བདག་གསུམ་གྱི་མཛོད་ཕྱེས་ཏེ༔ རྡོ་རྗེ་ཐེག་པའི་ཆོས་ཆར་ཕབ༔ རྒྱུད་ཀྱི་རྒྱལ་པོ་ཐེག་པ་ཆེ༔ ཕུར་རྒྱུད་གུ་ཧྱ་སཱུཪྻའི་འོད༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་འདི༔ རྒྱུད་ཀྱི་ཡང་སྙིང་མཆོག་ཏུ་ཟུངས༔ མཐོང་ཐོས་དྲན་རེག་བུམ་པའི་སྐུར༔ གྲོལ་འགྱུར་མྱུར་ལམ་སྙིང་པོའི་ཆོས༔ འདི་ཉིད་ཉམས་སུ་ལེན་པ་ཡི༔ སྐལ་བཟང་ལས་སྨོན་རྟེན་འབྲེལ་གྱིས༔ མཐུ་ལས་བྱུང་བའི་གང་ཟག་རྣམས༔ ཟབ་རྒྱའི་བཅུད་ཀྱི་ཡང་སྙིང་འདི༔ དམ་ཚིག་བཀའ་བཞིན་ཉམས་སུ་ལོངས༔ ཆོས་ཀྱི་ཡང་སྙིང་གསང་བ་མཆོག༔ ལྷ་ལས་ལྷ་མཆོག་ཁྱད་དུ་འཕགས༔ ཕྱི་ལྟར་རྣམ་པར་འཇོམས་པའི་སྐུ༔ ནང་ལྟར་རྡོ་རྗེ་སེམས་དཔའ་ཆེ༔ གསང་བ་རྡོ་རྗེ་ཕུར་པའི་ལྷ༔ རིགས་ཀུན་གཅིག་ཏུ་འདུས་པའི་དཔལ༔ སྐུ་གསུང་ཐུགས་སུ་འབྲེལ་འཇོག་གི༔ ལམ་ཁྱེར་ཙམ་གྱིས་སངས་རྒྱས་སོ༔ ཕུར་པ་མཁན་པོ་ཚེ་དཔལ་གཟི་བརྗིད་བསོད་ནམས་མངའ་ཐང་འབྱོར་པ་ཕུན་སུམ་ཚོགས་པར་འགྱུར༔ ཕུར་པ་མཁན་པོ་བཀྲ་ཤིས་ཤིང་༔ ཕུར་པ་མཁན་པོ་བདེ་ལེགས་འགྱུར༔ ཕུར་པ་མཁན་པོ་མཐུ་ཆེ་ཞིང་༔ ཕུར་པ་མཁན་པོས་བདུད་འདུལ་ལོ༔ ཕུར་པ་མཁན་པོ་དེ་བཞིན་གཤེགས༔ ཕུར་པ་མཁན་པོ་དགྲ་བཅོམ་དཔལ༔ ཕུར་པ་མཁན་པོ་ཡང་དག་རྫོགས༔ ཕུར་པ་མཁན་པོ་སངས་རྒྱས་འགྱུར༔ ངེས་གསང་ཐེག་པ་ཆེན་པོའི་ཆོས༔ དབང་ལ་མ་བརྟེན་འཇུག་སྒོ་གང་༔ དེ་ལ་དང་པོ་སྒྲུབ་གཞུང་བསྲང་༔ དབང་ཆས་ལེགས་གྲུབ་བགེགས་ཚོགས་ལ༔ ལན་ཆགས་འབྲས་ཆན་ཤ་ཆང་སོགས༔ སྦྱང་སྤེལ་བསྒྱུར་ཏེ་བསྔོ་ཞིང་བསྐྲད༔ རྡོ་རྗེ་སྲུང་བའི་གུར་ཁང་བསྒོམ༔ དེ་ནས་སློབ་མ་གྲལ་དུ་འཁོད༔ མཎྜལ་ཕུལ་ཞིང་མིག་རས་མེ་ཏོག་གཏད༔ སྐྱབས་འགྲོ་སེམས་བསྐྱེད་ཀྱིས་གཞི་བཟུང་༔ ལག་གཉིས་མེ་ཏོག་དང་བཅས་པས༔ ཀྱེ་ ཧོཿ བླ་མ་མགོན་པོ་ཆེ་བའི་མཆོག༔ བརྩེ་བའི་ཐུགས་རྗེས་བདག་བཟུང་འཚལ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ མ་ལུས་བདག་ལ་བསྐུར་དུ་གསོལ༔ ལན་གསུམ༔ དེ་ནས་བླ་མས༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས༔ གསང་སྔགས་དབང་གི་སྒོར་འཇུག་ན༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ རྟག་ཏུ་བསྲུང་བར་ནུས་སམ་ཅི༔ ཞེས་འདྲི༔ སློབ་མས༔ ཀྱེ༔ རིགས་ཀུན་འཁོར་ལོའི་མངའ་བདག་དཔལ༔ བདག་ནི་འདི་ནས་བྱང་ཆུབ་བར༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་བསྲུང་བར་བྱ༔ ཨོཾ་བཛྲ་ས་མ་ཡ༔ དེ་ནས་བླ་མས་དམ་ཚིག་གི་བདུད་རྩི་ཐོགས་ལ༔ ཧོཿ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གསང་སྔགས་དབང་གི་སྒོར་ཞུགས་ནས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཀུན༔ བསྲུང་ན་ཚེ་འདིར་སངས་རྒྱས་འཐོབ༔ ཉམས་ན་རྡོ་རྗེ་དམྱལ་བར་ལྟུང་༔ དེ་ཕྱིར་དམ་ཚིག་རྟག་ཏུ་སྲུངས༔ ས་མ་ཡ་ན་ར་ཀནཞེས་རྡོ་རྗེས་བདུད་རྩི་ལྕེ་ལ་བཞག༔ དེ་ནས་ཤུ་ནྱ་ཏཱས་གཟུང་འཛིན་སྟོང་པར་སྦྱངས༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ་བསྟིམ༔ ཏིཥྛ་བཛྲ་ཞེས་བརྟན་པར་བྱས་མཐར༔ མེ་ཏོག་འཐོར་ཞིང་མིག་རས་བསལ༔ དེ་ནས་དངོས་གཞིའི་སླད་དུ་མཎྜལ་ཕུལ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ ཕྱི་ལྟར་རིན་ཆེན་བུམ་པའི་དབྱིབས༔ ནང་ནི་གདལ་ཁྱབ་ཆོས་ཀྱི་དབྱིངས༔ གདོད་ནས་རང་བྱུང་ཆོས་སྐུའི་ཞིང་༔ རབ་འབྱམས་རྒྱལ་བ་འདུས་པའི་དཔལ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་༔ མ་ངེས་སྣ་ཚོགས་སྒྱུ་འཕྲུལ་གར༔ སྲས་འཁོར་སྤྲུལ་པ་བཀའ་སྡོད་ཚོགས༔ མ་ལུས་ལུས་པ་མེད་པར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ རྡོ་རྗེ་སྐུ་རུ་སྨིན་གྲོལ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཡོངས་འདུས་དཔལ༔ ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ གདུལ་དཀའ་ཐབས་ཀྱིས་འདུལ་བའི་ཕྱིར༔ ཐབས་ཤེས་ཟུང་འཇུག་སྐུར་སྟོན་མཛད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒྲོལ་ཡུམ་གཏད་ལ༔ ཧཱུྃ༔ འཁོར་འདས་ཐུགས་ཀྱི་ཐིག་ལེ་རུ༔ འུབ་ཆུབ་རོལ་པའི་དབྱིངས་རྗེ་མོ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཁོར་འདས་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཧཱུྃ་མ་མ་ཨེ་ཀ་ཛ་ཊཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀཱི་ལ་རིགས་ལྔའི་སྐུ་གཏད་ལ༔ ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་གདངས༔ ཁྲོ་མཆོག་ཀཱི་ལ་རིགས་ལྔ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་དབང་ཐོབ་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོ་བཅུ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ མི་དགེ་བཅུ་པོ་གནས་དག་ཅིང་༔ དགེ་བཅུ་ཆོས་ཉིད་ཆེར་གཞིག་པའི༔ ཡེ་ཤེས་ཁྲོ་བཅུས་དབང་བསྐུར་བས༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཟ་གསོད་ཉི་ཤུའི་སྐུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་གྱི༔ གདུག་པ་འདུལ་ཕྱིར་རོལ་པའི་གར༔ ཟ་གསོད་སྤྲུལ་པས་དབང་བསྐུར་བས༔ རཱུ་དྲ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཛཿབྷྱོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ཚད་མེད་རྣམ་བཞིའི་ཕྱག་རྒྱ་མོ༔ ཕྲིན་ལས་བཞི་སྒྲུབ་སྒོ་མ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཤོག༔ ཛཿཧཱུྃ་བཾ་ ཧོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕུར་སྲུང་བཅུ་དྲུག་གི་སྐུ་གཏད་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཐབས་ཀྱིས་གདུག་པ་འདུལ་བའི་ཕྱིར༔ སྤྲུལ་པ་ལས་ཀྱི་ཕོ་ཉ་ནི༔ སྲུང་མ་མིང་སྲིང་བཅུ་དྲུག་ཤར༔ དེ་འཁོར་ཡང་འཁོར་བཅས་རྣམས་ཀྱི༔ དབང་འདི་ཁྱོད་ལ་བསྐུར་བར་བྱ༔ ཕུར་སྲུང་དམ་ཅན་རྒྱ་མཚོ་ཡི༔ སྲོག་ལ་དབང་མཆོག་ཐོབ་པར་ཤོག༔ ཀ་ཏཾ་ཀ་ཡེ་ཛ་ཡེ་སོགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་གཏད་ལ༔ ཧཱུྃ༔ མཐའ་བྲལ་དབྱིངས་ཀྱི་ཀ་པཱ་ལར༔ གྲགས་སྟོང་འགགས་མེད་གསུང་གི་བཅུད༔ ཡེ་ཤེས་བདུད་རྩིའི་རོལ་པར་ཤར༔ སློབ་མ་ཁྱོད་ཀྱི་ངག་ཏུ་བླུད༔ ངག་དང་རླུང་གི་སྒྲིབ་པ་དག༔ གསང་བ་གསུང་གི་དབང་ཐོབ་ཅིང་༔ ལོངས་སྤྱོད་རྫོགས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་འཁོར་དབྱངས་གསལ་འོད་ཀྱི་མུ་ཁྱུད་ཅན་མགྲིན་པར་བཞག་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གསུང་གི་སྙིང་པོ་སྔགས་འཁོར་ལོ༔ གྲགས་སྟོང་འགགས་མེད་ཀཱི་ལ་ཡ༔ ཡེ་ཤེས་འོད་ཟེར་ཕྲེང་བ་ཅན༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨ་ལི་ཀ་ལིའི་དབྱངས་འདྲེན༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་རྩེ་དགུ་སྙིང་གར་བཞག་ལ༔ ཧཱུྃ༔ གཞོམ་བྲལ་མི་འགྱུར་རྡོ་རྗེའི་ཐུགས༔ ཡེ་ནས་མ་བཅོས་སྤྲོས་མཐའ་བྲལ༔ རང་མདངས་སྐུ་དང་ཡེ་ཤེས་ལྔའི༔ གདངས་ལས་གནམ་ལྕགས་རྡོ་རྗེར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ཅིང་༔ ཤེས་རབ་ཡེ་ཤེས་དབང་ཐོབ་སྟེ༔ ཆོས་ཀྱི་སྐུ་རུ་སངས་རྒྱས་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ འཇའ་ཐིག་གཏད་ལ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་ནམ་མཁའ་ལ༔ ཀུན་ནས་ཟླུམ་པའི་ཐིག་ལེ་དང་༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྣང་བཞི་མཐར་ཕྱིན་འཇའ་ལུས་གྲུབ༔ རྡོ་རྗེ་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ དེ་ནས་ལྕགས་ཕུར་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་གདངས༔ དུག་གསུམ་དབྱིངས་སུ་སྒྲོལ་བའི་ཕྱིར༔ ཐོགས་མེད་རྡོ་རྗེ་ཕུར་པར་ཤར༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་ཅིང་༔ ཕ་རོལ་མི་སྲུན་བསམ་སྦྱོར་ངན༔ བདུད་བགེགས་དམ་སྲིའི་སྡེ་ཚོགས་དང་༔ བསྟན་དགྲ་སྒྲོལ་བའི་མཐུ་རྩལ་སོགས༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུན་རྫས་རྣམས་གཏད་ལ༔ ཧཱུྃ༔ ཆོས་ཉིད་རྣམ་པར་དག་པ་ལས༔ རྩལ་སྣང་ཐོགས་མེད་ཤེས་རབ་མཚོན༔ སྣ་ཚོགས་ཐུན་དང་མཚོན་ཆའི་རིགས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བདག་ལྟའི་རཱུ་དྲ་ཞིང་བཅུའི་དགྲ༔ བདུད་དང་རྒྱལ་བསེན་དམ་སྲི་རྣམས༔ མ་ལུས་བསད་གཅོད་མནན་སྲེགས་ཀྱི༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོ་ཡཀྨོ་སོགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ་དེ་ནས་མེ་ཧོམ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡེ་ཤེས་མེ་ཧོམ་འདི་གཏད་པས༔ དྲག་པོའི་ཞལ་གྱི་ཧོམ་ཁུང་དུ༔ དགྲ་བགེགས་བསྟབ་བསྲེག་དབང་ཐོབ་ཤོག༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཟོར་ཀོང་ཐོགས་ལ༔ ཧཱུྃ༔ དྲག་པོ་ལས་ཀྱི་ཐུན་ཟོར་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཞིང་བཅུའི་དགྲ་བགེགས་བདུད་དམ་སྲི༔ ཟོར་འཕང་ཙམ་གྱིས་བརླག་ནུས་ཤོག༔ རྩ་སྔགས་མཐར༔ ཐུན་ཡ་ཐུན་ཡ་ཟོར་ཡ་ཟོར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རི་རབ་ཐོགས་ལ༔ ཧཱུྃ༔ རི་རབ་འབར་བ་འདི་གཏད་པས༔ དགྲ་བགེགས་ལོགས་འདྲེན་ནག་པོའི་རིགས༔ རིམ་དགུ་ས་ཡི་འོག་ཏུ་བྲུབ༔ བསྐལ་པར་གནོན་པའི་དབང་ཐོབ་ཤོག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ ཁྱབ་བརྡལ་དབྱིངས་ཀྱི་གཏོར་གཞོང་དུ༔ སྣང་སྲིད་གཞིར་བཞེངས་བ་ལིཾ་ཏ༔ ཕྱི་ལྟར་དམར་ཆེན་གཏོར་མའི་ངང་༔ ནང་ལྟར་ལྷུན་གྲུབ་གཞལ་ཡས་སུ༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ སྲས་འཁོར་སྤྲུལ་པ་བཀའ་སྡོད་ཚོགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་ཤར༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཅིང་༔ མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག༔ རྩ་སྔགས་མཐར༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་མ་མ་ཌཱ་ཀི་ནཱི་ས་མ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ༔ བཀྲ་ཤིས་མི་འཇིགས་ནམ་མཁའ་ལ༔ དཔའ་བོ་མཁའ་འགྲོས་གར་བསྒྱུར་ཞིང་༔ མེ་ཏོག་སྣ་ཚོགས་ཆར་འབེབས་ཏེ༔ ཚངས་དབྱངས་བཀྲ་ཤིས་ཚིག་བརྗོད་བསམ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ གླུ་བླང་གར་བསྒྱུར་ཚོགས་འཁོར་བསྐོར༔ གསང་བའི་ནང་ནས་ཡང་གསང་མཆོག༔ གསང་ཆེན་མཁའ་འགྲོའི་ཐུགས་ཐིག་འདི༔ གསུམ་ལས་མང་ལ་བསྐུར་མི་རུང་༔ མཁའ་འགྲོས་བཀའ་ཡི་ཆད་པ་འོང་༔ དབང་འདི་ལན་གཅིག་འབྲེལ་བས་ཀྱང་༔ བླ་མེད་འབྲས་སམ་སྙིང་པོ་རུ༔ གྲོལ་འགྱུར་ཐེ་ཚོམ་ཡོད་རེ་ཀན༔ སྐལ་ལྡན་རེ་ཙམ་མ་གཏོགས་པ༔ ཀུན་གྱི་སྤྱོད་ཡུལ་འདི་མ་ཡིན༔ ཡེ་ཤེས་ལས་གྲུབ་མཁའ་འགྲོ་དང་༔ མ་མོ་རྣམ་བཞི་སྔགས་སྲུང་ཚོགས༔ གནོད་སྦྱིན་ཤན་པ་དམར་ནག་སོགས༔ སྙིང་ཐིག་སྲུང་མ་ཡོངས་ལ་གཉེར༔ དམ་ཉམས་བསྟན་དགྲའི་སྲོག་ལ་ཡ༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ཀྱི་རང་མདངས་ཞི་བའི་སྐུ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ དཔལ་ཆེན་བཛྲ་ཀཱི་ལ་ཡའི༔ གསང་བ་སྒོས་ཀྱི་སྒྲུབ་པ་ལ༔ དཀྱིལ་འཁོར་ཟླུམ་དཀར་འཁྱིལ་བའི་ལྟེར༔ མེ་ཏོག་དཀར་པོས་ཚོམ་བུ་བཀོད༔ དངུལ་ལམ་ཞི་བའི་ཤིང་ཉིད་ལ༔ ཕུར་པ་རྒྱ་མདུད་ཟླུམ་པོར་བྱ༔ དེ་ལ་དར་དཀར་གྱིས་དཀྲིས་ཤིང་༔ མེ་ཏོག་ལྔ་ཚོམ་མཆོད་རྫས་བསྐོར༔ སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྒོམ༔ རྡོ་རྗེ་ཏིང་འཛིན་རིག་པའི་ངང་༔ ཧཱུྃ་ཧཱུྃ་ཧཱུྃ༔ གདལ་ཁྱབ་སྤགས་པས་རབ་གཡོགས་ཀེང་རུས་མཁར༔ རྣམ་དག་ལྷུན་གྲུབ་འོད་ལྔའི་ཀློང་དཀྱིལ་དུ༔ པད་མ་ཉི་མ་བདུད་བཞི་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་ཉིད་རྡོ་རྗེ་ཕུར་པ་ནི༔ སྐུ་མདོག་དཀར་གསལ་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་མཐིང་ནག་གཡོན་ཞལ་དམར་ལ་རྔམས༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ ཞལ་གདང་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་འབར༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ དྲག་གཏུམ་རབ་འཇིགས་བསྐལ་པའི་མེ་དཔུང་འབར༔ སྐུ་སྨད་དབལ་ཕུར་ཟུར་གསུམ་རྣོ་ངར་ལྡན༔ དགྲ་གདོན་བདུད་བཞིའི་སྙིང་ལ་གདབ་ཅིང་གནོན༔ སྤྱི་བོར་དུང་གི་བྱ་ཁྱུང་དཀར་པོ་ལྡིང་༔ རྭ་བར་མི་བསྐྱོད་སྔོན་པོ་རྡོར་དྲིལ་བསྣམས༔ འཇའ་འོད་ཀློང་དུ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྐུ་ལ་རྒྱལ་བའི་ཞིང་ཁམས་ཡོངས་རྫོགས་གསལ༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་འོད་དང་བཅས་པ་གསལ༔ དེ་ལས་འོད་འཕྲོས་རྒྱལ་ཀུན་སྤྱན་དྲངས་ཏེ༔ རིགས་ཀུན་སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྤྱི་བོ་ནས་བཞུགས་ཨོཾ་ཡིག་ཉིད་ལ་འདྲེས༔ གསུང་གི་ས་བོན་ཨཱཿདམར་ངག་ལ་ཞུགས༔ མགྲིན་པར་ཨཱཿདམར་ངག་གི་འཁོར་ལོར་འདྲེས༔ ཐུགས་ཀྱི་ས་བོན་ཆོས་ཀྱི་འཁོར་ལོར་ཞུགས༔ སྙིང་དབུས་ཧཱུྃ་མཐིང་ཉིད་དང་དབྱེར་མེད་འདྲེས༔ ས་བོན་རྣམ་གསུམ་འཁོར་ལོ་གསུམ་ལ་བཞུགས༔ ལུས་ངག་ཡིད་གསུམ་གསང་གསུམ་འཁོར་ལོར་དག༔ རིགས་ཀུན་དཀྱིལ་འཁོར་ཀུན་གྱི་དབང་རྫོགས་སོ༔ ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿཝཱཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ་ཙིཏྟ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཡེ་ཤེས་པ་རྣམས་སྤྱན་དྲངས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ ཛཿཧཱུྃ་བཾ་ ཧོཿ ཏིཥྛ་བཛྲ་ན་མོ་མ་ཧཱ་ག་ཎ་སརྦ་པཱུ་ཛ་ ཧོཿ ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་མཆོག་ཧེ་རུ་ཀ༔ འཁོར་བ་དབྱིངས་སྒྲོལ་ལོག་རྟོག་འཇོམས་མཛད་ལྷ༔ མ་སྐྱེས་ལྷུན་གྲུབ་བཛྲ་ཀཱི་ལ་ཡ༔ རྒྱལ་ཀུན་ཐུགས་ཀྱི་དབང་ཕྱུག་ཁྱོད་ལ་བསྟོད༔ ལས་དང་ཉོན་མོངས་བག་ཆགས་ཀུན་བྱང་ནས༔ ཚེ་འདིར་རྡོ་རྗེ་གཞོན་ནུའི་གོ་འཕང་མཆོག༔ འབད་མེད་མྱུར་ཐོབ་འཁོར་བ་དབྱིངས་སྒྲོལ་ཤོག༔ དེ་ནས་ཛབ྄་འཁོར་དམིགས་རིམ་རྒྱ་མཚོ་ནི༔ རང་ཉིད་རྡོ་རྗེ་ཕུར་པའི་སྐུར་གསལ་བའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བའི༔ ཐུགས་ཀློང་རྡོ་རྗེ་དཀར་པོའི་ལྟེ་བ་རུ༔ ཧཱུྃ་ཡིག་དཀར་ལ་གསལ་འཚེར་འོད་འབར་བའི༔ མཐའ་མར་སྔགས་ཕྲེང་མགལ་མེ་ལྟར་འཁོར་བའི༔ འོད་ཀྱིས་རྒྱལ་ཀུན་མཆོད་ཅིང་བྱིན་རླབས་བསྡུས༔ གཟི་བྱིན་དབང་དང་དངོས་གྲུབ་ཀུན་ཐོབ་བསམ༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ངང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཞི་བའི་དུས་སུ་འོད་ཟེར་དཀར་གསལ་ནི༔ དུང་མདོག་ལྕགས་ཀྱུའི་དབྱིབས་ཅན་དཔག་མེད་པས༔ སངས་རྒྱས་ཞིང་ཁམས་མ་ལུས་ཀུན་ཁྱབ་པས༔ རྒྱལ་བ་ཀུན་མཆོད་ཐུགས་རྗེ་གཟི་བྱིན་དབང་༔ མཁྱེན་བརྩེའི་འོད་ཟེར་དཀར་གསལ་ཚུར་འདུས་ཏེ༔ རང་ཉིད་ལ་ཐིམ་སྔོན་ལས་འཕྲལ་རྐྱེན་གྱི༔ ལས་ཉོན་སྡིག་སྒྲིབ་ནད་གདོན་བར་ཆད་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་ཞི་ཞིང་དག༔ སླར་ཡང་སྔགས་ཀྱི་འོད་ཟེར་ཕྱིར་འཕྲོས་པས༔ སེམས་ཅན་ཀུན་གྱི་ལས་ཉོན་སྡིག་སྒྲིབ་ཀྱི༔ རྐྱེན་ལས་གྱུར་པའི་སྡུག་བསྔལ་ཐམས་ཅད་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་དག་སྦྱངས་ཞི༔ ཞི་བའི་དངོས་གྲུབ་ཀུན་ཐོབ་ཕྲིན་ལས་འགྲུབ༔ སྣོད་བཅུད་སྒྲ་སྐད་གཞལ་ཡས་ལྷ་སྔགས་སུ༔ དག་པ་གསུམ་གྱི་ངང་ནས་སྔགས་སྒྲ་སྒྲོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་དུཿཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་འགྲུབ་མཐར༔ རང་རིག་རང་གྲོལ་ཡེ་ཤེས་ལྷའི༔ དཔག་བསམ་སྤྲུལ་པའི་རོལ་གར་སྟོན༔ སྐུ་གསུམ་རྡོ་རྗེ་ཕུར་པ་ནི༔ དུག་གསུམ་ཡུལ་ལ་གདབ་པར་བྱ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ གཟུང་ཡུལ་ཁྱབ་གདལ་སྣང་བའི་ཞིང་༔ འཛིན་པ་རང་གྲོལ་ཆོས་སྐུར་དག༔ གཉིས་སྣང་གཉིས་མེད་རང་ངོར་རྫོགས༔ སྣང་སྲིད་རང་སྣང་ཆོས་སྐུའི་ཞིང་༔ བསྒྲལ་བྱ་སྒྲོལ་བྱེད་གཉིས་མེད་དུ༔ ཁྱབ་གདལ་ཆོས་སྐུའི་ཀློང་དུ་བཤིག༔ བདུད་བགེགས་རྣམ་པར་རྟོག་པའི་སེམས༔ ཀ་དག་རྡོ་རྗེ་ཕུར་པའི་ཀློང་༔ ཡེ་གྲོལ་རིག་སྐུར་སངས་རྒྱས་སོ༔ གཟུང་འཛིན་ཡུལ་མེད་ཟང་ཐལ་བས༔ གཉིས་སུ་འཛིན་པས་ཕྱིར་མི་ཞེན༔ རྡོ་རྗེ་གསུམ་གྱི་དམ་བཅའ་འོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་དུ་ཏྲ་རཱུ་དྲ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རང་ཉིད་ལྷ་ཡི་ཐུགས་ཀའི་འོད་ཟེར་གྱིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མ་ལུས་པ༔ རྡོ་རྗེ་ཕུར་པའི་རྣམ་པར་སྤྱན་དྲངས་ནས༔ རང་ཉིད་ལ་ཐིམ་རྒྱལ་ཀུན་ཡང་སྙིང་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བྱེ་བ་བཟླས་པས་གྲངས་ཚད་རྫོགས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) བདག་འདྲ་པདྨ་རྡོ་རྗེ་དྲག་རྩལ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གདུག་བྱེད་རཱུ་དྲའི་སྲོག་འདྲེན་འཁོར་ལོ་བསྟན༔ འདི་བཞིན་ཉམས་སུ་ལེན་པའི་གང་ཟག་གི༔ ཕྱི་ནང་བར་ཆད་སེལ་ཕྱིར་འཁོར་ལོར་བརྩོན༔ འདི་ལ་མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ མུ་ཁྱུད་དང་པོར་ཡིག་མགོ་ཕྱིར་བསྟན་ཏེ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གདུག་པ་དུ་ཏྲི་རཱ་ཙ་ཧུར་ཐུམ་ཛ༔ ཐུམ་རི་ལི་ལི་རྦད་བྷྱོ་ཟློག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བཛྲ་ཀྲོ་དྷ་ཧཱུྃ་ཧཱུྃ་ཛ༔ སརྦ་གནོད་བྱེད་དམ་སྲི་དུ་ཏྲི་ཛཿཏྲི་ཛཿཏྲི་ཏྲི་ཛཿཏྲི་ཏྲི་ཛཿཏྲི་ཛཿཏྲི་ཏྲི་ཛཿམཱ་ར་ཡ་ཏྲི་ཧུར་ཐུམ་ཛཿཐུམ་རི་ལི་ལི་རྦད་ནན་ཆིངས་ཆིངས༔ ནན་ནན་བྷྱོ་ཟློག༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ་ཧཱུྃ་བརྒྱད་བྲི༔ རྩིབས་མཆན་ལ༔ ན༔ བྷྱོ་ཟློག༔ ཤ༔ བྷྱོ་ཟློག༔ ཙ༔ བྷྱོ་ཟློག༔ རུ༔ བྷྱོ་ཟློག༔ དུ༔ བྷྱོ་ཟློག༔ མ༔ བྷྱོ་ཟློག༔ ཡ༔ བྷྱོ་ཟློག༔ ཨ༔ བྷྱོ་ཟློག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨེ་སུཾ་ཁཾ་ཡཾ་རཾ་ཧ་ལ་སརྦ་ནད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱི་རིམ་ཕོ་ལིང་བྲིས་ལ་སྦུབས༔ (བརྡ་ཡིག་) བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་ཆེད་དུ༔ དམན་མོའི་སྲོག་འཇོམས་མེ་ཡི་འཁོར་ལོ་བསྟན༔ འདི་ལ་མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ མུ་ཁྱུད་དང་པོར་ཡིག་མགོ་ནང་བསྟན་ཏེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གནོད་བྱེད་ཉུ་ལེ་དམན་མོ་ཏྲི་ཧུར་ཐུམ་ཛཿཛྭ་ལ་རཾ་རཾ༔ ཐུམ་རི་ལི་ལི་དུ་ཏྲི་ཆིངས་ཆིངས་ཟློག་ཟློག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གནོད་བྱེད་དམན་མོ་ཉུ་ལེ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ལུས་ངག་ཡིད་གསུམ་ཆིངས་ཆིངས་ནན་ནན༔ རྨུག་རྨུག་ཛྭ་ལ་རཾ་རཾ༔ བྷྱོ་ཟློག༔ དེ་ཡི་ཕྱི་རིམ་རྩིབས་བཅུ་ལ་ཧཱུྃ་བཅུ་བྲི༔ རྩིབས་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ དེ་ཡི་འོག་ཏུ༔ གརྫ་གརྫ་ཧཱུྃ་ཕཊ༔ རྩིབས་གཉིས་པར༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ དེའི་འོག་ཏུ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ གསུམ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ དེའི་འོག་ཏུ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ བཞི་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ དེའི་འོག་ཏུ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྔ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ དེའི་འོག་ཏུ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དྲུག་པར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ དེའི་འོག་ཏུ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བདུན་པར༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ དེའི་འོག་ཏུ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ བརྒྱད་པར༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ དེའི་འོག་ཏུ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ དགུ་པར༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ དེའི་འོག་ཏུ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བཅུ་པར༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ དེའི་འོག་ཏུ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ རྩིབས་མཆན་ལ༔ ཉུ་ལེ་ནག་མོ་ཏྲི་རྦད་བྷྱོ༔ ཉུ་ལེ་གྲོང་རྒྱུག་མོ་ཏྲི་རྦད་བྷྱོ༔ འདོད་ཆགས་དམར་མོ་རཱ་ཧུ་ཏྲི་རྦད་བྷྱོ༔ གནམ་སྨན་དུང་རྩི་ཏྲི་རྦད་བྷྱོ༔ བལ་མགོ་དམར་མོ་ཏྲི་རྦད་བྷྱོ༔ གནམ་ཐེའུ་དཀར་མོ་ཏྲི་རྦད་བྷྱོ༔ ཀླུ་སྲིན་སྔོན་མོ་ཏྲི་རྦད་བྷྱོ༔ ཉུ་ལེ་ཀླུ་ཆེན་ཏྲི་རྦད་བྷྱོ༔ ས་བདག་མ་ཡམས་ཏྲི་རྦད་བྷྱོ༔ བདུད་ཐེའུ་སརྦ་ཏྲི་རྦད་བྷྱོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་གྷ་གྷ་གྷ་ཏ་ཡ་སརྦ་དུཥྚན་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་ཀཱི་ལི་ཀཱི་ལ་ཡ་ཕཊ༔ མཐར་མོ་ལིང་བྲི༔ དེའི་ཕྱི་རིམ་འདི་ལྟར་ལྷག་ཆད་མེད་པར་བྲི༔ ཧཱུྃ་ཧཱུྃ༔ གྲུ་བུ་གྲུ༔ ཨ་པ་ཙེ༔ རུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ་ཡཀྴ་བྱིན་ཡཀྴ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ནན༔ བྷྱོ་བྷྱོ་ཟློག༔ ཧ་ལ་ནག་པོ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་མུ་ཁྱུད་རྩིབས་རྣམས་ཀྱི༔ ཡི་གེ་གྲལ་གཞུག་འཁོར་བ་ལས༔ འཕྲེང་བཅད་འབྲི་བཅག་མི་རུང་ངོ་༔ འདི་བས་ལྷག་པའི་མན་ངག་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་དཀོན༔ ཕྱི་ནང་གསང་བའི་བར་ཆད་སེལ༔ ལྷ་འདྲེའི་སྲོག་སྙིང་དམར་འབྱིན་འདི༔ མང་པོ་སྤེལ་ན་རང་ལ་འཁུ༔ མ་ཟད་མཁའ་འགྲོའི་བཀའ་ཆད་འོང་༔ སྲོག་གི་ཕྱིར་ཡང་རྒྱ་མི་བཀྲོལ༔ གཏད་དོ་གཉེར་རོ་བཀའ་ཡི་རྒྱ༔ བསྟན་སྲུང་རྒྱལ་པོ་མ་རུ་ཙེ༔ རྫོགས་ཆེན་བཀའ་ཡི་སྲུང་མ་ཆེ༔ ཁྱོད་ལ་གཉེར་རོ་ལས་མ་གཡེལ༔ བཀའ་འདིའི་ཕྱི་ཡི་གཉེར་དུ་བསྐོས༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྔགས་སྲུང་ཨེ་ཀ་ཛ་ཊཱི་མ༔ མ་ཚོགས་ཡོངས་ཀྱི་སྤྱི་རྗེ་མོ༔ བཀའ་འདིའི་ནང་གི་སྲུང་མར་བསྐོས༔ གསང་གསུམ་དམ་ཚིག་གཉན་གྱི་རྒྱ༔ སྨོན་ལོག་བདུད་པོའི་སྲོག་ལ་ཡ༔ ལྟ་ལོག་ཅན་ལ་གསང་རྒྱས་ཐོབས༔ ལེགས་ཉེས་ཤན་འབྱེད་ལེགས་ཉེས་བདག༔ མ་མོ་ཉེར་བརྒྱད་བཅུ་གཉིས་ལ༔ བཀའ་འདིའི་གསང་བའི་གཉེར་གཏད་དོ༔ བསྟན་དགྲ་དམ་ཉམས་ལོག་དྲེད་ཅན༔ གཤེ་ཞིང་སྒྲོ་སྐུར་བྱེད་མཁན་རྣམས༔ མ་འགྱང་མངོན་སྤྱོད་དྲག་པོ་ཡིས༔ བཀའ་ཡི་ཆད་པས་དབང་པོ་བསྣུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན༔ བསྟན་དགྲའི་སྲོག་འཇོམས་འཁོར་ལོ་བསྟན༔ འདི་ལ་མུ་ཁྱུད་རིམ་གསུམ་བསྐོར༔ མུ་ཁྱུད་དང་པོར་ཡིག་མགོ་ཕྱིར༔ བསྟན་ཏེ་དབུ་ཅན་ཚང་བར་བྲི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ་ས་མ་ཡ་ཛ༔ དགྲ་བོ་ཆེ་གེ་མོའི་སྲོག་ལ་རྦད་ཡ་ཁུག་ཛ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ མོ་ཧ་གྷ་ཏ་ཡ་དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ༔ དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་མཱ་ར་ཡ་རྦད་རྦད༔ ཐུམ་རི་ལི་ལི་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷ་ཧཱུྃ༔ དགྲ་བོ་ཆེ་གེ་ཁུག་རྦད༔ སརྦ་དྷརྨ་པཱ་ལ་ས་མ་ཡ༔ དགྲ་བོ་ཆེ་གེ་མོ་ཁུག་རྦད་ནན༔ སརྦ་ཀྵེ་ཊ་པཱ་ལ་སརྦ་ས་མ་ཡ༔ དགྲ་བོ་ཆེ་གེ་མོ་ཁུག་རྦད་ནན༔ སརྦ་ལོ་ཀ་པཱ་ལ་སརྦ་ས་མ་ཡ༔ དགྲ་བོ་ཆེ་གེ་མོ་ཁུག་རྦད་ནན༔ མཐར་ཕོ་ལིང་བྲིས་ལ་སྦུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དགྲ་བོའི་སྲོག་རྩ་དམར་འབྱིན་ནི༔ མུ་ཁྱུད་རིམ་པ་གསུམ་དུ་བསྐོར༔ མུ་ཁྱུད་དང་པོ་ལ་ཡིག་མགོ་ནང་དུ་བསྟན་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བོ་ཆེ་གེ་མོའི་མཐའ་རྩ་སྐྱེ་བརྒྱུད་ནྲྀ་བཛྲ་ཨཾ་ཀུ་ཤ་ཛ་ཛ༔ ནྲྀ་རྦད་ཁུག་ནན༔ དེ་ཡི་ཕྱི་རིམ་ལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཀྴ་ཀཱི་ལི་ཀཱི་ལ་ཡ་དགྲ་བོ་ཆེ་གེ་མོའི་མཐའ་རྩ་སྐྱེ་བརྒྱུད་ཁུག་ཛ༔ རྦད་ཛ༔ ཛྭ་ལ་པ་ཡ་ཛ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཤར་དུ་མེ་ཞགས་བྲི༔ དགྲ་བོ་ཆེ་གེ་ནྲྀ་ཛྭ་ལ་རཾ་རཾ༔ ལྷོར་རི་རབ་བྲི༔ དགྲ་བོ་ཆེ་གེ་ཐིབ་ཐིབ་རྨུག་རྨུག་སོད༔ ནུབ་ཏུ་བྲག་རི་ལ༔ དགྲ་བོ་ཆེ་གེ་མོ་ཡཾ་ཡཾ་རྦད་རྦད་རྦབ་གྲིར་སོད༔ བྱང་དུ་ཆུ་རི་བྲིས་ལ༔ དགྲ་བོ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་སོད་སོད༔ བར་མཚམས་སུ༔ དགྲ་བོ་ཆེ་གེ་ཁུག་ཛ༔ ཤ་རི་དུག་གིས་སྐོམ༔ ཁྲག་མཚོ་རྩ་ནས་སྐོམ༔ མེ་དྲོད་གཏིང་ནས་སོད༔ རླུང་དབུགས་འབྱུང་འཇུག་ཆོད༔ རུས་པ་མེ་ལ་རཾཿསེམས་ཀྱི་མར་མེ་སོད༔ མཛའ་གྲོགས་ཧུར་ཐུམ་སོད༔ སྐྱེ་བརྒྱུད་ཆོད༔ ཨཾ་ཀུ་ཤ་ཛ༔ ཛྭ་ལ་པ་ཡ་རིང་རིང་ཕྱེས་ཕྱེས་ཏ་ཐ་ཡ་རྦད་རྦད་ནན་ནན༔ ཕྱི་རིམ་མོ་ལིང་བྲིས་ཏེ་གན་རྐྱལ་བྱ༔ དགྲ་བོའི་སྲོག་སྙིང་དམར་འབྱིན་འདི༔ གང་ལ་བསྔགས་ཀྱང་ཐོགས་མེད་བརླག༔ ས་ཆུ་མེ་རླུང་གང་ལ་ཡང་༔ དགྲས་མི་རྙེད་པར་གསང་བར་སྦ༔ བཀའ་ཡི་སྲུང་མར་གཉེར་གཏད་དོ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཀའ་རྒྱ༔ བརྡ་ཐིམ༔ (བརྡ་ཡིག་) བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཞི་བྱེད་སྔགས་ཀྱི་ཕྲེང་བ་བསྟན༔ ཚུལ་ལ་གནས་པའི་རྣལ་འབྱོར་ལ༔ མི་འདོད་ནད་ཀྱིས་ཉེས་བྱུང་ཚེ༔ རང་ཉིད་བཛྲ་ཀཱི་ལར་བསྒོམ༔ སྨིན་མཚམས་ཐད་ཀྱི་ནམ་མཁའ་ལ༔ པད་ཉི་བདུད་དཔུང་བསྣོལ་མའི་སྟེང་༔ ཧཱུྃ་ལས་བཛྲ་ཀུ་མཱ་ར༔ དཀར་གསལ་ཞལ་གསུམ་ཕྱག་དྲུག་པ༔ གཡས་མཐིང་གཡོན་དམར་རྔམས་པའི་ཞལ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་དང༔ གནམ་ལྕགས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་གཉིས་ཞི་བའི་མེ་ཞགས་དང་༔ ཁ་ཊྭཱྃ་རྩེ་གསུམ་མེ་འབར་བསྣམས༔ ཐ་གཉིས་ཕུར་པ་འདྲིལ་བར་བྱེད༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་དཔལ་ཆས་རྒྱན་རྫོགས་ཤིང་༔ རྒྱས་འདེབས་དཀར་མོ་གཡོན་ནས་འཁྲིལ༔ གྲི་གུག་ཐོད་ཁྲག་ཡབ་སྟོབ་འཁྱུད༔ སྐུ་ལ་རྒྱལ་བའི་ཞིང་ཁམས་རྫོགས༔ གནས་གསུམ་འོད་འཕྲོས་ཡེ་ཤེས་པ༔ སྤྱན་དྲངས་དམ་ཡེ་དབྱེར་མེད་བསྟིམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཟླས་པས་སྐུ་ཡི་ཆ་རྣམས་ལས༔ དུང་མདོག་སྣུམ་འདྲིལ་འོད་ཟེར་ནི༔ རྣོ་ཕྲ་རང་གི་བ་སྤུའི་སྒོར༔ ཞུགས་པས་ལུས་ཀྱི་བག་ཆགས་ནད༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ མི་འདོད་ནད་ཀྱི་ཟུག་རྔུ་ཀུན༔ བདེ་སྟོང་ཡེ་ཤེས་ཆེན་པོར་དག༔ ལས་ཉོན་རྐྱེན་གྱིས་གྱུར་པའི་བགེགས༔ རང་རིག་གཞི་མེད་རྩ་བྲལ་ཉིད༔ རྡོ་རྗེ་གཞོན་ནུའི་ཀློང་དུ་འདྲེས༔ སྣང་སྲིད་ཁྱབ་གདལ་ཆོས་སྐུའི་ཀློང་༔ གྲགས་སྟོང་འགགས་མེད་སྔགས་ཀྱི་སྒྲ༔ དྲན་བསམ་ཆོས་ཉིད་རོལ་པའི་ཀློང༔ ཕཊ་ཅེས་དྲག་ལ་ངར་ལྡན་གྱིས༔ སྡུག་བསྔལ་བདེ་སྟོང་དབྱིངས་སུ་སྤར༔ རིག་སྟོང་རྗེན་པར་མ་བཅོས་བཞག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ནད་གདོན་བར་ཆད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་མང་བཟླས་པས་ནད་གདོན་གྱིས༔ བཅིངས་པ་ཀུན་ལས་ངེས་གྲོལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ཡང་ན་རང་ཉིད་ལྷ་བསྒོམས་པའི༔ སྙིང་གུར་སྨུག་པོའི་ནང་དབུས་སུ༔ ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གསོར་ཞིང་ཕུར་པ་འདྲིལ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་བརྒྱན་མེ་དཔུང་འབར༔ རབ་འཇིགས་ཁྲོ་གཏུམ་རྔམས་བརྗིད་ཀྱི༔ བ་སྤུའི་སྒོ་ནས་འོད་དང་ཟེར༔ དཀར་སེར་དམར་ལྗང་མཐིང་ག་ནི༔ གྲངས་མེད་སྤུ་ཤད་གཤིབ་པ་བཞིན༔ རིམ་བདུན་འཁོར་ལོའི་རྩ་རུ་ཞུགས༔ ནད་གདོན་སྡིག་སྒྲིབ་བག་ཆགས་ཀུན༔ ཡེ་ཤེས་འོད་ཟེར་ངང་དུ་ཞི༔ གཅེས་འཛིན་ཐ་མལ་ལུས་པོ་ཡང་༔ ཟང་ཐལ་འོད་ཀྱི་རང་བཞིན་གྱུར༔ བདེ་སྡུག་ཉེ་བར་ལེན་པའི་སེམས༔ ཆོས་ཉིད་འོད་གསལ་ངང་དུ་གྲོལ༔ ནད་དང་ན་མཁན་གཉིས་མེད་དུ༔ ཡུལ་མེད་ཟང་ཐལ་ངང་ལ་བཞག༔ ཕུང་ཁམས་སྐྱེ་མཆེད་འོད་དུ་ཞུ༔ ཐིག་ལེ་ཉག་གཅིག་ཆོས་སྐུའི་མཁར༔ གཉིས་མེད་མཐའ་བྲལ་རོལ་པར་ཨ༔ ཨོཾ་བཛྲ་དྷརྨ་ཀཱ་ཡ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་དུཿཁ་ཨ་པ་ན་ཡེ་སྭཱ་ཧཱ༔ བཟླས་པས་ནད་གདོན་ཉེས་ཀུན་གྱིས༔ བཅིངས་པ་ལས་ནི་ངེས་པར་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་པདྨ་བདུད་འདུལ་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ སྲེག་བླུགས་ཡེ་ཤེས་མེ་འོད་བསྟན༔ འདི་ཉིད་ལག་ལེན་རིམ་པ་ནི༔ མེ་ཐབ་ཟླུམ་ལ་དཀར་གསལ་དབུས༔ ཞི་བའི་ཤིང་སྣ་ཟླུམ་པོར་སྤུངས༔ རྫས་ལ་དཀར་གསུམ་མངར་གསུམ་དང་༔ འབྲུ་སྣ་འབྱོར་ཚོགས་འདོད་ཡོན་བཤམ༔ དང་པོ་སྐྱབས་སེམས་སྔོན་དུ་འགྲོ༔ ཧཱུྃ༔ གློ་བུར་རྣམ་པར་རྟོག་པའི་བགེགས༔ རྟོག་མེད་ཆོས་སྐུའི་ཀློང་དུ་ཕཊ༔ སྣང་སྲིད་གདལ་ཁྱབ་ཀུན་བཟང་ཀློང་༔ ལོག་པར་འདྲེན་པའི་མིང་ཡང་མེད༔ དེ་ནས་གཞལ་ཡས་ཁང་ལྷ་བསྒོམ་པ་ནི༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་དུ༔ པད་ཉི་བདུད་དཔུང་བསྣོལ་བའི་སྟེང་༔ ཧཱུྃ་ལས་རྡོ་རྗེ་ཕུར་པ་ནི༔ དཀར་གསལ་ཞལ་གསུམ་ཕྱག་དྲུག་པ༔ གཡས་མཐིང་གཡོན་དམར་ཁྲོ་གཏུམ་རྔམས༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས༔ སྨ་ར་སྨིན་མ་མེ་འོད་འཕྲོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་དང་༔ གནམ་ལྕགས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་འཛིན༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ སྐུ་སྨད་དངུལ་ཕུར་བདུད་བགེགས་གནོན༔ ཁྲོ་བོའི་ཆས་རྫོགས་མེ་དཔུང་འབར༔ སྐུ་ཡི་མགྲིན་པ་ཡན་ཆད་ལ༔ བླ་མ་རིག་འཛིན་ལྷ་ཚོགས་གསལ༔ ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང་༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྐུ་སྨད་དཔལ་གྱི་ཆ་རྣམས་ལ༔ མཁའ་འགྲོ་ཆོས་སྐྱོང་ཡོངས་རྫོགས་གསལ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཛཿཧཱུྃ་བཾ་ ཧོཿ ཧཱུྃ༔ གདལ་ཁྱབ་ཆོས་དབྱིངས་ཡངས་པའི་ཀློང་དཀྱིལ་ནས༔ རྫོགས་པའི་སངས་རྒྱས་རྡོ་རྗེ་ཕུར་པའི་ལྷ༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དང་བཅས་པ༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛ༔ ཧཱུྃ༔ ཡེ་ནས་འདུ་འབྲལ་མེད་པའི་ཡེ་ཤེས་ལྷ༔ དམ་ཚིག་པ་དང་གཉིས་མེད་བརྟན་བཞུགས་གསོལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་བཞེས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ ཧོཿ མ་ཧཱ་ག་ཎ་སརྦ་པཱུ་ཛ་ ཧོཿ བསྲེག་རྫས་བདུད་རྩི་ཆེན་པོར་བསྒྱུར༔ ཞལ་གྱི་ཧོམ་ཁུང་ཡངས་པ་རུ༔ བསྟབས་པས་ལྷ་ཚོགས་ཐུགས་མཉེས་ཤིང་༔ སྐུ་ལས་མེ་འོད་དཀར་གསལ་འཕྲོས༔ རང་དང་མཁའ་མཉམ་འགྲོ་རྣམས་ཀྱི༔ ལས་ཉོན་ནད་གདོན་སྡིག་སྒྲིབ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ ཚོགས་རྫོགས་སྒྲིབ་སྦྱངས་ཉམས་ཆག་སྐོང་༔ ཞི་བའི་ཕྲིན་ལས་གྲུབ་བསམ་ཞིང་༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་བདུད་རྩིར་བསྒྱུར་བ་ཡི༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་འདི༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ ཡོངས་འདུས་རྒྱལ་བའི་དཀྱིལ་འཁོར་ལ༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་ནས༔ ཉམས་ཆག་མ་ལུས་ཀུན་དག་སྟེ༔ ཞི་བའི་ཕྲིན་ལས་འགྲུབ་ཕྱིར་འབུལ༔ བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ས་པ་རི་ཝཱ་ར་མ་ཧཱ་ག་ཎ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ལས་ཉོན་སྡིག་སྒྲིབ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་མང་ཕུལ་མཐར༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་མཐར༔ ཧཱུྃ་ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་དཔལ༔ སྐུ་གསུང་ཐུགས་ཡོན་རོལ་གར་བསམ་ཡས་པའི༔ གང་འདུལ་ཐབས་ཀྱིས་འཁོར་བ་དབྱིངས་སུ་སྒྲོལ༔ བདུད་འདུལ་རྡོ་རྗེ་ཕུར་པའི་ལྷ་ལ་བསྟོད༔ མཐར་རྗེས་རིམ་སྤྱི་ལྟར་ཚང་བར་བྱའོ༔ ཉོན་མོངས་ནད་དང་བག་ཆགས་ཀྱི༔ རྐྱེན་ལས་གྱུར་པའི་སྡུག་བསྔལ་ཀུན༔ ཚོགས་བསགས་འདི་ཡིས་བྱང་བར་འགྱུར༔ ལམ་གྱི་ལམ་མཆོག་མྱུར་ལམ་དུ༔ གྲོལ་འགྱུར་བླ་ན་མེད་པའི་ལམ༔ ཐབས་མཆོག་མ་ཧཱ་ཡོ་གའི་ལམ༔ འདི་ཉིད་རྒྱུན་དུ་ཉམས་ལེན་ན༔ ཚེ་འདིར་མཆོག་གི་དངོས་གྲུབ་འཐོབ༔ ཐེ་ཚོམ་ཅན་ལ་དངོས་གྲུབ་དཀོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་སྐལ་ལྡན་ལས་ཅན་རྣམས་ཀྱི་དོན༔ ཞི་བའི་སྲེག་བླུགས་ཡེ་ཤེས་རྒྱ་མཚོ་བསྟན༔ འདི་ཡི་ལག་ལེན་རིམ་པ་འདི་ལྟར་བྱ༔ དང་པོ་རྡོ་རྗེ་ཕུར་པའི་དལ་ཞལ་ཕྱེས༔ ལས་གཞུང་སྔོན་སོང་མཐར་ནི་འདིར་འཇུག་བྱ༔ མེ་ཡི་དཀྱིལ་འཁོར་ཟླུམ་དཀར་མཛེས་ལྡན་གྱི༔ དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ རྃ་ཡིག་དཀར་པོ་དབུ་ཅན་ཐིག་ལེ་ནུབ༔ དེ་སྟེང་ཞི་བའི་ཤིང་ཚད་སོར་བཞི་ལ༔ རྩིག་པ་ཟླུམ་པོ་ཟུར་བརྒྱད་དགུ་བརྩེགས་ལ༔ རྫས་གཞིའི་ལྟེ་བར་བུམ་པ་མགུལ་ཆིངས་དཀར༔ དེ་མཐར་ཚོགས་བཅུ་མདུན་དུ་རྣམ་ལྔ་དང་༔ གཡས་སུ་ནང་མཆོད་རྒྱབ་ཏུ་གསང་མཆོད་དང་༔ གཡོན་དུ་བྱང་སེམས་དཀར་དམར་རིམ་གྱིས་བསྐོར༔ མཐར་སྐོར་རྫས་སྣ་བཅུ་གསུམ་རིམ་བཞིན་བཀོད༔ རང་སྔགས་བརྗོད་ལ་རྫས་རྣམས་དངོས་བསམ་ཞིང་༔ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ མཆོད་པའི་ཡོ་བྱད་བྱིན་རླབས་གཞུང་བཞིན་བྱ༔ དེ་ནས་དཀར་ཕྱོགས་སྐྱོང་ལ་དཀར་གཏོར་བཏང་༔ ཤ་མཁོན་མགྲོན་ལ་ལན་ཆགས་འབྲས་ཆན་བཏང་༔ བགེགས་བསྐྲད་མཚམས་བཅད་རྡོ་རྗེའི་སྲུང་གུར་བསྒོམ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རྡོ་རྗེ་སྲུང་བའི་འཁོར་ལོ་གཞོམ་གཞིག་དང་བྲལ་བའི་དབུས་སུ༔ རྃཿཡིག་དཀར་པོ་ཡོངས་གྱུར་ལས༔ མེ་ལྷ་ཨགྣེ་རཱ་ཛ་ནི༔ སྐུ་མདོག་དཀར་གསལ་དུང་གི་མདོག༔ ཕྱག་གཡས་མེ་ཐབས་གཡོན་བགྲང་ཕྲེང་༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ར་སྐྱེས་སྟེང་དུ་ཕྱེད་སྐྱིལ་བཞུགས༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ གནས་གསུམ་འོད་དང་ཟེར་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར༔ ཨོཾ་ཨགྣེ་བཛྲ་ས་མ་ཡ་ཛ༔ ཛཿཛཿཧཱུྃ་བཾ་ཧོཿ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་བྱོན་ལྷ་ཆེན་པོ༔ ཨགྣེ་རཱ་ཛ་འཁོར་དང་བཅས༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ དགྱེས་པའི་གདན་ལ་བཞུགས་སོ་འཚལ༔ ཨོཾ་ཨགྣེ་ཨ་གཙྪཿཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཕྱི་མཆོད་འབུལ་བ་ནི༔ ཧོཿ ལྷ་རྫས་བཟང་པོའི་ཡོན་ཆབ་དང་༔ ཞབས་བསིལ་མེ་ཏོག་སྤོས་མར་མེ༔ དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ ཕྱི་མཆོད་རྣམ་པ་སྣ་ཚོགས་འདི༔ མེ་ལྷའི་རྒྱལ་པོ་ཁྱེད་ལ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣེ་མ་ཧཱ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝདྱ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ དེ་ནས་ནང་མཆོད་འབུལ་བ་ནི༔ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ནང་གི་མཆོད་པ་སྣ་ཚོགས་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨགྣེ་ཡེ་རཱུ་པ་སོགས༔ སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ དེ་ནས་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ལ༔ གསང་བ་མཆོག་གི་མཆོད་པ་འབུལ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ལ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་བསྒྲུབ་མཛད་པ༔ བདག་གཞན་དོན་གཉིས་མྱུར་འགྲུབ་སྩོལ༔ འཇིགས་བྱེད་མེ་ལྷ་ཉིད་ལ་ཕྱག་འཚལ་བསྟོད༔ ཧོཿ འཇིགས་བྱེད་མེ་ལྷའི་རྒྱལ་པོ་ཁྱོད༔ འགྲོ་བ་སེམས་ཅན་དོན་སླད་དུ༔ གནས་འདིར་སྲེག་བླུགས་མཆོད་པ་བཞེས༔ ཞི་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ དང་པོ་མར་ཁུ་འབུལ་བ་ནི༔ ཨོཾ་ཨགྣེ་ཡེ་ཨགྣེ་ཡེ་སྭཱ་ཧཱ༔ ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཉིས་པ་ཡམ་ཤིང་འབུལ་བ་ནི༔ ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་བུ་བཏགས༔ གསུམ་པ་ཏིལ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཤམ་བུ༔ བཞི་པ་ཡུངས་དཀར༔ ཨོཾ་བཛྲ་སིདྡྷ་ཡེ་སྭཱ་ཧཱ༔ ཤམ་བུ༔ ལྔ་པ་ཟས་མཆོག༔ ཨོཾ་བཛྲ་སམྦ་དེ་ཡེ་སྭཱ་ཧཱ༔ ཤམ་བུ༔ དྲུག་པ་འབྲས༔ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ ཤམ་བུ༔ བདུན་པ་ནས༔ ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ ཤམ་བུ༔ བརྒྱད་པ་སོ་བ༔ ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ ཤམ་བུ༔ དགུ་པ་གྲོ༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་པ་སྲན་མ༔ ཨོཾ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་གཅིག་པ་དཱུརྦ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཤམ་བུ༔ བཅུ་གཉིས་པ་ཀུ་ཤ༔ ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་གསུམ་པ་ཤིང་ཏོག༔ ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀ་ཏི་སྭཱ་ཧཱ༔ ཤམ་བུ༔ ཧཱུྃ༔ ཕྲིན་ལས་བསྒྲུབ་མཛད་ཆེ་བའི་མཆོག༔ མེ་ལྷའི་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པའི་ནང་དུ༔ གདལ་ཁྱབ་ལྤགས་པས་རབ་གཡོགས་ཀེང་རུས་མཁར༔ སོགས་ནས་མཆོད་འབུལ་ཡན་ཆད་རྫོགས་ནས༔ དང་པོ་མར་ཁུ༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཨ་མྲྀ་ཏེ་སྭཱ་ཧཱ༔ ཤམ་བུ༔ གཉིས་པ་ཡམ་ཤིང༔ རྩ་སྔགས་དང་༔ ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་བུ༔ གསུམ་པ་ཏིལ༔ རྩ་སྔགས་དང་༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཤམ་བུ༔ བཞི་པ་ཡུངས་དཀར༔ རྩ་སྔགས་དང་༔ ཨོཾ་བཛྲ་སིདྡྷ་ཡེ་སྭཱ་ཧཱ༔ ཤམ་བུ༔ ལྔ་པ་ཟས་མཆོག༔ རྩ་སྔགས་དང་༔ ཨོཾ་སརྦ་སམྦ་དེ་ཡེ་སྭཱ་ཧཱ༔ ཤམ་བུ༔ དྲུག་པ་འབྲས་དཀར༔ རྩ་སྔགས་དང་༔ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ ཤམ་བུ༔ བདུན་པ་ནས༔ རྩ་སྔགས་དང་༔ ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ ཤམ་བུ༔ བརྒྱད་པ་སོ་བ༔ རྩ་སྔགས་དང་༔ ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ ཤམ་བུ༔ དགུ་པ་གྲོ༔ རྩ་སྔགས་དང་༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་པ་སྲན་མ༔ རྩ་སྔགས་དང་༔ ཨོཾ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་གཅིག་པ་དཱུརྦ༔ རྩ་སྔགས་དང་༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཤམ་བུ༔ བཅུ་གཉིས་པ་ཀུ་ཤ༔ རྩ་སྔགས་དང་༔ ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་ཡེ་སྭཱ་ཧཱ༔ ཤམ་བུ༔ བཅུ་གསུམ་པ་ཤིང་ཏོག༔ རྩ་སྔགས་དང་༔ ཨོཾ་ག་གྷ་ནི་ག་གྷ་ནི་བྃ་ལོ་ཀ་ཏི་སྭཱ་ཧཱ༔ ཤམ་བུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོའི་ཕྱི་མཆོད་འདོད་ཡོན་སྤྲིན་ཕུང་ནི༔ དང་པོ་ཁྲག་གི་ཡོན་ཆབ་ལ༔ ཧཱུྃ༔ དམར་ཆེན་ཁྲག་གི་ཡོན་ཆབ་འཁྱིལ་བ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ ཞི་བ་ལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཁ་བསྒྱུར་ནི༔ རྒྱས་པ་ལ༔ ཚེ་བསོད་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ དབང་ལ༔ འཁོར་འདས་དབང་དུ་བསྡུ་བའི་ཕྲིན་ལས་མཛོད༔ དྲག་པོ་ལ༔ དགྲ་བགེགས་ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ ལས་བཞི་གཅིག་དྲིལ་ལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཨོཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་ཆུ་སེར་གྱི་ཞབས་བསིལ་ལ༔ ཧཱུྃ༔ ཆུ་སེར་རྒྱ་མཚོའི་ཞབས་བསིལ་གཏམས་པ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་པཱདྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་དབང་པོ་རྣམ་ལྔའི་མེ་ཏོག་ལ༔ ཧཱུྃ༔ དབང་པོ་རྣམ་ལྔའི་མེ་ཏོག་བཀྲམ་པ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་ཤ་ཚིལ་བདུག་སྤོས་ལ༔ ཧཱུྃ༔ ཤ་ཆེན་ཚིལ་ཆེན་བདུག་སྤོས་དམ་པ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་དྷུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་ཞུན་ཆེན་གྱི་མར་མེ་ལ༔ ཧཱུྃ༔ ཞུན་ཆེན་མར་མེ་ཉི་ལྟར་གསལ་བ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་མཁྲིས་པའི་དྲི་ཆབ་ལ༔ ཧཱུྃ༔ མཁྲིས་པའི་དྲི་ཆབ་མཚོ་ལྟར་འཁྱིལ་བ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་ཤ་རུས་ཀྱི་ཞལ་ཟས་ལ༔ ཧཱུྃ༔ ཤ་རུས་ཞལ་ཟས་རི་ལྟར་སྤུངས་པ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་ནཻ་ཝིདྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་རྐང་ཆེན་ཐོད་རྔ་ལ༔ ཧཱུྃ༔ རྐང་གླིང་ཐོད་རྔ་སྙན་པའི་རོལ་མོ་འདི༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་མཉེས་པའི་རྫས༔ དྲག་པོ་མེ་རི་འབར་བའི་དལ་དུ་འབུལ༔ མི་མཐུན་ཕྱོགས་ངན་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ནང་མཆོད་མི་ཟད་རྒྱན་འཁོར་ནི༔ དང་པོ་གཟུགས་ཀྱི་མཆོད་པ་ནི༔ ཧཱུྃ༔ གཟུགས་མ་མཐིང་གའི་ཕྱག་ན་མེ་ལོང་ཐོགས༔ མ་ངེས་གཟུགས་ཀྱི་བྱེ་བྲག་བསམ་ཡས་སྤེལ༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ གཉིས་པ་སྒྲ་ཡི་མཆོད་པ་ལ༔ ཧཱུྃ༔ སྒྲ་མ་དཀར་གསལ་ཕྱག་ན་པི་ཝང་བསྒྱུར༔ མ་ངེས་སྒྲ་ཡི་བྱེ་བྲག་བསམ་ཡས་སྤེལ༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ གསུམ་པ་དྲི་ཡི་མཆོད་པ་ལ༔ ཧཱུྃ༔ དྲི་མ་སྔོན་མོའི་ཕྱག་ན་དུང་ཆོས་བསྣམས༔ མ་ངེས་དྲི་ཡི་བྱེ་བྲག་བསམ་ཡས་སྤེལ༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ བཞི་པ་རོ་ཡི་མཆོད་པ་ལ༔ ཧཱུྃ༔ རོ་མ་སེར་གསལ་ཕྱག་ན་ཞལ་ཟས་བསྣམས༔ མ་ངེས་རོ་ཡི་བྱེ་བྲག་བསམ་ཡས་སྤེལ༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་རཱ་ས་པྲ་ཏཱིཙྪ་པཱུ་ཛ་ ཧོཿ ལྔ་པ་རེག་བྱའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རེག་མ་ལྗང་ཀུའི་ཕྱག་ན་དར་ཚོན་བསྣམས༔ མ་ངེས་རེག་བྱའི་བྱེ་བྲག་བསམ་ཡས་སྤེལ༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) གསང་བའི་མཆོད་པ་བདེ་སྟོང་ཆུ་རྒྱུན་ལ༔ དང་པོ་བདུད་རྩི་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔ བདུད་རྩི་འབྲུ་ལྔ་འདྲེས་པའི་རླངས་པ་འཕྱུར༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ གཉིས་པ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་དབྱིངས་སུ་བསྡུས་པའི་བ་ལིཾ་ཏ༔ མཆོད་པའི་སྤྲིན་ཕུང་མི་ཟད་ནམ་མཁའ་མཛོད༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ གསུམ་པ་རཀྟ་འབུལ་བ་ནི༔ ཧཱུྃ༔ ཉོན་མོངས་རྒྱུ་དྲུག་དབྱིངས་སྒྲོལ་ཁྲག་ཆེན་པོ༔ ཡེ་ཤེས་བདུད་རྩིའི་རང་བཞིན་བྱིན་བརླབས་ཏེ༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་རཀྟ་ལ་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) བླ་མེད་མཆོད་ཚོགས་ཆོས་ཉིད་སྤྲིན་ཕུང་ལ༔ དང་པོ་བྱང་སེམས་དཀར་དམར་འབུལ་བ་ནི༔ ཧཱུྃ༔ སྣང་སྟོང་དབྱེར་མེད་བདེ་ཆེན་བྱང་ཆུབ་རྒྱུན༔ བདེ་སྟོང་བདུད་རྩི་དཀར་དམར་ཨ་མྲྀ་ཏ༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ ཧོཿ གཉིས་པ་རྫས་འདུས་ནི༔ ཧཱུྃ༔ སྣང་བ་ཁྱབ་བརྡལ་ཡངས་པའི་སྣོད་མཆོག་ཏུ༔ སྲིད་པ་བཅུད་ཀྱི་མཆོད་སྤྲིན་རྒྱ་མཚོར་ཤར༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་ག་ཎ་སརྦ་པཱུ་ཛ་ ཧོཿ གསུམ་པ་བསྒྲལ་མཆོད་ནི༔ ཧཱུྃ༔ ཉོན་མོངས་བརྒྱད་ཁྲི་དེར་བྱུང་བདུད་དང་བགེགས༔ བདག་མེད་རྟོགས་པའི་ཕུར་པས་དབྱིངས་སུ་བསྒྲལ༔ གཏི་མུག་ཤ་རི་འདོད་ཆགས་ཁྲག་མཚོ་འཁྱིལ༔ ཞེ་སྡང་རུས་པའི་གྲམ་ཁྲོད་ཉི་ལི་ལི༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ མི་མཐུན་ཕྱོགས་རྣམས་ཞི་བའི་ཕྲིན་ལས་མཛོད༔ མ་ཧཱ་མ་ཏྲཾ་རཱུ་དྲ་བིགྷྣཱན་བི་ན་ཡ་ཀ་སརྦ་མཱ་ར་ཡ་ཁཱ་ཧི༔ ཧཱུྃ༔ དགྲ་བགེགས་ལོག་འདྲེན་དམ་ཉམས་ཡོངས་བསྒྲལ་བའི༔ ཤ་ཁྲག་དྲོད་དབུགས་རུས་པར་བཅས་པ་རྣམས༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ཞལ་དུ་འབུལ༔ ནད་གདོན་འཇིགས་དང་སྡུག་བསྔལ་ཞི་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ནྲྀ་ཏྲི་ལོག་འདྲེན་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ བཞི་པ་ཚོགས་མཆོད་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་ལ༔ སྣོད་བཅུད་ཚོགས་ཀྱི་འཁོར་ལོར་བསྒྱུར་ཏེ་འབུལ༔ འགྲོ་རྣམས་ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ རང་སྣང་མི་ཟད་རྒྱན་འཁོར་ལོངས་སྤྱོད་ཤོག༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ བསྟོད་པ་ལ༔ ཧཱུྃ༔ རྣམ་པར་རྟོག་པ་རྣམ་པར་གྲོལ༔ ཆོས་ཉིད་དོན་གྱི་རིག་སྐུར་ཤར༔ རྟོག་པ་ཐམས་ཅད་རྣམ་པར་གཅོད༔ རྡོ་རྗེ་རྡོ་རྗེ་ཅན་ལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) མ་འོངས་ལྔ་བརྒྱའི་ཐ་མ་ལ༔ རང་གཞན་དོན་གཉེར་རྣལ་འབྱོར་གྱིས༔ ཡོ་ག་གཉིས་བསྒྲིལ་སྲེག་བླུགས་བྱ༔ དག་པ་གསུམ་དང་ཚད་མ་གསུམ༔ ཤེས་པ་གསུམ་དང་ལམ་ཁྱེར་གསུམ༔ འདི་དག་དབྱེར་མེད་དཔང་དུ་མཆོག༔ ལས་རྣམས་གང་དང་གང་ལ་ཡང་༔ ཁ་དོག་གཞན་དུ་མ་གྱུར་པ༔ ཁ་བསྒྱུར་རྟེན་འབྲེལ་དག་པ་དང་༔ སྤྲོས་པའི་འོད་ཟེར་ཕོ་ཉ་བཏང་༔ བསྡུས་པའི་དོན་གཉེར་ཕྲིན་ལས་སྒྲུབ༔ བསྒྱུར་ཁ་མཁས་ན་འདོད་རྒུར་འབྱུང་༔ བསྒྱུར་ཁ་མི་ཤེས་ཇི་ལྟར་ན༔ འོ་མ་མ་བསྲུབས་མར་མི་འབྱུང་༔ བསྟན་པའི་ཆོས་ལ་རྫུན་པ་མེད༔ བླུན་པོར་གྱུར་པས་བཟླས་བརྗོད་དང་༔ བསྐྱེད་རྫོགས་མེད་པའི་བསྒྲུབ་པ་བྱེད༔ རང་ཉིད་རྫུན་པའི་མཚང་ལ་ལྟོས༔ འདི་ཉིད་ཉམས་སུ་ལེན་པ་ཡི༔ ལས་དང་སྐལ་བར་ལྡན་པ་རྣམས༔ རང་གཞུང་མ་ནོར་བསྐྱེད་རྫོགས་བསྒྲིལ༔ ཚེ་འདིར་ཚེ་རིང་ནད་མེད་ཅིང་༔ དཔལ་དང་ཡོན་ཏན་ཕུན་སུམ་ཚོགས༔ ཕྱི་མ་མངོན་འཚང་རྒྱ་འགྱུར་རོ༔ གསང་བའི་ཡང་གསང་གསང་རྒྱ་ཅན༔ སྔགས་བདག་སྲིད་པའི་རྒྱལ་མོ་དང་༔ མ་མོ་ཉེར་བརྒྱད་བཅུ་གཉིས་ལ༔ གཏད་དོ་གཉེར་རོ་བཀའ་ཡི་རྒྱ༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ གུ་ཧྱ༔ བརྡ་ཐིམ༔ བདག་འདྲ་པདྨ་རྡོ་རྗེ་བདུད་འཇོམས་ངས༔ ཕྱི་རབས་ལས་ཅན་དོན་ཆེད་དུ༔ རྒྱལ་པོ་འཆིང་བྱེད་ཙཀྲ་བསྟན༔ དེ་ལ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་ཏྲི་རཱ་ཙ་རྦད་ནན༔ དེ་ཡི་སྟེང་དུ༔ ཧཱུྃ་ལཾ་ལཾ་ནན་བྲི༔ འོག་ཏུ་རཾ་ཛྭ་ལ་རཾ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ་ཡིག་མགོ་ཕྱིར་བསྟན་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀྲོ་དྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་ཀཱ་ཡ་སརྦ་སམྦྷོ་ཀཱ་ཡ་སརྦ་ནིརྨ་ཀཱ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་རཱ་ཙ་རྒྱལ་འགོང་རྣམས་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ ས་མ་ཡ་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རཱ་ཙ་ཏྲི་ཧུར་ཐུམ་ཛཿནན་ཆིངས་སྒྲིབས་ཤིག༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རཱ་ཙ་ཏྲི་ཧུར་ཐུམ་ཛཿནན་ཆིངས་སྒྲིབས་ཤིག༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རཱ་ཙ་ཏྲི་ཧུར་ཐུམ་ཛཿནན་ཆིངས་སྒྲིབས་ཤིག༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རཱ་ཙ་ཏྲི་ཧུར་ཐུམ་ཛཿནན་ཆིངས་སྒྲིབས་ཤིག༔ ཅེས་བྲི༔ དེ་ཡི་ཕྱི་རིམ་རྩིབས་བཅུ་ལ་ཧཱུྃ་བཅུ་བཀོད༔ རྩིབས་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ དེའི་འོག་ཏུ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ དེའི་འོག་ཏུ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ དེའི་འོག་ཏུ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཡ་མཱནྟ་ཀ་ཧཱུྃ༔ དེའི་འོག་ཏུ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ དེའི་འོག་ཏུ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ དེའི་འོག་ཏུ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཙི་ཏ་ཧཱུྃ༔ དེའི་འོག་ཏུ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ དེའི་འོག་ཏུ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ དེའི་འོག་ཏུ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ དེའི་འོག་ཏུ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ རྩིབས་མཆན་རྣམས་ལ༔ ཏྲི་རཱ་ཙ་ཐུམ་རི་ལི་ལི་རྦད་བྷྱོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ་ཡིག་མགོ་ནང་དུ་བསྟན་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་གདུག་པ་རཱ་ཙའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མ་ར་སེ་ན་པྲ་མརྟ་ན་ཡེ་ཧཱུྃ་ཕཊ༔ བྲིཿམཐར༔ ཨོཾ་བཛྲ་སརྦ་ཀྲོ་དྷ་ཧཱུྃ་ཧྱ་གྲཱི་ཝ་ཧཱུྃ་ཛཿརཱ་ཙ་འཁུ་ན་དུམ་བུར་ཤིག་ཤིག༔ འདའ་ན་རཱ་ཙའི་ཙིཏྟ་ཕྱུང་ཕྱུང༔ ལྡོག་ན་རཱ་ཙའི་ཙིཏྟ་གཏུབ་གཏུབ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ བྷྱོ་ཟློག༔ དེ་ཡི་ཕྱི་རིམ་ལ་རྒྱལ་པོ་བསྭེ་ཐེབ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་ཁ་ངུ་བ་མིག་ཤི་མིག་ཁྲག་འཛག་པ་བྲི༔ ཕྲག་པ་གཡས་ཟླ་བ་གཡོན་ཉི་མ༔ མགོ་ཐོག་རི་རབ་རྐང་འོག་ཏུ་མེ་ཞགས་བྲི༔ འདི་ཡི་རྫས་ལ༔ མུ་ཟི་ནག་པོ་གུ་གུལ་ནག་པོ་དང་༔ གླ་རྩི་ནག་པོ་ཨ་རུ་ནག་པོ་དང་༔ ཤིང་ཀུན་བོང་བ་ཤུ་དག་ནག་པོ་དང་༔ པྲུ་བ་ནག་པོ་གྷི་ཧང་རྟ་ཡི་ཤ༔ སྦྲུལ་ཤ་ཁྱི་ཤ་ལུག་དང་བྱི་བའི་ཤ༔ ཟངས་ལྕགས་ཡུངས་དཀར་ཡུངས་ནག་ཀེ་ཤངས་མཚེ༔ ལྷན་ཅིག་སྦྱར་ལ་མུ་ཁྱུད་རྣམས་ལ་བྱུག༔ དེ་ནས་བསྒྲལ་བསད་ལྷ་བསྟིམ་ལ༔ ཚོན་སྐུད་སྣ་ལྔས་རབ་དཀྲིས་ཤིང་༔ མགུལ་དུ་བཏགས་པས་ལུས་ངག་ཡིད༔ རྒྱལ་འགོང་གནོད་པས་མི་ཚུག་གོ༔ སྔོན་གྱི་བཅིངས་པ་འདིས་གྲོལ་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ གནམ་ལྕགས་རྡོ་རྗེའི་རྫོང་དུ་ཚུད༔ མང་དུ་སྤེལ་ན་རང་ལ་འཁུ༔ སྐུ་གསུང་ཐུགས་ཀྱི་བཀའ་རྒྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ (བརྡ་ཡིག་) བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཡང་ཟབ་དབང་གི་རིམ་པ་བསྟན༔ འབྲེལ་ཐོབ་ཙམ་གྱིས་འཚང་རྒྱ་བའི༔ ལམ་གྱི་མཆོག་གྱུར་མྱུར་ལམ་མཆོག༔ འདི་འབྲེལ་སྐལ་ལྡན་ལས་ཅན་རྣམས༔ ཚེ་གཅིག་མྱུར་ལམ་སྙིང་པོར་གྲོལ༔ འདི་ཡི་ལག་ལེན་རིམ་པ་ནི༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ རྨི་ལམ་རྟགས་མཚན་བརྟག་པ་ནི༔ ཀུ་ཤ་གཙང་མ་ཆུན་པོ་གཉིས༔ སློབ་མའི་མལ་འོག་མནན་བཅུག་སྟེ༔ རྨི་ལམ་རྟགས་མཚན་བརྟག་པར་བྱ༔ ཧོཿ དཀོན་མཆོག་བདེན་པའི་ནུས་མཐུ་དང་༔ རྩ་བ་གསུམ་གྱི་བྱིན་རླབས་དང་༔ ཆོས་སྐྱོང་སྲུང་མའི་དམ་ཚིག་གི༔ བདག་ཉིད་ཡང་གསང་སྒོར་འཇུག་ཕྱིར༔ སྨིན་བྱེད་དབང་འདི་ལེན་པ་ལ༔ སྣོད་དུ་རུང་ངམ་མི་རུང་བ༔ ལེགས་ཉེས་གང་ཡིན་རྨི་ལམ་ལ༔ དོ་ནུབ་ཉིད་དུ་བསྟན་པར་མཛོད༔ བཛྲ་ས་མ་ཡ༔ ལན་གསུམ་བརྗོད་ཅིང་ཉལ་བའི་རྨི་ལམ་གྱི་ལྟས་ལེགས་ན་དབང་གི་སྒོར་འཇུག༔ མིན་ན་ཕྱིར་བསལ༔ དེ་ནས་དད་པ་དམ་ཚིག་དང་ལྡན་པའི་སློབ་བུ་རྣམས་གྲལ་དུ་འཁོད་དེ༔ སྔོན་འགྲོའི་གཏོར་མ་བཏང་༔ དེ་ནས་སློབ་མས༔ ཀྱཻ་ ཧོཿ བླ་མ་མགོན་པོ་ཆེ་བའི་མཆོག༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ དཔལ་ཆེན་བཛྲ་ཀཱི་ལ་ཡའི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ལན་གསུམ༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་དབང་གི་སྒོར་ཞུགས་ནས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ གནས་ཤིང་བསྲུང་བར་ནུས་ལགས་སམ༔ ཞེས་འདྲི༔ དེ་ནས་སློབ་མས༔ ཀྱཻ་ ཧོཿ རིགས་ཀུན་མངའ་བདག་བླ་མའི་དྲུང་༔ བདག་ནི་འདི་ནས་བྱང་ཆུབ་བར༔ རྣམ་གསུམ་རྩ་བའི་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་བསྲུང་བར་བྱ༔ ཨོཾ་བཛྲ་ས་མ་ཡ༔ དེ་ནས་བླ་མས་དམ་ཚིག་གི་བདུད་རྩི་ཐོགས་ལ༔ ཧོཿ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུང་ན་ཚེ་འདིར་མངོན་འཚང་རྒྱ༔ ཉམས་ན་ཡུན་རིང་མནར་བར་འགྱུར༔ རྟག་ཏུ་ཡིད་ལ་གནས་པར་མཛོད༔ ས་མ་ཡ་ན་ར་ཀན༔ བདུད་རྩི་ལྕེ་ལ་བཞག་གོ༔ དེ་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས༴ ཞེས་སློབ་མ་རྣམས་ལྷར་གསལ༔ ཡེ་ཤེས་པ་བསྟིམ༔ ཏིཥྛ་བཛྲ་ཞེས་བརྟན་པར་བྱ༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ ཧོཿ ཞེས་མེ་ཏོག་དོར༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་སྒྲིབ་པའི་ལིང་ཏོག་བསལ༔ དེ་ནས་བུམ་པ་ཐོགས་ལ༔ ཧོཿ བུམ་པ་འདི་ནི་གཞལ་ཡས་ཁང་༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྔགས་འཁོར་ཐོགས་ལ༔ ཧཱུྃ༔ གྲགས་སྟོང་འགགས་མེད་རྡོ་རྗེའི་གསུང་༔ རྒྱལ་ཀུན་ཡང་སྙིང་ཀཱི་ལའི་སྒྲས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་རྡོ་རྗེ་རྩེ་དགུ་ཐོགས་ལ༔ ཧོཿ རྡོ་རྗེ་ཐུགས་མཆོག་འགྱུར་བ་མེད༔ གཞོམ་བྲལ་ཐོགས་མེད་རྡོ་རྗེ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ཕུར་པའི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་མཆོག་མ་ལུས་ཡོངས་རྫོགས་དཔལ༔ ཆེ་མཆོག་བཛྲ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐུགས་མཆོག་རྡོ་རྗེའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་སྐུ་ལྔ་ལྷུན་གྲུབ་ངང་༔ ཐིག་ལེ་ཡེ་ཤེས་ལྔ་ཡི་གདངས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ མངོན་གྱུར་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ནས་རྡོ་རྗེ་ཕུར་པ་ཐོགས་ལ༔ ཧོཿ སྐུ་གསུམ་ཡོངས་རྫོགས་ཕུར་པ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ རཱུ་དྲ་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ བཀྲ་ཤིས་རྫས་རྟགས་སོགས་མཐའ་རྟེན་སྦྱིན༔ བཀྲ་ཤིས་བསྔོ་སྨོན་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་བདག་སྲིད་པའི་རྒྱལ་མོ་ཡིས༔ བཀའ་འདི་བསྲུང་བའི་གཉེར་མཛོད་ཅིག༔ དམ་ཚིག་ཅན་ལ་དབང་བསྐུར་ཅིག༔ དམ་ཉམས་སྲོག་གི་མར་མེ་བསྣུབ༔ སྐུ་གསུང་ཐུགས་ཀྱི་བཀའ་རྒྱའོ༔ བརྡ་ཐིམ༔ (བརྡ་ཡིག་) དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཡོན་ཏན་རང་མདངས་རྒྱས་པའི་སྐུ༔ ཆེ་མཆོག་རཏྣ་ཀཱི་ལ་ཡའི༔ གསང་བ་སྒོས་ཀྱི་སྒྲུབ་པ་ལ༔ འདི་ཡི་ལག་ལེན་རིམ་པ་ནི༔ དལ་ནི་གྲུ་བཞི་འདབ་བཞིའི་དབུས༔ གསེར་རམ་ར་གན་རྒྱས་ཤིང་ལས༔ ཕུར་པ་རྒྱ་མདུད་ཟུར་བཞི་བཙུག༔ དེ་ལ་རང་མདོག་དར་གྱིས་དཀྲིས༔ མཆོད་རྫས་མི་མངོན་པ་རུ་བཤམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དེ༔ དཀར་དམར་ལན་ཆགས་འབྲས་ཆན་བཏང་༔ བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ རང་ཡང་བདེ་བའི་སྟན་ལ་འཁོད༔ གཟུང་འཛིན་ཡེ་སྟོང་རིག་ཙམ་ལས༔ ལྟ་བ་གྱད་ཀྱི་ལྷར་ལང་ངོ་༔ ཧཱུྃ་ཧཱུྃ་ཧཱུྃ༔ གདལ་ཁྱབ་ཆོས་དབྱིངས་ཡངས་པའི་གཞལ་ཡས་ཁང་༔ རང་བྱུང་ཡེ་ཤེས་ལྔ་ལྡན་དལ་དབུས་སུ༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་དུ༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་ཉིད་རཏྣ་ཀཱི་ལ་ཡ༔ སེར་གསལ་ཞལ་གསུམ་ཕྱག་དྲུག་ཁྲོ་གཏུམ་འབར༔ གཡས་དཀར་རབ་འཇིགས་གཡོན་དམར་ཤིན་ཏུ་རྔམས༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཧ་ཧ་ཧཱུྃ་ཕཊ་ནམ་མཁའི་འབྲུག་ལྟར་སྒྲོགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ སྐུ་སྨད་གསེར་ཕུར་ཟུར་གསུམ་བདུད་བགེགས་གཟིར༔ ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་མཛད༔ རུས་རྒྱན་གདུ་བུ་ཐལ་ཚོམ་ཁྲག་ཐིག་བརྒྱན༔ སྤྱི་བོར་གསེར་གྱི་བྱ་ཁྱུང་སེར་པོ་ལྡིང་༔ རྭ་བར་རིན་འབྱུང་སེར་གསལ་རིན་ཆེན་དང་༔ དྲིལ་བུ་འཛིན་ཅིང་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་མ་ལུས་རྫོགས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་གསལ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ནས༔ སྐུ་ཡི་ས་བོན་བདེ་ཆེན་འཁོར་ལོར་ཞུགས༔ གསུང་གི་ས་བོན་ལོངས་སྤྱོད་འཁོར་ལོར་ཞུགས༔ ཐུགས་ཀྱི་ས་བོན་ཆོས་ཀྱི་འཁོར་ལོར་ཞུགས༔ ཡོན་ཏན་ས་བོན་སྤྲུལ་པའི་འཁོར་ལོར་ཞུགས༔ ཕྲིན་ལས་ས་བོན་བདེ་སྐྱོང་འཁོར་ལོར་ཞུགས༔ རིགས་དང་དཀྱིལ་འཁོར་ཀུན་གྱི་དབང་རྫོགས་སོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་ལྔར་འབྲུ་ལྔས་མཚན་པར་བསྒོམ༔ སླར་ཡང་འོད་འཕྲོས་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས༔ མ་ལུས་རྡོ་རྗེ་གཞོན་ནུའི་རྣམ་རོལ་དུ༔ མཚོ་ལ་ཁ་བ་བབས་ལྟར་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་བཞིན་རྣམས་པར་དག་པའི་གཞལ་ཡས་ནས༔ རྒྱལ་བ་ཀུན་འདུས་རཏྣ་ཀཱི་ལ་ཡ༔ བསྐལ་པའི་ཞིང་གི་རྡུལ་སྙེད་སྤྲུལ་འཁོར་བཅས༔ དབྱིངས་ནས་སྐུར་བཞེངས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་བཛྲ་སརྦ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཆེ་བའི་ཆེ་མཆོག་རཏྣ་ཀཱི་ལ་ཡ༔ སྤྲུལ་པ་བཀའ་སྡོད་ཡང་སྤྲུལ་འཁོར་དང་བཅས༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང་༔ ཟག་མེད་དགྱེས་པ་ཆེན་པོས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་འདུལ་ཕྱིར་ཁྲོ་བོའི་ཚུལ༔ ཞི་ཁྲོའི་གར་བསྒྱུར་རཏྣ་ཀཱི་ལ་ཡ༔ རིགས་ཀུན་གཙོ་མཆོག་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བདུད་འདུལ་ཁྲོ་མཆོག་རཏྣ་ཀཱི་ལ་ཡ༔ སྤྲུལ་དང་ཡང་སྤྲུལ་བཀའ་སྡོད་བཅས་པ་ལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་གཏེར༔ ནམ་མཁའི་མཐའ་ཀླས་ཟག་མེད་བདུད་རྩི་འབུལ༔ ཨོཾ་བཛྲ་གུ་ཧྱ་ཨརྒྷཾ་པཱདྱཾ་སོགས༔ ཤཔྡ་རཱུ་པ་སོགས༔ སྤཪྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པའི་ལྷ༔ ལྷན་སྐྱེས་ཡེ་ཤེས་རཏྣ་ཀཱི་ལ་ཡ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས༔ ཉོན་མོངས་བདུད་བགེགས་འཇོམས་མཛད་དྲག་པོའི་སྐུ༔ གཞོམ་བྲལ་ཐོགས་མེད་རྡོ་རྗེའི་སྐུར་སྟོན་པར༔ གཉིས་མེད་གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ཛབ྄་འཁོར་དངོས་གྲུབ་ཆུ་བོ་ནི༔ ཧཱུྃ༔ རང་ཉིད་རཏྣ་ཀཱི་ལའི་སྐུར་གསལ་བའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ༔ དེ་ཡི་ཐུགས་ཀར་རྡོ་རྗེ་རྩེ་དགུ་པའི༔ ལྟེ་བར་ཧཱུྃ་ཡིག་སེར་གསལ་འོད་དུ་འབར༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཐུགས་རྗེ་གཟི་བྱིན་དབང་དང་དངོས་གྲུབ་ཀུན༔ འོད་ཟེར་ཚུར་འདུས་སྔགས་ཕྲེང་ལ་ཐིམ་པས༔ དབང་བྱིན་དངོས་གྲུབ་མ་ལུས་ཀུན་ཐོབ་ཅིང་༔ གཟི་བརྗིད་རབ་འབར་ནུས་པ་རྩལ་ལྡན་བསམ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སླར་ཡང་འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ སྣང་སྲིད་འཁོར་འདས་མ་ལུས་ཀུན་ཁྱབ་ཅིང་༔ སངས་རྒྱས་བྱང་སེམས་རིག་འཛིན་རྒྱ་མཚོའི་ཚོགས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་༔ ཚེ་བསོད་དཔལ་འབྱོར་གཟི་བརྗིད་ལྡན་རྣམས་ཀྱི༔ ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་དང་༔ ཚེ་བསོད་གཟི་བརྗིད་ཡོན་ཏན་མ་ལུས་པ༔ གསེར་མདོག་འོད་ཀྱི་ཚུལ་དུ་སྤྲིན་བཞིན་འདུས༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས༔ བྱིན་རླབས་དངོས་གྲུབ་མ་ལུས་ཀུན་ཐོབ་ཅིང་༔ རྒྱས་པའི་ཕྲིན་ལས་མ་ལུས་འགྲུབ་བསམ་ཞིང་༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ༔ དག་པ་གསུམ་གྱི་ངང་ནས་སྔགས་སྒྲ་སྒྲོགས༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འཁྲུལ་པ་རྣམ་གཡེང་ལེ་ལོའི་རྟོག་པ་སྤང་༔ གཟུགས་སྣང་ཐམས་ཅད་རཏྣ་ཀཱི་ལ་ཡ༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་ཛཔ྄་དབྱངས་སྒྲོགས༔ དྲན་བསམ་ཐམས་ཅད་ཆོས་ཉིད་རོལ་པའི་ཀློང་༔ བློས་བཞག་མ་ཡིན་རིག་པའི་རང་ཀློང་དུ༔ དྲན་པ་ཙམ་གྱིས་འཁོར་འདས་མཉམ་སྦྱོར་རྫོགས༔ རང་ཉིད་ཡི་དམ་ལྷ་རུ་གསལ་བ་ཡི༔ སྐུ་ཡི་ཆ་དང་བ་སྤུའི་སྒོ་རྣམས་ལ༔ རྒྱལ་ཀུན་དཀྱིལ་འཁོར་ཡོངས་རྫོགས་གསལ་བ་ཡི༔ སྔགས་སྒྲའི་འུར་ཆེམ་སྟོང་གསུམ་གཡོ་པའི་སྒྲས༔ ཁམས་གསུམ་འཁོར་བ་དབྱིངས་སྒྲོལ་རིག་སྟོང་ཞིང་༔ ཀུན་གྱིས་སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཡང་ཡང་སྔགས་འཁོར་འོད་ཟེར་སྤྲོ་བསྡུ་བྱ༔ འདི་ལ་གོམས་པས་དབང་བྱིན་དངོས་གྲུབ་འདུ༔ ལས་གང་འདོད་ཀྱང་དམིགས་པའི་གཟེར་གྱིས་གཅུན༔ ཕྲིན་ལས་ཐོགས་མེད་འགྲུབ་པར་གདོན་མི་ཟ༔ དང་པོ་ལུས་ངག་ཡིད་གསུམ་ལྷར་བསྒོམ་པས༔ མཐར་ཐུག་ལུས་ནི་ཐ་མལ་སྣང་ན་ཡང་༔ སེམས་ནི་ཡེ་ཤེས་ལྷ་རུ་རྣམ་པར་སྨིན༔ རྣམ་པར་སྨིན་པའི་རིག་འཛིན་མཆོག་དེ་ཀུན༔ རྣལ་འབྱོར་ལུས་རྒྱའི་སྦུབས་ནས་ཐོན་པ་ནི༔ སྐུ་དང་ཞིང་ཁམས་རང་བྱུང་རང་ངོར་རྫོགས༔ ཇི་ལྟར་མཚན་མོ་མུན་ཁུང་ནང་ཞིག་ཏུ༔ སྣོད་སྦུབས་འོག་ནས་སྒྲོན་མེ་ཐོན་པ་བཞིན༔ མེ་དང་འོད་དང་གསལ་བ་རང་ངོར་རྫོགས༔ གང་ལ་རྩོལ་མེད་རང་ངོར་སྐུ་དང་ཞིང་༔ མ་བཙལ་རང་བྱུང་ལྷུན་གྱིས་གྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ བརྡ་ཐིམ༔ (བརྡ་ཡིག་) བདག་འདྲ་པདྨ་བདུད་འདུལ་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ འདོད་འབྱུང་དཔག་བསམ་ལྗོན་པའི་ཤིང་༔ མི་ཟད་གངྒཱའི་རྒྱུན་བཟང་བསྟན༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ འགྲོ་རྣམས་བསོད་ནམས་མར་འགྲིབ་དུས༔ ས་དང་ཤུགས་འགྲོའི་བཅུད་དང་གཡང་༔ ཉམས་ཤིང་ཉམས་དམན་མུ་གེ་འབྱུང་༔ མི་སྲུན་སྐྱེ་བོའི་རྐུན་ཇག་དང་༔ མནའ་ཟ་ཁྲིམས་ཟོས་སྡིག་ལས་སྤྱོད༔ དགེ་བཙུན་ཉོན་མོངས་རང་གར་སྤྱོད༔ སྲིད་པའི་མ་མོ་ལྷ་སྲིན་འཁྲུགས༔ གཅིག་ཏུ་མ་ངེས་སོ་སོའི་ནད༔ པྲ་མ་གདུག་པ་ཁ་དར་དུས༔ འདི་ལས་ལྷག་པའི་མན་ངག་ནི༔ སྟོང་གསུམ་བསྐོར་ཀྱང་རྙེད་མི་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ལག་ལེན་རིམ་པ་ནི༔ ཐོད་པ་མཚན་ལྡན་དུམ་བུ་བཞིའི༔ ནང་དུ་ཡི་གེ་བྷྲཱུྃཿགཅིག་བྲི༔ ཤོག་གུ་དཀར་པོར་བཟང་དྲུག་དང་༔ རིན་ཆེན་སྣ་ལྔས་སྔགས་འདི་བྲི༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ དཱེ་ཝི་ཤྲཱི་ཡེ་སརྦ་རཏྣ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ མ་མོ་རེ་མ་ཏཱི་སརྦ་རཏྣ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཻ་ཤྲ་མ་ཎ་སརྦ་རཏྣ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་མ་ཧཱ་ཀྲོ་དྷ་མ་རུ་ཙེ་གུ་ཎ་ཧྲི་ད་སརྦ་རཏྣ་ཙིཏྟ་སིདྡྷི་ཨ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་རཏྣ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ བྷྲཱུྃཿཀ་པཱ་ལ་སརྦ་རཏྣ་འདུས་འདུས༔ མ་མ་ཁ་དེ་སིདྡྷི་འདུས་འདུས༔ སརྦ་བ་སུ་སིདྡྷི་འདུས་འདུས༔ ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛ༔ མི་སྙིང་སྒུལ་སྒུལ༔ འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏིཥྛ་ལྷན༔ འདིར་སྒྲུབ་པ་པོ་ལ་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་ཆར་ཆེན་པོ་ཕོབ་ཅིག༔ སརྦ་རཏྣ་ཨཾ་ཀུ་ཤ་ཛ་ཛ༔ ཧུ་ཡ་ཧུ་ཡ༔ འདུས་འདུས༔ ནུབ་མེད་དུ་གནས་པ་དང་རྒྱས་པ་དང་བརྟན་པར་མཛད་དུ་གསོལ༔ སརྦ་རཏྣ་བ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏིཥྛ་བཛྲ་སྭཱ་ཧཱ༔ ཞེས་ལྷག་ཆད་མེད་པར་ཡི་གེ་དབུ་ཅན་བྲིས་ཏེ་སྙིང་པོ་ཙནྡན་དཀར་པོ་ཟུར་བཞི་ལ་ནོར་བུ་བསམ་འཕེལ་རཏྣའི་ཡི་གེ་ཅན་ལ་དཀྲིས་ཤིང་ཐོད་པའི་དབུས་སུ་བཙུག༔ འབྲུ་ལྔ་དྲི་ལྔ་སྨན་ལྔ་སྙིང་པོ་ལྔ༔ རིིན་ཆེན་ལྔ་དང་བཟང་དྲུག་ཞིང་བཟང་ས༔ མིང་བཟང་རི་ཡི་ས་དང་ཤིང་བཟང་འབྲས༔ གཞན་ཡང་ནོར་ཟས་བྱེ་བྲག་མང་པོ་ཡིས༔ ཐོད་པ་ཕྱུར་གྱིས་བཀང་སྟེ་དལ་དུ་བཞག༔ འབྱོར་ཚོགས་མཆོད་པའི་རྫས་ནི་རིམ་བཞིན་བཤམ༔ གུ་གུལ་བདུག་ཅིང་ཁྲུས་དང་བགེགས་བསྐྲད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་གཞུང་དུ་འཇུག་ཚུལ་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ བྱིན་ཆེན་དབབ་ཅིང་དབང་བྱིན་བླང་༔ མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ༔ རང་ཉིད་རཏྣ་ཀཱི་ལར་བསྒོམ༔ དེ་ནས་ཐོད་པ་གཞལ་ཡས་ཁང་དུ་ལྷ་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དུ་ཨ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་བི་ཤུདྡྷེ་ཧཱུྃ༔ ཁྱབ་གདལ་སྟོང་པའི་རང་མདངས་སྙིང་རྗེ་ཕྱོགས་རིས་བྲལ་བས་ཀུན་ཏུ་སྣང་བར་བརྡལ༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ ཞེས་ཀུན་ཁྱབ་སྙིང་རྗེའི་རང་མདངས་ལས་རྒྱུ་ཡི་ཡི་གེ་ཧཱུྃ་ཡིག་འོད་འབར་བ་ལས༔ འོད་ཕུང་ཁ་དོག་ལྔ་ལྡན་སྤྲོས་པས་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་བྷྲུྃ་ལས་ཡེ་ཤེས་ལྔ་རྫོགས་འོད་ལྔའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་རང་བཞིན་དུ་གྱུར༔ བྷྲུྃ་ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དེ་དབུས་པདྨ་ཉི་མ་འབར་བའི་དལ༔ བདུད་བགེགས་དམ་སྲི་ཕོ་མོ་བསྣོལ་བའི་སྟེང་༔ རང་བྱུང་རྒྱུ་ཡི་ཡི་གེ་ཧཱུྃ་སེར་ལས༔ སྤྲོས་པས་རྒྱལ་ཀུན་གཟི་བྱིན་དབང་དངོས་གྲུབ༔ སྣོད་བཅུད་བཀྲག་མདངས་གཟི་བྱིན་མ་ལུས་པ༔ བསྡུས་པས་དཔལ་ཆེན་རཏྣ་ཀཱི་ལ་ཡ༔ སེར་གསལ་ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་བརྗིད༔ གཡས་དཀར་རབ་བཞད་གཡོན་དམར་ཤིན་ཏུ་རྔམས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ འདོད་འབྱུང་རཏྣ་རིགས་ལྔས་དབུ་ལ་བརྒྱན༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་འབར༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ རྡོ་རྗེ་རིན་ཆེན་གཤོག་པ་མཁའ་ལ་གདེངས༔ སྐུ་སྨད་གསེར་ཕུར་ཟུར་གསུམ་གདོན་ཚོགས་གཟིར༔ རཏྣ་རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ སྤྱི་བོར་རིན་འབྱུང་སེར་གསལ་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་ནོར་བུ་གཡོན་པས་དྲིལ་བུ་བརྟེན༔ ཤར་དུ་མ་ལས་སྲིད་པའི་རྒྱལ་མོ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་ཞི་ཚུལ་ཅན༔ ཕྱག་གཡས་རལ་གྲི་གཡོན་པས་ནེའུ་ལེ་བསྣམས༔ སྣ་ཚོགས་རཏྣ་དར་གྱི་རྒྱན་ཆ་གསོལ༔ རང་འདྲའི་ལྷ་མོ་རྣམ་བཞིས་བསྐོར་བར་བསམ༔ ཀུན་ཀྱང་རྒྱ་བོང་སེར་ཀ་བཅིབས་པར་གསལ༔ ལྷོ་རུ་བཻ་ལས་རྒྱལ་ཆེན་རྣམ་ཐོས་སྲས༔ ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་བསྣམས༔ སེང་དཀར་སྟེང་དུ་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ སེར་གསལ་ཛམ་བུའི་གསེར་ལྟར་ལྷང་ངེ་བ༔ འཁོར་དུ་ནོར་ལྷ་བརྒྱད་ཀྱིས་བསྐོར་བསམ་ཞིང་༔ ནུབ་ཏུ་ཧྲཱིཿལས་དཔལ་གྱི་ལྷ་མོ་སེར༔ ཕྱག་གཡས་ནོར་བུ་གཡོན་པས་ནེའུ་ལེ་བསྣམས༔ འཁོར་དུ་རང་འདྲའི་ལྷ་མོ་བརྒྱད་ཀྱིས་བསྐོར༔ བྱང་དུ་ཧཱུྃ་ལས་གནོད་སྦྱིན་ཆེན་པོ་ནི༔ དམར་སེར་ཕྱག་གཡས་རལ་གྲི་གཡོན་ནེའུ་ལེ༔ གཅེར་བུ་མེ་ཁྱུང་སྟེང་དུ་ཕྱེད་འགྱིང་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་རབ་ཏུ་བརྒྱན༔ འཁོར་དུ་སྤྲུལ་འཁོར་བརྒྱད་ཀྱིས་བསྐོར་བར་བསྒོམ༔ དེ་མཐར་ཡེ་ཤེས་འཇིག་རྟེན་ནོར་ལྷའི་ཚོགས༔ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་ལམ་མེར་གསལ༔ ཀུན་ཀྱང་བདེ་སྟོང་ཉམས་ལྡན་བརྩེ་བའི་ཐུགས༔ འབྲུ་ནོར་ལོངས་སྤྱོད་ཆར་ལྟར་འབེབས་པར་བསྒོམས༔ གནས་གསུམ་འོད་འཕྲོས་འཁོར་འདས་རབ་འབྱམས་ནས༔ སྲས་མཆོག་རཏྣ་ཀཱི་ལ་ལ་སོགས་པའི༔ ནོར་ལྷ་དམ་ཅན་རྒྱ་མཚོ་མ་ལུས་པ༔ དད་དང་དམ་ཚིག་དབང་གིས་སྤྱན་དྲངས་ནས༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཛཿམ་མོ་རེ་མ་ཏཱི་བཻ་ཤྲ་མ་ཎ་ཡེ་དཱེ་ཝི་ཤྲཱི་ཡེ་མ་རུ་ཙེ་ས་པ་རི་ཝཱ་ར་བཛྲ་ས་མ་ཛ་ཛ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧཱུྃ༔ རང་བཞིན་རྣམ་པར་དག་པའི་མཁའ་དབྱིངས་ནས༔ དུས་གསུམ་རྒྱལ་བའི་ཡོན་ཏན་ཡོངས་རྫོགས་དཔལ༔ སྲས་མཆོག་རཏྣ་ཀཱི་ལ་འཁོར་དང་བཅས༔ དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་གཤེགས་སུ་གསོལ༔ བྱང་ཤར་མུ་ལེ་འཁྲུལ་མཚོའི་ནང་ཤེད་ནས༔ མ་གཅིག་སྲིད་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ རྒྱལ་ཆེན་རྣམ་སྲས་འཁོར་བཅས་གཤེགས་སུ་གསོལ༔ རིན་ཆེན་ཁང་བཟང་གསེར་གྱི་རྒྱལ་མཚན་ནས༔ དཔལ་གྱི་ལྷ་མོ་འཁོར་བཅས་གཤེགས་སུ་གསོལ༔ ཧེ་ཆེན་དྷ་ནའི་དུར་ཁྲོད་ཆེན་པོ་ནས༔ གནོད་སྦྱིན་ཤན་པ་འཁོར་བཅས་གཤེགས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་ནོར་ལྷ་དམ་ཅན་ཚོགས༔ མ་ཐོགས་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རྒྱས་པའི་ལས་མཛད་རཏྣ་ཀཱི་ལ་ཡ༔ སྤྲུལ་འཁོར་བཀའ་སྡོད་ནོར་ལྷ་རྒྱ་མཚོའི་ཚོགས༔ འགྲོ་རྣམས་ཐུགས་རྗེས་སྐྱོབ་པའི་དགོངས་པ་ཡིས༔ རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གདོད་ནས་ཀུན་ཏུ་བཟང་པོའི་རོལ་པ་ལས༔ གང་ལ་གང་འདུལ་འགྲོ་བའི་དོན་ཕྱིར་དུ༔ ཡེ་ཤེས་འཇིག་རྟེན་ཚུལ་འཆང་བསམ་ཡས་སྟོན༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ ཧོཿ དེ་ནས་མཆོད་པ་འབུལ་པ་ནི༔ ཧཱུྃ༔ ཀུན་ཏུ་བཟང་པོ་རཏྣ་ཀཱི་ལ་ཡ༔ རྒྱས་པའི་ལས་མཛད་དམ་ཅན་ནོར་ལྷའི་ཚོགས༔ དངོས་གྲུབ་ཆར་ལྟར་འབེབས་པའི་དཀྱིལ་འཁོར་ལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་གཏེར༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་ངོ་བོར་གནས༔ མེ་ཏོག་བདུད་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་ཕྱི་མཆོད་འབུལ༔ ཨོཾ་བཛྲ་པུཥྤེ་སོགས་པྲ་ཏཱིཙྪ་པཱུ་ཛ་ ཧོཿ ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ༔ ཉམས་ཆག་འགལ་འཁྲུལ་ཉེས་བྱས་ལས་ཀུན་བཤགས༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ནུབ་པ་མེད་པའི་འདོད་རྒུ་ཡིད་བཞིན་སྩོལ༔ མ་ཧཱ་རཱུ་པ་སོགས་པྲ་ཏཱིཙྪ་པཱུ་ཛ་ ཧོཿ རྩ་བརྒྱད་སྟོང་སྦྱར་བདེ་སྟོང་བདུད་རྩི་དང་༔ འཁོར་བ་དབྱིངས་སུ་བསྒྲལ་བའི་ཁྲག་ཆེན་པོ༔ སྣོད་བཅུད་དབྱིངས་བསྡུས་གཏོར་མར་བཅས་ཏེ་འབུལ༔ བཞེས་ནས་ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བླ་མེད་མཆོད་པ་ནི༔ ཧཱུྃ༔ སྣང་བ་སྣོད་མཆོག་མཐའ་བྲལ་ཁྱབ་བརྡལ་ལ༔ ཆོས་རྣམས་ཟད་མེད་ཚོགས་ཀྱི་འཁོར་ལོར་ཤར༔ དངོས་གྲུབ་འགྲུབ་ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ༔ ནུབ་མེད་ཡིད་བཞིན་ནོར་གྱི་དངོས་གྲུབ་སྩོལ༔ ཨོཾ་སརྦ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་ནི༔ ཧཱུྃ༔ རྒྱལ་བ་རྒྱ་མཚོ་མ་ལུས་འདུས་པའི་དཔལ༔ ཆེ་བའི་ཆེ་མཆོག་རཏྣ་ཀཱི་ལ་ཡ༔ སྤྲུལ་པའི་རོལ་རྩལ་མ་ངེས་ཆུ་ཟླའི་གར༔ ཞི་ཁྲོའི་གར་བསྒྱུར་མཆོག་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་དོན་དུ་ཅིར་ཡང་སྣང་བའི་སྐུ༔ དམ་ཚིག་ཅན་ལ་དངོས་གྲུབ་ཆར་ལྟར་འབེབས༔ དམ་ཉམས་རཱུ་དྲའི་སྲོག་གི་གཤེད་མ་ཆེ༔ གཏེར་བདག་མ་མོ་དམ་ཅན་ཚོགས་ལ་བསྟོད༔ འདི་བཟུང་བླ་མེད་སྙིང་པོར་མཆིས་ཀྱི་བར༔ སྐད་ཅིག་མི་འབྲལ་ཟས་ནོར་དགོས་འདོད་ཆར༔ ནུབ་པ་མེད་པར་རྒྱུན་དུ་འབེབས་པར་མཛོད༔ མཆོད་དང་སྦྱིན་གཏོང་ཚོགས་བསགས་གཉེར་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) འདི་ཉིད་བཀའ་བཞིན་ཉམས་ལེན་ན༔ ཚེ་འདིར་དངོས་གྲུབ་ཆར་འབེབས་ཏེ༔ དབུལ་ཞིང་ཕོངས་པའི་སྡུག་བསྔལ་སེལ༔ ཕྱི་མར་ལོངས་སྤྱོད་གཏེར་འཐོབ་འགྱུར༔ རང་ཉིད་མི་དམིགས་འགྲོ་དོན་དུ༔ སྡུག་བསྔལ་སེལ་ཕྱིར་བསྒྲུབ་པར་བྱ༔ རང་དོན་འདོད་པའི་དངོས་གྲུབ་འཇོམས༔ གཞན་དོན་བསྒྲུབ་པའི་འབྲས་བུ་ནི༔ མི་ཟད་ལོངས་སྤྱོད་ནམ་མཁའི་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱཨྠིྀ༔ ཛཔ྄་འཁོར་དངོས་གྲུབ་གསང་མཛོད་ནི༔ རང་ཉིད་རཏྣ་ཀཱི་ལར་གསལ་བ་ཡི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གསེར་མདོག་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་རང་རང་གི༔ སྲོག་ཡིག་རང་མདོག་འོད་ཟེར་རབ་འབར་བའི༔ མཐར་སྐོར་སྔགས་ཀྱི་ཕྲེང་བས་འཁོར་བ་ལས༔ འོད་འཕྲོས་སྣང་སྲིད་འཁོར་འདས་རབ་འབྱམས་ནས༔ སངས་རྒྱས་བྱང་སེམས་རིག་འཛིན་རྒྱ་མཚོ་དང་༔ དམ་ཅན་གཏེར་བདག་ནོར་ལྷ་རྒྱ་མཚོར་བཅས༔ མ་ལུས་ལུས་པ་མེད་པ་འོད་ཀྱི་ཚུལ༔ བསྡུས་ཏེ་བདག་མདུན་རྣམས་ལ་རབ་ཐིམ་ནས༔ མཐུ་སྟོབས་གཟི་བརྗིད་ཚེ་བསོད་ཡོན་ཏན་སྟོབས༔ དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པར་བསྒོམས༔ བཟླས་པས་ལྷ་རྣམས་རྒྱུད་བསྐུལ་བརྩེར་དགོངས་བསམ༔ སྣོད་བཅུད་སྒྲ་སྐད་གཞལ་ཡས་ལྷ་སྔགས་སུ༔ དག་པ་གསུམ་གྱི་ངང་ནས་སྔགས་སྒྲ་སྒྲོགས༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་སྒྲུབ་པའི་དུས་སུ་དམིགས་རིམ་ལ༔ བདག་ཉིད་ཆེ་མཆོག་རཏྣ་ཀཱི་ལ་ཡའི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ནས༔ བདག་མདུན་ལྷ་ཚོགས་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་དང་འོད་ཟེར་དཔག་མེད་རབ་འཕྲོས་པས༔ དཀོན་མཆོག་རྩ་གསུམ་དམ་ཅན་གཏེར་བདག་ཚོགས༔ དཀྱིལ་འཁོར་ལྷ་ཡི་རྣམ་པར་སྤྱན་དྲངས་ནས༔ བདག་མདུན་ལྷ་དང་གཉིས་མེད་རོ་གཅིག་གྱུར༔ རིགས་ཀུན་དཀྱིལ་འཁོར་གཅིག་ཏུ་རྫོགས་པའོ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ མ་མོ་རེ་མ་ཏཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་བཻ་ཤྲ་མ་ཎ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་དཱེ་ཝི་ཤྲཱི་ཡེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཧཱ་ཀྲོ་དྷ་མ་རུ་ཙེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ས་མ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཧཱུྃ་ཨཱཿལས་སྦྱོར་ལ༔ བདག་མདུན་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་ཟེར་ཚ་ལ་རྩུབ་པ་དཔག་མེད་འཕྲོས༔ སྣང་སྲིད་ཁམས་ཀྱི་དྲེགས་པ་ཅན་རྣམས་དང་༔ ནོར་བདག་དྲེགས་པ་ལྷ་སྲིན་ཐམས་ཅད་ཀྱི༔ ཚེ་བསོད་དཔལ་འབྱོར་མངའ་ཐང་མ་ལུས་པ༔ ཁབ་ལེན་རྡོ་དང་ལྕགས་འཕྲད་ཅི་བཞིན་དུ༔ རང་དབང་མེད་པར་འུབ་ཀྱིས་འོད་དུ་བསྡུས༔ ཚུར་འདུས་རང་དང་བསྒྲུབ་རྫས་ལ་ཐིམ་པས༔ མཐུ་དཔལ་ཚེ་བསོད་ནུས་རྩལ་ལྡན་པར་བསམ༔ སླར་ཡང་འོད་ཟེར་མཚོན་ཆའི་ཚྭ་ཚྭ་འཕྲོས༔ བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ཀུན༔ རྡུལ་བརླག་ནུས་པ་གཏན་ནས་བཅོམ་གྱུར་ཏེ༔ རྣམ་ཤེས་ཆོས་ཉིད་རོལ་པའི་ཀློང་དུ་བཤིག༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ༔ དག་པ་གསུམ་གྱི་ངང་ནས་སྔགས་སྒྲ་སྒྲོགས༔ ཨོཾ་རཏྣ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དམིགས་པ་གནད་དང་ལྡན་པའི་ངང་ནས་བཟླ༔ ཡང་ཡང་དམིགས་པ་གསལ་བས་དོན་འབྲས་འགྲུབ༔ དམིགས་པ་རྒྱལ་པོའི་ཕོ་ཉ་ཡིས༔ གང་ལ་གཅུན་པས་ལས་རྣམས་འགྲུབ༔ དམིགས་པ་ཐུགས་རྗེའི་ལྕགས་ཀྱུ་ཡིས༔ འདོད་པའི་དོན་ཀུན་འགྲུབ་པར་འགྱུར༔ དམིགས་པ་རྡོ་རྗེ་ཐོག་གི་དབལ༔ གང་ལ་བབས་ཀྱང་ཐོགས་པ་མེད༔ འདོད་དང་སྲེད་པའི་ངར་ཚན་གྱིས༔ ལས་བསྒྲུབ་འདོད་ཀྱང་འགྲུབ་པ་མེད༔ དམིགས་པའི་ངོ་བོ་མི་དམིགས་པར༔ ཆོས་ཉིད་རོལ་པའི་རང་གདངས་སུ༔ མ་བཅོས་མ་བསླད་ངང་གིས་བཞག༔ འདོད་དོན་འབད་མེད་ངང་གིས་འབྱུང་༔ གཟུང་འཛིན་གཉིས་མེད་ཆོས་ཉིད་ཀློང་༔ རང་ཀློང་རང་བཞིན་ཤར་གྲོལ་མཉམ༔ བསྐྱེད་རྫོགས་དབྱེར་མེད་ངང་ནས་བསྒྲུབ༔ ཚེ་འདིར་མཆོག་གི་དངོས་གྲུབ་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༡༤༣བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཚེ་བསོད་རྒྱས་པའི་ལས་སྒྲུབ་ལ༔ འདོད་བྱུང་ཡིད་བཞིན་ཆར་འབེབས་པའི༔ ཙཀྲ་ཡེ་ཤེས་དྲྭ་བ་བསྟན༔ འདི་ལ་མུ་ཁྱུད་རིམ་བཞིན་བསྐོར༔ ལྟེ་བར་ནོར་བུ་རཏྣ་སེར༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡིག་མགོ་ཕྱིར་བསྟན་སྔགས་འདི་བྲི༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་རཏྣ་མངྒ་ལཾ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་དཱེ་ཝི་ཀ་ལི་དུཥྚན་ཏ་ཀ་ཧ་ན་ད་ཧ་རུ་ལུ་བྷནྡྷ་པ་ཙ་རཏྣ་ཧཱུྃ་ཕཊ༔ དཱེ་ཝི་ཀ་ལི་རེ་མ་ཏཱི་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ སརྦ་རཏྣ་སིདྡྷི་ཕ་ལ་ས་མ་ཡ་ཨ་ཝེ་ཤ་ཡ་ཨཱཿཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་ཆར་ཆེན་པོ་ཕོབ་ལ་ནུབ་མེད་དུ་གནས་ཤིང་རྒྱས་པ་དང་བརྟན་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་དཱེ་ཝི་ཤྲཱི་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ༔ སརྦ་རཏྣ་སིདྡྷི་ཕ་ལ་ས་མ་ཡ་ཨ་བེ་ཤ་ཡ་ཨཱ༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་སོགས་གོང་བཞིན༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཧཱུྃ༔ སརྦ་རཏྣ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཟས་ནོར་ལོངས་སྤྱོད་སོགས༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ སརྦ་ས་མ་ཡ༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་ཆར་ཆེན་པོ་ཕོབ་སོགས༔ དེ་མཐར་བཀྲ་ཤིས་རྟགས་བརྒྱད་བྲིས༔ ཨེ་མ༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་འདི༔ སུ་ལ་མ་སྤེལ་སྐལ་ལྡན་ཉམས་སུ་ལོངས༔ འདི་ཉིད་དགོས་འདོད་ཀུན་འབྱུང་ནོར་བུ་སྟེ༔ ལག་ལེན་བསྙེན་བཀུར་མ་ཞན་སྐལ་ལྡན་རྣམས༔ འདི་བས་ལྷག་པའི་མན་ངག་ཟབ་མོ་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་རྙེད་མི་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ༠༠༠༠༠བརྡ་ཡིག༔ ༡༤༤རྒྱས་པའི་འཁོར་ལོ་དཔག་བསམ་ལྗོན་ཤིང་ལ༔ ལག་ལེན་རིམ་པ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་ཡིད་བཞིན་ནོར་བུ་བསམ་འཕེལ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་རཏྣ་ཁམས་གསུམ་གྱི་ཟས་ནོར་ལོངས་སྤྱོད་འདོད་རྒུ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་པ་མེད་པར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་དཱེ་ཝི་ཀ་ལི་དུཥྚན་ཏ་ཀ་ཧ་ན་ད་ཧ་རུ་ལུ་བྷནྡྷ་པ་ཙ་རཏྣ་ཧཱུྃ་ཕཊ༔ མ་ཧཱ་ཀ་ལི་ཌཱ་ཀི་ནཱི་རེ་མ་ཏཱི་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ས་མ་ཡ་ཨ་ཝེ་ཤ་ཡ་ཨཱ༔ སརྦ་རཏྣ་ཁམས་གསུམ་སྲིད་གསུམ་གྱི་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་མེད་དུ་གནས་པ་དང་རྒྱས་ཤིང་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་སརྦ་རཏྣ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཁམས་གསུམ་སྲིད་གསུམ་གྱི་ཟས་ནོར་འདོད་རྒུ་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་མེད་དུ་གནས་པ་དང་རྒྱས་ཤིང་བརྟན་པར་མཛད་དུ་གསོལ༔ སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་ཛམྦྷ་ལ་ས་མ་ཡ་སརྦ་རཏྣ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ སརྦ་མངྒ་ལ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་དཱེ་ཝི་ཤྲཱི་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ༔ ཨོཾ་སརྦ་དཱེ་ཝི་ཀ་ལི་སརྦ་ས་མ་ཡ་སྣང་སྲིད་ཀྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་སྒྲུབ་པ་པོའི་དབང་དུ་སྡུས་ཤིག༔ སརྦ་རཏྣ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ནོར་འདོད་རྒུ་ལོངས་སྤྱོད་འབྱོར་པ་ཐམས་ཅད་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་མ་ཧཱ་དཱེ་ཝི་ཀ་ལི་སརྦ་ས་མ་ཡ༔ མངྒ་ལ་མ་ཎི་རཏྣ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མ་ཧཱ་ཀྲོ་དྷ་མ་རུ་ཙེ་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཁམས་གསུམ་སྲིད་གསུམ་གྱི་བཅུད་གཡང་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་སྒྲུབ་པ་པོའི་དབང་དུ་འདུ་བར་གྱུར་ཅིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཆང་བ་པོར་བཅུད་གཡང་ཟས་ནོར་འདོད་རྒུ་ལོངས་སྤྱོད་ཐམས་ཅད་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་པ་མེད་པར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་མཐར་ནོར་བུ་ཆ་བདུན་བཀྲ་ཤིས་རྫས༔ རིམ་པ་བཞིན་དུ་བསྐོར་ཏེ་བྲི༔ རྫས་ལ་བུམ་རྫས་ཉེར་ལྔ་བྱུག༔ བུག་ཚག་མེད་པར་བྱས་ལ་བསྐོར༔ མགོ་མཇུག་བསྣོལ་དང་འབྲུ་བཅག་ཀུན༔ མི་བྱེད་ཕྲེང་བ་ཇི་བཞིན་དུ༔ མུ་ཁྱུད་ལྟར་དུ་བསྐོར་བ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༡༤༦བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ལྷ་འདྲེ་མ་རུངས་ཁ་ཆིངས་བསྟན༔ འདི་ནི་མན་ངག་སྙིང་གི་ཡང་ཐིག་མཆོག༔ མི་ཤིགས་རྡོ་རྗེའི་རྫོང་ཁྲོམ་ཞེས་ཀྱང་བྱ༔ མི་འགྱུར་ཉི་ཟླའི་གྭའུ་ཞེས་ཀྱང་བྱ༔ གཞོམ་མེད་ནམ་མཁའི་སྦས་རྒྱ་ཞེས་ཀྱང་བྱ༔ འདི་ཡི་ལག་ལེན་རིམ་པ་ལ༔ མུ་ཁྱུད་རིམ་པ་བཅོ་བརྒྱད་བསྐོར༔ དབུས་ཀྱི་ལྟེ་བར་རྡོ་རྗེ་གཞོན་ནུ་ནི༔ གཞུང་ལྟར་ཡབ་ཡུམ་འཁྲིལ་སྦྱོར་མེ་འབར་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཡིག་མགོ་ཕྱིར་བསྟན་ལྷག་ཆད་མེད་པ་བྲིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་མ་ཡ་ཛ༔ ས་མ་ཡ་སྟྭཾ༔ བཛྲ་ཙཀྲ་རཀྵ་རཀྵ་སྭཱ་ཧཱ༔ མུ་ཁྱུད་གཉིས་པར་མདུན་ནས་ཕྲེང་དེད་དུ༔ ཨོཾ་བཛྲ་ཙིཏྟ་ཨ༔ བཛྲ་ས་མནྟ་བྷ་དྲ་ཨོཾ༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ༔ སྭཱ་རཏྣ་སཏྭ་ཧཱུྃ༔ ཨཱཾ་པདྨ་སཏྭ་ཧཱུྃ༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཨོཾ་བུདྡྷ་ས་ཏྭ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་ས་མ་ཡ་ཛ༔ ས་མ་ཡ་སྟྭཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་རཀྵ་ཙཀྲ་སྭཱ་ཧཱ༔ མུ་ཁྱུད་གསུམ་པར་མདུན་ནས་ཕྲེང་གྲལ་དུ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་རཏྣ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿཨོཾ་བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུྃ༔ བསྲུང་བྱའི་ལུས་ངག་ཡིད་གསུམ་ལ་ཨོཾ་གུ་ཧྱ་ཀཱ་ཡ་བཛྲ་རཀྵ་ཙཀྲ་རྒྱ༔ ཨཱཿགུ་ཧྱ་ཝཱཀ་བཛྲ་རཀྵ་ཙཀྲ་རྒྱ༔ ཧཱུྃ་གུ་ཧྱ་ཛྙཱ་ན་ཙིཏྟ་བཛྲ་རཀྵ་ཙཀྲ་རྒྱ༔ དྷརྨ་ཀཱ་ཡ་རཀྵ་རཀྵ་རྒྱ༔ སམྦྷོ་ཀཱ་ཡ་རཀྵ་རཀྵ་རྒྱ༔ ནིརྨ་ཀཱ་ཡ་རཀྵ་རཀྵ་རྒྱ༔ མུ་ཁྱུད་བཞི་པར་མདུན་ནས་ཕྲེང་དེད་དུ༔ ཨོཾ་བུདྡྷ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཛཿབུདྡྷ་ག་རུ་ཌ་ས་མ་ཡ༔ བཛྲ་རཀྵ་ཙཀྲ་ཨོཾ་བྷྲུྃ༔ ཧཱུྃ་བཛྲ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཛཿབཛྲ་ག་རུ་ཌ་ས་མ་ཡ༔ བཛྲ་རཀྵ་ཙཀྲ་ཧཱུྃ་བྷྲུྃ༔ སྭཱ་རཏྣ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཛཿརཏྣ་ག་རུ་ཌ་ས་མ་ཡ༔ བཛྲ་རཀྵ་ཙཀྲ་སྭཱ་བྷྲུྃ༔ ཨཱཾཿཔདྨ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཛཿཔདྨ་ག་རུ་ཌ་ས་མ་ཡ༔ བཛྲ་རཀྵ་ཙཀྲ་ཨཱཾཿབྷྲུྃ༔ ཧཱ་ཀརྨ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཛཿཀརྨ་ག་རུ་ཌ་ས་མ་ཡ༔ བཛྲ་རཀྵ་ཙཀྲ་ཧཱ་བྷྲུྃ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་རཀྵ་རཀྵ༔ བྷྲུྃ་ཧཱུྃ་བྷྲུྃ་ཧཱུཾ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ སྟེང་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཕཊ༔ ཤར་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཕཊ༔ ཤར་ལྷོའི་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ལྷོ་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ་ཕཊ༔ ལྷོ་ནུབ་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཕཊ༔ ནུབ་བྱང་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ བྱང་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ བྱང་ཤར་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཕཊ༔ འོག་གི་ཕྱོགས་ཀྱི་དགྲ་གདོན་གནོད་བྱེད་ཐམས་ཅད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ༔ འཆང་བ་པོ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་བྱད་ཁ་རྦོད་གཏོང་ངན་པ་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག༔ སརྦ་ཀྲོ་དྷ་ཀྲོ་དྷི་ས་མ་ཡ་ཛཿས་མ་ཡ༔ འཆང་བ་པོ་ལ་བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ བུདྡྷ་རཀྵ་ཨོཾ་བྷྲུྃ༔ རཏྣ་རཀྵ་སྭཱ་བྷྲུྃ༔ པདྨ་རཀྵ་ཨཱ༔ བྷྲུྃ༔ ཀརྨ་རཀྵ་ཧཱ་བྷྲུྃ༔ ས་མ་ཡ་རཀྵ་རཀྵ༔ ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རྒྱ་རྒྱ་རྒྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ༔ ཟླ་གམ་དབུས་སུ་བསྟན་པ་ཉེར་གཅིག་བྲི༔ ཟླ་གམ་ནང་དུ་ཡིག་མགོ་ཕྱིར་བསྟན་ལ༔ ཨོཾ་ཧཱུྃ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་མདུན་ཕྱོགས་ཀྱི་བདུན་ལ་བྲི༔ ཨོཾ་ཨོཾ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གཡས་ཕྱོགས་ཀྱི་བདུན་ལ་བྲི༔ ཨོཾ་ཨཱཿཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གཡོན་ཕྱོགས་ཀྱི་བདུན་ལ་བྲིའོ༔ བར་མཚམས་སུ༔ རཀྵ་ཧཱུྃ་བྷྲུྃ་ཧཱུྃ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བདུན་པ་ལ༔ མ་ནུ་རཀྵ་སཱི་བྷྱོ༔ བྲ་ཧྨ་ཎཱི་བྷྱོ༔ རཽ་ཏྲི་བྷྱོ༔ བེཥྞ་བཻ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ བཛྲ་མ་ཧཱ་ཀཱ་ལི་བྷྱོ༔ བཛྲ་པིངྒ་ལ་བྷྱོ༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱ་བྷྱོ༔ དཎྜ་དེ་བྷྱོ༔ རཀྵ་སཱི་བྷྱོ༔ བྷཀྵ་སཱི་བྷྱོ༔ བཛྲ་ཙ་ཀཱ་ལ་བྷྱོ༔ རཱ་ཏི་བཛྲ་བྷྱོ༔ རུ་དྷི་ར་མཏྟཱ་བྷྱོ༔ ཨེ་ཀ་ཙ་རི་ཎི་བྷྱོ༔ མ་ནོ་ར་ཧཾ་བྷྱོ༔ སིདྡྷི་ཀཾ་བྷྱོ༔ བཱ་ཡ་བཱི་བྷྱོ༔ བཛྲ་ཀུམྦྷ་ཀརྞ་བྷྱོ༔ མ་ཧཱ་མཱ་ར་ཎ་བཛྲ་བྷྱོ༔ ཨགྣཱི་ཡེ་བྷྱོ༔ བཱ་ར་ཧཱི་བྷྱོ༔ ཙ་མུཎྜི་བྷྱོ༔ སུ་ཏ་ནི་བྷྱོ༔ བ་རུ་ཎཱི་བྷྱོ༔ བཛྲ་ལམྦྷོ་ད་ར་བྷྱོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཨོཾ་ཨེ་ཀ་ཛ་ཊཱི་མ་མ་ཏྲག་རཀྵ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛཿཧཱུྃ༔ ཧཱུྃ་བྷྱོ་མ་མོ་རོ་རུ་ཕུ་རུ་རཀྵ་རུ་ལུ་རུ་ལུ་རེ་མ་ཏཱི་བཛྲ་ས་མ་ཡ་ཧཱུྃ་བྷྱོ་ཛཿཧཱུྃ་ཨ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་དམ་སྲི་རྒྱལ་བསེན་སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ བཛྲ་རྒྱ༔ རཏྣ་རྒྱ༔ པདྨ་རྒྱ༔ ཀརྨ་རྒྱ༔ བུདྡྷ་རྒྱ༔ ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་རཀྵ་རཀྵ་བྷྲུྃ་ཧཱུྃ་བྷྲུྃ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བརྒྱད་པ་ལ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཛཿབཛྲ་ཌཱ་ཀི་ནཱི་ཨཾ་ཀུ་ཤ་ཛཿཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཛཿའཆང་བ་པོའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ལས་ཉོན་རྐྱེན་གྱི་རྒྱུར་གྱུར་པའི་བྱད་མ་རྦོད་གཏོང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག༔ སརྦ་ཧ་ལ་དུཿཁ་པྲ་མ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་པཱ་ཤ་ཧཱུྃ༔ རཏྣ་ཌཱ་ཀི་ནི་པཱ་ཤ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཛཿཧཱུྃ་ཨཱཿའཆང་བ་པོའི་ཚེ་བསོད་དཔལ་འབྱོར་མངའ་ཐང་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་སརྦ་དྷརྨ་ཧྲཱིཿདཱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་ཤིང་ནུབ་པ་མེད་པར་བརྟན་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་སྥོ་ཊ་བཾ༔ པདྨ་ཌཱ་ཀི་ནཱི་སྥོ་ཊ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསརྦ་རཏྣ་བྷྲུྃ་ཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་ཆེ་བཙུན་འབངས་གསུམ་ལྷ་འདྲེ་མི་གསུམ་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིག༔ འདོད་རྒུ་དཔག་བསམ་ལྗོན་ཤིང་གི་ལོ་འབྲས་བཞིན་དུ་འབེབས་པར་གྱུར་ཅིག༔ སརྦ་རཏྣ་སརྦ་མངྒ་ལ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་གྷཎྜེ་ཧོཿ ཀརྨ་ཌཱ་ཀི་ནཱི་ཀརྨ་གྷཎྜེ་ཧ་རི་ནི་ས་སརྦ་དྷརྨ་ཧྲཱི་ད་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧཱུྃ་ཛཿ ཧོཿ གནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ གནོད་བྱེད་དུག་ལྔ་དུག་གསུམ་ལོག་པར་ལྟ་བའི་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཛྭ་ལ་རཾ་རཾ་བྷྱོ་ཟློག་ནན༔ དེ་ཡི་ཕྱི་རིམ་མུ་ཁྱུད་དགུ་པ་ལ༔ སརྦ་དྷརྨ་པཱ་ལ་སརྦ་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་ཀྵེ་ཊ་པཱ་ལ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཨོཾ་སརྦ་ཛམྦྷ་ལ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསརྦ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་ལོ་ཀ་ཌཱ་ཀི་ནཱི་སརྦ་རཏྣ་ཧྲཱི་ད་བཅུད་གཡང་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཁམས་གསུམ་སྲིད་གསུམ་གྱི་ཚེ་ཆོས་བསོད་ནམས་མངའ་ཐང་ཐམས་ཅད་སརྦ་སིདྡྷི་ཕ་ལ་སྡུད་སྡུད༔ ཨོཾ་ནྲྀ་ཨ་ཀཪྴ་ཡ་ཛཿཛཿམ་མ་ཁ་ཤི་ཁ་ཤི་ཙིཏྟ་ཧྲཱིཾ་ཛཿཧྲཱིཾ་ཛཿཛ་ཡ་ཛ་ཡ༔ ཧུ་ཡ་ཧུ་ཡ༔ བྲིང་ཛ་བྲིང་ཛཿཧྲཱིཾ་ཛཿཧྲཱིཾ་ཛཿཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་ལྷ་འདྲེ་མི་གསུམ་ཆེ་བཙན་འབངས་གསུམ་ཚེ་ཆོས་ནོར་གསུམ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་བཅུ་པ་ལ་རྡོ་ར་དང་མེ་རི་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་གཅིག་པར༔ རྣོ་བའི་འཁོར་ལོ་རྩིབས་ནི་བཅུ་རུ་བསྐོར༔ རྩིབས་དང་པོ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛཿསརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ གཉིས་པ་ལ༔ ཨོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ གསུམ་པ་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛཿསརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ བཞི་པ་ལ༔ ཨོཾ་རཏྣ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ ལྔ་པ་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛཿསརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ དྲུག་པ་ལ༔ ཨོཾ་པདྨ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ བདུན་པ་ལ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛཿསརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ བརྒྱད་པ་ལ༔ ཨོཾ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ དགུ་པ་ལ༔ ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛཿསརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ བཅུ་པ་ལ༔ ཨོཾ་བུདྡྷ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་གནོད་བྱེད་ཐུཾ་རྦད་བྷྱོ༔ རྩིབས་མཆན་རྣམས་ལ༔ སྲམ་ཁྱེ་ཉག་ར་ལྷབ་ལྷབ་གོམ་ངེ་རོལ་སྦོས་ལྷབ་ལྷབ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་གཉིས་པར༔ རྣོ་བའི་འཁོར་ལོ་རྩིབས་ནི་ཉི་ཤུ་བསྐོར༔ རྩིབས་ལ་ཧཱུྃ་རེ་དང་༔ དང་པོ་ལ༔ ཧཱུྃ་ཀཱ་ར་ཧཱུྃ༔ གཉིས་པ་ལ༔ གརྫ་གརྫ་ཧཱུྃ་ཕཊ༔ གསུམ་པ་ལ༔ བི་ཛ་ཡ་ཧཱུྃ༔ བཞི་པ་ལ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ལྔ་པ་ལ༔ ནཱི་ལ་དཎྜ་ཧཱུྃ༔ དྲུག་པ་ལ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ བདུན་པ་ལ༔ ཡ་མཱནྟ་ཀ་ཧཱུྃ༔ བརྒྱད་པ་ལ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ དགུ་པ་ལ༔ ཨཱཪྻ་ཨ་ཙ་ལ་ཧཱུྃ༔ བཅུ་པ་ལ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ བཅུ་གཅིག་པ་ལ༔ ཧྱ་གྲཱི་ཝ་ཧཱུྃ༔ བཅུ་གཉིས་པ་ལ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཅུ་གསུམ་པ་ལ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ བཅུ་བཞི་པ་ལ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ བཅོ་ལྔ་པ་ལ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བཅུ་དྲུག་པ་ལ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བཅུ་བདུན་པ་ལ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བཅོ་བརྒྱད་པ་ལ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བཅུ་དགུ་པ་ལ༔ མ་ཧཱ་བ་ལ་ཧཱུྃ༔ ཉི་ཤུ་པ་ལ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ རྩིབས་མཆན་རྣམས་ལ༔ སྟེང་གདོན་གཟའ་དང་རྒྱུ་སྐར་ཆིངས་བྷྱོ་ནན༔ གཟའ་སྐར་རྦོད་གཏོང་ཆིངས་བྷྱོ་ནན༔ ཤར་གདོན་དྲི་ཟ་ཆིངས་བྷྱོ་ནན༔ དྲི་ཟའི་རྦོད་གཏོང་ཆིངས་བྷྱོ་ནན༔ ཤར་ལྷོའི་གདོན་མེ་ལྷ་ཆིངས་བྷྱོ་ནན༔ མེ་ལྷའི་རྦོད་གཏོང་ཆིངས་བྷྱོ་ནན༔ ལྷོ་གདོན་གཤིན་རྗེ་ཆིངས་བྷྱོ་ནན༔ གཤིན་རྗེའི་རྦོད་གཏོང་ཆིངས་བྷྱོ་ནན༔ ལྷོ་ནུབ་གདོན་སྲིན་པོ་ཆིངས་བྷྱོ་ནན༔ སྲིན་པོའི་རྦོད་གཏོང་ཆིངས་བྷྱོ་ནན༔ ནུབ་ཀྱི་ཀླུ་གདོན་ཆིངས་བྷྱོ་ནན༔ ཀླུ་ཡི་རྦོད་གཏོང་ཆིངས་བྷྱོ་ནན༔ ནུབ་བྱང་གདོན་རླུང་ལྷ་ཆིངས་བྷྱོ་ནན༔ རླུང་ལྷའི་རྦོད་གཏོང་ཆིངས་བྷྱོ་ནན༔ བྱང་གདོན་གནོད་སྦྱིན་ཆིངས་བྷྱོ་ནན༔ གནོད་སྦྱིན་རྦོད་གཏོང་ཆིངས་བྷྱོ་ནན༔ བྱང་ཤར་གདོན་དབང་ལྡན་ཆིངས་བྷྱོ་ནན༔ དབང་ལྡན་རྦོད་གཏོང་ཆིངས་བྷྱོ་ནན༔ འོག་གདོན་ས་བདག་ཆིངས་བྷྱོ་ནན༔ ས་བདག་རྦོད་གཏོང་ཆིངས་བྷྱོ་ནན༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་གསུམ་པར༔ རྣོ་བའི་འཁོར་ལོ་རྩིབས་ནི་ཉེར་གཅིག་ལ༔ ཧཱུྃ་ཀཱི་ལི་ཀཱི་ལ་ཡ་ཕཊ༔ ཏྲི་བྷྱོ་ཟློག༔ ཅེས་བྲི༔ རྩིབས་མཆན་རྣམས་ལ༔ ཨཿལྷ་བྷྱོ༔ ཡཿགཤིན་རྗེ་བྷྱོ༔ མཿམ་མོ་བྷྱོ༔ དུཿབདུད་བྷྱོ༔ རུཿསྲིན་པོ་བྷྱོ༔ ཙཿབཙན་བྷྱོ༔ ཤཿགནོད་སྦྱིན་བྷྱོ༔ ནཿཀླུ་བྷྱོ༔ ར་ཙ་བྷྱོ༔ བསེན་མོ་བྷྱོ༔ རཿགཟའ་བྷྱོ༔ ཧཱུྃཿནག་པོ་བྷྱོ༔ བྷྱོཿནག་མོ་བྷྱོ༔ ཏྲིཿམིང་སྲིང་བཅོ་བརྒྱད་བྷྱོ༔ ཏྲིཿདམ་ཅན་བྷྱོ༔ ནྲྀཿདགྲ་བྷྱོ༔ དུཿགཅན་གཟན་བྷྱོ༔ ཨེཿགནམ་དལ་བྷྱོ༔ སུཾཿས་དུག་བྷྱོ༔ ཏྲིཿདུར་སྲི་བྷྱོ༔ ས་མ་ཡ་བྱད་བྷྱོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་བཞི་པར་རྣོ་བའི་འཁོར་ལོ་རྩིབས་ནི་བཅུ་དྲུག་བཀོད༔ རྩིབས་ལ༔ མ་བྷྱོ་ཛཿགནོད་བྱེད་སྣང་སྲིད་ལྷ་འདྲེ་ལྷ་སྲིན་བྷྱོ་ཟློག༔ བྲི༔ རྩིབས་མཆན་ལ༔ བྱད་མའི་དམོད་སྔགས་བྱད་མར་བྷྱོ༔ གཅིག་ལ༔ བྱད་མའི་ལྷ་སྲུང་བྱད་མར་བྷྱོ༔ རེས་མོས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅོ་ལྔ་པར༔ རྣོ་བའི་འཁོར་ལོ་རྩིབས་ནི་ཉེར་བརྒྱད་བསྐོར༔ རྩིབས་ལ་མདུན་ནས༔ མ་ནུ་རཀྴ་སཱི་བྷྱོ༔ བྲ་ཧྨ་ཎི་བྷྱོ༔ རཽ་ཏྲི་བྷྱོ༔ བེཥྞ་བཻ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎི་བྷྱོ༔ བཛྲ་མ་ཧཱ་ཀཱ་ལི་བྷྱོ༔ བཛྲ་པིངྒ་ལ་བྷྱོ༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱ་བྷྱོ༔ དཎྜི་དེ་བྷྱོ༔ རཀྴ་སཱི་བྷྱོ༔ བྷཀྵ་སཱི་བྷྱོ༔ བཛྲ་ཙ་ཀ་ལ་བྷྱོ༔ རཱ་ཏི་བཛྲ་བྷྱོ༔ རུ་དྷི་ར་མཏྟ་བྷྱོ༔ ཨེ་ཀ་ཙ་རི་ཎཱི་བྷྱོ༔ མ་ནོ་ར་ཧཾ་བྷྱོ༔ སིདྡྷི་ཀཾ་བྷྱོ༔ བཱ་ཡ་བཱི་བྷྱོ༔ བཛྲ་ཀུམྦྷ་ཀརྞ་བྷྱོ༔ མ་ཧཱ་མཱ་ར་ཎ་བཛྲ་བྷྱོ༔ ཨགྣཱི་ཡེ་བྷྱོ༔ བཱ་ར་ཧཱི་བྷྱོ༔ ཙ་མུཎྜི་བྷྱོ༔ སུ་ཏ་ནི་བྷྱོ༔ བ་རུ་ཎཱི་བྷྱོ༔ བཛྲ་ལམྦོ་ད་ར་བྷྱོ༔ རྩིབས་མཆན་ལ༔ སརྦ་གནོད་བྱེད་དུཿཏྲི་རཱུ་དྲ་ར་ཙ་བྷྱོ་ཟློག་ནན་ཆིངས༔ བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་དྲུག་པར༔ ཡིག་མགོ་ནང་དུ་བསྟན་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཀ་ཏཾ་ཀ་ཡེ་ཛ་ཡེ༔ བི་ཛ་ཡེ༔ ཨ་ཛི་ཏེ༔ ཨཱ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་གནོད་བྱེད་གདོན་བགེགས་དམ་སྲི་རྒྱལ་བསེན་ཤི་འདྲེ་ཟ་འདྲེ་ལྟོག་འགོང་དབུལ་སྲི་ཕོ་མོ་ཐམས་ཅད་ཀྱི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུཾ་རི་ལི་ལི༔ གནོད་བྱེད་གདོན་བགེགས་རྒྱལ་བསེན་དམ་སྲི་ཤི་འདྲེ་གསོན་འདྲེ་ཟ་འདྲེ་ལྟོག་འགོང་དབུལ་སྲི་ཕོ་མོ་དང་བྱད་མ་རྦོད་གཏོང་ཐམས་ཅད་ཀྱི་སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་གནོད་བྱེད་གདོན་བགེགས་རྒྱལ་བསེན་དམ་སྲི་ཤི་འདྲེ་གསོན་འདྲེ་ལྟོག་འགོང་དབུལ་སྲི་ཕོ་མོ་སརྦ་བིགྣཱན་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ་ཟློག༔ ལུས་ཆིངས་ངག་ཆིངས་ཡིད་ཆིངས་ཐུཾ་རི་ལི་ལི་རྦད་བྷྱོ་ཟློག་བསྒྲིབས་ཤིག༔ ཨོཾ་ཧ་ར་ཧ་ར་ཧཱུྃ་ཕཊ༔ མ་ཐ་མ་ཐ་ཧཱུྃ་ཕཊ༔ དྷུ་ན་དྷུ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ དྷ་ར་དྷ་ར་ཧཱུྃ་ཕཊ༔ དྷ་ར་ཡ་དྷ་ར་ཡ་ཧཱུྃ་ཕཊ༔ དྷ་རུ་ཎ་དྷ་རུ་ཎ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ བྷྱོ་ཟློག༔ ནན་ཆིངས༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་བདུན་པར་ཡིག་མགོ་ནང་དུ་བསྟན་ལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅོ་བརྒྱད་པར་ཡིག་མགོ་ཕྱིར་བསྟན་ལ༔ ཨ་ལི་ཀ་ལི་དང་རྟེན་འབྲེལ་སྙིང་པོ་ཅི་མང་བྲི་བར་བྱ༔ རྫས་ལ་བཟང་དྲུག་གི་ཝཾ་བྱང་སེམས་གཉིས༔ རྩིབས་མིན་མུ་ཁྱུད་རྣམས་ལ་ནན་དུ་བྱུག༔ ནག་པོ་དགུ་སྦྱོར་གྲི་ཁྲག་ར་ཁྲག་དང་༔ བོང་ཁྲག་རྟ་བོན་ཡུངས་དཀར་ཉུང་ནག་དང་༔ ཀེ་མཚེ་ཤངས་མཚེ་རྣམས་སྦྱར་རྩིབས་ལ་བྱུག༔ ཚོན་སྐུད་སྣ་ལྔས་དཀྲིས་ཤིང་མགུལ་དུ་བཏགས༔ འདི་བས་ལྷག་པའི་འཁོར་ལོ་ཟབ་མོ་ནི༔ སྟོང་གསུམ་ས་སྟེང་བསྐོར་ཀྱང་རྙེད་མི་འགྱུར༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དང་༔ ལྷ་འདྲེ་མ་ལུས་བསྡོང་ཡང་གླག་མི་རྙེད༔ བྱད་ཁ་རྦོད་གཏོང་ཐམས་ཅད་བཟློག་པ་དང་༔ འཇིགས་པ་ཀུན་ལས་རྒྱལ་འགྱུར་རྡོ་རྗེའི་རྫོང་༔ འཁོར་ལོའི་ཕྱི་རིམ་རྡོ་རྗེ་མང་པོས་བསྐོར༔ འཇའ་རིས་ཟླུམ་འཁྱིལ་མེ་རི་གཡས་འཁྱིལ་དང་༔ ཆུ་རི་གཡོན་འཁྱིལ་ཕྱོགས་བཞིར་བྲག་རི་དང་༔ མཚམས་བཞིར་རི་རབ་འབར་བས་བསྐོར་བར་བྱ༔ འདི་འཆང་སྐལ་ལྡན་དད་པ་མོས་གུས་ཅན༔ ཕྱི་ནང་གསང་བའི་བར་ཆད་ཀུན་ལས་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ༠༠༠༠༠༠བརྡ་ཡིག༔ ༡༥༩བདག་འདྲ་དུས་གསུམ་མཁྱེན་པ་པད་འབྱུང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་བསྒྲུབ་ནས་རྟེན་ལ་བརྟེན་བྱེད་ཕྱིར༔ བླ་རྡོ་འདོད་འབྱུང་ཡིད་བཞིན་ནོར་བུ་བསྟན༔ མ་འོངས་ང་ཡི་ཕྲིན་ལས་ཕོ་ཉ་བ༔ འབྲོག་བན་སྤྲུལ་པ་གར་དབང་བདུད་འཇོམས་གླིང་༔ ཆོས་ཀྱི་གཏེར་མཛོད་ཟད་མེད་ཀློང་དུ་བརྡོལ༔ དེ་དུས་མཚོ་རྒྱལ་ཁྱོད་ཀྱི་ཐུགས་དམ་ལ༔ གསང་བའི་ཡང་གསང་ཐུགས་ཀྱི་སྒྲུབ་པ་འདི༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ༔ བརྡ་ཡི་རིས་སུ་ཕོབ་ལ་རིན་ཆེན་གཏེར་དུ་སྦོས༔ གཏེར་བདག་དམ་ཅན་རྒྱ་མཚོར་གཉེར་གཏད་དོ༔ མ་འོངས་དུས་སུ་ལས་ཅན་བུ་ལ་སྤྲོད༔ ས་མ་ཡ༔ འདི་ཡི་ལག་ལེན་རིམ་པ་ལ༔ ཡར་ཚེས་དུས་སུ་ཕུར་བུ་རྒྱལ་དང་འགྲོགས༔ ཉི་མ་རྩེ་ཤར་དུས་སུ་གཞི་དཀར་ལ༔ ཙཀྲ་མུ་ཁྱུད་རིམ་པ་བཅོ་ལྔ་བསྐོར༔ དབུས་ཀྱི་ལྟེ་བ་ཁྱོན་ཡངས་ལྟེ་བ་རུ༔ ཡིད་བཞིན་འདོད་འབྱུང་མཐིང་ནག་འོད་འབར་བའི༔ གཡས་སུ་དམར་པོ་གཡོན་དུ་སེར་པོ་བྲི༔ དབུས་ཀྱི་ནོར་བུའི་ལྟེ་བར་སྔགས་འདི་བྲི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ༔ གཡས་ཀྱི་ནོར་བུ་དབང་གི་རྒྱལ་པོ་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་སིདྡྷི་སིདྡྷི་ཧཱུྃ་ཨཱཿགཡོན་གྱི་ནོར་བུ་རྒྱས་བྱེད་འདོད་འབྱུང་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་སིདྡྷི་སིདྡྷི་ཧཱུྃ་ཏྲཱྃ༔ ནོར་བུའི་གཡས་གཡོན་དཔག་བསམ་ལྗོན་ཤིང་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཡིག་མགོ་ཕྱིར་བསྟན་མདུན་ནས་རིམ་པ་བཞིན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འཆང་བ་པོ་ལ་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩལ་དུ་གསོལ༔ མི་ཤིགས་རྡོ་རྗེ་ལྟ་བུའི་ཚེ་མཆོག་རྙེད་པར་མཛད་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ འཁོར་ལོ་རྩིབས་བཞིར་ཧཱུྃ་བཞི་དང་༔ མདུན་ནས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་སིདྡྷི་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་སིདྡྷི་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་སིདྡྷི་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་རཏྣ་སིདྡྷི་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱཿརྩིབས་མཆན་བཞི་ལ༔ ཨོཾ་བཛྲ་ཀྲོ་དྷི་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་རཏྣ་ཀྲོ་དྷི་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་པདྨ་ཀྲོ་དྷི་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་ཀརྨ་ཀྲོ་དྷི་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་བཛྲ་ཙིཏྟ་ཨཱཿབཛྲ་ས་མནྟ་བྷ་དྲ་ཨོཾ༔ ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་ནས་ཚེ་འདི་ཉིད་ལ་མ་ཧཱ་ཨ་ཏི་ཡོ་གའི་ཀློང་དུ་གཞོན་ནུ་བུམ་སྐུའི་གཏན་སྲིད་ཟིན་པར་གྱུར་ཅིག༔ ཨོཾ་སརྦ་དྷརྨ་ཧྲཱི་ད་ཡ་མ་ཧཱ་ཨ་ཏི་ཡོ་ག་ཨཱ་ཡུརྫྙཱ་ན་པྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿའཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་བུདྡྷ་ས་ཏྭ་ས་མ་ཏི་ཨཱཿཨོཾ་བཛྲ་སཏྭ་ས་མ་ཏི་ཨཱཿཨོཾ་རཏྣ་སཏྭ་ས་མ་ཏི་ཨཱཿཨོཾ་པདྨ་སཏྭ་ས་མ་ཏི་ཨཱཿཨོཾ་ཀརྨ་སཏྭ་ས་མ་ཏི་ཨཱཿཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ སརྦ་དྷརྨ་ཀཱ་ཡ༔ སརྦ་སམྦྷོ་ཀཱ་ཡ༔ སརྦ་ནིརྨ་ཀཱ་ཡ༔ སརྦ་མ་མ་འཆང་བ་པོའི་ལས་ཉོན་སྡིག་སྒྲིབ་བག་ཆགས་རྟོག་སྒྲིབ་ངན་པ་སརྦ་ཛྙཱ་ན་པཉྩའི་ངང་དུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འཆང་བ་པོའི་ཉམས་རྟོགས་ཡོན་ཏན་ཡེ་ཤེས་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ རྩིབས་བཅུ་བཀོད༔ རྩིབས་ལ་ཧཱུྃ་དང་༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ རྩིབས་མཆན་ལ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ༔ ཟླ་གམ་དབུས་སུ་བསྟན་པ་ཉེར་གཅིག་ལ༔ ཨོཾ་ཨོཾ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་གཡས་ཕྱོགས་ཀྱི་བདུན་ལ་བྲི༔ ཨོཾ་ཨཱཿཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་གཡོན་ཕྱོགས་ཀྱི་བདུན་ལ་བྲི༔ ཨོཾ་ཧཱུྃ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་མདུན་ཕྱོགས་ཀྱི་བདུན་ལ་བྲི༔ བར་མཚམས་རྣམས་སུ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ཡི་ཕྱི་རིམ་མུ་ཁྱུད་བདུན་པ་ལ༔ ཨོཾ་བུདྡྷ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ འཆང་བ་པོ་འཇིགས་པ་དང་གནོད་པ་ཐམས་ཅད་ལས་རྒྱལ་བར་མཛད་དུ་གསོལ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་གནོད་བྱེད༴ འཆང་བ་པོ་འཇིགས་པ་དང་༴ ཨོཾ་རཏྣ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་གནོད་བྱེད༴ འཆང་བ་པོ་འཇིགས་པ་དང༴ ཨོཾ་པདྨ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་གནོད་བྱེད༴ འཆང་བ་པོ་འཇིགས་པ་དང༴ ཨོཾ་ཀརྨ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་གནོད་བྱེད༴ འཆང་བ་པོ་འཇིགས་པ་དང༴ ཨོཾ་ཁྲོཾ་ཁྲོཾ་ཛཿའཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་རཾ་རཾ་ཛྭ་ལ་རཾ་སྭཱ་ཧཱ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷ་མ་ཧཱ་ཀྲོ་དྷི་སརྦ་ས་མ་ཏི་ཨཱཿས་མ་ཡ་སྟྭཾ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ འཆང་བ་པོའི་དབང་དུ་ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་ཐམས་ཅད་བདག་འཆང་བ་པོའི་དབང་དུ་སྡུས་ཤིག༔ འདོད་རྒུ་ལོངས་སྤྱོད་ཐམས་ཅད་ཀྱི་ཆར་ཆེན་པོ་ཕོབ་ལ་ནུབ་མེད་དུ་གནས་པ་དང་རྒྱས་ཤིང་བརྟན་པར་མཛད་དུ་གསོལ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བརྒྱད་པ་ལ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་མ་མ་ཌཱ་ཀི་ནཱི་སརྦ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿཨོཾ་ཨ་ལི་ཀ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ༔ འ༔ ཨ༔ ཧ༔ ཤ༔ ས༔ མ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་ནས་ཚེ་འདི་ཉིད་ལ་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཛྙཱ་ན་ཝཱཀ་ཛྙཱ་ན་ཙིཏྟ་ཛྙཱ་ན་ས་མ་ཏི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿའཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་པ་མེད་པར་གནས་པ་དང་རྒྱས་ཤིང་བརྟན་པར་གྱུར་ཅིག༔ སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་གྱུར་ཅིག༔ ཨོཾ་སརྦ་དྷརྨ་ཧྲཱི་ད་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ཡི་ཕྱི་རིམ་མུ་ཁྱུད་དགུ་པ་ལ༔ ཨོཾ་ཨེ་ཀ་ཛ་ཊཱི་སྙིང་ཁ་རཀྨོ་མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨཱཿཨོཾ་མ་མ་ཨེ་ཀ་ཛ་ཊཱི་མ་མ་ཏྲག་རཀྴ་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་སརྦ་དྷརྨ་པཱ་ལ་ཌཱ་ཀི་ནཱི༔ སརྦ་ཀྵེ་ཊ་པཱ་ལ་ཌཱ་ཀི་ནཱི༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་ཀིང་ཀ་ར་སརྦ་ས་མ་ཡ་ཧཱུྃ་ཛཿསརྦ་རཏྣ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿའཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ༔ ལྷ་གཉན་ཀླུ་དང་ཁམས་གསུམ་སྲིད་གསུམ་གྱི་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་འཆང་བ་པོ་ཆེ་གེ་མོའི་དབང་དུ་འདུ་བར་གྱུར་ཅིག༔ ནུབ་པ་མེད་པར་རྒྱས་ཤིང་བརྟན་པར་མཛད་དུ་གསོལ༔ སརྦ་རཏྣ་སརྦ་མངྒ་ལ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཉམས་རྟོགས་ཏིང་ངེ་འཛིན་གྱི་བར་ཆད་ཐམས་ཅད་ཞི་ཞིང་ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་དུ་རྒྱས་ཤིང་ཆོས་ཉིད་འོད་གསལ་གྱི་དབྱིངས་སུ་འཇའ་ལུས་འཕོ་བ་ཆེན་པོའི་ངང་དུ་གྲོལ་བར་མཛད་དུ་གསོལ༔ སརྦ་རཏྣ་སརྦ་དྷརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཉམས་རྟོགས་ཏིང་ངེ་འཛིན་གྱི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ༔ ཨོཾ་མ་མ་ཨེ་ཀ་ཛ་ཊཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ༔ འཆང་བ་པོ་ལ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ལུས་དང་གྲིབ་མ་ལྟ་བུར་འགྲོགས་ཤིང་ཕ་མ་བུ་ཚ་ལྟ་བུར་སྐད་ཅིག་ཀྱང་འབྲལ་བ་མེད་པར་བསྲུང་བ་དང་བརྩེ་བ་དང་འགོ་བ་དང་མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ༔ བཛྲ་ས་མ་ཡ་འཆང་བ་པོ་ལ་ཧཱུྃ་བྷྲུྃ་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ༔ ཨོཾ་སརྦ་མ་ཧཱ་ཀྲོ་དྷི་སརྦ་མ་ཧཱ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ས་མ་ཡ༔ བར་ཆད་གདོན་བགེགས་རྣམ་རྟོག་ལས་ཉོན་བག་ཆགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ཐམས་ཅད་བདག་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིག་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་པདྨ་ཀྲོ་དྷ་མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ༔ ཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་ཆེ་བཙུན་འབངས་གསུམ་ལྷ་འདྲེ་མི་གསུམ་ཚེ་ཆོས་བསོད་ནམས་ཐམས་ཅད་བདག་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་པ་མེད་པར་བདག་གིས་ལོངས་སྤྱོད་པར་གྱུར་ཅིག༔ འདོད་དོན་གྲུབ་པར་མཛད་དུ་གསོལ༔ ཅི་མང་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་གཅིག་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་མ་མ་རོ་རུ་ཕུ་རུ་རཀྴ་རུ་ལུ་རུ་ལུ་རེ་མ་ཏཱི་བཛྲ་ས་མ་ཡ་ཧཱུྃ་བྷྱོ་ཛཿཧཱུྃ་ཨཱཿཔྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ༔ སརྦ་མ་མ་ཛཿབྷྱོ་སརྦ་ས་མ་ཡ༔ སརྦ་དྷརྨ་པཱ་ལ་ཌཱ་ཀི་ནཱི་སརྦ་ཀྵེ་ཊ་པཱ་ལ་ཌཱ་ཀི་ནཱི༔ སརྦ་ལོ་ཀ་པཱ་ལ་ཌཱ་ཀི་ནཱི་སརྦ་ས་མ་ཡ༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ སྭཱ་ས་མ་ཡ༔ ཧཱ་ས་མ་ཡ༔ སརྦ་ས་མ་ཡ༔ འཆང་བ་པོའི་ཆོས་སྲིད་ནོར་ལ་བར་དུ་གཅོད་པར་བྱེད་པའི་ལོག་འདྲེན་གནོད་བྱེད་ཐམས་ཅད་ཞི་ཞིང་བཟློག་པའི་ཕྲིན་ལས་མཛོད་ཅིག༔ སརྦ་མ་ཌཱ་ཀི་ནཱི་ས་མ་ཡ༔ ཁམས་གསུམ་སྲིད་གསུམ་གྱི་ཟས་ནོར་ལོངས་སྤྱོད་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་མི་ནོར་ཟས་གསུམ་ཚེ་ཆོས་འབྱོར་གསུམ་མངའ་ཐང་སྙན་གྲགས་ཉམས་རྟོགས་ཡོན་ཏན་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་པ་མེད་པར་བདག་གིས་ལོངས་སྤྱོད་པའི་དབང་དང་སྐལ་བ་ཐོབ་པར་མཛད་དུ་གསོལ༔ སརྦ་རཏྣ་མངྒ་ལ་སྭ་སྟི་སརྦ་དྷརྨ་ཀཱ་ཡ་ས་མ་ཏི་སརྦ་སམྦྷོ་ཀཱ་ཡ་ས་མ་ཏི་སརྦ་ནིརྨ་ཀཱ་ཡ་ས་མ་ཏི་ཛྙཱ་ན་པྲ་ཛྙཱ་ཛྙཱ་ན་ཧྲཱི་ད་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿའཆང་བ་པོའི་ལུས་ངག་ཡིད་གསུམ་ལ་འཇིགས་པ་དང་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག༔ བུདྡྷ་དྷརྨ་སངྒ་རཀྵ༔ གུ་རུ་དྷེ་ཝ་དྷ་ཀི་ནཱི་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་གཉིས་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ མ་ནུ་རཀྴ་སཱི་བྷྱོ༔ པྲ་ཧྨ་ཎི་བྷྱོ༔ རཽ་ཏྲི་བྷྱོ༔ བེཥྞ་བཻ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎི་བྷྱོ༔ བཛྲ་མ་ཧཱ་ཀ་ལི་བྷྱོ༔ བཛྲ་པིངྒ་ལ་བྷྱོ༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱ་བྷྱོ༔ དཎྜེ་དེ་བྷྱོ༔ རཀྴ་སཱི་བྷྱོ༔ བྷཀྵ་སཱི་བྷྱོ༔ བཛྲ་ཙ་ཀ་ལ་བྷྱོ༔ རཱ་ཏ་བཛྲ་བྷྱོ༔ རུ་དྷི་ར་མཏྟཱ་བྷྱོ༔ ཨེ་ཀ་ཙ་རི་ཎི་བྷྱོ༔ མ་ནོ་ར་ཧཾ་བྷྱོ༔ སིདྡྷི་ཀཾ་བྷྱོ༔ བཱ་ཡ་བཱི་བྷྱོ༔ བཛྲ་ཀུམྦྷ་ཀརྞ་བྷྱོ༔ མ་ཧཱ་མཱ་ར་ཎ་བཛྲ་བྷྱོ༔ ཨགྷྣཱི་བྷྱོ༔ བཱ་ར་ཧཱི་བྷྱོ༔ ཙ་མུཎྜཱི་བྷྱོ༔ པུ་ཏ་ནི་བྷྱོ༔ བ་རུ་ཎི་བྷྱོ༔ བཛྲ་ལམྦྷོ་ད་ར་བྷྱོ༔ འཆང་བ་པོས་རང་སྣང་དབང་དུ་སྡུད་ཅིང་གཞན་སྣང་ཟིལ་གྱིས་གནོན་པར་མཛད་དུ་གསོལ༔ འཆང་བ་པོའི་ཚེ་དང་སྒྲུབ་པ་མཐའ་རུ་སྐྱོལ་ལ་ཕྱི་ནང་གསང་བའི་བར་ཆད་མཚམས་སྦྱོར་ངན་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ༔ ཁམས་གསུམ་སྲིད་གསུམ་གྱི་ཟས་ནོར་ལོངས་སྤྱོད་མངའ་ཐང་ཡོན་ཏན་ཚེ་སྟོབས་གཟི་བརྗིད་སྙན་གྲགས་བཀྲ་ཤིས་བདེ་ལེགས་ཐམས་ཅད་དང་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་སྡུས་སྡུས༔ ཨ་ནྲྀ་ཨ་ཀཪྵ་ཡ་ཛཿཛཿམ་མ་ཁ་ཤི་ཁ་ཤི༔ ཙིཏྟ་ཧྲཱིཾ་ཛཿཧྲཱིཾ་ཛཿཛ་ཡ་ཛ་ཡ༔ ཧུ་ཡ་ཧུ་ཡ༔ བྲིང་ཛཿབྲིང་ཛཿཧྲཱིཾ་ཛཿཧྲཱིཾ་ཛཿཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་ཚེ་ཆོས་གཡང་གསུམ་ཆེ་བཙུན་འབངས་གསུམ་འདི་ཕྱིའི་འདོད་རྒུ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་མོ་སྲིད་པའི་རྒྱལ་མོ་རེ་མ་ཏཱི༔ ཤྲཱི་མ་ཧཱ་ཀཱ་ལི་ས་པ་རི་ཝཱ་ར་ས་མ་ཡ་ཁམས་གསུམ་སྲིད་གསུམ་མི་ནོར་ཟས་གསུམ་ཆེ་བཙན་འབངས་གསུམ་ལྷ་འདྲེ་མི་གསུམ་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅུ་གསུམ་པར༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཁམས་གསུམ་སྲིད་གསུམ་ཆེ་བཙན་འབངས་གསུམ་མི་ནོར་ཟས་གསུམ་ཚེ་ཆོས་སྙན་གྲགས་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་རཏྣ་རེ་མ་ཏཱི་བཻ་ཤྲ་མ་ཎ་དྷེ་ཝི་ཤྲཱི་ཡེ་ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཡ་སརྦ་ཛམྦྷ་ལ་སརྦ་རཏྣ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཁམས་གསུམ་སྲིད་གསུམ་གྱི་ཚེ་ཆོས་བསོད་ནམས་མི་ནོར་ཟས་གསུམ་ཆེ་བཙན་མཁས་བཙུན་འབངས་གསུམ་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་སྡུས་སྡུས༔ ཨ་ནྲྀ་ཨ་ཀཪྵ་ཡ་ཛཿཛཿམ་མ་ཁ་ཤི་ཁ་ཤི༔ ཙིཏྟ་ཧྲཱིཾ་ཛཿཛཿཛ་ཡ་ཛ་ཡ༔ ཧུ་ཡ་ཧུ་ཡ༔ བྲིང་ཛཿབྲིང་ཛཿཧྲཱིཾ་ཛཿཧྲཱིཾ་ཛཿཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་སྐྱེ་འགྲོ་ཕོ་མོ་གང་ཟག་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་བདག་འཆང་བ་པོའི་དབང་དུ་སྡུས་ཤིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་པ་མེད་པར་བདག་གིས་ལོངས་སྤྱོད་པའི་དབང་དང་སྐལ་བར་མཛོད་ཅིག༔ ཨོཾ་བཛྲ་ཌཱ་ཀི་ནཱི་བཛྲ་ཨཾ་ཀུ་ཤ་ཛཿཛཿའཆང་བ་པོའི་ནད་གདོན་སྡིག་སྒྲིབ་བག་ཆགས་ལས་ཉོན་རྟོག་སྒྲིབ་ངན་པ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་ཌཱ་ཀི་ནཱི་རཏྣ་པཱ་ཤ་ཧཱུྃ༔ འཆང་བ་པོའི་ཚེ་བསོད་དཔལ་འབྱོར་ཟ་ཐང་ལོངས་སྤྱོད་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་དགེ་ལེགས་འདོད་རྒུ་ཐམས་ཅད་རྒྱས་ཤིང་ནུབ་པ་མེད་པར་བརྟན་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཌཱ་ཀི་ནཱི་པདྨ་སྥོ་ཊ་བཾ༔ སརྦ་རཏྣ་ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ཐམས་ཅད་དང་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་བདག་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིག༔ འདོད་རྒུ་ཡིད་བཞིན་གྱི་ཆར་ཡང་ཡང་ནུབ་མེད་དུ་བབས་པ་དང་རྒྱས་ཤིང་བརྟན་པར་གྱུར་ཅིག༔ ནུབ་པ་མེད་པར་གནས་པར་མཛད་དུ་གསོལ༔ རྒྱས་ཤིང་བརྟན་པར་མཛད་དུ་གསོལ༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་པུཥྚིཾ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསརྦ་མ་བྷྱོ་ཛཿཌཱ་ཀི་ནི་སརྦ་ཙིཏྟ་ཧྲཱིཾ་ཛཿཧྲཱིཾ་ཛཿསརྦ་རཏྣ་སརྦ་བུདྡྷ་སརྦ་དྷརྨ་སརྦ་སངྒ་སྡུས་སྡུས་ཨ་ནྲྀ་ཨ་ཀཪྵ་ཛཿཛཿམ་མ་ཁ་ཤི༔ མ་མ་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་ལག་སྒུལ་སྒུལ༔ སརྦ་རཏྣ་ཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་ཆེ་བཙུན་འབངས་གསུམ་ཚེ་ཆོས་འབྱོར་གསུམ་དཔལ་སྟོབས་མདངས་གསུམ་ལྷ་འདྲེ་མི་གསུམ་འཁོར་འདས་དགེ་ལེགས་ཐམས་ཅད་བདག་གི་རིག་པའི་ངང་དུ་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཌཱ་ཀི་ནཱི་ཀརྨ་གྷཎྜེ་ ཧོཿ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་འདྲེན་བདུད་བགེགས་དམ་སྲི་སྐབས་ཚོལ་གླག་ལྟ་ཐམས་ཅད་བརླག་པར་གྱུར་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ འཆང་བ་པོའི་ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་ངང་དུ་ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་དཔལ་འབྱོར་ཡོན་ཏན་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་ངང་དུ་རྒྱས་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཀོན་མཆོག་གསུམ་དང་སྣང་སྲིད་འཁོར་འདས་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་ངང་དུ་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དུག་ལྔ་དུག་གསུམ་ལོག་པར་ལྟ་བ་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་ངང་དུ་བརླག་པར་གྱུར་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་བྲི༔ མུ་ཁྱུད་བཅུ་བཞི་པར་ཡིག་མགོ་ནང་དུ་བསྟན་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ༔ བི་ཛ་ཡེ་ཨ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་ཆེ་གེ་མོའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱོག་མྱོག༔ སོད་སོད༔ དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འཆང་བ་པོ་ལ་གནོད་ཅིང་འཚེ་བར་བྱེད་པའི་གནོད་བྱེད་ནད་རིགས་བཞི་བརྒྱ་རྩ་བཞི་བརྒྱ་རྩ་བཞི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བྱིས་པའི་གདོན་ཆེན་བཅོ་ལྔ་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་གློ་བུར་བརྒྱད་ཅུ་རྩ་གཅིག་ལྟས་ངན་ཉི་ཁྲི་ཆིག་སྟོང་དུས་མིན་འཆི་བ་རྣམ་བརྒྱད་ལོ་ཟླ་ཞག་དུས་ཀྱི་ཀེག་སྲི་བྱད་ཁ་རྦོད་གཏོང་དམ་སྲི་རྒྱལ་འགོང་ཕོ་གདོན་མོ་གདོན་གྲི་བོ་ཐེའུ་རང་སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྔོན་ལས་འཕྲལ་རྐྱེན་ངན་པ་དང་གནོད་པའི་སེམས་དང་ལྡན་པ་གདུག་པའི་སེམས་དང་ལྡན་པ་ཐམས་ཅད་དང་མདོར་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག༔ བཟློག་པར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཧུ་ལུ་ཏིཥྛ་ཚིནྡྷ་བྷིནྡྷ་སྥོ་ཊ་ཡ་ཕཊ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་བྷྱོ་ཟློག་ནན་ནན་ཆིངས་ཆིངས༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཧ་ར་ཧ་ར་ཧཱུྃ་ཕཊ༔ མ་ཐ་མ་ཐ་ཧཱུྃ་ཕཊ༔ དྷུ་ན་དྷུ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ དྷ་ར་དྷ་ར་ཧཱུྃ་ཕཊ༔ དྷ་ར་ཡ་དྷ་ར་ཡ་ཧཱུྃ༔ དྷ་རུ་ཎ་དྷ་རུ་ཎ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སྟེང་འོག་བར་གསུམ་ནས་གནོད་བྱེད་སྐབས་ལྟ་གླགས་ཚོལ་ཐམས་ཅད་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཅོ་ལྔ་པར་ཡིག་མགོ་ཕྱིར་བསྟན་ལ༔ ཨ་ལི་ཀ་ལི་དང་རྟེན་འབྲེལ་སྙིང་པོ་བྲིས་ལ་ཤམ་བུ་ནི༔ མངྒ་ལ་སྭསྟི་མ་ཎི་རཏྣ་ཀིརྟི་སརྦ་སིདྡྷི་སིདྡྷི་ཧཱུྃ་ཨཱཿདེ་ཡི་ཕྱི་རིམ་ཕྱོགས་བཞི་ལ༔ ཤར་དུ་ལྕགས་ཀྱུ་རྡོ་རྗེས་མཚན༔ ལྷོ་རུ་ཞགས་པ་རཏྣས་མཚན༔ ནུབ་ཏུ་ལྕགས་སྒྲོག་པདྨས་མཚན༔ བྱང་དུ་དྲིལ་བུ་རྒྱ་གྲམ་མཚན༔ ཤར་ལྷོ་ཕུར་དཀར་རྡོ་རྗེས་མཚན༔ ལྷོ་ནུབ་ཕུར་སེར་རཏྣས་མཚན༔ ནུབ་བྱང་ཕུར་དམར་པདྨས་མཚན༔ བྱང་ཤར་ལྕགས་ཕུར་རྒྱ་གྲམ་མཚན༔ དེའི་མཚམས་བཀྲ་ཤིས་རྟགས་བརྒྱད་དང་༔ བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་ཕྱུག༔ དེ་མཐར་ནོར་བུ་ཆ་བདུན་དང་༔ མི་ཡི་ནོར་བུ་སུམ་ཚུག་དང་༔ ཀླུ་ཡི་ནོར་བུ་གཅིག་རྡོག་སོགས༔ དཔག་བསམ་ཤིང་དང་མ་རྨོས་ཐོག༔ མེ་ཏོག་རིན་ཆེན་ཕྲེང་བས་བསྐོར༔ དེ་མཐར་རྡོ་རྗེ་གྱེན་ལངས་ར༔ དེ་མཐར་མེ་རི་གཡས་འཁྱིལ་དང་༔ ཆུ་རི་རླུང་རི་གཡོན་འཁྱིལ་བྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡི་རྫས་ཀྱི་རིམ་པ་ལ༔ རིན་ཆེན་སྣ་ལྔ་དྲི་སྣ་ལྔ༔ སྨན་ལྔ་སྙིང་པོ་འབྲུ་ལྔ་པོ༔ སྦྱར་ལ་མུ་ཁྱུད་རྣམས་ལ་བྱུག༔ བཟང་པོ་དྲུག་དང་གི་ཧཾ་ཤུ་དག་དང་༔ ཡུང་བ་སེར་པོ་བྱང་སེམས་དཀར་དམར་དང་༔ ཙན་དན་དཀར་དམར་ཨ་རུ་གསེར་མདོག་དང་༔ མཚལ་དང་ལི་ཁྲི་མཐིང་སོགས་སྦྱར་ལ་བྱུག༔ ནང་བསྟན་ཡི་གེ་མུ་ཁྱུད་བཅས་པ་ལ༔ ནག་པོ་དགུ་སྦྱོར་ཡུངས་དཀར་ཡུངས་ནག་བྱུག༔ དེ་ནི་མུ་ཁྱུད་གཞན་ལ་དྲི་ཙམ་སྤང་༔ དེ་ནས་འཁོར་ལོ་བགེགས་བསྐྲད་ནན་དུ་བྱ༔ གུ་གུལ་ཡུངས་ཀར་ཙན་དན་དུད་པས་བདུག༔ ལྷ་ཁྲུས་གསོལ་ཞིང་མཐིང་དར་རམ་ཟ་འོག་གི་ན་བཟའ་གསོལ༔ སྒྲུབ་པའི་གཞུང་བསྲང་རབ་གནས་བརྟན་བཞུགས་ནི༔ བསྙེན་པ་བརྒྱ་རྩར་ཤམ་བུ་འདི་སྦྱར་རོ༔ བཛྲ་ས་མ་ཡ་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨ༔ ཏིཥྛ་བཛྲ༔ ཞེས་བཟླ་བསྐྱེད་རྫོགས་གཟེར་གྱིས་དབབ་བསྟིམ་བྱ༔ ཡང་ཡང་སྒྲུབ་པའི་དལ་དུ་རྟེན་དུ་བཙུག༔ བུག་རལ་མེད་པར་སྲ་མཁྲེགས་དམ་བྱས་ཏེ༔ འབྲལ་མེད་མགུལ་དུ་འཆང་སྟེ་དད་གུས་བྱ༔ ཨེ་མ༔ འདི་འཆང་སྐལ་ལྡན་ལས་ཅན་རྣམས༔ ཚེ་འདིར་ཚེ་རིང་ནད་མེད་ཅིང་༔ མི་འཇིགས་རྡོ་རྗེའི་གུར་དུ་ཚུད༔ ཕྱི་ཡི་སྣང་སྲིད་ལྷ་སྲིན་དང་༔ གདུག་པའི་གདོན་གྱིས་མི་ཚུགས་སོ༔ ནང་གི་འབྱུང་བ་རྐྱེན་འཇིགས་པའི༔ འཇིགས་པ་གང་གིས་ཀྱང་མི་ཚུགས༔ བར་གྱི་ང་བདག་གཟུང་འཛིན་གྱིས༔ བསླངས་པའི་བགེགས་ཀྱིས་ཚུགས་མི་འགྱུར༔ གསང་བ་རྣམ་པར་རྟོག་པ་ཡི༔ རྒྱུ་བྱས་རྐྱེན་བསླངས་དམ་སྲིས་ཀྱང་༔ གླགས་ལྟ་སྐབས་ཚོལ་མི་ནུས་ཤིང་༔ ལྷ་འདྲེ་མི་གསུམ་ལ་སོགས་པའི༔ ཟས་ནོར་ལོངས་སྤྱོད་དབང་དུ་འདུ༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྣམས༔ ཡར་ངོའི་ཟླ་ལྟར་རྒྱས་ཤིང་འཕེལ༔ འདི་ཕྱིའི་མཚམས་སྦྱོར་བརྗེ་བའི་ཚེ༔ གདུང་དང་རིང་བསྲེལ་འཇའ་འོད་དང་༔ ས་གཡོ་རོལ་མོའི་རང་སྒྲ་སོགས༔ རབ་འབྲིང་ཐ་མར་རིམ་གྱིས་འབྱུང་༔ བུམ་ནང་མར་མེ་ཐོན་པ་ན༔ འོད་དང་གསལ་བ་རེག་བྱར་བཅས༔ མ་བཙལ་རང་ལ་རྫོགས་པ་བཞིན༔ སྐུ་དང་ཞིང་ཁམས་འཁོར་དང་བཅས༔ རང་ཀློང་སད་དེ་རང་ངོར་རྫོགས༔ རང་སྣང་འོག་མིན་གསང་ཆེན་དུ༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ གསང་བའི་ཡང་གསང་བཀའ་རྒྱ་ཅན༔ མཐོང་བ་རང་གྲོལ་ཞེས་ཀྱང་བྱ༔ ཐོས་ཚད་རང་གྲོལ་ཞེས་ཀྱང་བྱ༔ བཏགས་ཚད་རང་གྲོལ་ཞེས་ཀྱང་བྱ༔ དྲན་ཚད་རང་གྲོལ་ཞེས་ཀྱང་བྱ༔ གྲོལ་བ་བཞི་ཡི་ནུས་པར་ལྡན༔ གུ་ཧྱ་སཱུཪྻ་རསྨི་ཡི༔ སྙིང་པོ་ཐུགས་ཀྱི་ཐིག་ལེ་འདི༔ སྨིན་གྲོལ་དབང་དང་གདམས་པ་ཀུན༔ ཐོབ་ཅིང་སྒྲུབ་བརྒྱུད་འཛིན་པ་ཡི༔ རྣལ་འབྱོར་རེ་ཙམ་མ་གཏོགས་པ༔ ཀུན་གྱིས་སྤྱོད་ཡུལ་འདི་མ་ཡིན༔ གསང་བ་རྡོ་རྗེ་ཕུར་པ་ཡི༔ དཀྱིལ་འཁོར་ལྷ་སྔགས་རྫོགས་པ་ཉིད༔ སྣོད་མིན་ཅན་ལ་བསྟན་མི་རུང་༔ སྟོན་མཁན་ལྟ་བྱེད་གཉིས་ཀ་ལ༔ མ་མོ་དམ་ཅན་དགྲ་རུ་ལང་༔ གཅེས་པའི་སྲོག་ལ་བདོ་ཉེན་ཡོད༔ དམ་ཚིག་ལྡན་ཞིང་ཉམས་ལེན་ལ༔ སྙོམས་ལས་མེད་པའི་བརྩོན་འགྲུས་ཅན༔ སྒྲུབ་བརྒྱུད་འཛིན་པའི་གང་ཟག་ལ༔ དངོས་གྲུབ་རྣམ་གཉིས་འདིས་སྟེར་ཞིང་༔ དབང་སྐལ་ཡིན་ནོ་རྨ་བྱའི་དུག༔ ཕ་ནོར་བུ་ལ་བཞག་པ་འདི༔ ཐབས་དང་ལྡན་ན་སྦྲུལ་མགོའི་ནོར༔ བླུན་པོའི་སྲོག་དང་བདོ་ཉེན་སྲིད༔ འདོད་པའི་དབང་གིས་ལས་བཀོལ་ཡང་༔ ལས་ཀྱི་ལས་དབལ་རང་ལ་འབབ༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ སེ་ཕུང་སེངྒེའི་ངར་སྒྲ་འདོན༔ ཕལ་པའི་ཡུལ་ཀུན་ཟིལ་གྱིས་གནོན༔ སྡོང་ཟླ་ནག་ཕྱོགས་ཁ་ཡང་དར༔ དེ་དུས་མ་རུངས་འདུལ་བའི་ཕྱིར༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་འདིའི༔ ཞལ་ཕྱེས་ཙམ་གྱིས་བདུད་སྟོབས་འཇོམས༔ འབྲོག་བན་ལོ་ཙཱའི་ཡང་སྤྲུལ་པ༔ གླིང་པ་བདུད་འཇོམས་རྡོ་རྗེ་འབྱུང་༔ ལས་ཅན་དེ་དང་འཕྲད་པར་ཤོག༔ བཀའ་གསང་བའི་ནང་ན་ཡང་གསང་མཆོག༔ གསང་ཆེན་ཐུགས་ཀྱི་རྒྱུད་འདི་ནི༔ སྔགས་སྲུང་སྨུག་ནག་རལ་གཅིག་མ༔ སྲིད་པའི་ལེགས་ཉེས་བྱེད་རྒྱལ་མོ༔ མ་མོ་ཉེར་བརྒྱད་བཅུ་གཉིས་དང་༔ གནོད་སྦྱིན་ཤན་པ་མ་རུ་ཙེ༔ ཞིང་སྐྱོང་མགོན་པོ་དང་བཅས་ལ༔ གཏད་དོ་གཉེར་རོ་ལས་མ་གཡེལ༔ ལས་ཅན་སྐྱེས་བུའི་ཕྲིན་ལས་སྒྲུབས༔ གསང་མཛོད་འདི་ཡིས་སྨིན་གྲོལ་ཞིང་༔ དངོས་གྲུབ་ཆར་གྱིས་ཚིམ་པར་གྱིས༔ དམ་ཉམས་བསྟན་པའི་རཱུ་དྲ་ནི༔ ལྟ་ལོག་ལོག་སྤྱོད་སྦྱོར་ངན་མཁན༔ བསྟན་པ་ཐབས་ཀྱིས་བཤིག་བྱེད་པའི༔ ལག་དམར་དེ་ལ་ཆད་པ་ཕོབ༔ དབང་འབྲས་རྣོ་བའི་ཟེའུ་འབྲུ་ཕྱུང་༔ གསེར་སྦུབས་སྲོག་གི་མར་མེ་བསྣུབ༔ བཀའ་དང་དམ་ཚིག་འདིར་མ་འདའ༔ ཨོཾ་ས་མ་ཡ་རྒྱ༔ ཨཱཿས་མ་ཡ་རྒྱ༔ ཧཱུྃ་ས་མ་ཡ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༡༧༩བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཁྲོ་རྒྱལ་རཏྣ་ཀཱི་ལ་ཡ༔ རྒྱལ་ཀུན་ཡོན་ཏན་མངའ་བདག་ལ༔ བརྟེན་ནས་བར་ཆད་འཇོམས་མཛད་བསྟན༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་རཏྣ་ཀཱི་ལ་རྔམས་པའི་སྐུ༔ ཁྲོ་གཏུམས་རྔམས་བརྗིད་མེ་དཔུང་རབ་ཏུ་འབར༔ རྡོ་རྗེ་ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ མདུན་དུ་པད་ཉི་བམ་ཆེན་བསྣོལ་བའི་སྟེང་༔ ཧཱུྃ་ལས་ཁྲོ་རྒྱལ་རཏྣ་ཀཱི་ལ་ནི༔ སེར་ནག་རབ་འཇིགས་ཁྲོ་གཏུམ་མེ་དཔུང་འབར༔ གཡས་དཀར་གཡོན་དམར་ཧ་ཧཱུྃ་ཕཊ་སྒྲ་སྒྲོགས༔ སྤྱན་དགུ་སྡང་མིག་ནམ་མཁའི་དབྱིངས་སུ་གཟིགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ སྐུ་སྨད་ལྕགས་ཕུར་དགྲ་གདོན་སྙིང་ལ་གདབ༔ སྤྱི་བོར་གསེར་གྱི་བྱ་ཁྱུང་སེར་པོ་ལྡིང་༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ སྐུ་ཡི་ཆ་དང་བ་སྤུའི་བུ་ག་ནས༔ རང་འདྲའི་ཁྲོ་ཆུང་རྡོ་རྗེ་ཕུར་པ་དང་༔ ཧཱུྃ་ཡིག་མེ་འབར་ལྕགས་སྡིག་བྱ་ཁྱུང་ནི༔ ཆར་ལྟར་འབེབས་ཤིང་རླུང་ལྟར་རབ་ཏུ་འཁྲིགས༔ བར་ཆད་ནད་རིམས་གདོན་བགེགས་རྒྱལ་བསེན་དང་༔ འགོང་པོ་གོད་ཡམས་བདུད་རྩེའི་དཔུང་ཚོགས་རྣམས༔ ལྷག་མ་མེད་པར་མཚོན་ཆ་འབར་བས་གཏུབ༔ མེ་ལ་བསྲེག་ཅིང་ཁྱུང་སྡིག་ཁྲོ་བོ་ཡིས༔ མྱག་མྱག་ཧབ་ཧབ་ཟ་ཞིང་འཇོམས་པར་བསྒོམ༔ བདག་མདུན་སྤྲུལ་པ་འོད་ཟེར་མཚོན་ཆ་དང་༔ མེ་ཕུང་ལྕགས་སྡིག་ནག་པོ་དཔག་མེད་ཀྱིས༔ སྣང་སྲིད་ཁམས་གང་གནོད་བྱེད་ནད་གདོན་ཀུན༔ སྐད་ཅིག་ཉིད་ལ་རྗེས་མེད་བརླག་པར་བསྒོམ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དུ་ཏྲི་ཧ་ལ་ཀཱ་ལ་རཱུ་པ་ཛྭ་ར་མཱ་ར་ཡ་གཏུབ་གཏུབ་ཛྭ་ལ་རཾ་རཾ༔ ཁྱུང་ཁྱུང་མྱོག་མྱོག་ཁཱ་ཧི༔ ཡང་རྩ་སྔགས་མཐར༔ གཉན་གྱི་ཛྭ་ར་མཱ་ར་ཡ་ཛྭ་ལ་རཾ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གྲིབ་ལ་རྩ་སྔགས་མཐར༔ ས་གྲིབ་སོད༔ མེ་གྲིབ་སོད༔ རླུང་གྲིབ་སོད༔ ཆུ་གྲིབ་སོད༔ ནམ་མཁའི་གྲིབ་སོད༔ གཟའ་སྐར་གྱི་གྲིབ་སོད༔ རྦད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡེ་ཤེས་འོད་ཟེར་ལས་བྱུང་བའི༔ ཁྱུང་དང་ལྕགས་སྡིག་གྲངས་མེད་པ༔ རང་ངམ་ནད་པའི་བ་སྤུའི་སྒོར༔ ལྗགས་ཀྱི་སྦུ་གུ་སྤུ་ཤད་ལྟར༔ བརྐྱང་སྟེ་ལུས་ཀྱི་རྩ་རྣམས་དང་༔ ཤ་རུས་ལྤགས་པའི་ནད་རྣམས་ཀུན༔ རྗེས་ཤུལ་ལྷག་མ་མ་ལུས་པ༔ འུབ་ཀྱིས་རྔུབ་ཅིང་ལྷག་མེད་དུ༔ གསོལ་ནས་རྨ་བྱས་དུག་བཞིན་དུ༔ བདེ་སྟོང་རོས་ཚིམས་མདངས་འོད་འབར༔ ཆོས་ཉིད་དབྱིངས་སུ་ཡལ་བར་བསམ༔ འདི་ནི་ཡང་ཡང་དམིགས་པ་གནད༔ གཉན་གྱིས་བྱས་པའི་ནད་རྣམས་ལ༔ རཏྣ་ཀཱི་ལ་ལ་སོགས་པའི༔ རྒྱལ་ཀུན་ཐུགས་རྗེ་བྱིན་རླབས་ལས༔ བྱུང་བའི་བྱ་ཁྱུང་དཀར་ནག་གཉིས༔ སྣ་བུག་དང་ནི་འོག་སྒོ་ནས༔ ཞུགས་ཏེ་ལུས་ནང་ཐམས་ཅད་དང་༔ རྩ་རྣམས་སྤྲུལ་པའི་ཁྱུང་གིས་གང་༔ ནད་གདོན་སྡིག་སྒྲིབ་དང་བཅས་པ༔ ལྷག་མ་རྗེས་ཤུལ་མ་ལུས་པ༔ འཇོམས་པར་བསམ་ལ་སྔགས་འདི་བརྗོད༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཁྲོཾ་ག་རུ་ཌ་ས་མ་ཛ་སརྦ་ནཱ་ག་ཤིག་ཤིག་རཾ་རཾ༔ མཱ་ར་ཡ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བོང་བ་ནག་པོ་ལ་བསྔགས་ཏེ་བྱུག༔ ས་འམ་ཆུ་ལ་བཏབ་ཅིང་བཏུང་༔ དེ་ནས་བྱ་ཁྱུང་གཉིས་ཀ་ནི༔ ཚུར་འཇུག་ལམ་ནས་ཕར་ལ་ཐོན༔ ནད་བྱེད་གདོན་དང་བཅས་པ་ཀུན༔ ཤུལ་ཙམ་མེད་པར་ཟོས་པ་ཡིས༔ ཆོས་ཉིད་ངང་དུ་ཡལ་བར་བསམ༔ གཞན་ཡང་ནད་རིགས་གང་ལ་ཡང་༔ དམིགས་པ་སྔར་ལྟར་གསལ་བ་ཡིས༔ དྲག་པོའི་རྩ་སྔགས་སྔར་བཞིན་ལ༔ ཤམ་བུ་འདི་ཉིད་སྦྱར་ཏེ་བཏབ༔ ཁྲོཾ་ག་རུ་ཌ་ནད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རེ་འགའ་ལྕགས་སྡིག་དཀར་ནག་གཉིས༔ སྔར་བཞིན་ལུས་ནང་རྒྱུག་པ་ཡིས༔ ནད་འཇོམས་ཕྱིར་ཐོན་ནད་བདག་ཀུན༔ རྗེས་ཤུལ་མེད་པར་ཟོས་པ་ཡིས༔ ཆོས་དབྱིངས་ངང་དུ་ཡལ་བར་བསྒོམ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ དམིགས་པ་སྔགས་དང་སྦྲེལ་བ་ཡིས༔ སྣང་སྲིད་ཡིན་ཀྱང་འཇོམས་ནུས་ཏེ༔ ལུས་གཅིག་ནད་ལ་ལྟ་ཅི་སྨོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༡༨༢རྨང་པོ་བུ་དང་འཕྲད་པ་ཡི༔ དབང་ཐང་སྐྱེད་བྱེད་ཡིད་བཞིན་ནོར༔ ཙཀྲ་པདྨ་དཀར་པོ་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ མུ་ཁྱུད་དང་པོར་ཡི་གེ་ནི༔ དབུ་ཅན་ཡིག་མགོ་ནང་བསྟན་བྲི༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་བཛྲ་རེ་མ་ཏཱི་བཻ་ཤྲ་མ་ཎ་དཱེ་ཝི་ཤྲཱི་ཡེ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ དབང་ཐང་བུའི་སིདྡྷི་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་རཏྣ་དབང་ཐང་བུའི་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་དཱེ་ཝི་ཀ་ལི་རེ་མ་ཏཱི་ས་མ་ཡ་དབང་ཐང་བུའི་དངོས་གྲུབ་སྩལ་དུ་གསོལ༔ སརྦ་རཏྣ་ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏཱ་རེ་སྭཱ་ཧཱ༔ སརྦ་ས་མ་ཡ༔ དབང་ཐང་བུའི་དངོས་གྲུབ་སྩལ་དུ་གསོལ༔ དབང་ཐང་ཚེ་དཔལ་དགེ་ལེགས་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་ཛ༔ ཧཱུྃ་ཨཱཿཨོཾ་མ་ཧཱ་ཀྲོ་དྷ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ ཨོཾ་དཱེ་ཝི་ཤྲཱི་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ༔ རྒྱུ་སྦྱོར་ཡོན་བདག་འདི་ལ་དབང་ཐང་བུའི་དངོས་གྲུབ་ད་ལྟ་ཉིད་དུ་སྩལ་དུ་གསོལ༔ ཚེ་དཔལ་དབང་ཐང་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཐར་ནོར་བུ་དང་གཏེར་བུམ་གྱིས་བསྐོར༔ ཐོད་པའི་སྒྲུབ་པ་ལ་བརྟེན་ནས༔ འདི་ཉིད་བསྐོར་བས་བསམ་མྱུར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲིད་སྨིན་ནོར་བུ་འབྲུ་གསུམ་ལ༔ ༠༠༠༠༠བརྡ་ཡིག༔ ༡༨༤ཞེས་ཁྱི་མོ་དཀར་མོའི་འོ་མ༔ བུ་མོ་གཙང་མའི་བྱང་སེམས༔ གླང་ཆེན་གི་ཧཾ་དང་སྦྱར་ལ༔ ཉི་མ་མགོ་དང་འཛོམ་པའི་དུས་སུ་བཟའ༔ འདི་ཡིས་སྲིད་འཕེལ་འཕན་པོར་བྱེད༔ ཐེ་ཚོམ་མེད་དོ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ༠༠༠༠བརྡ་ཡིག༔ ༡༨༤ཆེ་མཆོག་རཏྣ་ཀཱི་ལ་ཡ༔ རྒྱས་པའི་ཕྲིན་ལས་ཀུན་གྱི་བདག༔ རྒྱལ་ཀུན་ཡོན་ཏན་ཡོངས་འདུས་དཔལ༔ འདི་ལ་བརྟེན་ནས་མོས་པའི་ཕྱོགས༔ རྒྱས་བྱེད་རྒྱས་པའི་མེ་མཆོད་ནི༔ ཡེ་ཤེས་མེ་འོད་འདོད་འབྱུང་བ༔ འདི་ཡི་ལག་ལེན་རིམ་པ་ནི༔ བུམ་པ་མཚན་ལྡན་མགུལ་ཆིངས་སེར༔ དེ་ལ་མཆོད་རྫས་རིམ་བཞིན་བསྐོར༔ མེ་དཀྱིལ་གྲུ་བཞི་སེར་གསལ་དབུས༔ ཆོས་འབྱུང་བསྣོལ་མའི་ལྟེ་བར་རྃ༔ དལ་དབུས་གྲུ་བཞིར་གནས་པ་ལ༔ མཐར་ནི་མེ་རི་གཡས་འཁྱིལ་བྲི༔ དེ་སྟེང་སུར་ཤུག་སོར་བརྒྱད་ཀྱིས༔ གྲུ་བཞི་ལྡན་པའི་མེ་ཧོམ་བརྩིག༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ རྟེན་གཞལ་ཡས་ཁང་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་བྷྲ྄ུྃ་ལས་ཡེ་ཤེས་ལྔ་རྫོགས་རིམ་ལྔའི་འཁོར་ལོའི་དབུས་སུ་འོད་ལྔ་མེ་རི་འབར་བའི་གཞལ་ཡས་ཁང་ཆེན་པོ་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་རང་བཞིན་དུ་བསྒོམ༔ བྷྲུྃ་ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ བརྟེན་པ་ལྷ་བསྒོམ་པ་ནི༔ དེ་དབུས་རིན་ཆེན་གསེར་གྱི་པདྨ་བཞད་པའི་སྟེང་དུ༔ རྃཿཡིག་སེར་པོ་ཡོངས་གྱུར་ལས༔ མེ་ལྷའི་རྒྱལ་པོ་གསེར་གྱི་མདོག༔ ཕྱག་གཡས་མེ་ཐབ་གཡོན་བགྲང་ཕྲེང་༔ ར་སྐྱེས་སྟེང་ན་ཕྱེད་སྐྱིལ་བཞུགས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ རང་བཞིན་གནས་ནས་སྤྱན་དྲངས་བསྟིམ༔ ཅེས་སྤྱན་དྲངས་ཤིང་དམ་ཚིག་པ་དང་དབྱེར་མེད་བསྟིམ༔ དེ་ནས་འབྱོན་སྐྱེམས་ཕྱི་ནང་གསང་མཆོད་ཀུན་གྱིས་མཆོད་ཅིང་ཤམ་བུ་དང་བཅས་པ་གོང་ལྟར་ཤེས་པར་བྱའོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ འདུས་དང་འདུས་མ་བྱས་པའི་ཆོས༔ རྒྱས་པའི་ཕྲིན་ལས་མཛད་པ་ཡི༔ མེ་ལྷའི་རྒྱལ་པོ་ཉིད་ལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠བརྡ་ཡིག༔ ༡༨༥བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ དཔལ་ཆེན་རནྟ་ཀཱི་ལ་ཡ༔ ཆེ་མཆོག་ཡོན་ཏན་འདུས་པ་ལ༔ བརྟེན་ནས་རྒྱས་པའི་སྦྱིན་སྲེག་ནི༔ འདོད་འབྱུང་དཔག་བསམ་ལྗོན་ཤིང་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ མེ་ཐབ་གྲུ་བཞི་སེར་གསལ་དབུས༔ རྒྱས་ཤིང་སྣ་ཚོགས་བརྩིག་པར་བྱ༔ མཆོད་རྫས་སྣ་ཚོགས་རབ་བསགས་ནས༔ བགེགས་བསྐྲད་རྡོ་རྗེ་སྲུང་འཁོར་བསྒོམ༔ དེ་ནས་དཀྱིལ་འཁོར་ལྷ་བསྒོམ་པ་ནི༔ ཧཱུྃ༔ དག་པ་རབ་འབྱམས་དཀྱིལ་འཁོར་དུ༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་སུ༔ པད་ཉི་བདུད་དཔུང་བསྣོལ་བའི་སྟེང་༔ ཧཱུྃ་ལས་རཏྣ་ཀཱི་ལ་སེར༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊཱྃ་མེ་ཕུང་བསྣམས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ སྐུ་སྨད་གསེར་ཕུར་དགྲ་སྙིང་གཟིར༔ ཡེ་ཤེས་མེ་ཕུང་ཀློང་དུ་གསལ༔ སྤྱི་བོར་གསེར་གྱི་བྱ་ཁྱུང་ལྡིང་༔ རྭ་བར་རིན་འབྱུང་ཡབ་ཡུམ་གསལ༔ ཐུགས་ཀར་ཡེ་ཤེས་འོད་ཀློང་དུ༔ བཞི་བཅུ་རྩ་གཉིས་སངས་རྒྱས་གསལ༔ སྤྱི་བོར་མེ་དཔུང་འབར་ཀློང་དུ༔ ལྔ་བཅུ་རྩ་བརྒྱད་ཁྲག་འཐུང་ཤར༔ མགྲིན་པར་འོད་ལྔའི་ཐིག་ལེའི་ཀློང་༔ བླ་མ་རིག་འཛིན་ལྷ་ཚོགས་གསལ༔ གཞན་ཡང་སྐུ་ཡི་ཆ་རྣམས་དང་༔ བ་སྤུའི་འོད་ལྔའི་ཀློང་དཀྱིལ་དུ༔ རིགས་ཀུན་རྒྱལ་བའི་དཀྱིལ་འཁོར་རྣམས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ སངས་རྒྱས་བྱང་སེམས་རབ་འབྱམས་དང་༔ རྒྱལ་ཀུན་དཀྱིལ་འཁོར་མ་ལུས་པ༔ ཁ་བ་བབས་ལྟར་སྤྱན་དྲངས་ནས༔ དམ་ཚིག་པ་དང་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་གདལ་བ་ཨེ་ཡི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་བའི་ཡོན་ཏན་ཀུན་རྫོགས་དཔལ༔ རྫོགས་པའི་སངས་རྒྱས་རིན་ཆེན་ཕུར་པའི་ལྷ༔ དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ མ་ཐོགས་སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་ཀཱི་ལི་ཀཱི་ལ་ཡ་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ ཧོཿ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་འདིར༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་གདན༔ བདུད་བཞི་རྒྱལ་བསེན་བསྣོལ་བའི་གདན་སྟེངས་སུ༔ གཉིས་མེད་དགྱེས་པ་ཆེན་པོས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ འགགས་མེད་རོལ་པ་དྲག་པོའི་སྐུར་སྟོན་པ༔ ཐུགས་རྗེས་འགྲོ་རྣམས་སྒྲོལ་བའི་མཐུ་རྩལ་ལྡན༔ སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཞོམ་བྲལ་རྡོ་རྗེའི་གཞལ་ཡས་སུ༔ དུས་གསུམ་རྒྱལ་བ་འདུས་པའི་དཔལ༔ ཁྲོ་མཆོག་རཏྣ་ཀཱི་ལ་ཡ༔ སངས་རྒྱས་འདུས་པའི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ བདག་ཅག་ཚོགས་རྫོགས་སྒྲིབ་པ་ཀུན༔ མ་ལུས་ཞི་ཞིང་དག་པ་ཡི༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་ཨརྒྷཾ་པཱ་དྱཾ་སོགས་ཤཔྡ་མ་ཧཱ་རཱུ་པ་སོགས་ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་རཀྟ་ལ་ཁཱ་ཧི༔ དེ་ནས་བསྲེག་རྫས་བདུད་རྩིའི་རང་བཞིན་གྱུར༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ལྷ་བསྒོམ་པའི༔ ཞལ་གྱི་ཧོམ་ཁུང་ཡངས་པར་བསྟབ་པར་བྱ༔ ལྷ་ཚོགས་ཐུགས་མཉེས་བདེ་སྟོང་རོས་ཚིམས་ཤིང་༔ འོད་ཟེར་གསེར་མདོག་དཔག་ཏུ་མེད་པ་འཕྲོས༔ སངས་རྒྱས་རྣམས་དང་སངས་རྒྱས་སྲས་གྱུར་པ༔ མ་ངེས་བསམ་ཡས་སྟོན་པའི་གདུལ་བྱ་སྐྱོངས༔ དེ་དང་དེ་ཡི་བྱིན་རླབས་དབང་དངོས་གྲུབ༔ ཚེ་དང་ཡེ་ཤེས་བསོད་ནམས་ཕུང་པོར་བཅས༔ མ་ལུས་གསེར་མདོག་འོད་ཀྱི་རྣམ་པར་བསྡུས༔ རང་ཉིད་ལ་ཐིམ་ཡོན་ཏན་ཀུན་ལྡན་བསམ༔ སླར་ཡང་འོད་ཟེར་གསེར་མདོག་དཔག་མེད་འཕྲོས༔ སྣང་སྲིད་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་ཀྱི༔ ཚེ་བསོད་བཀྲག་མདངས་གཟི་བརྗིད་མ་ལུས་པ༔ ཡེ་ཤེས་འོད་ཀྱི་རྣམ་པར་ཚུར་བསྡུས་ཏེ༔ རང་ཉིད་ལ་ཐིམ་གཟི་བརྗིད་འོད་དུ་འབར༔ ཚེ་བསོད་དཔལ་འབྱོར་ནུས་སྟོབས་རབ་རྒྱས་ནས༔ མི་འཇིགས་མི་འགྱུར་རྡོ་རྗེའི་སྐུར་བསྒོམ་མོ༔ དམིགས་པའི་གནད་འདི་གཙོར་བཟུང་འབུལ་བར་བྱ༔ ཆོས་ཉིད་རོལ་པ་ཆེན་པོའི་ངང་ཉིད་ལས༔ ལྷ་དང་དཀྱིལ་འཁོར་རང་ངོར་རིག་པར་བྱ༔ སྣང་སྲིད་བདུད་རྩིར་བསྒྱུར་བས་སྣང་སྲིད་ཁེངས༔ རང་སྣང་རང་ཤར་ལྷ་ལ་འབུལ་བ་ནི༔ སྒྱུ་མའི་སྤྲུལ་བསྒྱུར་ལྟ་བུར་དེར་འཛིན་བྲལ༔ ཧཱུྃ༔ སྣང་སྲིད་བདུད་རྩིར་བསྒྱུར་བའི་མཆོད་པའི་རྫས༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདི༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས་པ་ཡི༔ མི་འགྱུར་མི་ཤིགས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་ཨ་མྲྀ་ཏ་སརྦ་ག་ན་པཱུ་ཛ་ ཧོཿ ཚེ་བསོད་ཡེ་ཤེས་ཡོན་ཏན་དཔལ་འབྱོར་སྙན་གྲགས་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་འགྲུབ་བཟླས་ལ་འབུལ༔ དེ་ནས་རྫས་རྣམས་ཕུལ་ཏེ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་གུ་ཧྱ་སརྦ་པཱུ་ཛ་ ཧོཿ ཚེ་བསོད་དཔལ་འབྱོར་སྙན་གྲགས་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་མང་ཕུལ་ཏེ་མཐར་ཉེར་སྤྱོད་འདོད་ཡོན་གྱིས་མཉེས་པར་བྱས་ཏེ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་མཛད་དཔལ༔ མ་རུངས་གདུག་པ་འདུལ་བར་རབ་བསྔགས་པ༔ གདུལ་དཀའ་འདུལ་མཛད་རཏྣ་ཀཱི་ལ་ཡ༔ རྫོགས་པའི་སངས་རྒྱས་ཡེ་ཤེས་ཡོན་ཏན་གཏེར༔ ཕྲིན་ལས་ཐོགས་མེད་འཁོར་བའི་འཁྲུལ་འཁོར་འཇིག༔ འཇིགས་བྱེད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐོང་བྱ༔ རྗེས་སྤྱོད་ཀྱི་རིམ་པ་རྣམས་རྫོགས་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་ལས་ཅན་རྣམས༔ འདིར་བརྩོན་ཚེ་བསོད་དཔལ་འབྱོར་ཀུན༔ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས༔ ཕྱི་མར་མངོན་འཚང་རྒྱ་འགྱུར་རོ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ༠༠༠༠༠བརྡ་ཡིག༔ ༡༩༡བདག་འདྲ་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ དཔལ་ཆེན་རཏྣ་ཀཱི་ལ་ཡའི༔ གསང་དབང་བདུད་རྩིའི་ཐིག་པ་བསྟན༔ འདི་ཡི་ལག་ལེན་རིམ་པ་ལ༔ བསྒྲུབ་པ་བྱ་ཞིང་བདག་འཇུག་བླངས༔ དེ་ནས་སློབ་མ་གྲལ་དུ་འཁོད༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ ལུས་དང་ལོངས་སྤྱོད་མཎྜལ་ཕུལ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ཅིང་༔ སློབ་མས་དང་པོར་བླ་མར་དབང་༔ ཞུ་ཕྱིར་གནང་བ་ཞུ་བ་ནི༔ ཀྱེ་ ཧོཿ དཀྱིལ་འཁོར་གཙོ་མཆོག་བླ་མ་རྗེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ བླ་མེད་སྙིང་པོ་གསང་བའི་དབང་༔ ཡོངས་རྫོགས་དམ་པ་བསྐུར་དུ་གསོལ༔ ལན་གསུམ་ཞུ༔ དེ་ནས་བླ་མས༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ བླ་མེད་གསང་བའི་སྒོར་འཇུག་ན༔ ཕྱི་ནང་གསང་བའི་དམ་ཚིག་ཀུན༔ མི་འདའ་བསྲུང་བར་ནུས་སམ་ཅི༔ དེ་ནས་སློབ་མས༔ ཀྱེ་ ཧོཿ སྐྱབས་མཆོག་བླ་མ་དམ་པ་དང་༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས༔ མི་འདའ་རྡོ་རྗེའི་དམ་བཅའ་འོ༔ དེ་ནས་བླ་མས༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ བུ་ཁྱོད་གསང་བའི་སྒོར་འཇུག་ནས༔ དམ་ཚིག་ཚུལ་བཞིན་བསྲུང་ན་ནི༔ སྨིན་གྲོལ་དབང་མཆོག་བསྟན་པར་བགྱི༔ དེ་ནས་སྡོམ་བཟུང་ལ༔ ཧོཿ བླ་མ་རྒྱལ་བ་སྲས་བཅས་དགོངས༔ དེང་བཟུང་བྱང་ཆུབ་མ་ཐོབ་པར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་བསྲུང་བར་བགྱི༔ ལན་གསུམ་རྗེས་ཟློས་བྱ༔ དེ་ནས་དམ་ཆུ་ཐོགས་ལ༔ ཧོཿ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུང་ན་ཚེ་འདིར་མངོན་འཚང་རྒྱ༔ ཉམས་ན་ཡུན་རིང་མནར་བར་འགྱུར༔ དེ་བས་མ་འདའ་དམ་ཚིག་ཟུངས༔ ས་མ་ཡ་ན་ར་ཀན༔ ཞེས་དམ་ཚིག་བདུད་རྩི་ལྕེ་ལ་བཞག༔ དེ་ནས་མིག་དར་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ མེ་ཏོག་གཏད་ལ༔ ཨོཾ་ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་མ་ལྷར་གསལ་བ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར༔ སྟོང་པའི་ངང་ལས་གཞལ་ཡས་ཁང་དུར་ཁྲོད་མེ་རི་འབར་བའི་དབུས་སུ༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་དུ༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང་༔ སོགས་དེ་ནས་སྤྱན་འདྲེན་ཅིང་བསྟིམ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་འདོར་བ་ལ༔ ཧཱུྃ༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་༔ རྟེན་འབྲེལ་ཟབ་མོའི་བདེན་སྟོབས་ཀྱིས༔ སློབ་མའི་རིག་པའི་མེ་ཏོག་འདི༔ ལྷག་པའི་ལྷ་ལ་བབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ ཧོཿ དེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ ཁྱོད་ཀྱི་མ་རིག་ལིང་ཏོག་སྒྲིབ༔ ཡེ་ཤེས་གསེར་གྱི་ཐུར་མས་དབྱེ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ རང་བྱུང་ལྷ་ཞལ་མཇལ་བར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཇལ་བའི་མོས་པ་གྱིས་ལ་མཎྜལ་ཕུལ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཁྱབ་གདལ་གཞལ་ཡས་སུ༔ ཁྲོ་རྒྱལ་རཏྣ་ཀཱི་ལ་ཡ༔ རྒྱལ་ཀུན་ཡོན་ཏན་འདུས་པའི་དཔལ༔ སྤྲུལ་འཁོར་བཀའ་སྡོད་ཡོངས་རྫོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རཏྣ་ཀཱི་ལའི་སྐུ་ཐོགས་ལ༔ ཧཱུྃ༔ རབ་འབྱམས་རྒྱལ་བ་རྒྱ་མཚོ་ཡི༔ ཡོན་ཏན་མ་ལུས་འདུས་པའི་དཔལ༔ ཆེ་མཆོག་རཏྣ་ཀཱི་ལ་ཡ༔ རིགས་ཀུན་འདུས་པའི་ངོ་བོ་ཉིད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚིག་དབང་རིན་པོ་ཆེ་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ བྷནྡྷ་བདུད་རྩི་དམ་རྫས་ལྔ༔ ཨ་ལི་ཀ་ལི་རང་བྱུང་སྒྲ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཐུགས་མཆོག་རྡོ་རྗེ་ཆེ༔ རྒྱལ་ཀུན་ཐུགས་ཀྱི་རང་བཞིན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ འོད་ལྔའི་ཐིག་ལེ་གཏད་ལ༔ ཧཱུྃ༔ ཀུན་ཟླུམ་ཐིག་ལེ་འདི་གཏད་པས༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ཀ་དག་གདོད་མའི་གཞི་དབྱིངས་སུ༔ རང་གྲོལ་རང་དབང་བསྒྱུར་བ་ཡིས༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ རྩ་སྔགས་མཐར༔ གུ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཏྲཱཾཿདེ་ནས་རྡོ་རྗེ་དང་ལྕགས་ཕུར་ཐོགས་ལ༔ ཧཱུྃ༔ མི་འཇིགས་གཞོམ་བྲལ་ཐོགས་མེད་མཚོན༔ རྡོ་རྗེ་ཕུར་པས་སྲིད་གསུམ་འཇིག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྤྲུལ་པའི་ཕོ་ཉ་བསམ་ཡས་ཀྱིས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་བདག༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ འཁོར་འདས་ཁྱབ་གདལ་བ་ལིཾ་ཏ༔ སྟོང་པ་དབྱིངས་ཀྱི་གཞལ་ཡས་སུ༔ རིག་པའི་ཡེ་ཤེས་ཀཱི་ལ་ཡ༔ རྟོག་ཚོགས་རང་གྲོལ་འཁོར་གྱི་ཚོགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རང་རིག་རང་གྲོལ་ཡེ་ཤེས་སྐུ༔ རྟོག་ཚོགས་རང་གྲོལ་བསམ་ཡས་འཁོར༔ ཆོས་ཉིད་སྒྱུ་མར་རོལ་པ་ཡི༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཤོག༔ རྩ་སྔགས་དང་༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་རྫས་རྟགས་རྒྱལ་སྲིད་གཏད༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ དེ་ལྟར་དབང་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ༔ མཐར་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ༔ འདི་འཕྲད་སྐལ་ལྡན་ལས་ཅན་རྣམས༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་ཤིང་༔ བསྐྱེད་རྫོགས་གདིང་ལྡན་ཉམས་བླང་ན༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ ཀློང་གསལ་རྡོ་རྗེ་སྙིང་པོ་རུ༔ རྣམ་གྲོལ་ཐེ་ཚོམ་བྱེད་མི་དགོས༔ ས་མ་ཡ༔ གསང་སྔགས་སྲུང་མ་རལ་གཅིག་མ༔ མ་མོ་ཉེར་བརྒྱད་བཅུ་གཉིས་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ བདུད་མགོན་སེང་གདོང་ཡབ་ཡུམ་ལ༔ བཀའ་འདི་གཉེར་རོ་ས་མ་ཡ༔ དམ་ལྡན་བརྒྱུད་འཛིན་བུ་བཞིན་སྐྱོངས༔ བསྟན་དགྲའི་སྙིང་ཁྲག་ཐང་ལ་ཕོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༡༩༦བདག་འདྲ་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཁྲོ་རྒྱལ་རཏྣ་ཀཱི་ལ་ཡ༔ སྡེ་ལྔ་ནོར་གྱི་སྒྲུབ་པ་ཡི༔ སྲོག་དབང་དགོས་འདོད་ཆུ་རྒྱུན་བསྟན༔ འདི་ཡི་ལག་ལེན་རིམ་པ་ལ༔ ཐོད་པའི་སྒྲུབ་པ་གཞུང་བཞིན་བྱ༔ དད་དང་དམ་ཚིག་ལྡན་པ་ཡི༔ སྐལ་ལྡན་སློབ་མ་རེ་ཙམ་ལ༔ དང་པོ་དབང་གིས་ཁོག་ཕུབ་སྟེ༔ དེ་ནས་རཏྣ་ཀཱི་ལ་རིན་ཆེན་འབྱུང་གནས་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་མ་ལུས་འདུས་པའི་དཔལ༔ དགོས་འདོད་ཡིད་བཞིན་འབྱུང་བའི་གནས༔ ཁྲོ་རྒྱལ་རཏྣ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་ཡོངས་རྫོགས་ཤིང་༔ མི་ཟད་གཏེར་ལ་དབང་ཐོབ་ཤོག༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མ་མོ་སྲིད་པའི་རྒྱལ་མོའི་སྐུ་ཐོགས་ལ༔ ཧཱུྃ༔ ཀུན་ཏུ་བཟང་མོའི་རོལ་པ་ལས༔ སྲིད་པའི་རྒྱལ་མོ་སྲིད་པའི་བདག༔ སྤྲུལ་པའི་མ་མོ་ལས་ལ་འགྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ སྐལ་ལྡན་རྣམས་ལ་དངོས་གྲུབ་འབེབས༔ དམ་ཉམས་སྲོག་གི་གཤེད་མར་ཆེ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་མོའི་སྲོག་ལ་དབང་ཐོབ་ཤོག༔ པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ༔ སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཿཡིག་ཐོགས་ལ༔ ཧཱུྃ༔ མ་ནི་མ་མོ་ཡོངས་ཀྱི་སྲོག༔ འཁོར་འདས་དབང་མོའི་ངོ་བོ་སྟེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མ་མོའི་སྲོག་ལ་དབང་ཐོབ་སྟེ༔ མི་ཟད་གཏེར་ལ་ལོངས་སྤྱོད་ཤོག༔ མ་མོ་རོ་རུ་ཕུ་རུ་རཀྴ་རེ་མ་ཏཱི་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྣམ་ཐོས་སྲས་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ གདོད་ནས་ཡེ་སངས་རྒྱས་པ་ལས༔ འགྲོ་བའི་དོན་དུ་གཟུགས་སྐུར་སྟོན༔ གཏེར་བདག་རྒྱལ་པོ་ཆེན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གནོད་སྦྱིན་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ སརྦ་ཛམྦྷ་ལ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཻ་ཡིག་ཐོགས་ལ༔ ཧཱུྃ༔ བཻ་ནི་ནོར་ལྷའི་རྒྱལ་པོའི་སྲོག༔ ནོར་ལྷ་ཡོངས་ཀྱི་སྤྱི་རྗེ་མཆོག༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གནོད་སྦྱིན་སྲོག་ལ་དབང་ཐོབ་ཤོག༔ བཻ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དཔལ་གྱི་ལྷ་མོའི་སྐུ་ཐོགས་ལ༔ ཧཱུྃ༔ ནོར་བདག་ལྷ་མོ་ཐམས་ཅད་ཀྱི༔ དབང་ཕྱུག་དཔལ་གྱི་ལྷ་མོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་མོའི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་དཱེ་ཝི་ཤྲཱི་ཡེ་སྭཱ་ཧཱ༔ སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧྲཱིཾཿདང་མ་བྷྱོ་ཛཿབཞི་ཐོགས་ལ༔ ཧཱུྃ༔ ཧྲཱིཾཿདང་མ་བྷྱོ་ཛཿབཞི་ནི༔ ལྷ་མོ་ཡོངས་ཀྱི་སྲོག་ཏིག་སྟེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ནོར་ལྷ་གཏེར་བདག་ལྷ་མོ་ཡི༔ སྲོག་དབང་ཡོངས་རྫོགས་རབ་ཐོབ་ནས༔ མི་ཟད་གཏེར་ལ་དབང་འབྱོར་ཤོག༔ ཧྲཱིཾཿམ་བྷྱོ་ཛ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གནོད་སྦྱིན་དབང་གི་རྒྱལ་པོའི་སྐུ་ཐོགས་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་ཀྱི་གདུག་པ་འདུལ་མཛད་ཕྱིར༔ དབང་དྲག་རབ་འཇིགས་གཏུམ་རྔམས་ཞལ༔ ནོར་ལྷ་གཏེར་བདག་ཡོངས་ཀྱི་རྗེ༔ གནོད་སྦྱིན་ཤན་པ་དམར་ནག་ཆེ༔ སྐལ་ལྡན་བུ་ལ་གཏད་པ་ཡི༔ འཁོར་དང་བཅས་ལ་དབང་ཐོབ་ཤོག༔ ཨོཾ་པདྨ་ཀྲོ་དྷ་མ་རུ་ཙེ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ སརྦ་ས་པ་རི་ཝཱ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་དམར་ཐོགས་ལ༔ ཧཱུྃ༔ ཧཱུྃ་དམར་གནོད་སྦྱིན་སྲོག་གི་སྙིང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིགས་བྱེད་རྒྱལ་པོ་མ་རུ་ཙེ༔ འཁོར་བཅས་སྲོག་ལ་དབང་ཐོབ་ཤོག༔ ཧཱུྃ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཛཾ་ཧཱུྃ་ཏྲཾ་ཡིག་ཐོགས་ལ༔ ཧཱུྃ༔ གཏེར་བདག་ཨཱཪྻ་ཛམྦྷ་ལ༔ ཡེ་ཤེས་འཇིག་རྟེན་ནོར་ལྷ་དང་༔ གཏེར་བདག་དམ་ཅན་རྒྱ་མཚོ་ཡི༔ སྲོག་གི་སྙིང་པོ་འདུས་པ་འདི༔ སྐལ་ལྡན་བུ་ལ་གཏད་པར་བྱ༔ མཆོག་གསུམ་ཆེ་བའི་ཡོན་ཏན་དང་༔ རྩ་གསུམ་རྒྱལ་བའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་དག་བདེན་སྟོབས་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ནོར་ལྷ་དམ་ཅན་གཏེར་བདག་གི༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་རཏྣ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ་སརྦ་ཛམྦྷ་ལ་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐོད་པ་ནོར་སྒྲུབ་ཐོགས་ལ༔ ཧཱུྃ༔ ཐོད་པ་རིན་ཆེན་གཞལ་ཡས་ཁང་༔ འདོད་ཡོན་ལོངས་སྤྱོད་ཆར་ལྟར་འབེབས༔ དགེ་ལེགས་ཡིད་བཞིན་འབྱུང་བའི་གནས༔ རྒྱ་ཆེ་ཤིན་ཏུ་ཡངས་པའི་དབུས༔ བཅོམ་ལྡན་རཏྣ་ཀཱི་ལ་ཡ༔ རྒྱ་བ་ཀུན་འདུས་ངོ་བོར་བཞུགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ ནོར་ལྷ་གཏེར་བདག་ཕོ་མོར་བཅས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཏེར་བདག་དམ་ཅན་ཕོ་མོ་ཡི༔ སྲོག་དབང་ཡོངས་རྫོགས་རབ་ཐོབ་ནས༔ སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་ཐོབ་དངོས་གྲུབ་ཆར་འབེབས་ཤིང་༔ མཆོད་སྦྱིན་ཟད་པ་མེད་པ་ཡི༔ ལོངས་སྤྱོད་གཏེར་ལ་དབང་ཐོབ་ཤོག༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཕ་ལ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་ལས་ཅན་རྣམས༔ ཚེ་འདིའི་དོན་དུ་གཉེར་བ་འམ༔ ཕྱི་མའི་དོན་དུ་གཉེར་བ་ཡིས༔ བསྙེན་བསྒྲུབ་ལས་གང་བརྩོན་ན་ཡང་༔ དང་པོ་གསང་སྔགས་དབང་གིས་སྨིན༔ གཉིས་པ་ཉམས་ལེན་གདམས་པས་གྲོལ༔ མིན་ན་འབྲས་བུ་འབྱིན་མི་སྲིད༔ ས་མ་ཡ༔ དབང་གི་རྩ་བ་དམ་ཚིག་ཡིན༔ བྱིན་རླབས་འཇུག་སྒོ་མོས་གུས་ཡིན༔ བརྟེན་པའི་གཙོ་བོ་བླ་མ་ཡིན༔ གནད་དང་ལྡན་ན་ཚེ་འདིར་གྲོལ༔ ཉམས་ན་རང་བརླག་རྟག་ཏུ་མནར༔ ས་མ་ཡ༔ རྣམ་གཡེང་ལེ་ལོ་ངལ་གདུབ་དང་༔ བྱིང་རྨུག་ཡུལ་ཞེན་རྐྱེན་རྣམས་ཀུན༔ ཆོས་ཉན་པ་ལ་གློ་བུར་ལངས༔ འདི་ཡིས་ཆོས་ཀྱི་འབྲས་བུ་རྐུ༔ ས་མ་ཡ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ ཉོན་མོངས་ཀུན་གྱི་རྩ་བ་ཡིན༔ བདུད་ཀྱི་ཇག་པ་འདི་ལས་མེད༔ འཁྲུལ་པ་རང་གྲོལ་ངང་དུ་བཤིག༔ ས་མ་ཡ༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ༔ ཆོས་ཟབ་དུས་སུ་མལ་ནས་ལངས༔ ཆོས་པས་ནོར་བསགས་དེ་ཡིས་འཇོམས༔ འདི་ལས་བདུད་བགེགས་ཆེ་བ་མེད༔ ས་མ་ཡ༔ དལ་འབྱོར་ལྡན་པའི་མི་ལུས་ནི༔ རྙེད་དཀའ་ཕྱིས་ཀྱང་རྙེད་མིན་ཏེ༔ ད་རེས་རྙེད་པ་ཆུད་མ་ཟ༔ ཚེ་གཅིག་སངས་རྒྱས་རང་ལ་ཡོད༔ ས་མ་ཡ༔ སྲིད་གསུམ་མི་རྟག་འཇིག་པ་ཆེ༔ སྐད་ཅིག་ཙམ་གྱིས་མི་ཚེ་བསྟུང་༔ དལ་ཁོམ་མེད་དོ་འཆི་ལ་ཉེ༔ མྱུར་དུ་དམ་པའི་ཆོས་ལ་རེམ༔ ས་མ་ཡ༔ དགེ་བ་ཆུང་ཡང་འབྲས་བུ་ཆེ༔ སྡིག་པ་ཆུང་ཡང་བསྐལ་པར་མནར༔ དགེ་བ་ཕྲ་ཡང་ཉམས་སུ་ལོངས༔ སྡིག་པ་ཕྲ་ཡང་སྤང་བར་བྱ༔ ས་མ་ཡ༔ འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ༔ སྡུག་བསྔལ་སྣ་ཚོགས་དབལ་ཡང་ཚ༔ འདི་ལ་སྙིང་རླུང་དྲག་པོ་ལྡང༔ སྲོག་གཅོད་གཤེད་དང་འཕྲད་པ་ལྟར༔ རང་རེ་གཅིག་པུར་རི་ལ་བྲོས༔ ནམ་ཡང་མི་ལྡོག་དམ་བཅའ་ཟུངས༔ ས་མ་ཡ༔ འཁོར་བ་སྤངས་པའི་ཕ་རོལ་ན༔ ཆོས་ཀྱི་བྱ་རྩོལ་བྱེད་མི་དགོས༔ ད་ལྟ་ཤི་ཡང་སླར་མི་ལྡོག༔ བློ་ཕུག་དཀོན་མཆོག་གསུམ་ལ་གཏོད༔ ས་མ་ཡ༔ སུ་དང་འགྲོགས་ཀྱང་འགལ་བའི་རྐྱེན༔ ཕ་མར་བུ་ཚ་དགྲར་ལངས་ན༔ མཛའ་གྲོགས་སུ་ལ་བློ་སྙིང་གཏོད༔ གཅིག་པུར་དམ་པའི་ཆོས་ལ་ཆོས༔ ས་མ་ཡ༔ པདྨ་བདག་གི་སྙིང་གཏམ་འདི༔ ཚུལ་བཞིན་ཉམས་ལེན་སྐལ་བར་ལྡན༔ ཚུལ་མིན་བདུད་ཀྱི་འབངས་སྡེ་ནི༔ ཟོག་པོ་རྫུན་མ་མཐོ་ལ་རྔམས༔ དྲེད་པོ་དཀོར་ཟན་བུ་ཚར་བརྩེ༔ རྒྱུད་གྱོང་རྟག་འཛིན་ནོར་ལ་གདུང་༔ འདི་དག་འཁོར་བའི་འཁོར་ལོ་འཁོར༔ དེ་ནི་གྲོལ་བར་ངས་མ་བཤད༔ ངེས་པར་ཡང་དག་སྣོད་ལྡན་རྣམས༔ གདམས་པ་ཚིག་གི་བདུད་རྩི་འདི༔ བཏུང་ཚད་མྱུར་ལམ་སྙིང་པོར་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠༠༠༠༠༠༠༠༠བརྡ་ཡིག༔ ༢༠༢བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གསུང་གི་རང་མདངས་དབང་གི་སྐུ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡའི༔ གསང་བ་སྒོས་ཀྱི་སྒྲུབ་པ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ དཀྱིལ་འཁོར་ཟླ་གམ་དམར་གསལ་དབུས༔ ཟངས་སམ་དབང་གི་ཤིང་རྣམས་ལས༔ ཕུར་པ་རྒྱ་མདུད་མཛེས་ལྡན་ལ༔ དབུ་ཡི་ཏོག་ནི་ཟླ་གམ་བྱ༔ མཆོད་རྫས་སྣ་ཚོགས་མཎྜལ་ལྟར༔ རི་ལྟར་སྤུངས་ལ་མ་བཅོས་བཞག༔ སྤྲོས་པ་གང་གིས་མཛེས་མིན་ཏེ༔ གསང་བའི་ཡང་གསང་འདི་ཡིན་པས༔ སྤྲོས་མེད་མི་མངོན་པ་རུ་བྱ༔ ཆོས་ཉིད་དོན་གྱི་རིག་སྐུ་ཡིན༔ སྣང་བ་སྣོད་དང་བཅུད་སྲིད་པ༔ གདོད་ནས་མཆོད་པའི་སྤྲིན་དུ་ཤར༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ གཉིས་སུ་འཛིན་པའི་རྣམ་རྟོག་བགེགས༔ གཉིས་མེད་ཆོས་དབྱིངས་ངང་དུ་བསལ༔ སྐད་ཅིག་རིག་པའི་འགྱུ་ལྡོག་གིས༔ ལྷན་སྐྱེས་ཡེ་ཤེས་ངང་དུ་སད༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་དབུས༔ རང་བྱུང་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་དུ༔ པད་ཉི་རྒྱལ་བསེན་བསྣོལ་བའི་གདན་སྟེང་སུ༔ ཧཱུྃ་ལས་རང་ཉིད་པདྨ་ཀཱི་ལ་ཡ༔ དམར་གསལ་ཞལ་གསུམ་ཕྱག་དྲུག་ཁྲོ་གཏུམ་འབར༔ གཡས་དཀར་གཡོན་སྔོ་རབ་འཇིགས་རྔམས་པའི་ཞལ༔ སྤྱན་དགུ་སྡང་མིག་ནམ་མཁའི་དབྱིངས་སུ་གཟིགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་མེ་ཕུང་ཁ་ཊྭཱྃ་རྩེ་གསུམ་བསྣམས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ སྐུ་སྨད་དབལ་ཕུར་ཟུར་གསུམ་དགྲ་གདོན་གཟིར༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་གར་དགུར་ལྡན༔ སྤྱི་བོར་ཟངས་ཀྱི་བྱ་ཁྱུང་དམར་པོ་ལྡིང་༔ རྭ་བར་སྣང་མཐའ་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ དམར་གསལ་སྐྱིལ་ཀྲུང་མཉམ་གཞག་པདྨ་འཛིན༔ ཡེ་ཤེས་མེ་ཕུང་རབ་འབར་ཀློང་དཀྱིལ་དུ༔ ཧ་ཧ་ཧཱུྃ་ཕཊ་འབྲུག་སྟོང་སྒྲ་ལྟར་སྒྲོགས༔ མི་ཟད་རབ་འཇིགས་སྤྲུལ་པའི་ཁྲོ་ཆུང་འགྱེད༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་གསལ༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་མཐིང་ནག་ཧཱུྃ་ལས་འོད་འཕྲོས་པས༔ སངས་རྒྱས་བྱང་སེམས་རིག་འཛིན་རྒྱ་མཚོའི་ཚོགས༔ དམ་ཚིག་དབང་གིས་སྐད་ཅིག་སྤྱན་དྲངས་ནས༔ རིགས་ཀུན་སྐུ་ཡི་ས་བོན་ཨོཾ་དཀར་པོ༔ ཁ་བ་བབས་ལྟར་བདེ་ཆེན་འཁོར་ལོར་བབས༔ སྤྱི་བོའི་ཨོཾ་དཀར་ཉིད་དང་དབྱེར་མེད་འདྲེས༔ གསུང་གི་ངོ་བོ་ཨཱཿདམར་ཚུལ་དུ་བབས༔ ལོངས་སྤྱོད་འཁོར་ལོའི་ཨཱཿདམར་ཉིད་དང་འདྲེས༔ ཐུགས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་ནག་ཚུལ༔ སྙིང་གའི་ཧཱུྃ་ལ་ཁ་བ་བབས་ལྟར་ཐིམ༔ ཡོན་ཏན་ངོ་བོ་སྭཱ་ཡིག་སེར་གསལ་ཚུལ༔ སྤྲུལ་པའི་འཁོར་ལོར་བབས་ཤིང་བརྟན་པར་བསམ༔ ཕྲིན་ལས་ངོ་བོ་ཧཱ་ཡིག་ལྗང་ནག་ཚུལ༔ ཁ་བ་བབས་ལྟར་བདེ་སྐྱོང་འཁོར་ལོར་བབས༔ སྒོ་གསུམ་བསགས་པའི་སྡིག་སྒྲིབ་ཀུན་དག་ནས༔ བུམ་གསང་ཤེས་རབ་ཚིག་དབང་རིག་རྩལ་དབང་༔ ཀུན་ཐོབ་ཡེ་ཤེས་ལྔ་ལ་བདག་དབང་འབྱོར༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ༔ སརྦ་ཀཱ་ཡ་ཝཱཀ་ཙིཏྟ་པྲཛྙཱ་ཛྙཱ་ན་སརྦ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བདག་མདུན་ཐུགས་ལས་ཡེ་ཤེས་འོད་འཕྲོས་པས༔ དམ་ཚིག་དབང་གིས་རྒྱལ་ཀུན་ཐུགས་རྒྱུད་བསྐུལ༔ སངས་རྒྱས་བྱང་སེམས་དགུ་ལྡན་བླ་མ་དང་༔ ཡི་དམ་ཡོངས་རྫོགས་འབུམ་ཕྲག་ཌཱ་ཀིའི་ཚོགས༔ མ་ལུས་པདྨ་ཀཱི་ལའི་རྣམ་རོལ་དུ༔ ཁ་བ་བབས་ལྟར་བདག་མདུན་རྣམས་ལ་བསྟིམ༔ ན་མོ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱཀི་ནཱི་པདྨ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་ས་མ་ཡ་ཛ་ཛཿཞེས་རབ་འབྱམས་རྒྱལ་བ་རྒྱ་མཚོ་ཐམས་ཅད་དཔལ་ཆེན་པདྨ་ཀཱི་ལའི་རྣམ་པར་རང་དང་མདུན་བསྐྱེད་ལ་ཐིམ་པས་རིགས་ཀུན་ལྷ་སྔགས་གཅིག་ཏུ་འདུས་པའོ༔ ཛཿཧཱུྃ༔ རང་གི་ལུས་ངག་ཡིད་གསུམ་དང་རྒྱལ་བའི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་འདྲེས་པས་རྒྱལ་བ་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་རོ་གཅིག་པར་གྱུར༔ བཾ་ ཧོཿ ཞེས་རང་བྱུང་རང་ཤར་གྱི་ངོ་བོ་གདོད་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་བཅོས་གདོད་མའི་སངས་རྒྱས་དེ་ཡི་རྩལ་སྣང་རབ་འབྱམས་རྒྱལ་བ་སོ་སོའི་སྐུར་སྣང་ཞིང་ཤར་བ་སླར་ཡེ་ཤེས་གཅིག་ཏུ་འདུས་པར་རིག༔ ཨཱ་སརྦ་ས་མ་ཏི་ཨ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དཔལ༔ བཅོམ་ལྡན་དཔལ་ཆེན་པདྨ་ཀཱི་ལ་ཡ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་གནས་འདི་རུ༔ སྒྲུབ་མཆོག་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་ནི༔ ཧཱུྃ༔ མ་ཆགས་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ དགྲ་གདོན་ཕོ་མོ་བསྣོལ་བའི་གདན་ལ་བཞུགས༔ རང་བྱུང་ཡེ་ཤེས་རིག་པའི་རྩལ་སྣང་གིས༔ གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་ལོ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རྫོགས་པའི་སངས་རྒྱས་ཡོངས་འདུས་ཁྲོ་བོའི་རྒྱལ༔ ཁྲག་འཐུང་པདྨ་ཀཱི་ལ་འཁོར་བཅས་ལ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང༔ ཏ་ན་ག་ན་ཚོགས་ཀྱི་མཆོད་པ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛོད༔ ཨོཾ་བཛྲ་པུཥྤེ་སོགས་ཤཔྡ་རཱུ་པ་སོགས་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿདུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ གདུག་པ་འདུལ་མཛད་པདྨ་དབང་གི་ལྷ༔ ཁམས་གསུམ་དབང་སྡུད་ཟིལ་གནོན་ཁྲོ་བོའི་རྒྱལ༔ གསུང་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ བདག་ཉིད་ཕུར་པ་སྒྲུབ་པའི་རིག་འཛིན་ལ༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དངོས་གྲུབ་སྩོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠༠༠བརྡ་ཡིག༔ ༢༠༧ཁྲག་འཐུང་པདྨ་ཀཱི་ལ་ཡ༔ པདྨ་དབང་གི་རྒྱལ་པོ་ཡི༔ ཛཔ྄་དམིགས་ཐུགས་རྗེའི་ལྕགས་ཀྱུ་ནི༔ རང་ཉིད་པདྨ་ཀཱི་ལར་གསལ་བ་ཡི༔ ཐུགས་ཀར་ཡེ་ཤེས་འོད་ཟེར་འཁྲིགས་པའི་ཀློང་༔ སེམས་དཔའ་རྡོ་རྗེའི་ཧཱུྃ་ལ་སྔགས་འཁོར་ཞིང་༔ འཕྲོ་འདུས་སངས་རྒྱས་ཀུན་མཆོད་དབང་བྱིན་བསྡུས༔ དངོས་གྲུབ་ཀུན་ཐོབ་བདེ་སྟོང་ཡེ་ཤེས་རྒྱས༔ སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་བསྒོམ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་མཐར༔ རང་ཉིད་ལྷར་གསལ་ཐུགས་སྲོག་ཧཱུྃ་དམར་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན༔ ཁྲག་འཐུང་པདྨ་ཕུར་པའི་རྣམ་རོལ་དུ༔ ཁ་བ་བབས་ལྟར་བདག་མདུན་ལ་ཐིམ་པས༔ རིགས་ཀུན་ལྷ་སྔགས་གཅིག་ཏུ་འདུས་པའོ༔ ཨོཾ་དྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཞེས་དམིགས་པ་གསལ་ཞིང་གནད་དང་ལྡན་པས་བཟླས་པར་བྱའོ༔ མཐར་ལས་སྦྱོར་ལ༔ རང་ཉིད་པདྨ་ཀཱི་ལར་གསལ་བ་ཡི༔ ཐུགས་ཀའི་སྔགས་དང་སྐུ་ཡི་ཆ་རྣམས་ལས༔ དྲག་ཅིང་ཚ་ལ་རྩུབ་པའི་འོད་ཟེར་དང་༔ མེ་འོད་མཚོན་ཆ་ཁྲོ་ཆུང་མེ་ཁྱུང་དང་༔ ལྕགས་སྡིག་ནག་པོ་གྲངས་མེད་སྐར་ལྟར་འཁྲིགས༔ སྣང་སྲིད་ཁམས་ཀྱི་ལྷ་སྲིན་གདུག་པ་ཅན༔ འདྲེ་གདོན་འགོང་པོ་བདུད་རིགས་དམ་སྲི་རྣམས༔ ཐལ་བ་རྡུལ་བརླག་རྔམས་ཟས་ཧབ་སྒྲ་བྱས༔ སུས་ཀྱང་བཟོད་མེད་དངངས་སྐྲག་འཇིགས་སྣང་གིས༔ བྲན་ཁས་ལེན་ཅིང་སྲོག་སྙིང་མངོན་ཕུལ་ནས༔ བཀའ་ཉན་གསུང་སྡོད་མནའ་ཐོ་དམ་བཅས་ཤིང་༔ མི་འདའ་གནམ་ལྕགས་ཕུར་པས་གཙུག་རྒྱན་བསམ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅི་མང་བཟླས་མཐར༔ སླར་ཡང་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས༔ གདུག་པ་ཀུན་སྒྲོལ་སྣང་སྲིད་ལྷ་སྲིན་དང་༔ གཟུགས་ཅན་གཟུགས་མེད་མི་དང་མི་མ་ཡིན༔ ལྷ་ཀླུ་གཉན་བཅས་མ་ལུས་ཐམས་ཅད་ཀུན༔ རང་དབང་མེད་པར་གནས་རྟེན་ནོར་དང་བཅས༔ ཤ་རུལ་སྦྲང་མ་བཞིན་དུ་དབང་བསྡུས་ཏེ༔ དྲག་པོའི་གཟི་མདངས་མཐོང་བར་བཟོད་མེད་ཀྱིས༔ བྲན་ཁས་ལེན་ཅིང་ལོངས་སྤྱོད་ཆར་འབེབས་ཏེ༔ སླར་ཡང་རྒྱུན་མི་ཆད་པའི་འདོད་ཡོན་གཏེར༔ མི་ཟད་ཆུ་བོའི་རྒྱུན་ལྟར་སྟེར་ཕུལ་བས༔ ཁས་བླངས་མནའ་ཐོ་དམ་བཅའ་བྱེད་པ་ཡིས༔ མི་འདའ་གནམ་ལྕགས་རྡོ་རྗེས་གཙུག་བརྒྱན་བསམ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་ནྲྀ་ཨ་ཀཪྴ་ཡ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅི་ནུས་བཟླས་ཤིང་དམིགས་པ་ཡང་ཡང་གནད༔ འདི་དག་དམིགས་པའི་གནད་ཀྱིས་མ་ཟིན་ན༔ གཞུ་མེད་མདའ་ཡི་དཔེ་བཞིན་དོན་གཉེར་མེད༔ དམིགས་པའི་རྩ་སྔགས་འཁོར་བ་གཞུ་ལྟར་ལ༔ འོད་ཟེར་སྤྲོས་བསྡུ་མདའ་ལྟར་གཙོ་ཆེའོ༔ དམིགས་པ་མི་ཤེས་སྔགས་ཀྱི་གྲངས་འཁྱོལ་ཡང་༔ མདའ་གཞུ་མེད་པའི་མདེའུར་སོ་ཕྱུང་འདྲ༔ གསལ་བ་གཉན་རྒོད་འཇོམས་པའི་གཞུ་མོ་ལ༔ དམིགས་པ་དྲག་རྣོ་ལྡན་པའི་མདའ་མོ་གཉིས༔ སྤྲོས་བསྡུས་རྩལ་ལྡན་སྐྱེས་བུས་འཕེན་ཤེས་ན༔ གང་ལ་བབས་ཀྱང་ཐོགས་པ་མི་མངའ་འོ༔ ས་མ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་འཁོར་བཅས་ལ༔ བརྟེན་ནས་མཚོན་བསྲུང་རིལ་བུ་རྡོ་རྗེའི་རྫོང་༔ འདི་ཡི་ལག་ལེན་རིམ་པ་རྫས་བཅོ་ལྔ༔ དེ་ལ་གཙོ་དང་བློན་དང་འབངས་དང་གསུམ༔ མརྒད་དམ་ནི་མུ་མེན་གཙོ་བོ་ལ༔ བློན་བཞི་དངུལ་དང་གསེར་དང་ཟངས་ལྕགས་བཞི༔ ཡུངས་དཀར་ཡུངས་ནག་ཀེ་མཚེ་ཤངས་མཚེ་དུག༔ རྟ་བོན་བྲ་བོ་ཨ་རུ་འབྲས་དཀར་དང་༔ སྲན་མ་ལ་སོགས་བཅུ་ནི་འབངས་ཡིན་ཏེ༔ གཙོ་བོའི་ཕྱེད་ཆ་བློན་ལ་སྦྱར༔ བློན་གྱི་ཕྱེད་ཆ་འབངས་ལ་བཏང་༔ འདི་དག་ཤིན་ཏུ་ཞིབ་བཏུལ་ཏེ༔ སྔགས་པ་ནུས་ལྡན་ཕུར་པའི་དྲེག༔ བསོད་ནམས་ལྡན་པ་ཡ་རབས་ཀྱི༔ ཟས་སྣ་གང་རྙེད་ཆུ་ལ་བཏབ༔ དབང་ལག་བཙོས་པའི་ཁུ་བ་གསུམ༔ གླ་རྩིའི་ཆུ་དང་སྦྱར་བྱས་ཏེ༔ དྭངས་ལས་སྙིགས་ནི་བསླད་མི་རུང་༔ ནམ་མཁའ་མིག་གིས་མི་མཐོང་བར༔ རིལ་བུ་གཙོ་ལ་སྲན་མ་ཙམ༔ བློན་གྱི་ཚུལ་དུ་བྲ་བོ་ཙམ༔ འབངས་ཀྱི་ཚུལ་དུ་ཡུངས་འབྲུ་ཙམ༔ འདི་ལ་དབུས་སུ་གཅིག་བཞག་སྟེ༔ དེ་མཐར་བཞིས་བསྐོར་དེ་མཐར་བཅུ༔ དེ་ནི་ནམ་མཁའ་མི་མཐོང་སར༔ མཐིང་གིས་དྲིལ་ལ་བུམ་པར་བཅུག༔ དེ་ལ་དམིགས་པ་འདི་ལྟར་གནད༔ རང་ཉིད་ཆེ་གེ་མོ་རུ་གསལ་བ་ཡི༔ ཐུགས་ཀའི་སྔགས་འཁོར་ལས་ནི་འོད་ཟེར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་པ་ཀུན༔ འོད་ལྔའི་ཚུལ་དུ་སྤྲིན་དཔུང་འཐིབ་པ་ལྟར༔ ཚུར་འདུས་རིལ་བུ་རྣམས་ལ་གཉིས་མེད་ཐིམ༔ སྐད་ཅིག་རིལ་བུ་རྡོ་རྗེ་གཞོན་ནུའི་སྐུ༔ རྒྱན་དང་ཆ་ལུགས་མ་འདྲེས་ཡོངས་རྫོགས་པའི༔ ཕྱོགས་བཞིར་ཀཱི་ལ་རྣམ་བཞི་ལས་བཞིའི་བདག༔ དེ་མཐར་ཡེ་ཤེས་ཁྲོ་བཅུ་དང་བཅས་པ༔ སྤྲུལ་འཁོར་བཀའ་སྡོད་ཕོ་ཉས་བསྐོར་བ་ལས༔ འོད་འཕྲོས་རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྤྲུལ་འཁོར་གྱི༔ རྣམ་པར་ཁ་བ་བབས་ལྟར་སྤྱན་དྲངས་བསྟིམ༔ གཟི་བརྗིད་རབ་འབར་གཞོམ་བྲལ་རྡོ་རྗེ་ཡི༔ ཐུགས་ཀར་མི་འཇིགས་སྲོག་གི་གྭའུ་ཁ་སྦྱོར་དུ༔ བསྲུང་བྱའི་ལུས་ངག་ཡིད་གསུམ་སྲུང་དུ་ཚུད༔ ཀུན་ཀྱང་དྲག་པོ་དྲག་པོའི་སྔགས་སྒྲ་སྒྲོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་བཛྲ་རཀྵ་ཙཀྲ་སིདྡྷི་བྷྲུྃ༔ བསྒྲུབ་ཅིང་བརྟན་བཞུགས་ནན་ཆེར་ཏེ༔ མཐར་ཡང་དམིགས་པ་གསལ་གདབ་ལ༔ ཆུ་རྒྱུན་བཞིན་དུ་སྔགས་འདི་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿདེ་ནས་རིལ་བུ་ཐམས་ཅད་ནི༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་༔ ཀཱི་ལ་བཞི་དང་ཁྲོ་བོ་བཅུར༔ བསྒོམ་ཞིང་ཐུགས་ཀར་གཞོམ་བྲལ་གྱི༔ རྡོ་རྗེ་སྲུང་བའི་གྭའུ་རུ༔ བསྲུང་བྱའི་ལུས་ངག་ཡིད་གསུམ་ཀུན༔ སྲུང་བའི་གུར་དུ་ཚུད་པར་བསྒོམ༔ འདི་ཉིད་མགུལ་དུ་ཅི་གནས་པར༔ ནམ་མཁའ་མི་མཐོང་སྦ་བ་གནད༔ མི་གཞན་གང་གིས་མཐོང་བ་དང་༔ ལག་བརྒྱུད་བྱས་པས་ནུས་པ་འཇོམས༔ གནད་དང་ལྡན་པས་འཆང་བ་ན༔ གང་གི་ལུས་ངག་ཡིད་གསུམ་ལ༔ ནད་དང་གནོད་པ་ཐམས་ཅད་དང་༔ ཁྱད་པར་མཚོན་གྱི་འཇིགས་པ་ལ༔ གནམ་ལྕགས་རྡོ་རྗེའི་རྫོང་དང་མཚུངས༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནད་ངན་བསྲུང་བའི་རིལ་བུ་ནི༔ གནམ་ལྕགས་རྡོ་རྗེ་མེ་འབར་ལ༔ འདི་ལ་རྫས་ནི་བཅོ་ལྔ་བསྟན༔ རིན་ཆེན་ལྔ་མརྒད་དམ་མུ་མེན་གསེར་དངུལ་ཟངས་ལྕགས་དང་རྡོ་དུག་མུ་ཟི་ནག་པོ་ནག༔ བཙན་བོང་བ་དུག་སྦྲུལ་གུ་གུལ་ནག་འབྲས་སྤྲུ་བ་ནག་པོ་ནག་དང་༔ དྲི་སྦྱོར་ཤིང་ཀུན་རྒྱུ་ཁྲག་གླ་རྩི་གི་ཝཾ་དང་༔ རྩ་རྒྱལ་ཤུ་དག་སྨན་རྒྱལ་ཨ་རུ་ནག་པོ་རྣམ་པ་དགུ༔ གཙོ་བོ་བཅོ་ལྔ་སྦྱོར་བ་ལ༔ ཡན་ལག་རྣམ་དྲུག་སྦྱར་བར་བྱ༔ འབྲུ་རྒྱལ་ཡུངས་ཀར་རྩ་སྙིགས་ཀེ་མཚེ་ཤིང་སྙིགས་ཤངས་མཚེ་བྲན༔ འབྲུ་སྙིགས་ཡུངས་ནག་ཐང་ཤིང་ཟངས་རྩི་ནག་པོ་སྒོག་པར་བཅས༔ ཤིན་ཏུ་ཞིབ་པར་རབ་བཏུལ་ནས༔ རིལ་བུ་སྲན་མ་ཙམ་གསུམ་དྲིལ༔ གཙོ་བོ་རིན་ཆེན་རྣམ་དྲུག་ནི༔ ཕྱེད་ཆ་བློན་ལ་བཏང་བ་དང་༔ བློན་གྱི་ཕྱེད་ཆ་བྲན་ལ་བཏང་༔ དེ་ཡང་ནམ་མཁའ་མི་མཐོང་བར༔ བུལ་ནང་བླུགས་ལ་བསྒྲུབ་པར་བྱ༔ འདི་ལ་དམིགས་པ་རྣམ་གསུམ་སྟེ༔ གཅིག་ནི་རྡོ་རྗེ་གཞོན་ནུར་བསྒོམ༔ གཏི་མུག་ལས་བྱུང་ནད་དང་རིམས༔ འཇོམས་མཛད་ཐིག་ལེ་ཉག་གཅིག་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ དེ་ལ་དམིགས་ཤིང་སྔགས་འདི་བཟླས༔ ཨོཾ་དྷརྨ་ཀཱ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ དེ་ལ་བརྒྱ་རྩ་བརྒྱད་དུ་བཟླས༔ དེ་ནས་ཡང་རིལ་བུ་གཅིག་བཅོམ་ལྡན་འདས་དཔལ་ཆེན་པདྨ་ཀཱི་ལར་བསྒོམ་ལ༔ དེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བསམ༔ དེ་ལ་དམིགས་ནས་སྔགས་འདི་བཟླས༔ ཨོཾ་སམྦྷོ་ཀཱ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ བརྒྱ་རྩ་བཟླ༔ དེ་ལྟར་བསྒོམ་པས་འདོད་ཆགས་ཀྱི་ནད་རིམས་མ་ལུས་འཇོམས་པར་འགྱུར་རོ༔ དེ་ནས་རིལ་བུ་གསུམ་པ་ལ༔ ཞེ་སྡང་ནད་རིགས་འཇོམས་མཛད་དཔལ༔ ཁྲོ་རྒྱལ་བཛྲ་ཀཱི་ལ་བསྒོམ༔ དེ་ལས་འོད་འཕྲོས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་བསྒོམ༔ དེ་ལ་དམིགས་ནས་སྔགས་འདི་བཟླས༔ ཨོཾ་ནིརྨ་ཀཱ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ གསུམ་ཀ་ལ༔ སརྦ་ཛྭ་ར་ཐུཾ་བྷྱོ་བཟློག༔ བཛྲ་ས་མ་ཡ་འཆང་བ་པོ་ལ་རཀྵ་སྭཱ་ཧཱ༔ ཞེས་སྒྲུབ་པའི་དཀྱིལ་འཁོར་ལ་བརྟེན་ནས༔ འདི་བསྒྲུབ་འཆང་བ་གང་དེ་ལ༔ ནད་རིམས་ཀུན་གྱིས་གླགས་མི་རྙེད༔ སྒྲུབ་པའི་གཞུང་བསྲང་བསྙེན་སྒྲུབ་ཀྱིས༔ ལས་ལ་སྦྱོར་བ་འདི་ཡིན་པས༔ རྨོངས་པ་གོ་ལོག་མ་བྱེད་ཅིག༔ སྐུ་གསུམ་རྡོ་རྗེ་ཕུར་པ་ནི༔ མངོན་སུམ་ཐབས་ཀྱིས་འཆང་བ་ཡིན༔ སུས་ཀྱང་འཇིགས་པར་མི་ནུས་སོ༔ ཐེ་ཚོམ་ཅན་ནི་མ་གཏོགས་པ༔ གང་གིས་འཆང་ལ་འཇིགས་པ་དང་༔ ནད་རིམས་གང་ལ་ཉམ་མི་ང་༔ ས་མ་ཡ༔ བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཟས་ནོར་དབང་དུ་འདུ་བ་ཡི༔ དབང་སྡུད་རྡོ་རྗེ་ལྕགས་ཀྱུ་ཡི༔ འཁོར་ལོ་ཟབ་མོ་བསྟན་པར་བྱ༔ འདི་ཡི་ལག་ལེན་རིམ་པ་ནི༔ ཤོག་གུ་དཀར་གསལ་མཁྱུད་འཁོར་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ མུ་ཁྱུད་ལྟེ་བར༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་རཏྣ་སརྦ་ཟས་ནོར་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡིག་མགོ་ཕྱིར་བསྟན་དབུ་ཅན་ནོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ པདྨ་ཌཱ་ཀི་ནཱི་པདྨ་སྥོ་ཊ་བཾ༔ མ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསྣང་སྲིད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གཉིས་པ་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་པདྨ་གུ་རུ་པདྨ་དྷེ་ཝ་པདྨ་ཌཱ་ཀི་ནཱི་ཧ་རི་ནི་ས་སརྦ་ས་མ་ཡ༔ ཀཱ་ཡ་སིདྡྷི་ཝཱཀ་ཙིཏྟ་སིདྡྷི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཟས་ནོར་ལོངས་སྤྱོད་ཚེ་བསོད་དཔལ་འབྱོར་ཅན་རྣམས་ཀྱི་འདོད་ཡོན་དགེ་ལེགས་ཐམས་ཅད་འཆང་བ་པོའི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གསུམ་པ་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ པདྨ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ཛམྦྷ་ལ་ས་མ་ཡ༔ སརྦ་ལོ་ཀ་པཱ་ལ་སརྦ་ས་མ་ཡ༔ ཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་ཚེ་བསོད་དཔལ་འབྱོར་ཐམས་ཅད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་ནྲྀ་ཨ་ཀཪྴ་ཡ་ཛ་ཛ༔ མ་མ་ཁ་ཤི་ཁ་ཤི༔ ཙིཏྟ་ཧྲཱིཾ་ཛཿཧྲཱིཾ་ཛཿཛ་ཡ་ཛ་ཡ༔ ཧུ་ཡ་ཧུ་ཡ༔ བྲིང་ཛ༔ བྲིང་ཛ༔ ཧྲཱིཾ་ཛཿཧྲཱིཾ་ཛཿསརྦ་རཏྣ་སྡུས་སྡུས༔ སྣང་སྲིད་ཁམས་ཀྱི་ཟས་ནོར་འདོད་རྒུ་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་མཐར་མུ་ཁྱུད་བཞི་པ་ལ༔ འཁོར་ལོ་རྩིབས་ལྔའི་རྩིབས་རྣམས་ལ༔ ཨོཾ་པདྨ་ཀྲོ་དྷ་ཨཱཪྻ་ཛམྦྷ་ལ་ཧྲཱི་ད་ཡ་ཧཱུྃ་ཕཊ༔ གཉིས་པ་ལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ གསུམ་པ་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ བཞི་པ་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ལྔ་པ་ལ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ རྩིབས་མཆན་རྣམས་ལ༔ ཨོཾ་སརྦ་རཏྣ་འདོད་རྒུ་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཛཿམི་ནོར་ཟས་གསུམ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཨོཾ་ཛཿསརྦ་རཏྣ་པཉྩ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཨོཾ་ཛཿསརྦ་རཏྣ་བཀྲ་ཤིས་བདེ་ལེགས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ནོར་ལྷ་གཡང་ལྷ་བཅུད་གཡང་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཨོཾ་སྭཱ་པདྨ་ཧྲཱིཿཨཱཾ་ཨ་རོ་ལིཀ་པྱཾ་རཱ་ག་ར་ཏི་སྟྭཾ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ པདྨ་ཌཱ་ཀི་ནཱི་པདྨ་ཧ་རི་ནི་ས་ཧཱུྃ༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་ཧཱུྃ་ཨཱཿཟས་ནོར་ལོངས་སྤྱོད་སྡུས་སྡུས༔ ཨ་ནྲྀ་ཨ་ཀཪྴ་ཡ་ཛ་ཛ༔ མ་མ་ཁ་ཤི་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་ལག་སྒུལ་སྒུལ༔ སརྦ་རཏྣ་ཁམས་གསུམ་སྲིད་གསུམ་གྱི་མི་ནོར་ཟས་གསུམ་ཆེ་བཙན་འབངས་གསུམ་ཚེ་བསོད་འབྱོར་གསུམ་དཔལ་སྟོབས་མདངས་གསུམ་ལྷ་འདྲེ་མི་གསུམ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག༔ འདོད་རྒུ་ལོངས་སྤྱོད་ཡིད་བཞིན་གྱི་ཆར་ཆེན་པོ་ཕོབ་ལ་ནུབ་པ་མེད་པར་ལོངས་སྤྱོད་པའི་དབང་དང་སྐལ་བ་ཐོབ་པར་གྱུར་ཅིག༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་པ་མེད་པར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཐར་ཕྱོགས་བཞིར་ཟླ་ཕྱེད་ནང་དུ་འཁོར་བ་བཞི༔ ལྕགས་ཀྱུ་བཞི་དང་གྲི་གུག་བཞི༔ རྫས་ནི་བཟང་དྲུག་གི་ཝཾ་ཙན་དན་གཉིས༔ རབ་གནས་བརྟན་བཞུགས་བྱས་ལ་བརྩེགས༔ འདི་ཡིས་སྣང་སྲིད་ཟས་ནོར་འདུ༔ བཀྲ་ཤིས་བདེ་ལེགས་དཔལ་ཡོན་ངེས་ཐོབ་འགྱུར༔ ཐེ་ཚོམ་མེད་དོ་ལས་ཅན་སྐལ་ལྡན་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༢༡༨བདག་འདྲ་པདྨ་དབང་རྒྱལ་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ རིག་མ་འགུགས་པའི་འཁོར་ལོ་ནི༔ ཡིད་འཕྲོག་མཛེས་རྒྱན་ལྕགས་ཀྱུ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ ཤོག་དཀར་མཁྱུད་ཀྱིས་འཁོར་བ་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ ལྟེ་བར༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨོཾ་ཨཱཾ་ཨ་རོ་ལི་ཀ་པྱཾ་རཱ་ག་ར་ཏི་སྟྭཾ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿམུ་དྲ་མཛེས་ལྡན་སིདྡྷི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་པདྨ་ཌཱ་ཀི་ནཱི་ཧ་རི་ནི་ས་སིདྡྷི་ཧཱུྃ་ཨཱཿབཛྲ་ཨཾ་ཀུ་ཤ་ཛ༔ པདྨ་སྥོ་ཊ་བཾ༔ སརྦ་ས་མ་ཡ་ཛ༔ རིག་མ་ཆེ་གེ་མོ་འཆང་བ་པོའི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནྲྀ་ཨ་ཀཪྴ་ཡ་ཛ་ཛ༔ མི་སྙིང་སྒུལ་སྒུལ༔ མི་ལག་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ བཛྲ་ཨཾ་ཀུ་ཤ་ཛཿམུ་དྲ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ འཁོར་ལོ་རྩིབས་བཞིའི་རྩིབས་ལ༔ ཨོཾ་པདྨ་ཀྲོ་དྷ་ཨཱཪྻ་ཛམྦྷ་ལ་ཧྲཱི་ད་ཡ་ཧཱུྃ༔ གཉིས་པ་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ གསུམ་པ་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱི་སྭཱ་ཧཱ༔ བཞི་པ་ལ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ རྩིབས་མཆན་ལ༔ ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཀྲོ་དྷ་ཧཱུྃ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ༔ སརྦ་ས་མ་ཡ་ཛ་ཛ༔ ཆེ་གེ་མོ་འཆང་བ་པོའི་དབང་དུ་སྡུས་ཤིག༔ ནྲྀ་ཨ་ཀཪྴ་ཡ་ཛ་ཛ༔ མ་མ་ཁ་ཤི༔ མ་མ་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་ལག་སྒུལ་སྒུལ༔ ཧུ་ཡ་ཧུ་ཡ༔ ཛ་ཡ་ཛ་ཡ༔ ཧྲིཾ་ཛཿཧྲཱིཾ་ཛཿབྲིང་ཛཿབྲིང་ཛཿབཛྲ་ཨཾ་ཀུ་ཤ་ཡ་ཛཿཆེ་གེ་མོ་མྱུར་བ་ཉིད་དུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཐར་ཞགས་པ་བཞི་དང་ལྕགས་ཀྱུ་བཞི༔ གྲི་གུག་བཞི་ཡིས་བསྐོར་བར་བྱ༔ རྫས་ནི་གླ་རྩི་གུར་གུམ་བྱུག་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་པདྨ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས་ཤིང་བསྐོར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠༠བརྡ་ཡིག༔ ༢༡༩བདག་འདྲ་པདྨ་དྲག་རྩལ་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཚེ་དང་བསོད་ནམས་ཡེ་ཤེས་ཀུན༔ རྒྱས་བྱེད་འདོད་འབྱུང་འཁོར་ལོ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ ཤོག་གུ་དཀར་གསལ་མཁྱུད་འཁོར་ལ༔ མུ་ཁྱུད་རིམ་པ་བདུན་བསྐོར་ཞིང་༔ ལྟེ་བར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཞེས་འཁོར་བར་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿསརྦ་རཏྣ་མངྒ་ལ་སྭ་སྟི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སརྦ་རཏྣ་ཟས་ནོར་ལོངས་སྤྱོད་སརྦ་མངྒ་ལ་སརྦ་སྭསྟི་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སརྦ་རཏྣ་ཟས་ནོར་ལོངས་སྤྱོད་ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ གརྫ་གརྫ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ༔ འཆང་བ་པོའི་ཚེ་བསོད་དཔལ་འབྱོར་ཟས་ནོར་ལོངས་སྤྱོད་སྙན་གྲགས་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཨོཾ་ཨོཾ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཧཱུྃ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ འཆང་བ་པོའི་ཚེ་བསོད་དཔལ་འབྱོར་མི་ནོར་ཟས་གསུམ་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཡོན་ཏན་མཐུ་རྩལ་ཐམས་ཅད་རྒྱས་པར་གྱུར་ཅིག་ནུབ་པ་མེད་པར་རྒྱས་ཤིང་བརྟན་པར་གྱུར་ཅིག༔ སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སརྦ་ཨ་ཡུ་སརྦ་པྲཛྙཱ་སརྦ་ཛྙཱ་ན་སརྦ་རཏྣ་སརྦ་མངྒ་ལ་སརྦ་སྭསྟི་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ཡི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ༔ འཁོར་ལོ་རྩིབས་བརྒྱད་ཀྱི་རྩིབས་ལ༔ ཕྱོགས་བཞིར༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿདེའི་མཆན་ལ༔ མི་མཐུན་པའི་ཕྱོགས་ཀུན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་པཱ་ཤ་ཧཱུྃ༔ དེའི་རྩིབས་མཆན་ལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་སྥོ་ཊ་བཾ༔ དེའི་རྩིབས་མཆན་ལ༔ ཁམས་གསུམ་སྲིད་གསུམ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་གྷཎྜེ་ཧོཿ དེའི་རྩིབས་མཆན་ལ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ མཚམས་བཞིར༔ ཨོཾ་བཛྲ་རེ་མ་ཏཱི་སིདྡྷི་ཧཱུྃ༔ དེའི་རྩིབས་མཆན་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཨོཾ་བཛྲ་རེ་མ་ཛཿསིདྡྷི་ཧཱུྃ༔ དེའི་རྩིབས་མཆན་ལ༔ མཐུ་རྩལ་ཡོན་ཏན་རྒྱས་པར་མཛོད༔ ཨོཾ་བཛྲ་རེ་མ་ཛུ་སིདྡྷི་ཧཱུྃ༔ དེའི་རྩིབས་མཆན་ལ༔ ཟས་ནོར་ལོངས་སྤྱོད་རྒྱས་པར་མཛོད༔ ཨོཾ་བཛྲ་རེ་མ་ཛིཿསིདྡྷི་ཧཱུྃ༔ དེའི་རྩིབས་མཆན་ལ༔ མངའ་ཐང་སྙན་གྲགས་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་བདུན་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ཛམྦྷ་ལ་སརྦ་ས་མ་ཡ༔ འཆང་བ་པོ་ལ་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་ཆར་ཆེན་པོ་ཕོབ་ཅིག༔ ཕ་མ་བུ་ཚ་ལྟ་བུར་དབྱེ་བ་མེད་པར་འགོ་བ་དང་མགོན་སྐྱབས་དཔུང་གཉེན་དམ་པ་མཛོད་ཅིག༔ ནུབ་པ་མེད་པའི་ཟས་ནོར་ལོངས་སྤྱོད་སྩོལ་ལ་རྒྱས་པ་དང་བརྟན་པར་མཛོད་ཅིག༔ སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཛྲ་ས་མ་ཡ༔ དེ་མཐར་བཀྲ་ཤིས་རྫས་རྟགས་བྲི༔ རྫས་ནི་གསེར་གུར་གུམ་བ་བླ་ཡུངས་སེར་ཨ་རུ་ར་ཛ་ཏི་ཙན་དན་བྱུག༔ འདི་དག་ཡིག་མགོ་ཕྱི་ལ་བསྟན་ཏེ་བྲི༔ རིན་ཆེན་ཐོད་པའི་སྒྲུབ་པ་ལ་བརྟེན་ནས༔ འདི་ཉིད་བསྐོར་བས་བསམ་དོན་ཡིད་བཞིན་འགྲུབ༔ ཟས་ནོར་ལོངས་སྤྱོད་གང་གཱའི་རྒྱུན་ལྟར་འབེབས༔ མངའ་ཐང་ལོངས་སྤྱོད་ཐམས་ཅད་དར་ཞིང་རྒྱས༔ བསོད་ནམས་སྙན་གྲགས་དབྱར་རྔ་བཞིན་དུ་སྒྲོགས༔ མཐུ་རྩལ་འཕྲུལ་སྟོབས་ནམ་མཁའི་ཐོག་ལས་ཆེ༔ ཉམས་སུ་ལོངས་ཤིག་མ་འོངས་སྐལ་ལྡན་རྣམས༔ ཐེ་ཚོམ་མེད་དོ་ཕྱི་རབས་ལས་ཅན་བུ༔ པདྨ་བདག་གི་སྙིང་ཐིག་ཡང་བཅུད་འདི༔ ཕྱི་རབས་ལས་ཅན་དོན་དུ་བརྡ་རིས་བཀོད༔ མ་འོངས་ལྔ་བརྒྱའི་མར་གཤམ་སྙིགས་མའི་དུས༔ མཚོ་རྒྱལ་ཁྱོད་ཀྱི་ཐུགས་དམ་སྐལ་པ་ཡོད༔ བཀའ་འདི་མ་མོ་སྔགས་སྲུང་ཚོགས་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠༠༠༠༠བརྡ་ཡིག༔ ༢༢༣བདག་འདྲ་གསང་བདག་པདྨ་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ སྣང་སྲིད་དབང་སྡུད་དཔའ་བོ་བདུན་པ་ཞེས༔ དབང་གི་རྒྱལ་པོ་ནོར་བུ་ལྔ་ཡང་ཟེར༔ འགུགས་བྱེད་ཐུགས་རྗེའི་ལྕགས་ཀྱུ་ཞེས་ཀྱང་བྱ༔ ཡིད་འཕྲོག་མཛེས་རྒྱན་མེ་ཏོག་ཅེས་ཀྱང་བྱ༔ ཐོགས་མེད་ཀུན་སྡུད་བདུན་པ་ཞེས་ཀྱང་བྱ༔ དབང་སྡུད་འོད་ཟེར་ལྕགས་ཀྱུ་རྣོན་པོ་ཞེས༔ ལས་མྱུར་རླུང་གི་ཞགས་པ་ཟབ་མོ་བསྟན༔ འདི་ལ་རྫས་ནི་རྣམ་པ་བདུན་དུ་བསྟན༔ གཙོ་བོ་རྣམས་གཉིས་ས་ཚིལ་ལི་ཁྲི་ས་ཁྲག་མཚལ་སྟེ༔ བློན་གསུམ་གཉན་འགུག་ག་བུར་རྒྱུ་ཁྲག་གླ་རྩི་ཕ་ལ་ཛ་ཏི་གསུམ༔ བྲན་གཉིས་རིན་ཆེན་གསུམ་པ་ཟངས་བྱི་རུ་ལ༔ གཙོ་བོའི་ཕྱེད་ཆ་བློན་དང་བྲན་ལ་སྦྱར༔ གུར་གུམ་སྨན་རྒྱལ་ཨ་རུ་ཁུ་བས་ལྷན་ཅིག་དྲིལ༔ རིལ་བུ་ནས་འབྲུ་ཙམ་གཅིག་དྲིལ་ནས་སུ༔ ཁྲག་འཐུང་པདྨ་ཀཱི་ལ་ཡར་སྒོམ་ཞིང་༔ བདེ་ཆེན་འཁོར་ལོར་སྣང་མཐའ་གོས་དཀར་ལ༔ པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ མགྲིན་པར་པདྨ་འབྱུང་གནས་བྱི་རུའི་མདོག༔ ཕྱག་གཡས་གྲི་གུག་གཡོན་པས་བྷན་ཐོད་བསྣམས༔ རིག་འཛིན་དཔའ་བོ་དཔའ་མོས་བསྐོར་བར་བསྒོམ༔ ཐུགས་ཀར་དབང་ཆེན་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་དབྱུག་ཏོ་གཡོན་པས་ཞགས་པ་བསྣམས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ སྤྱི་བོར་རྟ་མགོ་མི་མངོན་མཚེར་སྒྲ་ཡིས༔ སྣང་སྲིད་མ་ལུས་དབང་དུ་སྡུད་པར་བསམ༔ ཕག་མོ་ཡུམ་དང་གཉིས་མེད་འཁྲིལ་སྦྱོར་རོལ༔ ཕྱག་གཡས་གྲི་གུག་གཡོན་པས་དུང་ཆེན་སྟོབ༔ ཕག་ཞལ་མི་མངོན་ངུར་སྒྲས་སྣང་སྲིད་དབང་༔ པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བསམ༔ ལྟེ་བར་པདྨ་འདབ་བཞི་སཱུཪྻའི་དབུས༔ གསང་བ་ཡེ་ཤེས་མཁའ་འགྲོ་དམར་གསལ་ལ༔ མཛེས་པའི་རྒྱན་ལྡན་མཚན་དཔེའི་ལང་ཚོས་སྤྲས༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས༔ ཞབས་གཉིས་གར་སྟབས་ལིང་ལིང་བསྒྱུར་བ་ལ༔ རང་འདྲའི་མཁའ་འགྲོ་བཞི་ཡིས་བསྐོར་བར་བསྒོམ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་བསམ༔ གསང་བར་གནོད་སྦྱིན་ཤན་པ་དམར་ནག་ནི༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་པ་བསྣམས༔ མེ་ལྕེ་པདྨོ་གྱེས་པའི་གདན་ལ་འགྱིང་༔ ཀྵ་སྒྲས་སྣང་སྲིད་མ་ལུས་དབང་དུ་སྡུས༔ དེ་ལ་རང་འདྲ་བརྒྱད་ཀྱིས་བསྐོར་བར་བསམ༔ ཀུན་ཀྱང་གདོད་ནས་ལྷུན་གྲུབ་ངང་དུ་གནས༔ ནམ་མཁའི་ངོ་བོ་ནམ་མཁའ་གནས་ཀྱི་བར༔ མི་འགྱུར་མི་ཤིགས་རྡོ་རྗེའི་སྐུར་བསྒོམ་མོ༔ ཡོད་མིན་རང་བཞིན་མེད་པའི་སྟོང་པ་ཉིད༔ མེད་མིན་སྟོང་པའི་ངོ་བོ་རང་བྱུང་གནས༔ རིག་པ་ཙམ་ལས་རྟག་ཆད་གཉིས་པོ་ལ༔ མ་ཤོར་མ་ཞེན་གློག་མེའི་འགྱུ་རིང་ཙམ༔ དེ་ལྟར་བསྒོམ་ཞིང་དེ་ལས་འོད་འཕྲོས་པས༔ རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་རྣམས༔ མ་ལུས་བསྒོམ་པའི་ལྷ་ཡི་རྣམ་རོལ་དུ༔ སྐད་ཅིག་སྤྱན་དྲངས་ཆུ་ལ་ཆུ་བཞིན་དུ༔ གཉིས་མེད་པདྨ་གསུང་གི་རོལ་པར་བསྒོམ༔ དེ་ལ་དམིགས་ཏེ་ཀུན་གྱིས་སྒྲ་གཅིག་ཏུ༔ སྔགས་སྒྲ་སྒྲོགས་པས་སྣང་སྲིད་དབང་སྡུད་བསམ༔ སྔགས་སྒྲ་སྒྲོགས་ཚེ་སྣང་སྲིད་ཆོས་སོ་ཅོག༔ མཆོད་སྤྲིན་བསྒྱུར་ཞིང་མཆོད་པས་མཆོད་པར་བསམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་བཛྲ་སྣང་སྲིད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ རབ་ན་ལོ་གཅིག་འབྲིང་ན་ཟླ་བ་གཅིག༔ ཐ་ནའང་ཞག་བདུན་དམིགས་པ་གནད་ལྡན་པས༔ འདི་ཉིད་བསྒྲུབ་ཅིང་མཐར་ནི་བརྟན་བཞུགས་བྱ༔ དེ་ནས་དུས་བཟང་ཡར་ཚེས་གུང་མོ་ལ༔ རལ་པའི་ཐོར་ཅོག་ནང་དུ་བཅང་བར་བྱ༔ དར་རམ་རས་དམར་གྱིས་དཀྲིས་འདི་ཡི་གནད༔ ཡང་ན་སྤྱི་བོར་ཐབས་ཀྱིས་འཆང་བར་བྱ༔ བར་སྐབས་བར་སྐབས་ལྷ་ཚོགས་གསལ་གདབ་ཅིང་༔ དེ་ལ་དམིགས་ཏེ་སྔགས་ནི་ལན་བདུན་བཟླ༔ འདི་འཆང་སྐལ་ལྡན་ཕོ་མོ་གང་དང་གང་༔ བདུད་བགེགས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས༔ དབང་དུ་མི་འགྲོ་གླགས་ཀྱང་ལྟ་མི་ནུས༔ མཐོང་ཐོས་དྲན་རེག་དབང་སྡུད་ཟིལ་གནོན་འགྱུར༔ ཨེ་མ་འདི་འདྲའི་མན་ངག་ཟབ་མོ་ནི༔ སྟོང་གསུམ་བསྐོར་ཀྱང་རྙེད་མིན་རྙེད་དཀའི་ཆོས༔ འཕྲད་ཚད་མི་རྣམས་ཀུན་ལ་དབང་ཐོབ་ཅིང་༔ གཞན་དག་སུ་ལ་མ་སྤེལ་དམ་ཚིག་རྒྱ༔ མ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྲུང་དུ་གསོལ༔ དམ་ཉམས་རྣམས་ལ་གསང་བ་རྒྱ་ཡིས་ཐོབ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠༠༠བརྡ་ཡིག༔ ༢༢༧བདག་འདྲ་བདུད་འདུལ་པདྨ་འབྱུང་གནས་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ རིམས་ནད་འཇོམས་མཛད་རྡོ་རྗེའི་མེ་འབར་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རང་ཉིད་ལྕགས་ཀྱི་བྱ་ཁྱུང་མེ་འབར་ལ༔ གནམ་ལྕགས་རྭ་གདེངས་མཆུ་སྡེར་མེ་ཞགས་འཕྲོ༔ རྭ་བར་ནོར་བུ་འདོད་འབྱུང་འོད་འབར་བའི༔ སྟེང་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གསལ༔ གཤོག་གཉིས་བརྡབ་པས་ཉི་ཟླ་ཐང་ལ་འཕེན༔ ཀླུ་བརྒྱད་དོན་སྙིང་འདྲེན་ཅིང་རྔམས་ཟས་བྱེད༔ དུག་དང་མེ་ཐུན་སྣ་ཚོགས་བུ་ཡུག་འཚུབས༔ ལྕགས་ཀྱི་ཕག་རྒོད་དུང་གི་མཆེ་བ་ཅན༔ བུ་གར་ནག་འཇོམས་ཧ་ལའི་དུད་པ་འཕྱོ༔ ཡམས་ནད་རིམས་ནད་ཐམས་ཅད་གཞོབ་ཐུལ་བསྲེག༔ གདོན་བགེགས་འབྱུང་པོ་ཧབ་ཧབ་ཟ་ལ་ཞོན༔ མེ་ཞགས་ནད་འཇོམས་ཧ་ལའི་དུད་རླངས་དང་༔ ཁྱུང་ནག་ཕག་ཞོན་གྲངས་མེད་སྐར་ལྟར་འཁྲིགས༔ མེ་ཡི་ཞགས་པས་ནད་རིམས་བསྲེག་པར་བསྒོམ༔ སྣང་སྲིད་ཀྱི་ཁམས་ཐམས་ཅད་མེ་ཞགས་དང་བྱ་ཁྱུང་ཕག་རྒོད་བོང་བ་ནག་པོའི་རླངས་པས་ཁྱབ་སྟེ་ཡམས་ནད་རིམས་ནད་ཐམས་ཅད་བསྲེག་ཅིང་ཟོས་ཏེ་ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ སྔགས་བཟླས་པ་ཙམ་གྱིས་རང་ཉིད་ཁྱུང་ནག་པོའི་ཐུགས་ཀར་འཁོར་བའི་ཁྲོཾ་དང་སྔགས་འཁོར་ལས་འོད་འཕྲོས་པས་རང་སྣང་ཡེ་ཤེས་ཀྱི་འཁོར་ལོར་རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་ཐིམ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་སྦྲུལ་ནག་བཙན་དུག་སྤྲུ་བ་ནག་པོ་གླ་རྩི་ཤིང་ཀུན་ཤུ་དག་ནག་པོ་བ་བླ་མུ་ཟི་ཡུང་བ་སེར་པོ་ཡུངས་དཀར་ཡུངས་ནག་རྣམས་ལྷན་གཅིག་སྦྱར་ལ་རིལ་བུ་སྲན་ཆུང་ཙམ་ལྔ་ལྔ་དྲིལ་ལ་སྔགས་འདི་སྟོང་ཕྲག་ལྔ་བཟླས་ཏེ་བཏབ༔ དེ་ནས་ལྷ་ཁྲུས་བྱས་ལ་སྭ་བྷཱ་ཝས་སྟོང་པར་སྦྱངས༔ རིན་ཆེན་ཐོད་པར་ཚོམ་བུ་ལྔ་བཀོད་པའི་དབུས་མ་རྡོ་རྗེ་གཞོན་ནུའི་སྤྲུལ་པ་ལྕགས་ཀྱི་བྱ་ཁྱུང་༔ མདུན་དུ་རྡོ་རྗེ་ཀཱི་ལ་ཡའི་ངོ་བོ་ལ་རྣམ་པ་དུང་ཁྱུང་༔ གཡས་སུ་རཏྣ་ཀཱི་ལ་ཡའི་ངོ་བོ་ལ་རྣམ་པ་གསེར་ཁྱུང་༔ རྒྱབ་ཏུ་པདྨ་ཀཱི་ལ་ཡའི་ངོ་བོ་ལ་རྣམ་པ་མེ་ཁྱུང་༔ གཡོན་དུ་ཀརྨ་ཀཱི་ལ་ཡའི་ངོ་བོ་ལ་རྣམ་པ་ཁྱུང་ལྗང་གུར་བསྒོམ༔ དང་པོ་ལས་བྱང་ལྔ་ཡིས་བསྒྲུབ་ཅིང་ལྷ་དངོས་སུ་གསལ༔ མཐར་འོད་དུ་ཞུ་ནས་ཁྱུང་གི་སྐུར་བསྒོམ༔ དེ་ནས་མགུལ་དུ་འཆང་བ་ཡིས༔ ཁྱུང་ལྔའི་ཁྱུང་གི་ཚྭ་ཚྭ་འཕྲོས༔ གནོད་བྱེད་ནད་རིམས་ཡམས་ནད་རྣམས༔ བསྲེག་བཟློག་ནུས་པ་བརླག་པར་བསམ༔ རང་ཉིད་བསྲུང་བའི་དུས་སུ་ཡང་༔ རང་གི་དྲི་ཆུ་བར་པ་ནི༔ ཁྱོར་གང་བསྔགས་ལ་བཏུང་བ་དང་༔ གདོང་ལ་ཐིག་ལེ་བྱས་པ་ཡིས༔ ནད་ངན་ཁྲོད་དུ་ཉལ་ན་ཡང་༔ འདི་ལ་ཐེ་ཚོམ་བྱེད་མི་དགོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ པད་འབྱུང་བདག་གི་སྙིང་ཐིག་ཟབ་མོ་འདི༔ ཁོངས་པའི་སྙིང་འདྲ་དཔྲལ་བའི་མིག་དང་མཚུངས༔ འདི་ལས་ལྷག་པའི་མན་ངག་ཟབ་མོ་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་རྙེད་རེ་ཀན༔ དམིགས་པ་གནད་དང་ལྡན་པས་སྔགས་བཟླའོ༔ མ་འོངས་དུས་སུ་སེམས་ཅན་བདུད་ཀྱིས་བསླུས༔ བསྐྱེད་རྫོགས་མི་ཤེས་སྔགས་གྲངས་རྫོགས་པ་དཀའ༔ དམིགས་འབྲས་མི་འབྱིན་དོན་ལ་གྲུབ་པ་མེད༔ བཀའ་འདི་མི་བདེན་ཞེས་ཟེར་ལོག་པར་ལྟ༔ དཔེར་ན་ས་བོན་མེད་པས་ཞིང་ས་རྨོས༔ འབྲས་བུ་མི་འབྱུང་ཞིང་ལ་སྨོད་དང་མཚུངས༔ རྒྱལ་བའི་བཀའ་ལ་རྫུན་མེད་བདེན་པའི་སྟོབས༔ གང་གིས་བརྗོད་པས་གང་ལ་ཐོགས་པ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨ་ཐཾ་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠༠༠བརྡ་ཡིག༔ ༢༣༠བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེན་དུ༔ གྲིབ་རྣམས་འཇོམས་མཛད་ཨ་མྲྀ་ཏ༔ ཡེ་ཤེས་འོད་ཟེར་མེ་དབལ་བསྟན༔ འདི་ཡི་ལག་ལེན་རིམ་པ་ལ༔ ཤུག་པ་མཁན་དཀར་ཨ་ག་རུ༔ གུ་གུལ་ཙན་དན་དཀར་དམར་དང་༔ སྤང་སྤོས་ཡུངས་ཀར་འོམ་བུ་དང་༔ སུར་དཀར་རྣམ་བཅུ་སྦྱོར་བྱས་ཏེ༔ ཞིབ་བཏུལ་བྱས་པ་རིལ་བུ་དྲིལ༔ དེ་ལ་སྔགས་འདི་ཅི་མང་བཏབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ བི་ཛ་ཡ་ཧཱུྃ༔ ནཱི་ལ་དཎྜ་ཧཱུྃ༔ ཡ་མཱནྟ་ཀ་ཧཱུྃ༔ ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཧྱ་གྲཱི་ཝ་ཧཱུྃ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཏྲཾ་ལོཀྱ་བི་ཛ་ཡ་ཧཱུྃ༔ མ་ཧཱ་བ་ལ་ཧཱུྃ༔ གྲིབ་གདོན་གནོད་བྱེད་སརྦ་ཛྭ་ལ་རཾ་སངས་ས་ལེ་སང་ངེ་ཡེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཛྙཱ་ན་དྷུ་པེ་ཨ༔ ཞེས་ནམ་ཡང་དུད་པས་བདུག་པ་ན༔ གྲིབ་ཀུན་མ་ལུས་འཇོམས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༢༣༡བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་སྐལ་ལྡན་དོན་ཆེད་དུ༔ མོ་འདྲེ་ཁ་ཆིངས་རྡོ་རྗེའི་ཞགས༔ སྲུང་བའི་འཁོར་ལོ་ཟབ་མོ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ མུ་ཁྱུད་རིམ་པ་བདུན་བསྐོར་ཞིང་༔ ལྟེ་བར་ཏྲི་བསེན་མོ་ཐུཾ་ཛཿདེའི་སྟེང་དུ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཏྲི་བསེན་མོ་རྦད་ནན་བྲི༔ འོག་ཏུ༔ རཾ་རཾ༔ ཛྭ་ལ་རཾ༔ མོ་སྲི་མོ་འདྲེ་ཆིངས་ཆིངས་སོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་ཙཀྲ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་རཏྣ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ འཆང་བ་པོ་ལ་སྲུངས་ཤིག༔ རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་བུདྡྷ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་རཏྣ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་པདྨ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་མོ་སྲི་མོ་འདྲེ་ཕོ་འདྲེ་མོ་གདོན་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ སྒྲིབས་ཤིག༔ བཛྲ་རཀྵ་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ རྣོ་བའི་འཁོར་ལོ་རྩིབས་ནི་བཅུ་རུ་བསྐོར༔ རྩིབས་དང་པོ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གཉིས་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ གསུམ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ བཞི་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ལྔ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ དྲུག་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ བདུན་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ བརྒྱད་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ དགུ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བཅུ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ རྩིབས་མཆན་རྣམས་ལ༔ ཏྲི་མོ་སྲི་མོ་འདྲེ་གརྫ་གརྫ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཏྲི་མོ་སྲི་མོ་འདྲེ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཟླ་གམ་ཉེར་གཅིག་ལ་ཧཱུྃ་ཉེར་གཅིག༔ ཟླ་གམ་གྱི་མཚམས་སུ༔ ཧ་ར༔ ཧ་ར༔ མ་ཐ༔ མ་ཐ༔ དྷུ་ན༔ དྷུ་ན༔ ད་ཧ༔ ད་ཧ༔ པ་ཙ༔ པ་ཙ༔ དྷ་ར༔ དྷ་ར༔ དྷ་ར་ཡ༔ དྷ་ར་ཡ༔ དྷ་རུ་ཎ༔ དྷ་རུ་ཎ༔ ཚིནྡྷ༔ ཚིནྡྷ༔ བྷིནྡྷ༔ བྷིནྡྷ༔ ཧཱུྃ་ཕཊ༔ བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ༔ ཡིག་མགོ་ནང་བསྟན་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ༔ བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ་མཱ་ར་སེ་ན་པྲ་མརྟ་ན་ཡེ༔ སརྦ་བིགྷྣཱན་མོ་སྲི་མོ་འདྲེ་མཱ་ར་ཡ་ཐུཾ་རི་ལི་ལི་ནན་ཆིངས་མཱ་ར་ཡ་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ༔ མོ་སྲི་མོ་འདྲེའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུཾ་རི་ལི་ལི་སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱོག་མྱོག༔ སོད་སོད༔ དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྟ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ གནོད་བྱེད་མོ་སྲི་མོ་འདྲེ་སརྦ་མཱ་ར་ཡ་བྷྱོ་ཟློག་ནན་ཆིངས་ཁ་ཐུཾ་ལུས་ཆིངས་ངག་ཆིངས་ཡིད་ཀྱི་དྲན་པ་རྨུགས་པར་གྱིས་ཤིག་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བདུན་པ་ལ་ཡིག་མགོ་ཕྱིར་བསྟན་ལ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བྲི༔ ཤམ་བུ༔ འཆང་བ་པོ་འདི་ལ་མོ་སྲི་མོ་འདྲེ་མོ་གདོན་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་རཀྵ༔ བུདྡྷ་དྷརྨ་སངྒ་རཀྵ༔ རཀྵ་རཀྵ་སྭཱ་ཧཱ༔ ཕྱི་རིམ་ལ་མོ་འདྲེའི་གཟུགས་བྲི༔ ཁ་ནི་ངུ་བ་མིག་ནི་ཤི་མིག་བྲི༔ རྐང་ལག་ལྕགས་སྒྲོག་དམ་པས་བཅིངས་པ་བྲིས༔ མགོ་ཡི་ཐོག་ཏུ་རི་རབ་ཕུར་པ་ནི༔ ཆེ་བརྗིད་ཧཱུྃ་དགུས་བརྒྱན་པ་བྲི་བར་བྱ༔ རྣ་བ་གཉིས་ལ་འོན་དང་ཁ་ལ་ལྐུག༔ སྣ་ལ་འཚུབས་དང་མིག་ལ་ལོང་ལོང་བྲི༔ རྐང་ལག་བཞི་ལ་ཆག་ཆག་ཛ༔ ཧཱུྃ་དང་༔ བཾ་ ཧོཿ མཚན་མར་ཕཊ་ཅེས་བྲི་བར་བྱ༔ རྐང་འོག་ཡཾ་ཡཾ་མགོ་ཐོག་ནན་ནན་བྲི༔ མཐར་ནི་ཞགས་ཁུག་རིང་མོས་བསྐོར་བྱས་ཏེ༔ རྫས་ལ་སྐྱ་ཀའི་སྒྲོ་དང་ནག་མོའི་མཆུ༔ སྲེ་མོང་སྡེར་མོ་བྱིའུའི་སྤུ་རྣམས་དང་༔ མུ་ཟི་གུ་གུལ་བོང་བ་ཐང་ཕྲོམ་དང་༔ སྐྱེར་བའི་ཐལ་བ་རེ་ལྕགས་ཚྭ་སྒོག་གཡེར༔ ཁང་རྨིང་དྲེག་པ་ལ་ཕུག་རྣམས་བྱུག་གོ༔ འདི་འཆང་ཕོ་མོ་གང་དང་གང་༔ བསེན་མོ་མོ་འདྲེ་མོ་སྲི་སོགས༔ མདོར་ན་མོ་གདོན་གྱིས་མི་ཚུགས༔ གནམ་ལྕགས་རྡོ་རྗེའི་རྫོང་དང་མཚུངས༔ ཐེ་ཚོམ་མེད་དོ་ས་མ་ཡ༔ དང་པོ་མོ་གདོན་བཀུག་བསྒྲལ་ཏེ༔ སྲིན་ཁོག་ལྷ་ཡི་ཕོ་བྲང་བཏབ༔ ལག་ལེན་གནད་དང་ལྡན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཐབ་གཉན་འཇོམས་མཛད་བདུད་རྩིའི་ཐིག༔ སྙིང་ཐིག་དྭངས་མ་བསྟན་པར་བྱ༔ འདི་ཡི་ལག་ལེན་རིམ་པ་ལ༔ ས་དམར་གླ་རྩི་སྦྱར་བ་ལ༔ སྔགས་འདི་བཏབ་སྟེ་བྱུག་པ་དང་༔ ཁོང་དུ་བཏང་བས་སེལ་བར་ངེས༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ ཛ་ཛཿའབྱུང་བ་ལྔ་ཡི་ཐབ་གཉན་སོད༔ སྐྲང་གི་རི་བོ་རྩེ་ནས་ཆུམ༔ རྣག་གི་མཚོ་མོ་གཏིང་ནས་སྐོམ་སྭཱ་ཧཱ༔ ཡེ་ཤེས་སྤྲུལ་པའི་ཁྱུང་ནག་ལྔས༔ ཁྲག་རྣག་ཆུ་སེར་གཉན་གདོན་བཅས༔ ལྷག་མ་མེད་པར་ཟོས་པར་བསམ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ གཉན་དང་ཐབ་དང་སྐྲང་རིགས་ལ༔ འདི་བས་ཟབ་པའི་མན་ངག་དཀོན༔ ཐེ་ཚོམ་མེད་དོ་ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ༠༠༠༠༠བརྡ་ཡིག༔ ༢༣༦བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ གསང་བའི་ནང་ནས་ཡང་གསང་མཆོག༔ གསང་ཆེན་མཁའ་འགྲོའི་སྙིང་ཐིག་ལས༔ དབང་སྡུད་ཟ་ཐང་དཔལ་བསྐྱེད་བསྟན༔ འདི་ཉིད་ལག་ལེན་རིམ་པ་ནི༔ ཤོག་དཀར་དྲི་མ་མེད་པ་ལ༔ མུ་ཁྱུད་རིམ་པ་བདུན་བསྐོར་བྱ༔ ལྟེ་བ་ཡངས་ཤིང་རྒྱ་ཆེ་ལ༔ ཁྲོ་རྒྱལ་པདྨ་ཀཱི་ལ་བྲི༔ ཐུགས་ཀར་ཧཱུྃ་ཡིག་གསལ་འཚེར་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སྭཱ་རཏྣ་དྷྲིཀ་མཱཾ་མོ་ཧ་ར་ཏི་སྟྭཾ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨཱཾ་ཨ་རོ་ལིཀ་པྱཾ་རཱ་ག་ར་ཏི་སྟྭཾ༔ འཆང་བ་པོ་ལ་སྲུངས་ཤིག་རཀྵ་རཀྵ༔ འཆང་བ་པོའི་ཟ་ཐང་དཔལ་ཁ་དབང་ཐང་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་ཀྱི་ཟས་ནོར་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་བཛྲ་ཨ་ཡུརྫྙཱ་ན་ཤྲཱི་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཧཱུྃ་ཨཱཿཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ འཆང་བ་པོ་ལ་སྲུངས་ཤིག་རཀྵ༔ འཆང་བ་པོའི་ཟ་ཐང་དཔལ་ཁ་དབང་ཐང་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་ཟས་ནོར་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ འཆང་བ་པོ་ལ་སྲུངས་ཤིག་རཀྵ༔ འཆང་བ་པོའི་ཟ་ཐང་དཔལ་ཁ་དབང་ཐང་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་ཟས་ནོར་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ འཆང་བ་པོ་ལ་སྲུངས་ཤིག་རཀྵ༔ འཆང་བ་པོའི་ཟ་ཐང་དཔལ་ཁ་དབང་ཐང་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་ཟས་ནོར་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ འཁོར་ལོ་རྩིབས་བརྒྱད་རྩིབས་ལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཀྲོ་དྷ་ཨཱཪྻ་ཛམྦྷ་ལ་ཧྲཱི་ད་ཡ་ཧཱུྃ་ཕཊ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཛམྦྷ་ལ་སིདྡྷི་ཧཱུྃ༔ ཨོཾ་རཏྣ་ས་ཏྭ་ཛམྦྷ་ལ་སིདྡྷི་ཧཱུྃ༔ ཨོཾ་པདྨ་སཏྭ་ཛམྦྷ་ལ་སིདྡྷི་ཧཱུྃ༔ ཨོཾ་ཀརྨ་སཏྭ་ཛམྦྷ་ལ་སིདྡྷི་ཧཱུྃ༔ རྩིབས་རྩེ་རྣམས་ལ༔ ༠༠༠༠༠༠༠བརྡ་ཡིག༔ ༢༣༨ཅེས་བྲི༔ རྩིབས་མཆན་རྣམས་ལ༔ ཟ་ཐང་དཔལ་ཁ་དབང་ཐང་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྲི༔ དེ་ཡི་ཕྱི་རིིམ་མུ་ཁྱུད་དྲུག་པ་ལ༔ རྡོ་རྗེ༔ རིན་ཆེན༔ པདྨ༔ རྒྱ་གྲམ༔ འཁོར་ལོ༔ ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་བུ་རྣམས་ཀྱིས་བསྐོར༔ དེ་ཡི་ཕྱི་རིམ་མུ་ཁྱུད་བདུན་པ་ལ་ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བྲི་མཐར་ཤམ་བུ་ནི༔ འཆང་བ་པོའི་ཟ་ཐང་དཔལ་ཁ་དབང་ཐང་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྣང་སྲིད་ཟས་ནོར་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཀུན་ཀྱང་ཡིག་མགོ་ཕྱིར་བསྟན་བྲི༔ མཐར་ནི་དཔག་བསམ་ཤིང་གི་ཡལ་ག་ལ༔ མདུན་ནས་མི་ལུས་སྟག་ཡོས་སྐྱ༔ ལྷོ་རུ་མི་ལུས་རྟ་སྦྲུལ་དམར༔ ནུབ་ཏུ་མི་ལུས་བྱ་སྤྲེལ་དཀར༔ བྱང་དུ་མི་ལུས་བྱི་ཕག་སྔོ༔ མཚམས་བཞིར་མི་ལུས་ཁྱི་འབྲུག་གླང་ལུག་སེར༔ ཀུན་ཀྱང་རང་རང་མགོ་བརྙན་ལ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ ལག་གཉིས་ནོར་འཛིན་ཐལ་མོ་སྦྱར༔ ཁ་དོག་རིགས་ལྔའི་རིན་ཆེན་ལ༔ གཤོག་གཉིས་བར་སྣང་ཁམས་སུ་གདེངས༔ གཙུག་ན་ནོར་བུ་འབར་བས་བརྒྱན༔ དེ་མཐར་ཆུ་རི་རི་སྣས་བསྐོར༔ ས་མ་ཡ༔ འདི་ཡི་རྫས་ཀྱི་རིམ་པ་ལ༔ རིན་ཆེན་བཞི་གསེར་དངུལ་ཟངས་ལྕགས་དང་དུང་གཡུ་དང་༔ འབྲུ་སྨད་དྲི་དང་སྙིང་པོ་ལྔ་ལྔ་སྦྱོར༔ གཞན་ཡང་གླག་སེན་གཡུ་མོའི་རྣ་འཕྲུ་དང་༔ མཚལ་དང་ལི་ཁྲི་སྦྱར་ལ་བྱུག་པར་བྱ༔ འདི་ཡིས་ཟ་ཐང་དཔལ་ཁ་དབང་ཐང་བསྐྱེད༔ ཟས་ནོར་ཀུན་སྡུད་ནོར་བུ་བསམ་འཕེལ་འདྲ༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ༠༠༠༠༠༠༠བརྡ་ཡིག༔ ༢༣༩བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཁྲག་འཐུང་པདྨ་ཀཱི་ལ་ཡའི༔ དབང་སྡུད་ལས་ལ་སྦྱོར་བ་ཡི༔ སྲེག་བླུགས་རིན་ཆེན་ཟ་མ་ཏོག༔ འོད་ཟེར་ལྕགས་སྒྲོག་འཁྱིལ་བ་བསྟན༔ འདི་ཡི་ལག་ལེན་རིམ་པ་ལ༔ མཆོད་རྫས་སྣ་ཚོགས་ཡིད་འོང་བཤམ༔ མཚལ་དང་ལི་ཁྲིས་བྱུག་པ་ཡི༔ འོམ་བུ་དམར་བྲན་ཟླ་གམ་བརྩིགས༔ མེ་དཀྱིལ་ཟླ་གམ་དམར་པོ་ལ༔ ལྟེ་བར་ཧཱུྃ་ཡིག་དམར་ནག་བྲི༔ མེ་རི་ཟླ་གམ་འཁྱིལ་བས་བསྐོར༔ དཀར་དམར་མཆོད་ཅིང་ལན་ཆགས་ཀྱི༔ བགེགས་དང་ལོག་འདྲེན་བསྐྲད་པར་བྱ༔ མཚམས་བཅད་རྡོ་རྗེའི་སྲུང་འཁོར་བསྒོམ༔ དེ་ནས་རྡོ་རྗེའི་ཏིང་འཛིན་གསལ༔ ཨ་ཨ་སརྦ་དྷརྨ་ག་ག་ན་ཨ༔ གཟུང་བའི་ཡུལ་དང་འཛིན་པ་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟག་ཆད་གཉིས་སུ་མ་གྱུར་པའི་དབུ་མའོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས་ཀོ྅་ཧཾ༔ རིག་སྟོང་ཡེ་ཤེས་ཀློང་ཡངས་རིག་པ་ཙམ་གྱིས་ཀུན་རྫོབ་རྟོག་པའི་མཚང་བརྡོལ༔ ཨོཾ་སརྦ་དྷརྨ་བྷ་ཝ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཛྙཱ་ན་ཨ༔ སྟོང་པའི་ངང་ལས་ཨེཿཡཾཿརཿསུཾཿཀེཾཿརཾཿལས་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་ཡེ་ཤེས་ལྔ་ལྡན་སྲུང་བའི་འཁོར་ལོ་རིམ་པ་ལྔ་རུ་བསྐོར་བའི་དབུས་སུ༔ བྷྲུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཡེ་ཤེས་དབྱིངས་ལས་སྤྲུལ་པའི་མེ་ཡི་ལྷ་མོ་དཀར་སེར་དམར་ལྗང་མཐིང་ནག་གིས་ཕྱག་ན་མེ་རི་ཐོགས་ནས་ཕྱོགས་བཞི་དབུས་ལྔར་ཡེ་ཤེས་ལྔའི་མེ་ལྕེས་ཁྱབ་པར་བསྒོམ༔ ཧཱུྃ༔ དཀར་གསལ་ཞེ་སྡང་འཇོམས་པའི་མེ༔ མེ་ཡི་ལྷ་མོ་མ་མཱ་ཀི༔ མེ་ཡི་ངོ་བོ་མི་བསྐྱོད་པ༔ མེ་ལོང་ཡེ་ཤེས་འབར་བའི་མེ༔ མེ་ལ་ཡེ་ཤེས་བྱིན་ཕོབ་ཅིག༔ མེ་ཐབ་ཤར་ནས་དབུས་སུ་བསྐོར༔ ཧཱུྃ༔ མཐིང་གསལ་གཏི་མུག་འཇོམས་པའི་མེ༔ མེ་ཡི་ལྷ་མོ་དབྱིངས་ཕྱུག་མ༔ མེ་ཡི་ངོ་བོ་རྣམ་སྣང་མཛད༔ ཆོས་དབྱིངས་ཡེ་ཤེས་འབར་བའི་མེ༔ མེ་ལ་ཡེ་ཤེས་བྱིན་ཕོབ་ཅིག༔ མེ་ཐབ་ལྷོ་རུ་བཞག་ལ༔ ཧཱུྃ༔ སེར་གསལ་ང་རྒྱལ་འཇོམས་པའི་མེ༔ མེ་ཡི་ལྷ་མོ་སངས་རྒྱས་སྤྱན༔ མེ་ཡི་ངོ་བོ་རིན་ཆེན་འབྱུང་༔ མཉམ་ཉིད་ཡེ་ཤེས་འབར་བའི་མེ༔ མེ་ལ་ཡེ་ཤེས་བྱིན་ཕོབ་ཅིག༔ མེ་ཐབ་ནུབ་ཏུ་བཞག་ལ༔ ཧཱུྃ༔ དམར་གསལ་འདོད་ཆགས་འཇོམས་པའི་མེ༔ མེ་ཡི་ལྷ་མོ་གོས་དཀར་མོ༔ མེ་ཡི་ངོ་བོ་སྣང་མཐའ་ཡས༔ སོར་རྟོག་ཡེ་ཤེས་འབར་བའི་མེ༔ མེ་ལ་ཡེ་ཤེས་བྱིན་ཕོབ་ཅིག༔ མེ་ཐབ་བྱང་དུ་བཞག་ལ༔ ཧཱུྃ༔ ལྗང་གསལ་ཕྲག་དོག་འཇོམས་པའི་མེ༔ མེ་ཡི་ལྷ་མོ་དམ་ཚིག་སྒྲོལ༔ མེ་ཡི་ངོ་བོ་དོན་ཡོད་གྲུབ༔ བྱ་གྲུབ་ཡེ་ཤེས་འབར་བའི་མེ༔ མེ་ལ་ཡེ་ཤེས་བྱིན་ཕོབ་ཅིག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾཿལཱཾཿམཱཾཿཔཱཾཿཏཱཾཿཔྲ་ཛྙཱ་ཛྙཱ་ན་རཾ་ཨཱཿཞེས་ཡེ་ཤེས་ལྔ་ཡི་མེ་ཕུང་གི་ཀློང་དུ་དམར་ནག་ཟླ་གམ་བརྩེགས་པའི་དབུས་སུ༔ པད་ཉི་རྒྱལ་བསེན་བསྣོལ་བའི་གདན་སྟེངས་སུ༔ སོགས༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་མེ་རི་འབར་བའི་དཀྱིལ་འཁོར་དུ༔ སྣ་ཚོགས་མཆོད་སྤྲིན་མི་ཟད་ནམ་མཁའི་མཛོད༔ ཟག་མེད་བདུད་རྩི་ཆེན་པོར་བསྒྱུར་ཏེ་འབུལ༔ དགོས་འདོད་དབང་དུ་བསྡུ་བའི་ཕྲིན་ལས་མཛོད༔ ཨོཾ་སརྦ་མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་པདྨ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ག་ཎ་ཙཀྲ་ཛྙཱ་ན་ཨ་མྲྀ་ཏ་ཁཱ་ཧི༔ ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ན༔ ཁམས་གསུམ་སྲིད་གསུམ་མི་ནོར་ཟས་གསུམ་འདོད་རྒུ་ལོངས་སྤྱོད་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སོགས་ཁ་བསྒྱུར་མཁས་པར་བྱའོ༔ ཞེས་སྣང་སྲིད་ཀྱི་ཁམས་འདི་ན་གཟུགས་སུ་གྲུབ་པ་དང་ཁ་དོག་མིང་གི་ཐ་སྙད་བཏགས་པ་ཐམས་ཅད་བསྡུས་ཏེ་རྫས་རྣམས་དང་གཉིས་སུ་མེད་པར་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་ལྡན་དུ་བསམ༔ དེ་ལས་དེར་བྱུང་གི་མཆོད་རྫས་རྣམ་པ་སྣ་ཚོགས་ལོངས་སྤྱོད་མི་ཟད་པ་ནམ་མཁའི་ཁམས་མ་ཟད་བར་དུ་ཟད་པ་མེད་པའི་རང་བཞིན་དུ་བསྒོམ༔ ལྷ་ཚོགས་རྣམས་ཀྱི་ཞལ་གྱི་ཧོམ་ཁུང་ཡངས་པར་བསྟབས་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་ཡེ་ཤེས་ཀྱི་མེ་དམར་གསལ་རབ་ཏུ་འབར་བའི་ནང་ནས་མེ་ཞགས་ལྕགས་ཀྱུ་དང་ལྕགས་སྒྲོག་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་དམིགས་བྱ་དེའམ་ཡང་ན་སྣང་སྲིད་ཐམས་ཅད་ལ་ཁྱབ་པས་ལྷ་སྲིན་སྡེ་བརྒྱད་དང་ལྷ་ཀླུ་གནོད་སྦྱིན་ཐམས་ཅད་དང་མི་དང་མི་མ་ཡིན་པ་ཐམས་ཅད་ལ་ཕོག་པས་རང་དབང་མེད་པར་ཕྱེ་ལྷེབ་ཀྱིས་མར་མེ་མཐོང་བའམ་ཤ་རུལ་ལ་སྦྲང་མ་འདུ་བའམ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་ལོངས་སྤྱོད་གཏེར་དང་བཅས་པ་རང་དབང་མེད་པར་བཀུག་ནས་མདུན་དུ་འདར་ཕྲིལ་ཕྲིལ་བསྔངས་ཡེད་ཡེད་བྱེད་ཅིང་བདག་མདུན་ལྷའི་གཟི་མདངས་མཐོང་བ་ཙམ་གྱིས་སྐད་ཅིག་ཀྱང་བཟོད་གླག་མེད་པར་སྲོག་སྙིང་ཕུལ་ནས་གང་བསྒོས་ཀྱི་ལས་ལ་འཁོར་བར་བསམ༔ ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཕབ་སྟེ་སླར་ཡང་རྒྱུན་མི་འཆད་པར་སྟེར་བའི་ཁས་བླངས་དམ་བཅས་མནའ་ཐོ་བྱེད་པར་བསམ༔ དམ་བཞག་དེ་ལས་འདའ་དབང་མེད་པར་བསྲུང་ན་རྒྱན་དང་ཉམས་ན་བརླག་བྱེད་ཀྱི་ཕུར་པ་རེ་འདུ་འབྲལ་མེད་པར་སྤྱི་བོར་བཙུག་པར་བསམ༔ ཡང་དམིགས་པ་དེ་ལྟ་བུའི་གནད་དང་ལྡན་པའི་སྒོ་ནས་འདི་བཟླ་ཞིང་འབུལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྣང་སྲིད་སྣོད་བཅུད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་གྲངས་མང་བརྗོད༔ ཅེས་ཕུལ་བའི་མཐར་རྣམ་ལྔ་འདོད་ཡོན་སྤྱན་གཟིགས་ཕུལ༔ དེ་ནས་ལྷག་ཆད་ཁ་སྐོང་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་མ་རིག་མ་རྟོགས་ཤིང་༔ ལྷག་པ་དང་ནི་ཆད་པ་དང་༔ འགལ་འཁྲུལ་ཉམས་ཆག་གྱུར་པ་ཀུན༔ བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ༔ འདི་ཕྱིའི་རྐྱེན་སྒྲིབ་མེད་པར་མཛོད༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ རྗེས་རིམ་ཚང་བར་བྱེད་པའི་མཐར༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ འདི་ཉིད་ལས་ལ་སྦྱོར་བ་ནི༔ རང་སྔགས་ཤམ་བུ་སྦྱར་བ་ཡིས༔ དབང་ལས་ཀུན་གྱི་ལས་གཞུང་མཆོག༔ ལྷ་ནི་གང་དང་གང་ལ་ཡང་༔ རིག་པས་དཔགས་ཏེ་སྦྲག་པར་རུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་དམིགས་གསལ་བསྐྱེད་རྫོགས་ཀྱིས༔ ཉམས་སུ་ལེན་པ་གང་སུ་དག༔ བརྣག་པ་ཐོགས་མེད་འགྲུབ་པར་འགྱུར༔ དབང་སྡུད་ཀུན་གྱི་རྒྱལ་པོ་འདི༔ མ་འོངས་ལྔ་བརྒྱའི་སྙིགས་མ་ལ༔ བརྒྱུད་འཛིན་དོན་དུ་བརྡ་རིས་ཕོབ༔ མཚོ་རྒྱལ་ཐུགས་ཀྱི་ཀློང་དུ་སྦོས༔ མ་འོངས་གསང་མཛོད་བརྡོལ་དུས་སུ༔ འགྲོ་བ་ཉམ་ཐག་སྐལ་ལྡན་ན༔ ཟད་མེད་གསང་བའི་མཛོད་ལ་རོལ༔ བཀའ་སྲུང་དམ་ཅན་རྒྱ་མཚོ་དང༔ ཁྱད་པར་སྲིད་པའི་རྒྱལ་མོ་ཡི༔ སྤྲུལ་འཁོར་བཅུ་གཉིས་ནང་གི་བྲན༔ མ་མོ་ཉེར་བརྒྱད་ཕྱི་ཡི་བྲན༔ ཁྱེད་རྣམས་ལ་ནི་གཉེར་གཏད་དོ༔ ཁྱེད་རྣམས་ལ་ནི་བཅོལ་ལོ་རྒྱ༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཀུན་དགའ་གཞོན་ནུ་གཉིས་ལ་ཡང་༔ བཀའ་འདི་གཉེར་རོ་ས་མ་ཡ༔ མ་གཡེལ་མ་འགྱངས་ཕྲིན་ལས་སྒྲུབས༔ བརྒྱུད་འཛིན་བུ་ལ་བདེ་ལེགས་སྩོལ༔ དམ་ཉམས་བཀའ་ལོག་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༔ ༢༤༥བདག་འདྲ་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ སྡུག་བསྔལ་ནད་འཇོམས་ཨ་མྲྀ་ཏ༔ ཡེ་ཤེས་དབབ་ཆོག་གསང་བའི་དབང་༔ རྡོ་རྗེའི་ཕྲེང་བ་ཞེས་བྱ་བསྟན༔ འདི་ཡི་ལག་ལེན་རིམ་པ་ལ༔ དང་པོ་དཀྱིལ་འཁོར་སྟ་གོན་བྱ༔ དབང་ཆས་ལེགས་བསྒྲུབ་ལས་གཞུང་བསྲང་༔ སྔགས་བཟླས་དཀྱིལ་འཁོར་མཆོད་བསྟོད་ནས༔ སྐལ་ལྡན་ཡིན་མོད་དམ་ཚིག་འདི༔ ཚུལ་དང་ལྡན་པ་མ་གཏོགས་པ༔ ཀུན་ལ་བསྐུར་བར་མི་རུང་སྟེ༔ མ་མོ་མཁའ་འགྲོས་བཀའ་ཆད་འོང་༔ དམ་ལྡན་རིགས་ཀྱི་སློབ་མ་བསྡུས༔ ཉམས་པ་ཅན་བསལ་མཚམས་ཡང་བཅད༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དེ་ནས་མཎྜལ་རབ་ཕུལ་ཏེ༔ གདོང་རས་དགབ་ཅིང་མེ་ཏོག་བྱིན༔ སྐྱབས་སུ་འགྲོ་བའི་གདམས་པ་ལ༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ སེམས་བསྐྱེད་དོན་གཉིས་ལྷུན་གྲུབ་ལ༔ ཀྱེ༔ མ་གྱུར་མཁའ་མཉམ་སེམས་ཅན་རྣམས༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཕྱིར༔ བདག་ཉིད་གསང་སྔགས་ཟབ་མོའི་སྒོར༔ འཇུག་ཅིང་སྨིན་གྲོལ་དོན་གཉེར་བྱ༔ ལན་གསུམ༔ དེ་ནས་སློབ་མས་དད་པའི་སྒོས༔ སྙིང་ནས་བླ་མར་གསོལ་འདེབས་ཤིང་༔ དབྱངས་ཀྱིས་མཆོད་ཅིང་ཚིག་གིས་བསྐུལ༔ ཞུ་བ་མཆོད་སྤྲིན་གཏེར་མཛོད་ལ༔ ཀྱེ་ ཧོཿ སྐུ་གསུམ་ངོ་བོ་བླ་མ་རྗེ༔ བདག་ཅག་དད་ལྡན་བུ་རྣམས་ལ༔ ཐར་པའི་ལམ་མཆོག་སྨིན་བྱེད་དབང་༔ མ་ལུས་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ལན་གསུམ་ཞུ༔ མི་འདའ་འདའ་དཀའི་དམ་ཚིག་ལ༔ དབྱེ་བསལ་སྐབས་འདིར་བྱེད་པའི་ཕྱིར༔ དྲི་བ་དྲང་སྲོང་བདེན་ཚིག་ལེན༔ ཧོཿ ཉོན་ཅིག་རིགས་ཀྱི་བུ་ཁྱོད་ཀྱིས༔ དང་པོ་དབང་གི་སྒོར་ཞུགས་ནས༔ ཁས་ལེན་སྡོམ་བཟུང་ཚུལ་བཞིན་དུ༔ བསྲུང་བར་ནུས་ན་བསྐུར་བར་བྱ༔ མི་ནུས་པ་རྣམས་ཕྱིར་དེངས་ཤིག༔ བསྲུང་བས་འཚེང་སྟེ་ཉམས་ན་ཕུང་༔ འདི་ནི་འགྱུར་མེད་རྡོ་རྗེའི་ཆོས༔ དེ་ནས་སློབ་མས་སྒོ་གསུམ་ནི༔ གུས་པ་ཆེན་པོས་བརྗོད་པའི་ཚིག༔ ཁས་ལེན་འདའ་དཀའ་རྡོ་རྗེ་ནི༔ ཀྱེ་ ཧོཿ བླ་མ་དཀྱིལ་འཁོར་ལྷ་ཡི་དྲུང་༔ བདག་ནི་འདི་ནས་བྱང་ཆུབ་བར༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ མི་འདའ་བསྲུང་ངོ་ས་མ་ཡ༔ དེས་ནས་བླ་མས་ཐུགས་བརྩེ་བས༔ གནང་བ་རྡོ་རྗེའི་གཏན་ཚིག་ལ༔ ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས༔ དེ་ལྟར་བསྲུང་བྱའི་དམ་ཚིག་ལ༔ གནས་པས་ཚེ་འདིར་མངོན་འཚང་རྒྱ༔ རྡོ་རྗེ་ཐེག་པའི་དབང་བསྐུར་བྱ༔ ཕུང་འཚེང་དུག་སྦྲུལ་མགོ་ཡི་ནོར༔ བསྲུང་ན་འདི་ཡིས་སངས་རྒྱས་བྱེད༔ ཉམས་ན་འདི་ཡིས་མནར་བར་འགྱུར༔ འདའ་དཀའ་རྡོ་རྗེའི་བདུད་རྩི་ལ༔ ཧོཿ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུང་ན་བླ་མེད་འདིས་གྲོལ་བྱེད༔ ཉམས་ན་མནར་མེད་འདིས་མནར་འགྱུར༔ རྟག་ཏུ་ཡིད་ལ་གནས་པར་མཛོད༔ བདུད་རྩི་ལྕེ་ལ་བཞག༔ འདའ་དཀའ་དམ་ཚིག་མནའ་ཐོ་བོར༔ ཀུན་གྱིས༔ ས་མ་ཡ་ན་ར་ཀན༔ དེ་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རྡོ་རྗེ་སྲུང་བའི་འཁོར་ལོ་གཞོམ་ཞིག་དང་བྲལ་བའི་དབུས་སུ༔ དུར་ཁྲོད་མེ་རི་འབར་བའི་སོགས་ཀྱིས་སློབ་མ་ལྷར་གསལ༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ༔ ཏིཥྛ་བཛྲ་གྱིས་རབ་ཏུ་བརྟན་པར་བྱ༔ དེ་ནས་མིག་རས་བསལ་བ་ནི༔ ཧཱུྃ༔ རྒྱལ་བའི་ཐུགས་རྗེའི་འོད་ཟེར་གྱིས༔ ཐར་པ་ཆེན་པོའི་གྲོང་མཆོག་ཀུན༔ བསྒྲིབས་པའི་མ་རིག་ལིང་ཏོག་བསལ༔ ཡེ་ཤེས་སྤྱན་དང་ལྡན་གྱུར་ཅིག༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ མིག་རས་བསལ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོཿ སློབ་མའི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་འབྲེལ་གང་ཡོད་པའི༔ བསྙེན་སྒྲུབ་ལྷ་བསྒོམ་བསྟེན་པ་ཡི༔ ཡི་དམ་ལྷ་ལ་དབབ་པར་མཛོད༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ བཛྲ་པུཥྤེ་སིདྡྷི་ཨཱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ ཕྱི་ལྟར་རིན་ཆེན་བུམ་པའི་དབྱིབས༔ ནང་ནི་ལྷུན་གྲུབ་གཞལ་ཡས་ཁང་༔ རྒྱལ་ཀུན་གསུང་གི་ངོ་བོ་ཉིད༔ དཔལ་ཆེན་པདྨ་ཀཱི་ལ་ཡ༔ པདྨ་དབང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་སྐུ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྷནྡྷ་ཐོགས་ལ༔ ཧཱུྃ༔ བྷནྡྷ་བདུད་རྩི་དམ་རྫས་ལྔ༔ ཨ་ལི་ཀ་ལི་རང་བྱུང་སྒྲ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་གི་སྒྲིབ་པ་ཀུན་དག་ནས༔ གསང་བ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་འདུས་པ༔ རྡོ་རྗེ་རྩེ་དགུས་ལོག་རྟོག་འཇོམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྣང་གསལ་ཐོགས་ལ༔ ཧཱུྃ༔ མ་རིག་མུན་སེལ་སྣང་གསལ་འདི༔ ཡེ་ཤེས་རྣམ་ལྔའི་འོད་དང་ལྡན༔ རྒྱལ་ཀུན་ཡོན་ཏན་ངོ་བོ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀ་དག་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྕགས་ཀྱུ་གྲི་གུག་ཐོགས་ལ༔ ཧཱུྃ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ དབང་གི་ཕྲིན་ལས་ལྷུན་གྲུབ་པ༔ རྡོ་རྗེ་ལྕགས་ཀྱུ་གྲི་གུག་གི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དབང་གི་ཕྲིན་ལས་མ་ལུས་ལ༔ ཐོགས་མེད་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ལྕགས་ཕུར་ཐོགས་ལ༔ ཧཱུྃ༔ ཕྲིན་ལས་ཐོགས་མེད་རྡོ་རྗེའི་མཚོན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་ཐོགས་མེད་རིག་རྩལ་ལྡན༔ གང་འདུལ་འགྲོ་བ་འདྲེན་པ་ཡིས༔ ཐབས་དང་ཐུགས་རྗེའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་གཏད༔ འདི་འབྲེལ་སྐལ་ལྡན་ལས་ཅན་རྣམས༔ ཚེ་འདིར་སངས་རྒྱས་ངེས་ཐོབ་འགྱུར༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ དེ་ལྟར་དབང་བསྐུར་བསྒོམ་བཟླས་ལྷ་དཀྱིལ་འཁོར༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ དག་ཅིང་སྨིན་གྲོལ་བྱེད་པའི་ཐབས་ཡིན་ནོ༔ ས་མ་ཡ༔ མཐར་ཐུག་ཡུལ་མེད་གཉིས་མེད་ཆེན་པོ་རུ༔ རྟོགས་ཤིང་གྲོལ་བ་ཟབ་མོ་ལམ་གྱི་གནད༔ གཉིས་སུ་འཛིན་ཅིང་ཡུལ་ལ་གོལ་གྱུར་ན༔ བདུད་དང་རཱུ་དྲ་དག་ལ་གོལ་ནས་འཁྲུལ༔ ས་མ་ཡ༔ དེ་ཕྱིར་བསྐྱེད་རྫོགས་གཉིས་མེད་ལམ་བྱེད་གནད༔ དང་པོ་རང་སེམས་གནད་ལ་དབབ་ནས་སུ༔ ལམ་ཚོལ་ལམ་དུ་ཞུགས་ནས་ཐབས་ཟབ་མོ༔ བསྟེན་པ་རྡོ་རྗེ་ཐེག་པའི་རིང་ལུགས་སོ༔ ས་མ་ཡ༔ དང་པོ་ལམ་འཚོལ་གནད་གཅིག་འདི་ནའོ༔ འཁྲུལ་གྲོལ་འཁོར་འདས་བྱེད་པོ་གང་ལགས་པ༔ སྒོ་གསུམ་གཙོ་ལ་བརྟག་གཞིག་ནན་དུ་བྱ༔ བདེ་སྡུག་མྱོང་ཚོར་མཁན་པོ་ངོས་བཟུང་བྱ༔ ས་མ་ཡ༔ སེམས་ནི་འཁོར་འདས་བྱེད་པོར་ངོས་བཟུང་ནས༔ བསྐྱེད་རྫོགས་ཟབ་མོ་གནད་བསྣུན་བྱེད་པ་ལ༔ ཐེ་ཚོམ་ཡིད་གཉིས་མང་འབྱུང་སྙིང་རུས་བསྐྱེད༔ སེམས་བསྐྱེད་དགེ་བ་མཆོག་ཏུ་འཛིན་ཕྱིར་རོ༔ ས་མ་ཡ༔ དེ་ནས་སེམས་ཞེས་འཁོར་འདས་འཁྲུལ་གྲོལ་མཁན༔ གཟུགས་དབྱིབས་ཁ་དོག་གང་ལྟར་འདུག་པ་དང་༔ བྱུང་ས་གནས་ས་འགྲོ་ས་དག་ལ་བརྟག༔ ཡུལ་མེད་ཟང་ཐལ་ཆེན་པོར་ལ་བཟླའོ༔ ས་མ་ཡ༔ འདི་ལྟར་བརྟག་གཞིག་བྱས་པའི་དགོས་པ་ནི༔ ས་ལམ་དངོས་པོར་གོལ་བའི་ལོག་ལྟ་དང་༔ གྲོལ་འཁྲུལ་ཡུལ་བགྲོད་ཡུལ་བདག་གཟུང་འཛིན་སེམས༔ ཐམས་ཅད་འཁྲུལ་སྣང་ངེས་པར་ཤེས་ཕྱིར་རོ༔ ས་མ་ཡ༔ དེ་ནས་དམིགས་པའི་རྟེན་ལ་སེམས་བཟུང་ནས༔ ཞག་བདུན་བར་དུ་འགོག་པའི་བསམ་གཏན་བཟུང་༔ སླར་ཡང་ནམ་མཁའ་དག་ལ་བསྲེས་ནས་སུ༔ ཞག་བདུན་བར་དུ་མཚན་མ་མེད་པ་བསྒོམ༔ ས་མ་ཡ༔ འདི་སྐབས་དབང་པོ་ཡང་རབ་སྐལ་ལྡན་འགས༔ ཆོས་ཉིད་རང་ཞལ་མངོན་མཐོང་ངོ་འཕྲོད་སྲིད༔ དེ་མིན་འབྲིང་དང་ཐ་མ་དག་གིས་ཀྱང་༔ རང་སེམས་ལས་སུ་རུང་བའི་དགོས་ཆེད་ཡོད༔ ས་མ་ཡ༔ དེ་ནས་རབ་ཏུ་དབེན་པའི་སར༔ ལུས་བསྲང་ངག་གིས་སྨྲ་བརྗོད་སྤང་༔ སེམས་ནི་རང་སར་ཤིག་གེར་བཞག༔ གང་ཤར་བ་ལ་ཅེར་གྱིས་བལྟ༔ ས་མ་ཡ༔ ལྟ་མཁན་ལྟ་ཡུལ་གཉིས་ལྡན་ལ༔ གནས་པ་འགྱུ་བ་གཉིས་སུ་བརྗོད༔ འདི་ལ་བརྩོན་འགྲུས་ཆེར་བསྐྱེད་ནས༔ བསྒོམ་པས་ཞི་གནས་ཉམས་སྐྱེའོ༔ ས་མ་ཡ༔ དེ་ནས་གནས་འགྱུ་གཅིག་ཏུ་འདྲེས༔ རྩེ་གཅིག་དྲན་པ་ལྷག་པར་མཐོང་༔ འདི་དུས་དྲན་པ་རང་ཤེས་ཀྱི༔ རང་གྲོལ་ཆེན་པོར་དུས་མཉམ་མོ༔ ས་མ་ཡ༔ མ་བཅོས་ངང་བཞག་ལྟ་བའི་གནད༔ མ་བརྗེད་ངང་གནས་སྒོམ་པའི་གནད༔ མ་བསྒྲིམ་མི་ལྷོད་སྤྱོད་པའི་གནད༔ གནད་གསུམ་ལྡན་པ་རྣལ་འབྱོར་ལམ༔ ས་མ་ཡ༔ མེ་ལས་མེ་སྟག་ཡར་བ་བཞིན༔ ཡུལ་དུ་ཤར་ནས་ཡལ་བ་ནི༔ ཤར་གྲོལ་དུས་མཉམ་དྲན་པ་སྟེ༔ འདི་ནི་རགས་པར་ཤར་བའི་དུས༔ ས་མ་ཡ༔ རྒྱ་མཚོ་དང་ནི་བབས་ཆུ་བཞིན༔ རང་ལས་བྱུང་ཞིང་རང་ཉིད་ལ༔ ཐིམ་པར་སྣང་བ་འགྲོ་འོང་ཅན༔ ཆུ་བོའི་རྒྱུན་གྱི་དྲན་པའོ༔ ས་མ་ཡ༔ བདེ་བ་རྒྱ་མཚོ་ལྟ་བུ་དང་༔ གསལ་བ་ཉི་ཟླ་ལྟ་བུ་དང་༔ མི་རྟོགས་ནམ་མཁའ་ལྟ་བུ་ནི༔ ཞི་གནས་ཉམས་ཏེ་གོལ་སའོ༔ ས་མ་ཡ༔ ལུས་ཀྱིས་བྱ་བཏང་ཅི་བདེར་བཞག༔ ངག་གིས་བྱ་བཏང་བརྗོད་མེད་གནས༔ སེམས་ཀྱིས་བྱ་བཏང་ཡེངས་མེད་ངང་༔ འདི་ནི་མཉམ་བཞག་ཅེས་བྱའོ༔ ས་མ་ཡ༔ ལུས་ནི་འགུལ་བསྐྱོད་བྱ་བ་དང་༔ ངག་གིས་སྨྲ་བརྗོད་སྔགས་བཟླས་དུས༔ ལྟ་བའི་རང་ཚུགས་མ་ཤོར་བའི༔ ངང་གནས་དེ་ནི་རྗེས་ཐོབ་བོ༔ ས་མ་ཡ༔ ནམ་མཁའི་ཀློང་ནས་གློག་འགྱུ་བཞིན༔ ཀློང་ནས་གཡོ་ཞིང་གནས་པ་ནི༔ ཀློང་དུ་གྱུར་པའི་དྲན་པའོ༔ ས་མ་ཡ༔ མ་བཅོས་རང་སར་བཞག་པ་ལ༔ གང་ཤར་རང་ཤེས་ངང་གནས་པ༔ རང་བྱུང་ངང་གནས་དྲན་པ་སྟེ༔ དྲན་འཛིན་ཅུང་ཟད་ཞི་བའི་ཚད༔ ས་མ་ཡ༔ ལྟ་སྒོམ་མེད་པར་བཞག་པའི་ཚེ༔ དེར་འཛིན་གཉེར་བཏང་མྱོང་ཞེན་མེད༔ གང་ཤར་ཤེས་པ་རང་གསལ་བ༔ མ་བཅོས་ཞི་ཕྱིར་དྲན་པའོ༔ ས་མ་ཡ༔ དེ་ནས་དྲན་པ་ཤེས་པ་ཀུན༔ ཅི་ཡང་མེད་པའི་ངང་དུ་ཞི༔ སྟོང་པ་བརྡལ་ཁྱབ་ཅང་མི་སེམས༔ དེ་ནི་གདོད་མའི་ལུང་མ་བསྟན༔ ས་མ་ཡ༔ དེ་ནས་སྟོང་གསལ་བརྗོད་མེད་པ༔ ཅི་ཡང་མི་སེམས་ངང་དུ་གནས༔ འདི་ནི་ཕྲལ་བྱུང་ལུང་མ་བསྟན༔ སྲིད་རྩེའི་ཏིང་འཛིན་རྣམ་གཉིས་སོ༔ ས་མ་ཡ༔ དེ་ལྟར་རྣམ་པ་ལམ་བྱེད་ཀྱི༔ ལམ་ནི་ངོ་བོ་རྟོགས་པའི་རྒྱུ༔ མཐར་ཐུག་རིག་པའི་རང་ངོ་རུ༔ གྲོལ་བ་འབྲས་བུ་མངོན་གྱུར་རོ༔ ས་མ་ཡ༔ ཡེ་ནས་རང་རིག་ལྷར་རྫོགས་པས༔ ཡིན་ལུགས་མ་རྟོགས་གྲོལ་བ་གང་༔ ཡིན་ལུགས་ཤེས་བཞིན་བསྒོམ་པ་ཡིས༔ རང་བྱུང་སངས་རྒྱས་རང་ངོར་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ རྫོགས་པའི་སངས་རྒྱས་རང་ལ་ཡོད༔ གང་དུ་ཚོལ་དེ་གང་རྙེད་མིན༔ འབད་རྩོལ་མེད་པའི་སླ་མོར་གནས༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༔ ༢༥༤བདག་འདྲ་རིག་འཛིན་པདྨ་རྒྱལ་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་དཔལ༔ ཆེ་མཆོག་ཀརྨ་ཀཱི་ལ་ཞེས་བྱ་བའི༔ གསང་བ་སྒོས་སྒྲུབ་ཡིད་བཞིན་ནོར་བུ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་ལྗང་གུ་གྲུ་གསུམ་དབུས༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལས༔ ཁྲོ་ཕུར་བརྗིད་ལྡན་བསྐྱེད་ཆོག་ལྟར༔ དར་རས་ལྗང་གུས་དཀྲིས་ཏེ་བཞག༔ མཆོད་རྫས་གསང་བ་མཎྜལ་ཚུལ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ༔ བགེགས་བསྐྲད་རྡོ་རྗེའི་སྲུང་འཁོར་བསྒོམ༔ སྐད་ཅིག་རིག་པའི་ངང་ཉིད་ལས༔ ལྷ་བསྐྱེད་ཡེ་ཤེས་ཆེན་པོ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གདལ་ཁྱབ་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་སུ༔ རང་བྱུང་ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་དུ༔ ལྗང་ནག་གྲུ་གསུམ་འབར་བའི་དབུས་ཉིད་དུ༔ པད་ཉི་དགྲ་གདོན་ཕོ་མོ་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་ཉིད་ཀརྨ་ཀཱི་ལ་ནི༔ ལྗང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྔམས་བརྗིད་ཁྲོ་གཏུམ་འབར༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་པའི་མེ་དཔུང་བསྣམས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ སྐུ་སྨད་དབལ་ཕུར་ཟུར་གསུམ་དགྲ་གདོན་གནོད༔ ཁྲོ་བོའི་ཆས་ཀུན་མ་ལུས་སྐུ་ལ་རྫོགས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་གསལ༔ སྐུ་ལ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྤྱི་བོར་གཡུ་ཡི་བྱ་ཁྱུང་ལྗང་གུ་ལྡིང་༔ རྭ་བར་དོན་གྲུབ་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས༔ ཡེ་ཤེས་དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་བཞིན་རྣམ་པར་དག་པའི་གཞལ་ཡས་ནས༔ རྒྱལ་བ་ཀུན་འདུས་གདུལ་དཀའ་འདུལ་བ་པོ༔ སྲས་མཆོག་དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཁྲོ་རྒྱལ་ཀརྨ་ཀཱི་ལ་སྤྲུལ་འཁོར་བཅས༔ པདྨ་ཉི་མ་བམ་ཆེན་བསྣོལ་བའི་ཁྲིར༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རྣལ་འབྱོར་བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གདོད་ནས་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ སྲིད་གསུམ་གདུག་པ་འདུལ་བའི་སྐུར་སྟོན་པ༔ ཁྲོ་རྒྱལ་ཀརྨ་ཀཱི་ལ་འཁོར་བཅས་ལ༔ གཉིས་མེད་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ཆེན་པོ་ལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་འབུལ་བ་ནི༔ ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་མ་དང་༔ བདེ་སྟོང་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་སོགས་སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ གཞོམ་བྲལ་ཐོགས་མེད་རྡོ་རྗེའི་སྐུར་སྟོན་པ༔ ནམ་མཁའ་ལྟ་བུར་འགྱུར་མེད་རྡོ་རྗེའི་སྐུ༔ དཔལ་ཆེན་ཕྲིན་ལས་མངའ་བདག་སྐུ་ལ་བསྟོད༔ དུས་གསུམ་རྒྱལ་བའི་གསུང་གི་བདག་ཉིད་དཔལ༔ ཚངས་དབྱངས་འགགས་མེད་དྲག་སྔགས་ཐོག་སེར་འབེབས༔ མི་བཟད་གསུང་གི་སྔགས་སྒྲས་འཇིག་རྟེན་འཇིགས༔ དཔལ་ཆེན་ཕྲིན་ལས་མངའ་བདག་གསུང་ལ་བསྟོད༔ དུས་གསུམ་རྒྱལ་ཀུན་ཐུགས་ཀྱི་ངོ་བོ་ཉིད༔ གཡོ་མེད་ཆོ་འཕྲུལ་གར་གྱིས་གདུག་པ་འདུལ༔ རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀློང་དུ་གཅིག༔ དཔལ་ཆེན་ཕྲིན་ལས་མངའ་བདག་ཐུགས་ལ་བསྟོད༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ སྒྱུ་འཕྲུལ་མ་ངེས་སྣ་ཚོགས་ཅིར་ཡང་བསྒྱུར༔ ཕྲིན་ལས་འཁོར་བ་སྒྲོལ་མཛད་ཁྱེད་ལ་བསྟོད༔ བདག་ཉིད་ཕུར་པ་སྒྲུབ་པའི་རིག་འཛིན་ལ༔ མཆོག་ཐུན་དངོས་གྲུབ་འབད་མེད་སྩོལ་བ་དང་༔ གྲུབ་རྟགས་མཚན་མ་བཟང་པོ་མྱུར་སྟོན་ལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འདས་དང་མ་འོངས་ད་ལྟ་དུས་གསུམ་དུ༔ བདག་གི་སྒོ་གསུམ་མ་རིག་དབང་གྱུར་པས༔ ཐམས་ཅད་མཁྱེན་པའི་ལམ་ལ་འགལ་བ་རྣམས༔ གནོང་འགྱོད་དྲག་པོས་བཟོད་གསོལ་ཚངས་པར་སྩོལ༔ སརྦ་དྷརྨ་བྷ་ཝ་སྭ་བྷཱ་ཝ་བི་ཤུདྡྷེ་ཨ་ཨཱཿཧཱ་ཀརྨ་ཧེ་རུ་ཀ་སཏྭ་ས་མ་ཡ༔ སོགས༔ སཏྭ་ཨཱཿས་མ་ཡ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ སྐུ་གསུམ་རྡོ་རྗེ་ཕུར་པ་ནི༔ དུག་གསུམ་བསྒྲལ་བའི་ཀློང་ལས་ལངས༔ ངོ་བོ་ཁྱབ་གདལ་མཐའ་བྲལ་ཉིད༔ སྟོང་པའི་ཡེ་ཤེས་ཆོས་ཀྱི་དབྱིངས༔ ཁྱབ་གདལ་ཆོས་སྐུའི་ཕུར་པའོ༔ ས་མ་ཡ༔ རང་བཞིན་འགགས་མེད་རྩལ་སྣང་བ༔ གསལ་བའི་ཡེ་ཤེས་སོ་སོར་གསལ༔ མ་འགགས་ལོངས་སྐུའི་ཕུར་པའོ༔ ཞེན་མེད་འཛིན་མེད་རང་སར་ཀློད༔ ས་མ་ཡ༔ ཐུགས་རྗེ་ཕྱོགས་མེད་རང་གྲོལ་གྱི༔ ཀུན་ཁྱབ་ཡེ་ཤེས་གཟུགས་སྐུར་ཤར༔ ཕྱོགས་མེད་སྤྲུལ་སྐུའི་ཕུར་པའོ༔ དྲན་ཙམ་རང་ངོར་རྫོགས་ལ་ལྟོས༔ ས་མ་ཡ༔ སྐད་ཅིག་འཁོར་བའི་འཁོར་ལོ་རྫོགས༔ སྐད་ཅིག་རྒྱལ་ཀུན་དཀྱིལ་འཁོར་རྫོགས༔ རང་སྣང་ཞིང་ལ་རང་རིག་ལྷ༔ ཤར་གྲོལ་འཁོར་གྱི་རོལ་པའོ༔ ས་མ་ཡ༔ སྟོང་ཉིད་རྡོ་རྗེ་ཕུར་པ་སྟེ༔ གསལ་བ་བཛྲ་ཀཱི་ལ་ཡ༔ མཉམ་ཤར་རཏྣ་ཀཱི་ལ་ཡ༔ སོ་སོར་རྟོག་པ་པདྨའི་སྐུ༔ ཤར་གྲོལ་དབང་ཐོབ་ལས་ཀྱི་བདག༔ དོན་ལ་རིག་པའི་རང་ངོར་རྫོགས༔ ས་མ་ཡ༔ རིག་པ་ཁྱབ་བདག་རྡོ་རྗེ་འཆང་༔ རིག་པ་སྒྱུ་འཕྲུལ་སྣ་ཚོགས་བདག༔ རིག་པ་འཁོར་འདས་དབང་ཕྱུག་གོ༔ རིག་པ་འདོད་རྒུའི་འབྱུང་གནས་སོ༔ ས་མ་ཡ༔ མ་རིག་སད་པའི་རིག་པ་ནི༔ གྲོལ་བྱེད་རང་དབང་རང་ལ་འབྱོར༔ སྐད་ཅིག་གཅིག་གིས་བྱེ་བྲག་གིས༔ སྐད་ཅིག་རྫོགས་པའི་སངས་རྒྱས་ལམ༔ ས་མ་ཡ༔ གཞན་ལ་འཚོལ་བས་ལྷ་མི་རྙེད༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ སྣང་བ་རྣམ་དག་ཞིང་གི་མཆོག༔ རིག་པ་ལྷ་ཡི་ལྷ་མཆོག་ཡིན༔ ས་མ་ཡ༔ མ་བཅོས་མ་བཙལ་རང་བྱུང་བའི༔ ལྷན་སྐྱེས་རིག་པའི་ཡེ་ཤེས་ཉིད༔ གདོད་ནས་ཡེ་གནས་མངོན་གྱུར་བ༔ ལྟ་བ་གྱད་ཀྱི་ལྷ་ཉིད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕྲིན་ལས་རང་མདངས་དྲག་པོའི་སྐུ༔ ཆེ་མཆོག་ཀརྨ་ཀཱི་ལ་ཡའི༔ ཛབ྄་འཁོར་དངོས་གྲུབ་རྒྱ་མཚོ་ནི༔ རང་ཉིད་ཀརྨ་ཀཱི་ལར་གསལ་བ་ཡི༔ ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང་དཀྱིལ་དུ༔ ཡེ་ཤེས་སེམས་དཔའ་སྔོན་པོ་རྡོར་དྲིལ་བསྣམས༔ པད་ཉིའི་སྟེང་དུ་འདོར་སྟབས་ཚུལ་དུ་བསྐྱེད༔ ཚོན་གང་ཙམ་གྱི་ཐུགས་ཀར་ཉི་མའི་སྟེང་༔ རྡོ་རྗེ་སྔོན་པོ་རྩེ་དགུ་ནས་འབྲུ་ཙམ༔ དེ་ཡི་ལྟེ་བར་ཉི་ཟླའི་གྭའུ་ཡི༔ ནང་ཁོངས་དྭངས་མ་ལྔ་ཡི་ཐིག་ལེའི་དབུས༔ ཧཱུྃ་ཡིག་སྔོན་པོ་སྤུ་ཤད་ལྟ་བུ་ནི༔ གསལ་འཚེར་འོད་དུ་འབར་བའི་མཐའ་སྐོར་དུ༔ སྔགས་ཕྲེང་སྤུ་ཡིས་བྲིས་ལྟར་གཡས་བསྐོར་དུ༔ འོད་ཟེར་གྱིས་འབྲེལ་དལ་མེད་བྲེལ་མེད་དུ༔ འཁོར་བའི་མདངས་ཀྱིས་རྒྱལ་བ་སྲས་བཅས་མཆོད༔ ཐུགས་དམ་རྒྱུད་བསྐུལ་ཐུགས་རྗེ་གཟི་བྱིན་དབང་༔ དངོས་གྲུབ་དང་བཅས་འོད་ཟེར་ཚུར་འདུས་ཏེ༔ རང་ཉིད་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས༔ གཟི་བརྗིད་རབ་འབར་ནུས་པ་རྩལ་ལྡན་ཅིང་༔ དབང་དང་དངོས་གྲུབ་མ་ལུས་ཐོབ་བསམ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅི་མང་བཟླས་མཐར༔ བསྒྲུབ་པ་ནི༔ རང་ཉིད་ཀརྨ་ཀཱི་ལར་གསལ་བ་ཡི༔ ཐུགས་ཀའི་སྔགས་ཕྲེང་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་མཉེས་མཆོད་འབུལ༔ ཐུགས་རྗེ་དབང་བྱིན་དངོས་གྲུབ་ནུས་རྩལ་དང་༔ ཡོན་ཏན་ཡེ་ཤེས་མཐུ་སྟོབས་གཟི་མདངས་བཅས༔ ཧཱུྃ་ཡིག་རྣམ་པར་ཚུར་འདུས་བདག་མདུན་ལ༔ མཚོ་ལ་ཁ་བ་བབས་པ་ཇི་བཞིན་དུ༔ སིབ་སིབ་ཐིམ་ནས་དབང་བྱིན་དངོས་གྲུབ་ཐོབ༔ སླར་ཡང་འོད་འཕྲོས་རྒྱལ་ཀུན་དཀྱིལ་འཁོར་རྣམས༔ མ་ལུས་དམ་ཚིག་དབང་གིས་སྤྱན་དྲངས་ནས༔ ཁྲག་འཐུང་ཀརྨ་ཀཱི་ལའི་རྣམ་རོལ་དུ༔ ཁ་བ་བབས་ལྟར་བདག་མདུན་རྣམས་ལ་ཐིམ༔ ཡེ་ཤེས་རྒྱ་མཚོ་གཅིག་དྲིལ་ཡང་སྙིང་བཟླ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྣང་བ་སྐུ་ཡི་ཁྱེར་སོ་ནི༔ གཟུགས་སུ་གྲུབ་པ་ཐམས་ཅད་ཀུན༔ ཁྲག་འཐུང་ཀརྨ་ཀཱི་ལའི་སྐུ༔ དེ་ལས་གཞན་དུ་མི་བལྟའོ༔ སྒྲ་གྲགས་གསུང་གི་ཁྱེར་སོ་ནི༔ འབྱུང་ལྔའི་ཁམས་ཀྱི་སྒྲ་སྐད་རྣམས༔ གྲགས་སྟོང་ཀཱི་ལ་ཡ་ཡི་སྒྲ༔ དེ་ལས་མ་གྱུར་སྒྲར་འཛིན་མིན༔ དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ནི༔ རྟོག་པ་གང་ཤར་རང་གྲོལ་དུ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡི༔ ཆོས་ཉིད་རོལ་པ་ཆེན་པོའི་ཀློང་༔ དེ་ལས་རྣམ་རྟོག་ཡུལ་ཞེན་མིན༔ རང་ཉིད་ལྷར་གསལ་སྐུ་ཡི་ཆ་རྣམས་དང་༔ བ་སྤུ་འོད་ལྔའི་ཀློང་དུ་རྒྱལ་ཀུན་གྱི༔ རབ་འབྱམས་དཀྱིལ་འཁོར་ཡོངས་རྫོགས་སོ་སོར་གསལ༔ ཀུན་ཀྱང་སྔགས་སྒྲས་འུར་ཆེམ་སྟོང་གསུམ་ཁེངས༔ ཕྱི་སྣོད་གཞལ་ཡས་ནང་བཅུད་སྐྱེ་འགྲོ་ལྷ༔ ཀུན་གྱི་ཛཔ྄་དབྱངས་སྟོང་གསུམ་གཡོ་བར་བསྒོམ༔ ཆོས་ཉིད་རོལ་པའི་ངང་ནས་དྲག་སྔགས་སྒྲོགས༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དེ་ནས་ལས་སྦྱོར་ནི༔ རང་ཉིད་ཀརྨ་ཀཱི་ལར་གསལ་བ་ཡི༔ ཐུགས་ཀའི་སྔགས་ཕྲེང་མགལ་མེ་ལྟ་བུ་ལས༔ འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་འཕྲོས༔ སྣང་སྲིད་ཁམས་རྣམས་མ་ལུས་ཀུན་ཁེངས་ནས༔ སྣང་སྲིད་ལྷ་སྲིན་ལྷ་འདྲེ་ཐམས་ཅད་དང་༔ གདུག་པའི་སེམས་ལྡན་ལོག་འདྲེན་འབྱུང་པོ་ཀུན༔ ཤ་རུས་གཞོབ་བསྲེགས་ཐལ་བའི་རྡུལ་བརླག་ནས༔ བཀའ་ལོག་དམ་ལས་འདའ་བའི་གནས་མེད་བསམ༔ དགྲ་བགེགས་ཚེ་བསོད་ཡེ་ཤེས་འོད་དུ་བསྡུས༔ ཚུར་འདུས་ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་བསྟིམ༔ སླར་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་དམིགས༔ གསལ་སྟོང་ངང་ནས་དྲག་སྔགས་རང་སྒྲ་སྒྲོགས༔ ཧཱུྃ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སླར་ཡང་ཐུགས་ཀའི་ཧཱུྃ་དང་སྔགས་འཁོར་ལས༔ ཧཱུྃ་ཡིག་ཁྲོ་ཆུང་མཚོན་ཐུན་མེ་རླུང་དང་༔ དྲག་སྔགས་ཐོག་སེར་སྣ་ཚོགས་དཔག་མེད་པ༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས་པ་ཡིས༔ གདུག་ཅན་སྡང་སེམས་ལྡན་པའི་གདོན་བགེགས་ཚོགས༔ ཤ་རུས་གཞོབ་བསྲེགས་ཐལ་བ་རྡུལ་བརླག་ནས༔ སླན་ཆད་ལྡང་བའི་ནུས་སྟོབས་མེད་པར་བསམ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བརྒྱ་སྟོང་ཁྲི་འབུམ་སོགས་བཟླའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ༠༠༠༠༠༠༠བརྡ་ཡིག༔ ༢༦༣བདག་འདྲ་པདྨ་འོད་འབར་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ཟབ་མོ་ཆོས་ཉིད་བདེན་པ་བསྟན་པར་བྱ༔ དགོངས་པ་ཀློང་གྲོལ་ཡེ་ཤེས་མཚོ་རྒྱལ་མ༔ གྲུབ་པ་མངོན་གྱུར་ཁྱེའུ་ཆུང་ལོ་ཙཱ་བ༔ སྣང་སྲིད་ཟིལ་གནོན་མངའ་བདག་ཆོས་ཀྱི་རྒྱལ༔ འདི་ལྟར་ཀུན་བཏགས་ཕུང་པོ་རྨི་ལམ་ལྟར༔ སེམས་ཀྱི་འཁྲུལ་རྩལ་སེམས་སུ་ཐག་ཆོད་དགོས༔ སེམས་ཀྱི་ངོ་བོ་ཡེ་ནས་ཡེ་ཤེས་ཏེ༔ སྟོང་གསལ་འཛིན་མེད་དྭངས་མའི་བདག་ཉིད་ལྡན༔ ལམ་ནི་ལོག་པས་འཁྲུལ་པའི་རྩ་བ་བྱེད༔ གཞི་ནི་འགྱུར་བ་མེད་པ་རང་གཞིར་གནས༔ ངེས་པར་ཡིད་ཕྱིར་མི་འབྲང་ཐེ་ཚོམ་བྲལ༔ སྣང་བ་དཀར་དམར་ཕྱི་རུ་ཤར་བ་སེམས༔ ཡིད་ནི་རྣམ་རྟོག་འགྱུ་བྱེད་ནང་གི་སེམས༔ སྒོ་ལྔའི་རྣམ་པར་ཤེས་པ་བར་གྱི་སེམས༔ གཉིས་འཛིན་རྣམ་རྟོག་ལུང་མ་བསྟན་དང་བཞི༔ དབྱེ་ན་བཞི་སྟེ་དོན་ལ་ཐ་དད་མེད༔ སེམས་ཞེས་སྣ་ཚོགས་འཁྲུལ་པའི་གཞི་རྩ་སྟེ༔ ཁམས་གསུམ་འཁོར་བའི་རྒྱུ་རྐྱེན་བདག་ཡུལ་ཉིད༔ ཡོད་མིན་མེད་མིན་གཅིག་མིན་ཐ་དད་མིན༔ སྐྱེ་འགགས་བྱུང་གནས་འགྲོ་བའི་མཐའ་དང་བྲལ༔ འདི་ལ་མཚན་ཉིད་མེད་དེ་མཚན་ཉིད་ནི༔ མ་རིག་མུན་པའི་ལམ་དུ་དུབ་པ་ལས༔ རྣམ་པར་ཤེས་པ་ཚོགས་བརྒྱད་རྣམ་ཤེས་མཁན༔ སེམས་དང་ཡིད་དེ་མཚན་ཉིད་དོན་དུ་བརྟག༔ ཚོགས་བརྒྱད་ལ་ཡང་མཚན་ཉིད་ཐ་དད་མེད༔ སེམས་ཞེས་ཕུང་པོ་ལྔ་ཡི་བདག་ཉིད་ཅན༔ རང་ལ་གཉིས་སུ་འཛིན་པའི་གཟུང་འཛིན་འཐས༔ འདི་ཡིས་རང་གཞི་ཀ་དག་ལྷུན་གྲུབ་ལ༔ དཔེར་ན་རིན་ཆེན་གཡའ་ཡིས་ཟིན་པ་ལྟར༔ ལམ་དམན་ཞུགས་པས་མ་རིག་སྤྲིན་གྱིས་བསྒྲིབས༔ མི་ཞིག་མུན་པ་འམ་ནི་ན་བུན་གྱིས༔ བསྒྲིབ་ཅིང་འགྲོ་བའི་ལམ་ལས་ལམ་ལོག་ལྟར༔ གཞི་མ་འགྱུར་ཀྱང་ལམ་གྱི་བྱེ་བྲག་གོ༔ འདི་བཞིན་སེམས་ཉིད་རང་གཞི་ངོ་འཕྲོད་པ༔ དཔེར་ན་རིན་ཆེན་ཕྱི་བརྡར་བྱས་པ་ན༔ རང་གཞི་མ་འགྱུར་རང་སར་འདུག་པ་ལྟར༔ རང་བྱུང་སངས་རྒྱས་རང་ངོ་ངེས་མཐོང་འགྱུར༔ ས་མ་ཡ༔ ཀུན་བྱེད་རྒྱལ་པོ་ཀུན་གྱི་གཞི༔ གཞི་འདིས་ལམ་གྱི་རང་ལུགས་བྱེད༔ དམན་པའི་ལམ་དུ་ཞུགས་ན་ཡང་༔ ངན་འགྲོའི་གཞི་བྱེད་ངན་འགྲོར་མནར༔ གཉིས་སུ་འཛིན་ཅིང་སྡུག་བསྔལ་ལེན༔ རང་གཞི་རང་སར་རྟོགས་པ་ཡིས༔ ངང་གནས་ཆེན་པོར་སད་ཙམ་གྱིས༔ སངས་རྒྱས་ཉིད་དང་སངས་རྒྱས་ཞིང་༔ གཞིར་གནས་གཞི་ལ་གྲུབ་པ་ཡི༔ ཡེ་ཤེས་རྣམ་མང་སྒྱུ་འཕྲུལ་གྱི༔ འགྲོ་བའི་དོན་ཡང་འདིས་བྱེད་འགྱུར༔ འདི་ལ་བཅོས་བསླད་ཀུན་བྲལ་ལོ༔ ལམ་གྱི་བྱེ་བྲག་བསྒྱུར་བ་ཡང་༔ རྟ་ཁ་སྲབ་ཀྱིས་བསྒྱུར་དང་མཚུངས༔ གཞི་འདི་ནམ་མཁའི་ངོ་བོར་གནས༔ རྒྱུ་རྐྱེན་རྟེན་འབྲེལ་ཀུན་གྱི་གཞི༔ སྐྱེ་དང་འགག་པ་ཀུན་གྱི་གཞི༔ གནས་དང་འགྲོ་བ་ཀུན་གྱི་གཞི༔ འཁོར་བ་འདས་པ་ཀུན་གྱི་གཞི༔ བདག་གཞན་ཀུན་གྱི་གཞི་ཡིན་ཏེ༔ ཡོད་མེད་ཁས་ལེན་ཀུན་གྱི་གཞི༔ སྣང་སྟོང་བདེ་སྡུག་ཀུན་གྱི་གཞི༔ རྟག་ཆད་བེམ་རིག་ཀུན་གྱི་གཞི༔ གཞི་གསལ་ཤེས་རབ་ཡེ་ཤེས་མེ༔ བག་ཆགས་མངལ་རྒྱར་འཐུམ་བྱེད་ཀྱིས༔ འདི་ཉིད་བསྒྲིབས་པའི་མུན་པ་གསུམ༔ བདག་རྟོག་གཅིག་པུའི་མ་རིག་པ༔ ལྷན་ཅིག་སྐྱེས་པའི་མ་རིག་པ༔ ཀུན་ཏུ་བཏགས་པའི་མ་རིག་པ༔ འདི་གསུམ་འཁོར་བའི་ཀུན་གཞིར་གྲུབ༔ ངར་འཛིན་ཤེས་པ་དེས་བཅིངས་ཏེ༔ རྟེན་འབྲེལ་ལུགས་འབྱུང་འཁོར་བར་འཁྲུལ༔ འདི་དུས་ཡེ་གཞི་འགྱུར་མིན་ཏེ༔ དཔེར་ན་རྙོག་མ་ཅན་གྱི་ཆུ༔ ཆུ་ལས་གཞན་དུ་འགྱུར་མིན་ལྟར༔ ཀུན་ཏུ་བཟང་པོ་སྔར་སངས་རྒྱས༔ དུས་གསུམ་འཕོ་འགྱུར་བྲལ་བའོ༔ ས་མ་ཡ༔ ལམ་ནི་སྒོ་ལྔར་ཞུགས་པ་ཡི༔ གཟུགས་དང་སྒྲ་དང་དྲི་དང་རོ༔ རེག་བྱ་ལ་སོགས་ཉེ་བར་ལེན༔ འདོད་ཅིང་མོས་པ་འཁྲུལ་པའི་ལམ༔ འདི་ཡི་ཁམས་ནི་མ་རིག་པ༔ གཞི་ཉིད་གཞི་རུ་མ་རྟོགས་དེ༔ རྣམ་པར་རྟོག་པ་ཀུན་ཏུ་རྟོག༔ སེམས་སྣང་གཞི་རུ་སད་པ་ཡི༔ ནམ་མཁའ་ལྟ་བུར་ཁྱབ་གདལ་ལ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རྫོགས༔ ལམ་ནི་སྒྱུ་འཕྲུལ་གཞན་སྣང་འདུལ༔ གཞི་དེ་རྟོགས་དང་མ་རྟོགས་ལས༔ སངས་རྒྱས་སེམས་ཅན་གཉིས་དེར་བྱུང་༔ ལམ་མེད་ལམ་མཆོག་ལ་གཟུད་ཕྱིར༔ རིག་པ་སེམས་ལ་སོ་ནམ་བྱས༔ སྣང་བ་སེམས་མེད་གཏན་ལ་ཕབ༔ སེམས་ཀྱི་དུས་སུ་རིག་པ་མེད༔ རིག་པ་ཉིད་ལ་སེམས་མེད་དོ༔ སེམས་ཀྱི་རྣམ་རྟོག་མ་རིག་པ༔ རིག་པའི་ཡེ་ཤེས་སེམས་མ་ཡིན༔ སེམས་དང་རིག་པ་རུ་ཤན་དབྱེ༔ སེམས་ཀྱི་རྣམ་རྟོག་རྒྱུ་ཟད་པའི༔ ཡེ་རིག་སྟོང་གསལ་ཡེ་ཤེས་སོ༔ ས་མ་ཡ༔ ངེས་པའི་ལམ་ལ་འཇུག་པ་ན༔ མ་ཡེངས་པ་ལས་ལམ་གཞན་མིན༔ ཡེངས་མེད་ངང་ནས་ལམ་ལ་འཇུག༔ འཇུག་སྒོ་གཞན་ལ་འཇུག་ལམ་མིན༔ ཉམས་སུ་ལེན་ལ་བརྩོན་བྱས་ཏེ༔ བརྩོན་དང་རྩོལ་བའང་གཞན་མ་ཡིན༔ རང་ཐོག་རང་སར་འཇུག་གྲོལ་གྱིས༔ ཐབས་མང་དབང་པོ་དང་བསྟུན་པའི༔ ལམ་གྱི་བོགས་འདོན་གནད་དུ་ཟུངས༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ རྫོགས་ཆེན་ལམ་ལ་ལྟོས་ན་འཁྲུལ༔ རིག་པ་སྐུ་གསུམ་ལྷུན་གྲུབ་ལ༔ འཇུག་སྒོ་ལམ་འཚོལ་བྱེད་པ་འཁྲུལ༔ རང་རིག་ཀ་དག་ཆོས་སྐུ་ལ༔ འཁོར་འདས་མ་བཅོས་ངང་གིས་རྫོགས༔ རྫོགས་ཆེན་གང་ལ་མི་བརྟེན་འདི༔ ལམ་ལ་སྦྱངས་བགྲོད་མེད་པ་སྟེ༔ རང་ངོར་རང་སངས་དག་པའི་ས༔ གདོད་མའི་ངང་བཞག་ལམ་གྱི་མཆོག༔ ངོ་བོ་སྤྲོས་མཐའ་ཕྱོགས་བྲལ་ངང་༔ ཤེས་རབ་ཆེན་པོས་མཉམ་བརྡལ་བ༔ རིག་པ་རང་གསལ་ཆེན་པོ་སྟེ༔ འཕོ་འགྱུར་མེད་པའི་ཡེ་ཤེས་ཤར༔ འབད་རྩོལ་བྲལ་བའི་ཆོས་ཉིད་ཡིན༔ ངེས་པའི་དོན་ལ་ཆོས་བྱར་མེད༔ ས་ལམ་འདོད་པའི་ཐེག་པ་འདིར༔ འཇུག་ཅིང་རྟོགས་སམ་གྲོལ་བ་ནི༔ ཆུ་ལ་མར་འདོད་ཇི་བཞིན་ནོ༔ རྫོགས་པ་ཆེན་པོ་ཐེག་ཀུན་གྱི༔ ཡང་རྩེ་གཙུག་རྒྱན་ནོར་བུའོ༔ འདི་ནི་ཐོས་པ་ཀུན་གྱི་མཆོག༔ ཐོས་ཚད་ཐོས་པའི་ཡང་རྩེར་སླེབས༔ འདི་ནི་ཆོས་ཀུན་རྩ་བ་ཡིན༔ རྒྱ་མཚོ་ཆེན་པོའི་ཆུ་ལ་འཐུང་༔ ཆུ་སྣ་སྣ་ཚོགས་དེར་བྱུང་སྟེ༔ དེ་ལ་འདུས་སོ་སྐལ་ལྡན་རྣམས༔ འཁོར་འདས་རྩ་བ་རིག་པ་ཉིད༔ རྟོགས་པས་ཆོས་ཀུན་སྐད་ཅིག་གྲོལ༔ མདུད་རྒྱ་མང་པོའི་སྣེ་བཞིན་དུ༔ གཅིག་གྲོལ་བས་ནི་ཧར་གྱིས་གྲོལ༔ ས་མ་ཡ༔ ལྟ་བ་བསམ་དང་རྒོལ་རྒྱུ་སྟོར༔ མ་བཅོས་རང་བྱུང་ཆེན་པོ་རུ༔ ཡེ་གྲོལ་ཉིད་དུ་ཆམ་གྱིས་བཞག༔ རྗེས་དཔྱོད་ཡིད་དཔྱོད་ལོག་པར་འཁྲུལ༔ སྣང་ཚད་རང་ཀློང་རང་བྱུང་བ༔ བདག་གཞན་འཛིན་པ་ཡེ་གྲོལ་གྱིས༔ ཁྱབ་བརྡལ་ཆོས་སྐུའི་ངང་དུ་རིག༔ འཁོར་འདས་བྱང་ཆུབ་སེམས་ཀྱི་ངང་༔ གཉིས་མེད་དག་མཉམ་ཆེན་པོ་རུ༔ ལྷུན་རྫོགས་འུབ་ཆུབ་རོལ་པ་ཡི༔ ལྟ་བའི་རྒྱལ་པོ་ངོ་ཤེས་པས༔ སྣང་སེམས་འཁྲུལ་པར་འཐས་པའི་ཆོས༔ རྨི་ལམ་སད་བཞིན་སྐད་ཅིག་ཏུ༔ ཆོས་སྐུའི་ཀློང་ཆེན་ཡངས་པར་གྲོལ༔ སངས་རྒྱས་སེམས་ཅན་འཛིན་ཞེན་ཡལ༔ དགེ་དང་མི་དགེའི་རྒྱུ་འབྲས་ནུབ༔ དེ་ནི་གཞི་དང་གཞི་ལ་ལམ༔ བྱེད་པ་འབྲས་བུའི་ཐེག་པའོ༔ ས་ལམ་སྦྱངས་བགྲོད་ཉམས་ཀྱི་ཆོས༔ འཁོར་བའི་བདེ་སྡུག་ཉམས་སྣང་བཅས༔ ཕན་གནོད་མེད་པར་གྲོལ་བྱའོ༔ ད་ལྟ་ཕན་ཆད་འདས་པའི་དུས༔ འཁྲུལ་པའི་རྟོག་ཚོགས་ཐམས་ཅད་ཀུན༔ ད་ལྟ་ཤུལ་ཙམ་མེད་པས་ན༔ སྣང་ཡང་དྲི་མ་སེམས་ལ་མེད༔ སྤྲིན་དང་བྲལ་བའི་ནམ་མཁའ་ལ༔ སྔོན་གྱི་སྤྲིན་དང་ན་བུན་གྱིས༔ སྐྱོན་མ་གོས་པར་རང་གཞིར་འདུག༔ འདི་བཞིན་སེམས་ལ་དྲི་མ་མེད༔ ལྟ་བ་མཉམ་པ་རིས་མེད་རྫོགས༔ ཡེ་ནས་སངས་རྒྱས་འདི་ཡིན་པས༔ འདི་ལྟར་རྟོགས་པས་རྫོགས་སངས་རྒྱས༔ འདི་མ་རྟོགས་པས་འཚང་མི་རྒྱ༔ ས་མ་ཡ༔ དེ་ལྟར་ཐེག་པའི་ཡང་རྩེ་མཆོག༔ ཉམས་སུ་ལེན་པའི་སྐལ་མེད་པ༔ དབང་པོ་འབྲིང་དང་ཐ་མ་ཡིས༔ རྣམ་པ་ལམ་བྱེད་ལམ་འདིར་འཇུག༔ ཧ་ཅང་ལྷོད་པ་མ་ཡིན་ཏེ༔ ཧ་ཅང་བསྒྲིམ་པ་ཡང་མ་ཡིན༔ མདོར་ན་ཡེངས་མེད་དྲན་པའི་ངང་༔ གང་ཤར་ངོ་བོར་ཅེར་གྱིས་བལྟ༔ དགག་དང་བཅོས་བསྒྱུར་གང་མི་བྱ༔ སྔོན་སོང་བ་ཡི་རྗེས་མི་གཅོད༔ མ་འོངས་པ་ཡི་མདུན་མི་བསུ༔ ཤུགས་འབྱུང་ངང་དུ་ཤིག་གེར་བཞག༔ དྲན་འཛིན་དམ་པོས་ནང་བཀུག་ན༔ བྱིང་རྨུག་འདམ་དུ་ཚུད་ཉེན་ཡོད༔ རྟོག་ཚོགས་གང་གི་རྗེས་འབྲང་མིན༔ རྟོག་ཚོགས་རང་གྲོལ་ངང་དུ་བཤིག༔ ཤར་ཙམ་གྲོལ་བའི་ངང་དུ་བཤིག༔ ཤར་ཚད་གྲོལ་བའི་ཆོས་ཉིད་ལ༔ ཤར་ཚེ་བཟང་ངན་གང་ཤར་ཡང་༔ གྲོལ་ཚེ་མཉམ་གྲོལ་ཕན་གནོད་མེད༔ སེམས་ནི་མཁའ་ལྟར་ཀུན་ཁྱབ་བརྡལ༔ ཕྱོགས་དང་མཐའ་བྲལ་སྟོང་པ་ཉིད༔ མ་རིག་མུན་པས་རང་ངོ་བསྒྲིབས༔ འཁྲུལ་རྟོག་སྣ་ཚོགས་རྩལ་དུ་ཤར༔ རྩལ་ཤར་བ་དེ་ངོས་འཛིན་པ༔ དང་པོ་བྱུང་ས་མ་རྙེད་པ༔ བར་དུ་གནས་ས་མ་རྙེད་པ༔ ཐ་མ་གྲོལ་ས་མ་རྙེད་པ༔ རྩ་བྲལ་ཐག་བཅད་རྦད་ཀྱིས་ཆད༔ མ་ཞེན་མ་ཡེངས་སྒོམ་པའོ༔ བསྒྲིམ་ལྷོད་སྐྱེས་བུས་མདའ་འགེང་ལྟར༔ མ་བཅོས་མ་བསླད་རང་གྲོལ་ལ༔ བཅོས་བསླད་ཅི་ཡང་མ་བྱས་ཤིང་༔ མ་གྲོལ་བ་ལ་གཅིག་ཀྱང་མེད༔ སྒོམ་རྒྱུ་སྤུ་ཙམ་མེད་པ་ལ༔ ཡེངས་སུ་སྐད་ཅིག་མེད་པ་ནི༔ སྒོམ་པའི་གནད་དང་དོན་གཅིག་ཡིན༔ ཆུ་ལས་ཆུ་ལྦུར་བརྡོལ་ཐིམ་བཞིན༔ གཉིས་སུ་མེད་པའི་ངང་ཤེས་མཛོད༔ སྦྲུལ་གྱི་མདུད་པ་ཞིག་པ་ལྟར༔ མ་བཅོས་རང་བཞག་རང་གསལ་བའི༔ རང་གྲོལ་ཆེན་པོར་ཡུལ་མེད་བཏང་༔ ཤར་གྲོལ་ཤར་ཙམ་རིག་པས་གྲོལ༔ རིག་པ་ཤར་བ་ཐ་དད་མེད༔ དྲན་རིག་དབྱེར་མེད་ཆེན་པོ་འདི༔ ཤར་ཡང་ཤར་མཁན་ཁོ་རང་ལ༔ གྲོལ་ཡང་རང་ཉིད་རང་ལ་གྲོལ༔ ཆུ་ལ་མཚོན་གྱིས་བརྒྱབ་པ་ལྟར༔ རང་ཤར་ཙམ་གྱིས་རང་གྲོལ་མཉམ༔ ཀློང་དུ་གྲོལ་བའི་ཚུལ་ཆེན་ནི༔ ངོ་བོའི་ངང་དུ་གནས་པ་ལས༔ རང་ཀློང་རང་ཤར་རང་གྲོལ་བ༔ གཉེན་པོས་བཅོས་བསྒྱུར་མེད་པ་རུ༔ ནམ་མཁའི་ཀློང་ལས་གློག་བྱུང་ནས༔ ནམ་མཁའི་ཀློང་ལ་ཐིམ་པ་ལྟར༔ འདི་ཡི་དཔེ་བཞིན་གཉིས་མེད་དོ༔ འཇུར་དྲན་རྟོག་ཚོགས་རང་སར་ཞི༔ སྟོང་པའི་ངང་དུ་གནས་པ་ལ༔ ལྟ་སྒོམ་མྱོང་ཞེན་མེད་པའི་ངང་༔ གང་ཤར་རང་ཤེས་ཀྱིས་གསལ་བ༔ ངང་གིས་གྲོལ་བ་ཞེས་བྱའོ༔ འདི་ལྟར་སྣང་བའི་ཆོས་རྣམས་ཀུན༔ རང་ཤེས་རང་གསལ་ཤེས་པ་ནི༔ སྐྱེ་འགགས་མེད་པར་བརྡལ་བ་ཉིད༔ ཐ་མལ་ཤེས་པ་ཞེས་བྱ་སྟེ༔ འཁོར་བའི་གཞི་འཛིན་ཟང་མ་ཐལ༔ ངོ་བོའི་ངང་དུ་ལམ་བྱེད་ཚེ༔ ཤེས་རབ་ཆེན་པོ་མངོན་གྱུར་པའི༔ ཆོས་སྐུ་ཟང་ཐལ་རྒྱ་ཡན་ཆེ༔ རྣལ་འབྱོར་ལམ་གྱི་རིག་པའོ༔ རྨོངས་པ་གཏུམ་པོས་སྤྱོད་ཡུལ་མིན༔ བསྒོམ་མིན་མ་བསྒོམ་པ་ཡང་མིན༔ ལྐུགས་པས་བུ་རམ་ཟོས་པ་ལྟར༔ སྨྲ་བསམ་བརྗོད་བྱའི་ཡུལ་ལས་འདས༔ བསམ་མནོ་མང་པོ་བྱེད་མིན་ཏེ༔ ངང་གནས་ཆམ་བཞག་ཆེན་པོ་སྟེ༔ རང་རིག་འདི་ལས་ཆོས་ཅི་འདུག༔ ཆོས་ལ་ངེས་དོན་དྲང་དོན་གཉིས༔ གསང་ཆེན་འདི་ནི་ངེས་པའི་དོན༔ སྙིང་པོའི་ཡང་སྙིང་ཐེག་པ་ཆེ༔ དེ་མིན་རྒྱུ་སྟེ་དྲང་དོན་ནོ༔ འདི་ལྟར་ཤན་འབྱེད་གནད་ཀྱི་དོན༔ མ་རྟོགས་ཀུན་རྫོབ་སྙིང་པོར་འཛིན༔ ཆོས་མ་མཐོང་བའི་ཆོས་གཟུགས་པ༔ མཆོག་འཛིན་བྱེད་རྣམས་ཆོས་སྐལ་ཆད༔ དུས་ངན་སེམས་ཅན་དེ་ལ་དགའ༔ ངེས་གསང་དོན་ལ་ཐེ་ཚོམ་ན༔ དོགས་སེལ་ཕྱིར་དུ་འདི་ལྟར་དཔྱོད༔ འདི་དང་ཕྱི་མའི་དུས་རྣམས་ལ༔ བདེ་ན་བདེ་མཁན་གང་ཡིན་ལྟོས༔ སྡུག་ན་སྡུག་མཁན་གང་ཡིན་ལྟོས༔ ལུས་ངག་ཡིད་གསུམ་གང་གི་གཙོ༔ གཙོ་བོ་དེ་ཉིད་གྲོལ་དགོས་ཏེ༔ དེ་ལ་མི་ཕན་འཇིགས་པའི་ཆོས༔ མ་རིག་སེམས་ཅན་དེར་གོམས་པས༔ རྩོལ་བ་མཆོག་འཛིན་གཙོ་བོར་བསྟོད༔ འདི་ཡིས་རྫོགས་སངས་རྒྱས་པ་གང་༔ ས་མ་ཡ༔ ངེས་པའི་ལམ་མཆོག་ཁྱད་དུ་འཕགས༔ གསང་བའི་ཡང་གསང་རྫོགས་པ་ཆེ༔ ཡིད་ལ་མ་བསྒོམ་དེ་བཞིན་གྲོལ༔ བསྒོམ་པས་སྒོམ་རྒྱུ་རྒྱུན་ཆད་པའི༔ དུམ་བུར་ཆད་པའི་སེམས་ཅན་ནོ༔ རྫོགས་པ་ཆེན་པོ་ཁྱབ་བརྡལ་ལ༔ སངས་རྒྱས་དགོངས་པས་མ་ཁྱབ་མེད༔ མཚམས་ཕྱེས་རྒྱུན་ཆད་ནོར་བའི་ལམ༔ སྐྱོན་དང་དྲི་མས་མ་གོས་པ༔ ལམ་དང་སྒོམ་རྒྱུ་ལས་འདས་པའི༔ གདོད་མའི་གནས་ལུགས་དེ་ལ་ཞོག༔ འཁོར་བ་དང་ནི་མྱང་འདས་ཆོས༔ འུབ་ཆུབ་རོལ་པ་མཐའ་བྲལ་གྱི༔ རིག་པ་རྫོགས་ཆེན་ངེས་པའོ༔ འདི་ནི་ཟབ་ཅིང་ཕྲ་བའི་ཕྱིར༔ ཀུན་གཞི་ལུང་མ་བསྟན་པ་ཡི༔ ཐོམ་མེ་བ་ལ་གོ་མ་ལོག༔ ཕལ་ཆེར་འདི་ལ་གོ་ལོག་འཁྲུལ༔ འགའ་ཞིག་ཚིག་གི་རྗེས་འབྲང་སྟེ༔ ཐ་མལ་ཤེས་པ་ཕྱིར་ལོག་ནས༔ འཁྲུལ་བའི་རྒྱུད་དུ་ཁ་ཡན་མང་༔ ལྟ་བ་རང་མལ་ངན་ལོག་ཞེས༔ ཆོས་སྐུའི་རྒྱལ་ས་དེས་ཤོར་རོ༔ དེ་ལྟར་ནོར་སར་མ་ཤོར་བའི༔ རྣལ་འབྱོར་ཆེན་པོར་ཚད་གསུམ་འབྱུང་༔ ཕྱི་རུ་སྣང་བའི་གཟུགས་བརྙན་ཀུན༔ རང་རིག་ཀུན་བྱེད་རྒྱལ་པོའི་ཀློང་༔ རི་རབ་ཞིག་ཀྱང་མི་འཇིགས་པ༔ ལྟ་བ་བརྟན་པའི་ཚད་ཙམ་མོ༔ ཁྱབ་གདལ་མཐའ་དབུས་བྲལ་བ་ལ༔ སྟོང་གསལ་འཛིན་མེད་ནམ་མཁའ་ལྟར༔ ཤེས་རབ་ཡེ་ཤེས་ཉི་མའི་འོད༔ གསལ་འགྲིབ་མེད་པར་རང་ཤར་བརྡལ༔ གདོད་མའི་ཡེ་ཤེས་མངོན་གྱུར་ཤར༔ བསྒོམ་པ་ཀློང་དུ་གྱུར་པའི་ཚད༔ བདེ་སྡུག་རོ་སྙོམས་ཉེར་ལེན་མེད༔ བཅོས་མ་མེད་ཅིང་རང་བབས་སུ༔ བག་ཚ་ངོ་སྲུང་གང་ཡང་མེད༔ གཙང་དང་དམེ་བ་གཉིས་འཛིན་བྲལ༔ ཐོལ་བྱུང་སྨྱོན་པའི་སྤྱོད་པ་བཞིན༔ ཉམ་མི་ང་བའི་གདིང་ཐོབ་པ༔ འདི་ཡང་རླབས་ཆེན་སྤྱོད་པའི་ཚད༔ བག་མེད་ཁྲེལ་མེད་བཅོས་མ་བརྫུ༔ ས་མ་ཡ༔ སྤོམ་ཡོར་སྒོམ་གྱིས་དེ་མི་གོ༔ སྒོམ་གྱི་རྩ་བ་འཁྲུལ་པ་ཡིན༔ ལོ་མང་བསྒོམས་ཀྱང་སྡུག་རྒུར་ཡིན༔ སྙིང་རུས་སྡུག་སྲན་བསྐྱེད་སྒོམ་ཡང་༔ རང་གི་བླུན་བཟོས་སྒོམ་པས་ནི༔ ཕུགས་སུ་མི་ཡི་སྙིགས་མར་འགྱུར༔ བྱོལ་སོང་བཞིན་དུ་བླུན་པ་ཡི༔ ཤེས་རབ་ཡེ་ཤེས་རྩ་སྒོ་འགགས༔ བསྐལ་པར་བསྒོམས་ཀྱང་འཚང་མི་རྒྱ༔ ཀྱེ་མ་དུས་ངན་དེ་འདྲ་མང་༔ ལ་ལས་རང་བཟོས་བླུན་སྒོམ་བྱེད༔ དྲན་པ་ནང་དུ་བཀུག་ནས་འཆིང་༔ ཅི་ཡང་མ་ཡིན་ཧད་དེ་བ༔ སྟོང་ལྟ་ཧད་པོ་མཆོག་ཏུ་འཛིན༔ ལ་ལས་བསམ་མནོ་སྣ་ཚོགས་བྱེད༔ གོ་མ་གོ་ཡུལ་ལུས་པ་ཡི༔ ངེས་ཤེས་ང་རྒྱལ་གདིང་ཁེངས་བཟུང་༔ རང་བརླག་རང་ཕུང་འོབ་ཏུ་ལྟུང་༔ ལ་ལས་ཐོས་ཆུང་མཆོག་འཛིན་ཅིང་༔ ངེས་པའི་དོན་ལ་ཅོག་མི་བཞག༔ ལ་ལས་ལྟ་བ་ཁ་འབྱམས་ལས༔ ཉམས་སུ་ལེན་ལ་ཅོག་མི་བཞག༔ ལ་ལས་གཞན་དག་ཁྱད་གསོད་ཀྱི༔ ཚིག་གི་ཕྱིར་རྩོལ་ཚིག་ལ་གཟབ༔ རྙེད་དཀའི་མི་ཚེ་འདི་ལ་ཟད༔ རྨོངས་པ་ཕལ་ཆེར་ཨ་ཙ་མ༔ སློབ་མའི་སྐྱོན་ལ་ཡོན་ཏན་བརྗོད༔ ངོ་སྲུང་བླ་མས་ཡང་མི་འདུལ༔ ཕལ་ཆེར་སྐྱོན་མཚང་འདོན་ན་ཡང་༔ སློབ་མས་བླ་མར་ལོག་པར་ལྟ༔ བླ་མ་དམན་ན་སློབ་མས་བརྙས༔ ཆེ་བཙན་བླ་མར་དྲི་སྤོབས་མེད༔ མཐར་ནི་དམ་ཚིག་བསྲུང་མི་ཐུབ༔ བླ་མ་མི་རྙེད་རང་ཉིད་ཀྱང་༔ ངན་འགྲོར་སྟོང་ལོག་བྱེད་པ་མང་༔ སྙིགས་མའི་སེམས་ཅན་དམུ་རྒོད་པས༔ ངེས་པའི་དོན་ནི་རྟོགས་པ་དཀོན༔ ས་མ་ཡ༔ ཉམས་ནི་མི་འདྲ་སྣ་ཚོགས་མང་༔ བག་ཆགས་སད་པའི་སྔ་ལྟས་ལ༔ ཉམས་ལ་ནད་དང་བདེ་སྡུག་ཀུན༔ འདྲ་མིན་མང་པོ་སྣ་ཚོགས་འོང་༔ དེ་ལ་རེ་དོགས་མདུད་རྒྱ་བཅད༔ རིག་སྟོང་གནས་ལུགས་རང་ངོ་རུ༔ ལྷུམས་ཞུགས་བར་དུ་ཤར་གྲོལ་བསྟེན༔ ས་མ་ཡ༔ འདི་ལ་འབྲས་བུ་སྐུ་གསུམ་ཐོབ༔ འབྲས་བུ་རབ་འབྲིང་ཐ་གསུམ་ལས༔ དབང་པོ་རབ་ནི་ཆོས་སྐུར་གྲོལ༔ དབང་པོ་འབྲིང་ནི་ལོངས་སྐུར་གྲོལ༔ ཐ་མའང་སྤྲུལ་སྐུར་གྲོལ་འགྱུར་རོ༔ སྐུ་གསུམ་གཅིག་ལས་ཐ་མི་དད༔ བརྗོད་བྱའི་ཡུལ་ལས་མ་འདས་ཙམ༔ གང་རྟོགས་རང་ངོར་སངས་པའོ༔ ཤུགས་འབྱུང་རྣམ་པ་ཐེག་པ་ངེས༔ དགའ་མགུ་བོགས་འདོན་ཅི་ཡང་མེད༔ འབྲས་བུ་རེ་དོགས་མེད་པར་ཆོད༔ དུག་ལྔའི་ངོ་བོ་རང་སངས་པའི༔ སྐུ་ལྔ་ཡེ་ཤེས་ལྔ་ཉིད་དོ༔ ཁམས་ཉིད་ཡུལ་ལྔའི་ངོ་བོར་གནས༔ ངོ་བོ་སྟོང་པ་ཀུན་ཏུ་བཟང་༔ ཆོས་ཁམས་གནས་དག་བཟང་མོ་སྟེ༔ ཚོགས་ཡུལ་སེམས་དཔའ་སེམས་མར་གནས༔ ཡེ་གནས་ཡེ་ཤེས་ཆེན་པོ་སྟེ༔ གང་ནས་འོང་བ་གར་གནས་མིན༔ མདོར་ན་ཆོས་ཀུན་གཞི་ལ་བཤིག༔ གྲོལ་ས་ཁྱབ་བརྡལ་ཆོས་སྐུའི་ཀློང་༔ ཡུལ་ལས་ཡུལ་དུ་གྲོལ་བགྲོད་མིན༔ སྐུ་དང་ཞིང་ཁམས་བྱ་བ་ཡང་༔ སྣོད་བཅུད་སྣང་སྲིད་ལྟར་མ་ཡིན༔ ཐ་སྙད་གདགས་གཞི་ཡུལ་མེད་སྟོང་༔ གདོད་མའི་གཞི་དབྱིངས་ཆེན་པོའི་ངང་༔ ཁྱབ་བྱེད་ཤེས་རབ་ཀྱིས་བརྡལ་ན༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་ཏེ༔ རང་གྲོལ་རྒྱལ་པོ་ཧེ་རུ་ཀ༔ སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི༔ བདག་ཉིད་ཐོབ་གྱུར་དེ་ཀའོ༔ ད་ལྟ་མངའ་བདག་རྒྱལ་པོ་ཡི༔ དབུ་མཛད་རྗེ་འབངས་དད་ལྡན་དང་༔ མ་འོངས་ལས་ཅན་སྐལ་ལྡན་ཀུན༔ དགྱེས་པར་མཛོད་ཅིག་ཨ་ལ་ལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠༠༠བརྡ་ཡིག༔ ༢༧༧བསམ་ཡས་མཆིམས་ཕུ་དཔལ་གྱི་གསང་ཕུག་ཏུ༔ མངའ་བདག་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མཚོ་རྒྱལ་སོགས༔ རྗེ་འབངས་རིག་འཛིན་ཚོགས་ཀྱི་ཚོམ་བུ་ཡིས༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ ཕྱི་ནང་གསང་བའི་མཎྜལ་ཕུལ་ནས་སུ༔ ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གིས༔ གུས་པས་ཕྱག་འཚལ་འདི་ལྟར་ཞུ་བ་ཕུལ༔ ཀྱེ་ ཧོཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རིགས་དང་དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་དཔལ༔ དགོས་འདོད་ཡིད་བཞིན་སྩོལ་བའི་བཀའ་དྲིན་ཅན༔ ད་ལྟ་བདག་ཅག་རྗེ་འབངས་གྲོགས་བཅས་དང་༔ མ་འོངས་སྙིགས་མའི་གདུལ་བྱ་ཕོ་མོའི་ཚོགས༔ ཡང་དག་ལམ་ལ་གཟུད་ཕྱིར་མ་ནོར་ལམ༔ ཟབ་ཆོས་གསང་རྒྱ་ཅན་གྱི་སྲོག་བཅུད་དུ༔ དུས་གསུམ་མཁྱེན་པ་ཉིད་ཀྱིས་བསྟན་དུ་གསོལ༔ ཞེས་ཞུས་ཨོཾ་རྒྱན་ཆེན་པོ་དགྱེས་གྱུར་ཏེ༔ ད་ལྟ་མངའ་བདག་རྗེ་འབངས་དད་ལྡན་དང་༔ མ་འོངས་པདྨ་ང་ཡི་བརྒྱུད་འཛིན་རྣམས༔ གསང་སྔགས་ཟབ་མོ་ཉམས་སུ་ལེན་པ་ལ༔ རྡོ་རྗེའི་བླ་མ་དམ་པ་མཆོག་ཏུ་བསྟེན༔ དེ་ཡང་ལྟ་སྤྱོད་མ་ནོར་བ་ཞིག་གནད༔ ནོར་བར་བསྟེན་ན་བསྟན་ཚད་ནོར་བ་ཡིས༔ དེར་བསྟེན་པ་ཀུན་ལོག་པའི་ལམ་དུ་འཁྲིད༔ དེ་ཕྱིར་དང་པོ་བླ་མ་བརྟག་པར་བྱ༔ བར་དུ་བླ་མ་དཔྲལ་བའི་མིག་བཞིན་བསྟེན༔ ཐ་མ་དམ་ཚིག་གཉན་པོ་སྲོག་བཞིན་བསྲུང་༔ བླ་མ་བསྟེན་ནས་སྲོག་གི་ཕྱིར་དུ་ཡང་༔ རྨི་ལམ་གནས་སྐབས་ཙམ་ཡང་ལོག་ལྟ་སྤང་༔ གལ་ཏེ་ལོག་ལམ་བསྟན་ནས་བསླུས་གྱུར་ཀྱང་༔ བཀའ་བཅག་པས་ན་རྡོ་རྗེ་དམྱལ་བར་ལྟུང་༔ དབང་དང་གདམས་ངག་སྟོན་པའི་བླ་མ་ལ༔ རྨི་ལམ་གནས་སྐབས་ཙམ་དུ་བརྙས་པ་འམ༔ འགྲན་སེམས་ལོག་ལྟ་སྐུར་འདེབས་ཤོར་ན་ཡང་༔ ཞག་ཟླ་མི་འདའ་ཚོགས་བསྐང་བཤགས་པས་གསོ༔ དེ་ལྟར་གནད་དང་ལྡན་པར་མ་གྱུར་ཏེ༔ བླ་མར་འགལ་ན་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་ས་ཡ་འབུམ་སྡེའི་སྡོང་པོ་རུལ༔ དུས་གསུམ་གཤེགས་བཞུགས་འབྱོན་འགྱུར་སངས་རྒྱས་དང་༔ ལྷ་སྔགས་དཀྱིལ་འཁོར་ཏིང་འཛིན་ཀུན་དང་འགལ༔ ཐབས་དང་ཤེས་རབ་ལམ་རྣམས་ཀུན་ལས་རིང་༔ བྱང་ཆུབ་མྱུ་གུ་བསྐམ་ནས་འབྲས་མི་འབྱིན༔ རྡོ་རྗེ་བླ་མ་བསྟེན་ནས་མོས་གུས་བྱེད༔ བླ་མ་བསྒོམ་ནས་གསོལ་འདེབས་དབང་བཞི་ལེན༔ ཡི་དམ་ལྷར་བསྟེན་དཀྱིལ་འཁོར་བསྙེན་བསྒྲུབ་ན༔ རིགས་དང་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུར༔ འབད་མེད་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ༔ དགོངས་བརྒྱུད་ཟབ་མོའི་རྟོགས་པ་རྒྱུད་ལ་འཕོ༔ དུས་གསུམ་སངས་རྒྱས་བསྐལ་པར་བསྒོམ་བསྒྲུབ་ལས༔ སྐད་ཅིག་བླ་མ་བསྙེན་སྒྲུབ་བྱེད་པ་མཆོག༔ དེ་ཕྱིར་རྡོ་རྗེ་སློབ་དཔོན་མཆོག་ཏུ་ཟུངས༔ པདྨ་རྗེས་སུ་འཛིན་ནོ་སྐལ་ལྡན་རྣམས༔ མཎྜལ་གུ་ཧྱ༔ ཡང་ཅིག་གསོན་དང་སྐལ་ལྡན་ལས་ཅན་རྣམས༔ གསང་སྔགས་ཟབ་མོ་ཉམས་སུ་ལེན་པ་ལ༔ དང་པོ་དབང་གིས་སྨིན་པར་མ་བྱས་ན༔ ལྷ་དང་དཀྱིལ་འཁོར་སྒོམ་སྒྲུབ་ལ་བརྩོན་ཀྱང་༔ དེ་ལ་དབང་མ་ཐོབ་པའི་རྐྱེན་དབང་གིས༔ བསྐལ་པར་འབད་རྩོལ་བྱས་ཀྱང་འབྲས་མི་འབྱིན༔ དཔེར་ན་རང་ལ་མི་དབང་ཡུལ་ཞིག་ཏུ༔ སོ་ནམ་འབད་རྩོལ་བྱས་ཀྱང་དོན་མེད་བཞིན༔ དབང་ཐོབ་དཔེ་ནི་ཡུལ་གྱི་བདག་པོ་ཡིས༔ སྟེར་ན་སོ་ནམ་བྱས་པ་དོན་ལྡན་བཞིན༔ དང་པོའི་ལས་ཅན་ཡུལ་གོལ་བརྟས་ཕྱིར་རོ༔ དེ་ལྟར་དབང་ཐོབ་བསྐྱེད་རིམ་གནད་ཤེས་བྱ༔ དེ་ནས་མ་དག་འཁོར་བའི་སྒོ་གསུམ་པོ༔ རྡོ་རྗེ་གསུམ་དག་སྨིན་ཅིང་གྲོལ་བའི་ཕྱིར༔ དངོས་འཛིན་ཞེན་པར་འཐས་པ་སྙིགས་མའི་ལུས༔ གསལ་བ་འོད་ཀྱི་ལུས་སུ་གྲོལ་བའི་ཕྱིར༔ ཞི་བ་དང་ནི་ཁྲོ་བོ་གང་རུང་སྐུར༔ འཁོར་བའི་སྒོ་དང་བསྟུན་ཏེ་བསྒོམ་པ་ཡང་༔ དག་པ་དྲན་པའི་གསལ་ཐེབ་གནད་དུ་ཆེ༔ མ་དག་ངག་ནི་ལས་རླུང་འཁོར་བའི་ལམ༔ དག་པ་གསུང་གི་རོལ་པར་གྲོལ་བའི་ཕྱིར༔ སྔགས་སྒྲ་རྒྱུན་ཆད་མེད་པར་སྒྲོགས་པ་དང་༔ དབུགས་ཀྱི་འབྱུང་འཇུག་ཧཱུྃ་གི་རང་སྒྲར་བསྒོམ༔ ཡིད་ནི་བག་ཆགས་འཁོར་བའི་གཞིར་གནས་ཏེ༔ ཡང་དག་ཐུགས་གསང་ཆེན་པོར་གནས་དག་ཕྱིར༔ རེས་འགའ་ལྷ་བསྒོམ་སྐུ་ལ་སེམས་འཛིན་ཅིང་༔ རེས་འགའ་སྲོག་དང་སྔགས་འཁོར་དག་ལ་བསྲེ༔ རེས་འགའ་འོད་ཟེར་སྤྲོ་བསྡུ་ལས་དམིགས་བྱ༔ མ་དག་འཁོར་བའི་གནས་ཡུལ་དག་སྦྱང་ཕྱིར༔ ཞིང་ཁམས་རྣམ་པར་དག་པ་གསལ་བར་བྱ༔ གནས་ཁང་ཁྱིམ་གྱི་བག་ཆགས་སྦྱོང་སླད་དུ༔ གཞལ་ཡས་ཁང་ནི་མཚན་ཉིད་ལྡན་པར་བསྒོམ༔ ཕུང་ཁམས་སྐྱེ་མཆེད་གནས་སུ་དག་པའི་ཕྱིར༔ དག་པ་དྲན་པའི་ངང་ནས་ཡི་དམ་ལྷའི༔ སྐུ་ཡི་མཚན་ཉིད་གཟུགས་དང་ཁ་དོག་བསྒོམ༔ རྒྱན་དང་ཆས་གོས་བག་ཆགས་སྦྱོང་བའི་ཕྱིར༔ ལྷ་ཡི་ན་བཟའ་རྒྱན་ཆས་བསྒོམ་པར་བྱ༔ མདོར་ན་བསྐྱེད་རིམ་ཐབས་ཀྱི་ལམ་ཟབ་མོ༔ མ་དག་འཁྲུལ་པའི་བག་ཆགས་སྦྱོང་བའི་ཕྱིར༔ འཁོར་བའི་སྒོ་དང་བསྟུན་ནས་གདུལ་བྱ་ཡི༔ གཉིས་སྣང་བག་ཆགས་སྦྱོང་པྱིར་བསྟན་པ་ཡིན༔ དེ་ལས་ཡེ་ཤེས་ལྷ་དང་ཞིང་ཁམས་ཀུན༔ བདེན་པར་གྲུབ་པ་སྣོད་བཅུད་ཅན་ལྟ་ན༔ སངས་རྒྱས་སེམས་ཅན་ལྟ་བའི་ལོག་རྟོག་དང་༔ བསྐྱེད་རིམ་རང་རྒྱུད་པ་རུ་གོལ་བ་ཡིན༔ ཞི་བ་སྒོམ་སྒྲུབ་གཟུགས་ཀྱི་ཁམས་སུ་གོལ༔ ཁྲོ་བོ་སྒོམ་སྒྲུབ་བདུད་དང་རཱུ་དྲར་འཁྲུལ༔ ཅིའི་ཕྱིར་ཞེ་ན་དེ་དོན་འདི་ལྟ་སྟེ༔ མ་དག་ཕུང་པོ་ལྔ་དང་འབྱུང་བ་ལྔ༔ དུག་ལྔ་རྣམ་ཤེས་བརྒྱད་དང་སེམས་སྣང་ལས༔ འདས་ཤིང་སྐུ་དང་ཡེ་ཤེས་རབ་རྒྱས་པ༔ ཕྱོགས་དང་སྤྲོས་མཐའ་ཀུན་ལས་འདས་པ་ཡིན༔ རྫོགས་པའི་སངས་རྒྱས་ཞལ་ཕྱག་མཚན་མ་བྲལ༔ མཚན་མའི་གཟུགས་སུ་བཅོས་པའི་ཀུན་རྫོབ་ཆོས༔ ཐབས་ལས་དོན་དམ་མ་ཡིན་ཚུལ་ཤེས་ནས༔ ཉམས་སུ་བླང་ན་དངོས་གྲུབ་མཆོག་ཆེན་འཐོབ༔ གཟུགས་མཚན་སྣོད་བཅུད་ཡུལ་གོལ་ངེས་དོན་དུ༔ བཟུང་ནས་ལོ་བརྒྱར་བསྒྲུབ་ཀྱང་འཁྲུལ་རྒྱུ་ལས༔ ཐར་པའི་ལམ་ལ་ཕྱོགས་ཙམ་ཉེ་བ་མིན༔ དེ་ལྟར་བསྐྱེད་རིམ་གནད་དང་དོན་ཚུལ་བཞིན༔ རྟོགས་ནས་ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ དང་པོ་རྩེ་གཅིག་བསྒོམ་བཟླས་གནད་དུ་བསྣུན༔ བར་དུ་གཉིས་མེད་རོལ་པར་ཤེས་པ་དང་༔ ཐ་མ་བྱང་ཆུབ་ཆེན་པོར་གྲོལ་བ་གནད༔ དེ་ནི་བསྐྱེད་རིམ་མ་ནོར་ལམ་གྱི་རིམ༔ མཎྜ་ལ་གུ་ཧྱ༔ ཀྱེ་ ཧོཿ ཡང་ཅིག་གསོན་དང་སྐལ་ལྡན་ལས་ཅན་རྣམས༔ མངོན་སུམ་རང་ངོ་རང་བྱུང་སངས་རྒྱས་སུ༔ རང་གྲོལ་བྱེད་པ་ཤེས་རབ་ཟབ་མོའི་ལམ༔ ངོ་འཕྲོད་ཕྱིར་ན་རྫོགས་རིམ་ལ་འཇུག་གནད༔ དབེན་པའི་གནས་མཆོག་ཉམས་དགའི་སྐྱེད་མོས་ཚལ༔ མི་ཡིས་མཐོང་ཚོར་རྒྱུ་འགྲིམ་མེད་པ་ཡི༔ ཡངས་ཤིང་ཁོད་སྙོམས་རབ་ཏུ་མཐོ་བའི་ས༔ ཏིང་འཛིན་ཤུགས་ཀྱིས་སྐྱེ་བའི་གནས་བཟང་པོར༔ དང་པོའི་ལས་ཅན་རྣམས་ཀྱིས་བསྒོམ་པར་འོས༔ ལུས་ནི་དྲང་བསྲང་གཡོ་འགུལ་མེད་པར་བཞག༔ ངག་ནི་སྨྲ་བརྗོད་སྤངས་ནས་རླུང་དལ་བསླབ༔ སེམས་ནི་བསམ་མནོ་བྲལ་བར་ཤིག་གེར་བཞག༔ གང་ཤར་འགྱུ་དྲན་ཤེས་པའི་རྒྱུན་གྱིས་བསྐྱང་༔ འདི་ལ་ཆེར་གོམས་སྟོབས་ཀྱིས་བདེ་སྡུག་ཉམས༔ མ་ངེས་སྣ་ཚོགས་འབྱུང་བ་ངོ་ཤེས་གནད༔ བདེ་བའི་ཉམས་ནི་ལུས་དང་ངག་དང་ཡིད༔ དགའ་བདེ་བརྗོད་དུ་མེད་པས་མྱོས་གྱུར་ཏེ༔ གཡོ་འགུལ་མི་ཕོད་ངང་ལ་གནས་པར་འགྱུར༔ འདི་ཉིད་ཉམས་སུ་ཤེས་ནས་ཞེན་མེད་དུ༔ བཅོས་བསྒྱུར་སྤང་ལེན་མེད་པར་བཞག་པས་གྲོལ༔ དེ་ལྟར་ཉམས་སུ་ཤེས་པར་མ་གྱུར་ཏེ༔ ལམ་བྱས་ཆེད་བསྒོམ་ཆགས་པས་འཆིང་གྱུར་ནས༔ བརྟན་ཅིང་འཐས་ནས་རྟག་ཏུ་ཞེན་པ་ནི༔ སྒོམ་ཞེས་ཡང་དག་ལྟ་བ་ཟབ་མོ་སྟེ༔ འདི་ལས་མེད་དོ་ང་ནི་ལས་སྐལ་ལྡན༔ གཞན་ལ་འདི་འདྲའི་ལྟ་སྒོམ་མེད་སྙམ་བློས༔ ཤིན་ཏུ་བཟློག་པར་དཀའ་བའི་གོལ་སར་འཕྱན༔ འདོད་ཁམས་ལྷ་ཡི་འཁོར་བ་འཐོབ་པར་འགྱུར༔ གསལ་བའི་ཉམས་ནི་གང་ཤར་རྟོག་ཚོགས་ཀུན༔ གསལ་ལ་མ་འགགས་ཧྲིག་གེར་མངོན་པར་འཆར༔ སྤྱོད་འགྲོས་སྨྲ་བརྗོད་ཀུན་གྱི་གནོད་འཚེ་མེད༔ ཕྱི་རུ་ལྷར་སྣང་འདྲེར་སྣང་མངོན་ཤེས་གསལ༔ འདི་དུས་བདེན་མེད་ཉམས་སུ་ཤེས་པའི་ངང་༔ རེ་དོགས་ཞེན་ཆགས་ཆེད་སྒོམ་མེད་པ་རུ༔ རང་སར་བཞག་པས་ཕན་གནོད་མེད་པར་ཡལ༔ དེ་ལྟར་གནད་དང་ལྡན་པར་མ་གྱུར་ན༔ ངེས་པར་ཡང་དག་ལྟ་བ་འདི་ཀའོ༔ འདི་བས་ལྷག་པའི་ལྟ་སྒོམ་གང་ཡང་མེད༔ ང་ནི་འགྲན་ཟླ་བྲལ་བའི་སྐྱེས་བུའོ༔ སྙམ་ནས་མངོན་ཤེས་འདོན་ཞིང་དཀོར་ལ་རློམ༔ སྟོང་སྐད་ཆེར་སྒྲོག་གཞན་དག་ཁྱད་དུ་གསོད༔ བཟློག་པར་དཀའ་བའི་ལམ་འདིར་གོལ་བའི་མི༔ ཆེ་གྲགས་ཡོན་ཏན་ལྡན་པའི་སློབ་དཔོན་དང་༔ འཕྲད་ནས་རྗེས་སུ་ཟིན་པར་མ་གྱུར་ན༔ ཉེས་པ་བསགས་ཀུན་བགེགས་དང་དམ་སྲིར་འཁྲུལ༔ རྩེ་གཅིག་གོམས་འདྲིས་བྱེད་པའི་གང་ཟག་ཀྱང་༔ གཟུགས་ཁམས་དཔལ་འཐོབ་བདེ་བའི་རོས་མྱོས་ཀྱང་༔ འཁོར་བའི་གནས་ལས་མི་འདའ་སྐྱོན་དེས་བཅིང་༔ འདི་ནི་ཤིན་ཏུ་ལམ་སློང་དཀའ་བའི་ཕྱིར༔ གནད་འདིར་ལྟོས་ཤིག་མ་འོངས་བརྒྱུད་འཛིན་རྣམས༔ མི་རྟོག་པ་ཡི་ཉམས་ནི་འདི་ལྟ་སྟེ༔ སེམས་འཛིན་བག་གིས་བཅིངས་པའི་སྟོབས་དབང་གིས༔ གང་ཤར་རྟོག་ཚོགས་ཀུན་གྱི་སྒོ་འགགས་ནས༔ སྟོང་པའི་མི་གཡོ་བ་རུ་ཧར་གྱིས་གནས༔ འདི་དུས་བཅོས་བསྒྱུར་སྤང་ལེན་ཆེད་སྒོམ་དང་༔ ཆགས་ཞེན་མཆོག་འཛིན་མེད་པའི་ངང་ཉིད་ལས༔ གང་ཤར་སྐྱོང་བ་ལག་ལེན་གནད་དུ་ཆེ༔ འདི་ནི་སྒོམ་གྱི་མཐར་ཐུག་ཡིན་སྙམ་ནས༔ རྩེ་གཅིག་ཞེན་ཆགས་ཆེད་སྒོམ་བྱས་གྱུར་ནས༔ མི་གཡོའི་བསམ་གཏན་ཧད་པོར་གོལ་བའི་མི༔ ཟག་བཅས་དགེ་བའི་མཆོག་ཆེན་ཡིན་ན་ཡང་༔ སྲིད་རྩེའི་ལྷ་བཞིར་བདེ་བར་ངལ་གསོས་ཀྱང་༔ མཐར་ཐུག་འཁོར་བ་གཞན་དུ་འཕོ་འགྱུར་ཏེ༔ གཏན་གྱི་བདེ་བ་མ་ཡིན་སྐྱོན་དེས་བཅིངས༔ དེ་ཕྱིར་གོལ་ས་ཆེན་པོ་རྣམ་པ་གསུམ༔ ཤེས་པས་ས་དང་ལམ་གྱི་གྲོགས་སུ་འགྱུར༔ ས་ལམ་སྦྱང་བགྲོད་ཐེམ་གྱི་ཐེག་པ་ལ༔ ཉམས་ཀྱི་རྟོགས་པ་གོང་འཕེལ་བྱེད་པར་འགྱུར༔ མཎྜ་ལ་གུ་ཧྱ༔ ས་ལམ་ཉམས་སུ་ལེན་པའི་གང་ཟག་ལ༔ འཇུར་དྲན་སྒྲོག་གིས་བཅིངས་པའི་རྐྱེན་དབང་གིས༔ དབང་པོའི་ཡུལ་དུ་མི་འདོད་ཟུག་རྔུ་ནི༔ མ་ངེས་འབྱུང་སྟེ་ངོ་ཤེས་གནད་དུ་ཆེ༔ མི་སྲིད་པ་ཡི་ནད་གཞན་འབྱུང་མིན་ཏེ༔ རླུང་མཁྲིས་བད་ཀན་ཚ་གྲང་འདུས་པ་དང་༔ གྲིབ་གདོན་རྨ་སྐྲང་ལ་སོགས་མ་ངེས་འབྱུང་༔ དེ་ཚེ་རྨི་ལྟས་མོ་རྩིས་ཉམས་སྣང་འཁྲུགས༔ སྨན་དཔྱད་རིམ་གྲོ་བྱས་ཀྱང་ཕན་གནོད་མེད༔ འདི་དུས་ཉམས་ཀྱི་སྣང་བར་ངོས་ཟིན་ཅིང་༔ རེ་དོགས་སྤང་བླང་བྲལ་བའི་ངང་ལ་བཞག༔ འཛིན་སྟངས་བཤིགས་པས་ངེས་པར་གྲོལ་འགྱུར་རོ༔ དེ་ལ་བདེན་འཛིན་དོགས་པ་ཆེར་སྐྱེས་ཏེ༔ ཕན་པར་རློམས་ནས་བྱ་བ་བྱས་གྱུར་ན༔ ཚེ་དང་སྲོག་ལ་ཧུར་ཐུམ་འབྱུང་བ་དང་༔ དོགས་པའི་ཡུལ་གྱིས་བསླུས་ཏེ་ཉེར་ཚེར་གོལ༔ སེམས་འཛིན་སྟངས་ཀྱིས་བསྡམས་པའི་རྐྱེན་དབང་གིས༔ སྙིང་མི་དགའ་ཞིང་མཐོང་ཚོར་དགྲ་རུ་མངོན༔ གང་ཤར་ཐམས་ཅད་རི་གཟར་རྦབ་རྡོ་བཞིན༔ གང་བབས་ས་རུ་ཕུང་ཁྲོལ་བྱེད་ལྟར་གནོད༔ འགའ་ཞིག་མྱ་ངན་ཆེན་པོས་ནོན་པ་བཞིན༔ སྡུག་བསྔལ་བཟོད་གླག་མེད་པ་མྱོང་བར་འགྱུར༔ འགའ་ཞིག་ཞེ་སྡང་ཕྲག་དོག་ཆེན་པོས་གདུང་༔ ཁྲོ་ཞིང་འཐབ་སྙིང་འདོད་ཅིང་ཤིན་ཏུ་སྡང་༔ འགའ་ཞིག་ངེས་འབྱུང་སྐྱོ་ཤས་ཆེར་རྒྱས་ཏེ༔ ཡུལ་ངན་སྤང་བར་འདོད་ཀྱང་སྤང་མི་ནུས༔ འགའ་ཞིག་སྣང་བ་ལོག་པར་འཁྲུལ་པ་ཡི༔ སྔངས་བསྐྲག་འཇིགས་སྣང་བྲོས་སྙིང་འདོད་པ་འབྱུང་༔ འགའ་ཞིག་དད་པ་ཡལ་ཞིང་ལོག་ལྟས་གདུང་༔ དམ་ཚིག་སྡོམ་པ་ཉམས་ཤིང་ཉོན་མོངས་འཁྲུགས༔ ཚོགས་དྲུག་ཡུལ་དུ་འདྲེ་གདོན་ལྟས་ངན་འཆར༔ འགའ་ཞིག་དགའ་བདེ་ང་རྒྱལ་ཆེན་པོས་མྱོས༔ འགའ་ཞིག་ཐོམ་མེ་བ་རུ་དུབ་པ་སོགས༔ འཇུར་དྲན་འཛིན་སྟངས་མདུད་རྒྱས་བཅིང་རྐྱེན་དེས༔ སེམས་ཀྱི་ཟུག་རྔུ་བསླངས་པས་ཉམས་དེ་བསླང་༔ འདི་དུས་བླ་མ་དམ་པར་མ་འཕྲད་ན༔ ལ་ལ་སྨྱོ་ཞིང་ལ་ལ་དབང་པོ་ལྐུག༔ ལ་ལ་རྐྱེན་ངན་དབང་གྱུར་ལ་ལས་ནི༔ རང་སྲོག་གཅོད་དང་ནད་ཆེན་དག་གིས་གདུང་༔ ལ་ལ་དུད་འགྲོ་ལྟ་བུ་བླུན་རྨོངས་དུབ༔ གེགས་དེ་སེལ་བའི་གདམས་ངག་འདི་ལྟ་སྟེ༔ ས་ལམ་ཡོན་ཏན་མཆོག་ཏུ་བསྔགས་པ་བརྗོད༔ ཉམས་ཀྱི་སྣང་བར་ངོ་སྤྲོད་རེ་དོགས་བཅད༔ སེམས་འཛིན་འཇུར་བུའི་མདུད་རྒྱ་བཀྲོལ་བར་བསླབས༔ བཅོས་བསྒྱུར་ཨ་འཐས་ཐེར་ཟུག་བློས་བཅོས་ཆོས༔ ཤུགས་འབྱུང་གུ་ཡངས་ངང་དུ་ཡན་པར་བཤིག༔ དེ་ལྟར་ལམ་དུ་ཚུད་པར་མ་གྱུར་ན༔ སེམས་སློང་འཁྲུལ་རྟོག་དེ་ཡིས་བསླུས་པའི་མི༔ ཚེ་རབས་ཀུན་ཏུ་སྔ་མའི་བག་ཆགས་རྒྱུས༔ ཕྱི་མའི་རྐྱེན་བསླང་སྡུག་བསྔལ་དག་གིས་གདུང་༔ མཁའ་རྒྱུའི་ཡི་དྭགས་དམ་སྲི་ལ་སོགས་པ༔ ཕན་ཚུན་འཚེ་བ་ཅན་དུ་གྱུར་པས་ན༔ འཚོ་སྨན་འདོད་པས་དུག་ལ་སྤྱོད་ལྟ་བུར༔ ཤེས་པར་གྱིས་ཤིག་མ་འོངས་བརྒྱུད་འཛིན་རྣམས༔ མཎྜ་ལ་གུ་ཧྱ༔ ཡང་ཅིག་གསོན་དང་པདྨའི་འཁོར་སློབ་རྣམས༔ ཚེ་གཅིག་ཡང་དག་ལམ་ལ་རྨོངས་གྱུར་ནས༔ རླུང་སེམས་བཙན་ཐབས་བཅིངས་པའི་ཆོ་ག་ལ༔ བརྟེན་ནས་ལས་རླུང་རྩ་རུ་འཇུག་གྱུར་ནས༔ སེམས་ཀྱི་ཞེན་པ་ཉལ་བས་བབ་དལ་ནས༔ གསལ་བའི་ཉམས་ཀྱིས་གཞི་བྱས་སྣང་བར་འགྱུར༔ ལུས་ཀྱི་རྩ་འདར་འཕར་གཡོ་མཆོང་རྒྱུག་བྱེད༔ ལྷ་དང་འདྲེ་ཡི་རྣམ་འགྱུར་མ་ངེས་སྟོན༔ ངག་ནས་གླུ་དབྱངས་ལེན་ཅིང་བཤུག་སྒྲ་དང་༔ ཀུ་འདེབས་ཧཱུྃ་སྒྲ་ལ་སོགས་མ་ངེས་སྒྲོགས༔ སེམས་ལ་ལྷ་ཀླུ་མི་མིན་འདྲེར་སྣང་འཆར༔ རེས་འགའ་དགའ་བདེ་རེས་འགའ་སྡུག་སྣང་འཆར༔ འདི་དུས་ཡང་དག་ལམ་དུ་གཟུད་པའི་ཕྱིར༔ རླུང་རིག་ཤུགས་འབྱུང་ངང་དུ་ལྷོད་དེ་བཞག༔ ལྟ་བ་ཟབ་མོའི་ཤུབ་ནས་བཏོན་ཏེ་བཞག༔ སྒོམ་པ་ཟབ་མོའི་འཆིང་ཐག་བཅད་ནས་བཞག༔ སྤྱོད་པ་དམ་པོའི་ལྕགས་སྒྲོག་གཏོར་ཏེ་བཞག༔ འཛིན་རྩོལ་དམ་གྱིས་དཀྲིས་པའི་རླུང་དང་སེམས༔ ཆུ་རྒྱུན་འོལ་ཁ་བཀག་པས་འཕྱུར་བ་ལྟར༔ མ་ངེས་སོ་ཟིན་མེད་པའི་ཟུག་རྔུས་གདུང་༔ རང་བབས་ངང་དུ་ཤིག་གེར་བཀྲོལ་ཏེ་བཞག༔ མ་དགྲོལ་དག་གིས་གྲོལ་བར་གདོན་མི་ཟ༔ དེ་མིན་ལྷར་བཟུང་མཆོག་འཛིན་བྱས་པ་དང་༔ འདྲེར་བཟུང་གཏོ་བཅོས་བྱེད་པའི་ལོག་སྤྱོད་ཀུན༔ སྡེ་བརྒྱད་དག་ཏུ་གོལ་བའི་གཡས་ས་ཡིན༔ ཤེས་པར་གྱིས་ཤིག་མ་འོངས་བརྒྱུད་འཛིན་རྣམས༔ མ་འོངས་བསྐལ་པ་དུས་ཀྱི་སྙིགས་མ་ལ༔ བསླུ་བྱེད་བླུན་པོས་འུར་ཁྲིད་འདོམས་པའི་དུས༔ རང་མགོ་འཁོར་བའི་བདུད་པོ་གྲགས་འདོད་ཅན༔ གྲོང་ཡུལ་ཁ་ལོ་བསྒྱུར་བའི་སྟོབས་ལྡན་པ༔ ཐབས་མཁས་བྱི་ལ་ལྟ་བུའི་སློབ་དཔོན་འགས༔ ལས་ངན་རླུང་གིས་བསྡུས་པའི་སློབ་མ་ལ༔ ལུས་ནི་ཆོས་བདུན་གནད་ཀྱིས་འཆིང་ཆེར་གཅུན༔ ངག་གནད་འབྱུང་འཇུག་རླུང་གི་སྒོ་བསྡམ་ཞིང་༔ སེམས་ཀྱི་འཇུར་དྲན་འཆར་སྒོ་བཀག་པ་ཡི༔ ངང་དུ་རྩེ་གཅིག་སྡོད་པ་གདམས་པར་འཆད༔ ལོ་ཟླར་དཀའ་ཐུབ་བསྐྱེད་པའི་སྡུག་ཁུར་རིིན༔ ངན་སོང་གསུམ་པོ་ཉོས་ལོན་དེ་རུ་འཕྱན༔ འགའ་ཞིག་སྐྱེ་འགག་ཅན་གྱི་སེམས་རྟོག་ལ༔ ལམ་བྱས་སྒོམ་གྱི་མཆོག་ཏུ་བསྔགས་པ་བརྗོད༔ འདི་ཐོག་ལུས་པའི་བླུན་རྨོངས་ཨ་ཙ་མ༔ འཁྲུལ་པར་ཉིང་འཁྲུལ་བསྣན་ནས་འཕེལ་ཁ་བསྐྱེད༔ ཁྱོད་ཀྱིས་རྣམ་པར་དཀྲོལ་བའི་རྣམ་དཀར་གྱི༔ བློ་དང་ཡིད་ཀྱི་སོ་ནམ་གང་དུ་གདའ༔ རྣམ་པར་རྟོག་པ་སྐྱེ་དང་འགག་པ་ཅན༔ གྲོལ་ནས་ངོ་བོར་ཕན་ཆེར་བཏགས་པ་ནི༔ གློག་འགྱུས་ནམ་མཁའ་རྟག་ཏུ་བསྒྱུར་དང་མཚུངས༔ སངས་རྒྱས་ས་ལས་དཔག་ཚད་གྲངས་མེད་དུ༔ དབེན་ཅིང་དགོན་པའི་ས་རུ་རིང་པར་སོང་༔ དེ་ཕྱིར་མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ སྲིད་པའི་ཁུར་ཆེན་བོར་ནས་ཡང་དག་སར༔ བྱ་བྱེད་བྲལ་བའི་ངང་དུ་ངལ་གསོས་ཤིག༔ མཎྜ་ལ་གུ་ཧྱ༔ ཀྱེ་ ཧོཿ ཡང་ཅིག་གསོན་དང་སྐལ་ལྡན་ལས་ཅན་རྣམས༔ ཤེས་པ་ཡེ་གནས་རང་བྱུང་ཆེན་པོ་འདིས༔ འགྱུ་དྲན་རྟོག་པར་བལྟས་པ་འདི་ཀ་ལ༔ གནས་འགྱུ་གཉིས་སུ་ངོ་སྤྲོད་བྱེད་ལགས་ཏེ༔ དེ་མིན་རྣམ་རྟོག་སྔ་མ་ཤར་བའི་རྗེས༔ གཉེན་པོ་བཏང་ཟེར་ཕྱི་མ་ཡང་སེམས་པ༔ གནས་འགྱུ་གཉིས་སུ་ངོ་སྤྲད་བྱེད་པ་ནོར༔ གནས་དང་འགྱུ་བ་གཉིས་མེད་ངང་གྱུར་ནས༔ གང་ཤར་ཤེས་པ་མཉམ་པ་དབྱེར་མེད་པ༔ རང་གྲོལ་ངོ་སྤྲོད་བྱེད་པ་ཡིན་ལགས་ཏེ༔ བལྟ་བྱ་ལྟ་ཡུལ་གཉིས་སུ་འདུག་པ་ལ༔ རང་གྲོལ་ངོ་སྤྲོད་བྱས་ན་ནོར་བ་ཡིན༔ ཤར་དང་གྲོལ་བ་གཉིས་སུ་མེད་པ་ཡི༔ ངང་དུ་གྱུར་པ་རང་གྲོལ་དུས་མཉམ་སྟེ༔ རྣམ་པར་རྟོག་པ་གཅིག་ལས་གཉིས་མཆེད་པར༔ ཤར་གྲོལ་དུས་མཉམ་སྟོན་པ་ནོར་ལ་འཁྲུལ༔ ཀློང་གྲོལ་ངོ་བོའི་ངང་དུ་བཞག་པ་ལ༔ གང་ཤར་མ་བཅོས་ངང་ཀློང་གྲོལ་ལ་བྱ༔ དེ་མིན་རྣམ་པར་རྟོག་པ་ཐམས་ཅད་ཀུན༔ བཅོས་བསྒྱུར་གཉེན་པོས་བཅིངས་པར་ནོར་ན་འཁྲུལ༔ བསྒོམ་མེད་རྒྱ་ཡན་ཞེས་བྱ་འདི་ལྟ་སྟེ༔ སྒོམ་པའི་འཛིན་སྟངས་ཐམས་ཅད་རང་ཞིག་ནས༔ མི་སྒོམ་རང་སར་བཞག་པས་ངག་གནས་ཀྱི༔ ཡེ་ཤེས་རྒྱུན་ཆགས་ཤེས་རབ་གཏིང་གསལ་བ༔ ཡེངས་འཁྲུལ་ཐོབ་ཤོར་བྲལ་བ་དེ་ཀའོ༔ དེ་མིན་ལྟ་སྒོམ་བློ་ཡིས་བཏང་བ་ཡིས༔ ལུང་མ་བསྟན་དུ་འཁྲུལ་ན་ནོར་བ་ཡིན༔ ཐ་མལ་ཤེས་པ་ལམ་བྱེད་བྱ་བ་ནི༔ ད་ལྟའི་ཤེས་པ་སྐྱེ་འགགས་མེད་པ་འདི༔ ངོ་བོའི་ངང་དུ་ལམ་བྱེད་པ་ལ་བྱ༔ དེ་མིན་སེམས་ཅན་འཁྲུལ་པའི་རྒྱུ་ལྟ་བུར༔ ཉོན་མོངས་རང་ཁར་བྱུང་རྒྱལ་བྱེད་པ་ནོར༔ སྣང་སྟོང་ཟུང་འཇུག་ལམ་བྱེད་བྱ་བ་ནི༔ སྣང་བའི་ཆོས་ཀུན་ཡེ་སྟོང་ཆེན་པོའི་ཚུལ༔ ཚུལ་བཞིན་མཐོང་མཐར་རང་བྱུང་ཤེས་རབ་ཀྱིས༔ རང་ཤེས་རང་གསལ་ངང་གནས་དེ་ཀའོ༔ དེ་མིན་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན༔ སྟོང་པའི་ཡིན་ལུགས་ཙམ་ཡང་མི་ཤེས་པར༔ སྒྱུ་མ་རྨི་ལམ་ལྟ་བུར་རྒྱས་འདེབས་པ༔ སྣང་སྟོང་ཟུང་འཇུག་བྱ་བ་ནོར་ལ་འཁྲུལ༔ རྫོགས་པ་ཆེན་པོའི་ལྟ་བ་ཞེས་བྱ་ནི༔ སྐུ་དང་ཡེ་ཤེས་ཤེས་རབ་ཡོན་ཏན་རྫོགས༔ སྣང་བའི་ཆོས་ཀུན་མ་བཅོས་རང་ཤར་རྫོགས༔ ཐམས་ཅད་ངོ་བོ་ཉིད་དེ་ངོ་བོའི་ཀློང་༔ ཁྱབ་བྱེད་ཤེས་རབ་ཆེན་པོས་ངང་གསལ་བ༔ འདི་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ༔ དེ་མིན་སེམས་ཀྱི་རྣམ་པར་རྟོག་པ་ནི༔ སྐད་ཅིག་སྐྱེ་ཞིང་སྐད་ཅིག་ཉིད་དུ་འགགས༔ འདི་ལ་རྫོགས་ཆེན་རློམ་པ་ཤིན་ཏུ་འཁྲུལ༔ དུས་ཀྱི་ཐ་མ་བསྟན་པ་ཉམས་དམའི་ཚེ༔ འདི་ལ་རྫོགས་ཆེན་ཟེར་བའི་བླུན་རྨོངས་འབྱུང་༔ འགའ་ཞིག་བདག་མེད་རྣམ་པ་གཉིས་ཀྱི་དོན༔ ཕྱོགས་ཙམ་མི་ཤེས་ཕྱི་ནང་བར་གསུམ་གྱི༔ སྣང་སེམས་གཉིས་འཛིན་རང་ཁར་སོར་བཞག་སྟེ༔ འཁོར་འདས་རང་རྒྱུད་པ་རུ་སྔར་བཞིན་གོལ༔ རྐྱེན་གང་མི་ཐུབ་གསལ་རིག་ཕུར་ཁུང་ལ༔ རྫོགས་པ་ཆེན་པོར་འདོད་པ་དེ་ཡང་ནོར༔ ཞི་གནས་སེམས་ཀྱི་རྣམ་རྟོག་ཕྲ་རགས་ཀུན༔ གདོད་མ་གཞི་ཡི་རྒྱ་མཚོ་ཆེན་པོར་ཞི༔ སྡུག་བསྔལ་ཀུན་བྲལ་བདེ་བ་ཆེན་པོའི་ངང་༔ ངོ་བོ་རང་གསལ་སྤྲོས་པའི་མཐའ་དང་བྲལ༔ རྟོག་མེད་མཉམ་པ་ཉིད་ཀྱི་ངང་དུ་གནས༔ འདི་ནི་མཚན་མ་མེད་པའི་ཞི་གནས་སོ༔ དེ་མིན་རྟོག་པ་སྤངས་པའི་མི་རྟོག་པ༔ སྟོང་ལ་གསལ་ཞིང་རྟོག་པའི་སྒོ་འགགས་ཤིང་༔ བདེ་ཉམས་ལྷུག་གེ་བ་རུ་གནས་པ་ལ༔ ཞི་གནས་ངེས་པར་སྨྲ་བ་ཤིན་ཏུ་ནོར༔ ལ་ལས་གདིང་བཅས་དེ་ཐོག་ལུས་ནས་འཁྲུལ༔ ལྷག་མཐོང་སྣང་བ་གཟུང་དང་འཛིན་པའི་ཆོས༔ ཡུལ་མེད་ཟང་ཐལ་ངང་དུ་ཧར་སངས་ཏེ༔ སྒོམ་ཆོས་ལམ་གྱི་འཆིང་བ་ཀུན་གྲོལ་ནས༔ ཁྱབ་བརྡལ་ནམ་མཁའ་ལྟ་བུའི་ཀློང་ཆེན་པོར༔ རྣམ་པའི་རྣམ་པར་རྟོག་པ་སྐྱེ་འགག་ཅན༔ ངོ་བོ་ཡེ་གནས་ཡེ་ཤེས་རང་ངོར་སངས༔ ཁྱབ་བྱེད་ཤེས་རབ་ཆེན་པོ་མངོན་གྱུར་པ༔ ལྷག་མཐོང་རིག་པ་མཐའ་གྲོལ་ཆེན་པོ་ཡིན༔ དེ་མིན་དྲན་རིག་དབྱེར་མེད་ལྟ་སྒོམ་ཅན༔ རྨོངས་པས་ལྷག་མཐོང་འདོམས་པ་ནོར་ལ་འཁྲུལ༔ དེ་ལྟར་ནོར་ལ་འཁྲུལ་པའི་གེགས་རྣམས་ཀུན༔ ཤེས་ནས་མ་ནོར་ལམ་དུ་འཇུག་པ་ནི༔ ལག་ལེན་གནད་དུ་ཆེའོ་སྐལ་ལྡན་རྣམས༔ བླ་སློབ་གོ་བ་ལོག་ནས་ནོར་འཁྲུལ་ཏེ༔ རྣམ་པ་ལམ་བྱེད་དག་ལ་བསྔགས་པ་བརྗོད༔ ལྟ་བའི་མཐར་ཐུག་འདི་ལས་མེད་དོ་གླེང་༔ དེ་ཐོག་ལུས་ན་འཁོར་བར་རྟག་ཏུ་འཁོར༔ ཤེས་པར་གྱིས་ཤིག་པདྨའི་བརྒྱུད་འཛིན་རྣམས༔ མཎྜ་ལ་གུ་ཧྱ༔ ཀྱེ་ ཧོཿ ཡང་ཅིག་གསོན་དང་སྐལ་ལྡན་ལས་ཅན་རྣམས༔ བླུན་པོས་རང་བསླུས་མགོ་འཁོར་ནོར་བའི་འཕྲང་༔ འགའ་ཞིག་ཐོས་ཆུང་མཆོག་འཛིན་བྱས་ནས་སུ༔ རྒྱུད་ཀྱི་གཞུང་དུ་བཤད་པའི་གོ་དོན་མཐོང་༔ འདི་ནི་བདག་གིས་ཤེས་སོ་རྟོགས་སོ་སྙམ༔ ང་རྒྱལ་ཁེངས་སེམས་བསྐྱེད་བསྲིང་གཞན་ཁྱད་གསོད༔ ཆེ་གྲགས་བླ་མ་ཞིག་གིས་མཐོང་སར་སོང་༔ ངེས་པའི་དོན་ནི་ཚིག་གཅིག་མ་ལོན་ཀྱང་༔ ང་ནི་སློབ་དཔོན་དེ་ཡི་འབངས་ཆེན་ཡིན༔ ཐེག་པ་ཆེ་གེ་མོ་འདི་ང་ཡིན་ནོ༔ ང་ཚོའི་ལྟ་བ་གཞན་ལས་ཁྱད་འཕགས་ཟེར༔ ཤེས་རྒྱུད་སྔར་ལས་སྤུ་གང་མ་འཕགས་ཏེ༔ སེང་གེ་ལྟ་བུར་ང་རྒྱལ་ལྡོག་པ་མེད༔ འདོད་སྲེད་ཁྱི་སྤྲང་ལྟ་བུར་ཆོག་མི་ཤེས༔ དེ་ཚོས་ཐེག་པར་བདག་བསྟོད་བྱ་བ་ན༔ རྒྱལ་པོ་ཆེན་པོའི་དཀོར་གྱི་བང་མཛོད་ཆེར༔ ཉམ་ཐག་སྤྲང་པོ་ཞིག་གིས་མཐོང་བའི་མོད༔ འདི་ནི་ང་ཡི་ལོངས་སྤྱོད་ཡིན་སེམས་ནས༔ གཞན་ལ་འུད་སྐད་ཆེར་སྒྲོགས་བྱེད་དང་མཚུངས༔ མ་འོངས་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ༔ མཐོང་ཆོས་རྟོགས་པ་ནོར་བ་འདི་གྲངས་མང་༔ འདི་རུ་འཁྲུལ་ཀུན་བདུད་དང་དམ་སྲིར་གོལ༔ འགའ་ཞིག་ལོ་གཅིག་ཙམ་ཡང་མ་བསྒོམ་པར༔ མི་སེམས་ཟབ་མོའི་ཆོས་ལ་ལོག་ལྟ་བྱེད༔ ཆོས་སྤང་ལས་ངན་བསགས་པས་དམྱལ་བར་ལྟུང་༔ འགའ་ཞིག་བརྟག་དཔྱད་བློས་གཞིག་ཆེར་བྱས་ནས༔ བདག་མེད་དོན་གོ་རྟོགས་པར་འཁྲུལ་ནས་སུ༔ ཞེན་ཆགས་འདོད་སྲེད་ང་རྒྱལ་སྡང་སེམས་སོགས༔ རང་སར་འདུག་ལ་དཔྱོད་པར་བྱེད་པ་ཡིས༔ ཤེས་རབ་རྒྱང་ཞགས་བག་གིས་བསྒྲིབ་རྐྱེན་གྱིས༔ སྣང་དང་སྣང་མིན་དགེ་དང་སྡིག་པའི་ཆོས༔ རྒྱུ་དང་འབྲས་བུ་མེད་དོ་སྟོང་པ་ཉིད༔ སྙམ་ནས་ལྷ་སྒོམ་སྔགས་བཟླས་སྤངས་ནས་སུ༔ རྒྱུ་འབྲས་སྨད་ཅིང་དུས་རྣམས་ཐམས་ཅད་དུ༔ གཞན་དག་ལ་ཡང་དེ་ལྟར་ཅ་ཅོ་སྒྲོགས༔ ཉིན་དུས་ཆོས་བརྒྱད་བྱ་བར་བག་མེད་སྤྱོད༔ མཚན་མོ་གཏི་མུག་རོ་ཉལ་ངང་དུ་བཏང་༔ ལོ་ཟླ་ཙམ་དུ་བསྒོམ་པའི་མཉམ་བཞག་མེད༔ སྟོང་ཉིད་ལྟ་བ་རྟོགས་ཟེར་སྟོང་སྐད་མཐོ༔ ཡུལ་ལ་བདེན་ཞེན་ཟོག་ཏུ་སྤྱོད་པ་མངོན༔ ལྷ་མེད་འདྲེ་མེད་ཟེར་ཞིང་མཐོ་དཀར་བྱེད༔ རེ་དང་དོགས་པ་གཞན་ལས་ཆེ་བར་མངོན༔ ཆོས་རྣམས་སྒྱུ་མ་སྨིག་རྒྱུ་རྨི་ལམ་ལྟར༔ ངས་ནི་རྟོགས་སོ་ཟེར་ཞིང་ཐ་ནའང་༔ རྨི་ལམ་སྣང་བར་བདེན་ཞེན་བྱེད་པ་ཡོད༔ ཡུལ་མེད་ཟང་ཐལ་ཆེན་པོ་ངས་རྟོགས་ཟེར༔ མངོན་ཤེས་གཞན་ལ་འདོམས་པ་དེ་ཅིའི་ཕྱིར༔ འཆི་ཁ་ཐ་མལ་པ་ལས་ཉེན་པ་ནི༔ རྫུན་ཆེར་སྨྲ་དང་རྒྱུ་འབྲས་ཁྱད་བསད་པའི༔ ཉེས་པ་ཆེན་པོ་དེ་ཡི་རྒྱུ་རྐྱེན་ནོ༔ ཡང་ཟབ་ཉམས་སུ་ལེན་པའི་སྐལ་ལྡན་ན༔ དང་པོ་ཐོས་པ་རྒྱ་མཚོ་མིག་ལྟ་བུ༔ བར་དུ་རྩེ་གཅིག་མཉམ་བཞག་རྗེས་ཐོབ་ཀྱི༔ གནད་དང་ལྡན་པས་ལོ་མང་བསྒོམ་པ་གནད༔ ཡང་ན་དང་པོ་གོ་བ་གོམས་འདྲིས་གནད༔ བར་དུ་རྒྱུད་ལ་མྱོང་བར་ཉམས་ལེན་གནད༔ ཐ་མ་རྟོགས་ནས་གྲོལ་སར་སྐྱེལ་བ་གནད༔ ཤེས་པ་ཙམ་གྱིས་ཆོག་སྙམ་སྙོམས་ལས་སུ༔ ལུས་ནས་བག་མེད་དབང་དུ་གྱུར་པ་ནི༔ དཔེར་ན་སྤྲང་པོས་རིན་ཆེན་གསེར་རྙེད་དེ༔ གསེར་དུ་མཐོང་ནས་ཕྲག་པར་རྟག་ཏུ་ཁུར༔ དེ་ལ་མ་སྤྱོད་མུ་གེས་ཤི་དང་མཚུངས༔ ད་ལྟ་ནད་དང་སྡུག་བསྔལ་མི་འདོད་རྐྱེན༔ བྱུང་དང་འབྱུང་བའི་ཡུལ་ཞིག་མཆིས་གྱུར་ན༔ ངན་སོང་སྡུག་བསྔལ་གྱིས་ཀྱང་ཅིའི་མི་འཇིགས༔ བདེ་དང་མཐུན་ཕྱོགས་འདོད་པའི་ཡོན་ཏན་ལ༔ ཆགས་ཞེན་དགའ་མགུར་སྤྱོད་པའི་བདག་མཆིས་ན༔ མཐོ་རིས་ཡོན་ཏན་ལ་ཡང་དེས་སྤྱོད་དོ༔ ད་ལྟ་བདག་གཞན་འཛིན་པའི་ཡུལ་བདག་པོ༔ མཆིས་ན་རྒྱུ་འབྲས་ཉེར་ལེན་མཁན་པོ་དེ༔ ལུས་སེམས་ཕུང་པོར་གཅེས་འཛིན་བདག་མཆིས་ན༔ འཁྲུལ་པའི་རྒྱུ་རྐྱེན་མཁན་པོ་དེ་ཀའོ༔ ད་ལྟར་སངས་རྒྱས་དགོངས་པ་མི་མངོན་པའི༔ མ་རིག་མུན་པའི་སྒྲིབ་པ་མཆིས་གྱུར་ན༔ ཚེ་རབས་གཞན་དུའང་སྒྲིབ་པ་དེ་ཀས་བསྒྲིབ༔ ད་ལྟ་ཚོགས་དྲུག་ཡུལ་སྣང་སྣང་བ་པོ༔ མཆིས་ན་ཚེ་རབས་གཞན་དུ་ཡང་དེ་སྣང་༔ ད་ལྟ་སངས་རྒྱས་མངོན་དུ་མ་གྱུར་ན༔ སྲོག་དང་བྲལ་ཚེ་གློ་བུར་ཇི་ལྟར་གྲོལ༔ ད་ལྟའི་འཇིགས་སྐྲག་སྣང་བ་མ་ཆོད་ནས༔ མི་སྲུན་དགྲ་དང་གཅན་གཟན་མི་རྒོད་དང་༔ འབྱུང་བའི་གནོད་པར་གཞན་ལྟའི་འཇིགས་མཆིས་ན༔ བར་མ་དོ་རུ་སྒྲ་བཞི་གཡང་གསུམ་དང་༔ གཤིན་རྗེའི་སྐྱེས་བུ་མཐོང་ཚེ་ཇི་ལྟར་དུ༔ མི་འཇིགས་གདིང་ཆེན་རྙེད་པ་དེ་ཅིའི་ཕྱིར༔ ཕུང་པོ་ལྔ་ལས་འཁོར་བ་ཀུན་སྲིད་ན༔ ད་ལྟའི་ཕུང་པོ་ལྔ་ལས་འདས་སམ་ཅི༔ ངར་འཛིན་གཅིག་པུའི་སྣང་སེམས་སྡུད་པ་ལ༔ དེ་ལས་འདས་ཤིང་གཉིས་མེད་ངང་གྲོལ་ན༔ ང་མེད་བྱ་བྱེད་ཐམས་ཅད་ངང་གིས་ཡལ༔ ང་ལས་བྱ་བ་བྱེད་པའི་མཁན་པོ་གྲུབ༔ གཞན་བཟུང་རྐྱེན་གྱིས་བྱ་བའི་ཡུལ་སྲིད་དེ༔ བྱ་བྱེད་སྤྱོད་པའི་བདག་ཡུལ་སྟོང་པ་ན༔ རབ་ན་ཀློང་ཐིམ་ཆོས་སྐུར་གྲོལ་བའམ༔ ཐ་ན་མི་རོ་རྟོག་མེད་ལྟ་བུ་རུ༔ མ་སོང་བ་ཡི་རྫུན་ཕུག་མཚང་དེ་བརྡོལ༔ སྒོམ་ཅན་ཡོན་ཏན་ཁ་རུ་མི་འདོན་པར༔ ཉམས་སུ་ལེན་ལ་རྟག་ཏུ་བརྩོན་པ་གནད༔ རང་གི་རྒྱུད་ཀྱི་སྐྱོན་དང་ཡོན་ཏན་ལ༔ བརྟག་གཞིག་བྱས་ནས་ཆོད་འཛིན་མི་མཁས་ན༔ སྒོམ་པའི་ནང་རྟགས་སྤྱོད་པས་སྟོན་པ་ཡིས༔ ཤེས་རབ་ཡོན་ཏན་ཅན་གྱིས་ཁྲེལ་བར་འགྱུར༔ དེ་ཕྱིར་དེ་དོན་ཤེས་ནས་ཉམས་སུ་ལོངས༔ མཎྜ་ལ་གུ་ཧྱ༔ ཀྱེ་ཧོཿ ཡང་ཅིག་གསོན་དང་སྐལ་ལྡན་ལས་ཅན་རྣམས༔ ཆོས་བཞིན་སྤྱོད་པའི་གང་ཟག་ཐམས་ཅད་ལ༔ བར་ཆད་བདུད་ཀྱིས་བསླུ་བ་འབྱུང་འགྱུར་ནས༔ བག་མེད་དབང་གྱུར་འཁོར་བར་འཆིང་བ་ནི༔ འགའ་ཞིག་ངེས་འབྱུང་སྐྱོ་ཤས་ཆེ་བ་ཡི༔ དབང་གིས་འཁོར་བ་བློས་བཏང་དབེན་པར་བསྙེགས༔ སྙིང་པོའི་སྒྲུབ་ལ་རྩེ་གཅིག་གཞོལ་བའི་ཚེ༔ མངོན་པར་ཤེས་པ་གསལ་དང་ལུང་བསྟན་འབྱུང་༔ དེ་ནི་མཆོག་གི་དངོས་གྲུབ་ལ་རློམ་ནས༔ ཡུལ་ལ་སྨྲས་ཏེ་བདེན་པ་ཅུང་ཟད་མཆིས༔ དེ་ལ་མངོན་རློམ་སྐྱེས་ནས་རྟག་ཏུ་ཞེན༔ ཀུན་གྱིས་བསྙེན་བཀུར་ལོངས་སྤྱོད་འདོད་ཡོན་སྟེར༔ སྣང་བའི་ཡུལ་དུ་ཁྲིད་ནས་བསླུས་པའི་ཚེ༔ ཆོག་ཤེས་མེད་པར་འདོད་སྲེད་ཞགས་པས་འཆིང་༔ རྒྱུད་ཀྱི་ངེས་འབྱུང་ཡོན་ཏན་ཐམས་ཅད་ཀུན༔ ན་བུན་བཞིན་དུ་ཡལ་ནས་ཤེས་རྒྱུད་འཕྲོག༔ སོས་དལ་མེད་པར་གྲོང་ཆོག་འདྲེ་བརྡུང་བྱེད༔ ངེས་མེད་གྲོང་ནག་ཀུན་ཏུ་ཁྱི་བཞིན་འཁྱམས༔ ཟོག་ཆོས་གཞན་མགོ་བསྐོར་བའི་ཐབས་སུ་ཞེན༔ འཇིག་རྟེན་ཆོས་བརྒྱད་བྱ་བ་དག་ལ་འབྱམས༔ འདི་དུས་བདུད་ཀྱིས་བསླུ་བར་མ་ཤེས་ན༔ འཁོར་བའི་གཏིང་རྡོ་ཆེན་པོར་འགྱུར་ཏེ་ཕུང་༔ འགའ་ཞིག་ནད་ཀྱིས་གདུང་བའི་སར་ཕྱིན་ནས༔ ཞེ་སྡང་གཉིས་འཛིན་དབང་གིས་འདྲེ་བརྡུང་བྱེད༔ ནད་ལས་ཐར་ན་ངས་ཕན་ཐོག་གོ་སྐད༔ གཞན་དག་ལ་ཡང་སྦྱིན་བདག་ཆེ་གེ་མོར༔ ངས་ཕན་བཏགས་ནས་ནོར་དེ་སྟེར་རོ་ཟེར༔ ཤི་བར་གྱུར་ན་སྔོན་གྱི་ལས་དབང་དང་༔ ཚེ་ཚད་རྫོགས་སོ་ཟེར་ནས་རྫུན་དུ་སྨྲ༔ ལས་ངན་དབང་གིས་འཁོར་བའི་རྒྱ་མཚོ་འཁྲུལ༔ ལ་ལས་ལོ་ཟླ་ཙམ་དུ་མཚམས་བསྒྲུབ་ཅིང་༔ དེ་ནས་གྲོང་ཡུལ་ཀུན་ཏུ་རྙེད་འཚོལ་བྱེད༔ གཏོ་ལས་དག་ལ་གོམས་འདྲིས་ནན་ཆེར་བྱེད༔ སོས་དལ་མེད་པར་དུས་རྣམ་ཀུན་ཏུ་ཡང་༔ རྐང་བཞི་དག་གིས་སྲོག་གཅོད་བདུད་དུ་འབབ༔ ཀུན་གྱི་ནང་ནས་མཐོ་རུ་བསྔགས་པར་བྱེད༔ གདོལ་པ་ལས་ནི་ཉེན་པའི་རྣམ་སྨིན་འཐོབ༔ ལ་ལ་དགོན་གནས་ཞིག་ཏུ་ལོ་གསུམ་བསྡད༔ ཚོང་དང་ཁེ་སྤོག་རྣམ་གཡེང་ངང་དུ་ཞེན༔ རང་ཡུལ་སླེབ་ཚེ་མིང་ནི་ཆེ་རུ་འདོན༔ ཤིན་ཏུ་གོ་ས་མཐོན་པོར་ཐབས་ཀྱིས་བཏེགས༔ གཤིན་གསོན་ལག་སྦྲེལ་བྱེད་པའི་གླ་རྔན་སྤྱོད༔ ཚེ་གཅིག་ཚེ་འདིའི་ཁེ་དྲག་ཆེ་རུ་སྤྱོད༔ འཇིག་རྟེན་ཆོས་བརྒྱད་བྱ་བས་མི་ཚེ་བཟའ༔ བསྟན་གཞི་དགོན་གནས་ཆེན་པོའི་ཆེད་དུ་རློམ༔ རྣམ་པར་སྨིན་པ་སྒོས་ཁུར་དམྱལ་བར་ལྟུང་༔ དེ་ཡང་བདུད་ཀྱིས་བསླུས་པའི་གང་ཟག་ཡིན༔ འགའ་ཞིག་ཐོས་ཆུང་གཞན་ལ་འཆོལ་སྒྲོགས་བྱེད༔ གྲྭ་སློབ་མང་བསྡུས་ཆོས་ལ་གཟུད་སེམས་བློས༔ ཡང་ཡང་བསྡུས་ནས་གཞན་གྱིས་མཆོད་གནས་བྱེད༔ བྱ་བ་བྱེད་པ་ཇེ་མང་ཇེ་འཆོལ་ཏེ༔ དགོས་རྒྱུ་བྱེད་རྒྱུ་མིན་པ་གཅིག་ཀྱང་མེད༔ བསམ་མནོ་སྣ་ཚོགས་འགྲུབ་པར་བྱ་དགོས་སྙམ༔ དེ་རུ་ཞེན་ནས་འཁོར་བའི་གཏིང་རྡོར་འགྱུར༔ དེ་ཡང་བདུད་ཀྱིས་བསླུས་པའི་གང་ཟག་ཡིན༔ འགའ་ཞིག་གཞན་བཅོས་སྟོན་པ་ལ་རློམ་ནས༔ ཡུལ་ལ་ཆོས་བསྟན་ཀུན་གྱིས་གཙུག་ཏུ་ཁུར༔ དེ་ལ་མངོན་རློམ་ཞུགས་པའི་རྐྱེན་དབང་གིས༔ ལམ་ལས་ལོག་པར་འཁྲིད་པའི་བདུད་ལངས་ནས༔ ཤེས་རྒྱུད་འཁྲུལ་ཏེ་སྨྱོན་པར་འགྱུར་ཡང་མང་༔ འགའ་ཞིག་ཡུལ་ངན་བུད་མེད་དབང་གྱུར་ནས༔ བློ་ལས་མི་འགོག་ཆགས་པས་གདུང་སྟེ་འཆིང་༔ འགའ་ཞིག་ཕ་མ་གཉེན་སྤུན་དབང་གྱུར་ཏེ༔ ཆགས་སྡང་ཞེན་འཁྲུལ་ཆེན་པོས་ཞགས་པས་འཆིང་༔ འདི་དག་བདུད་ཀྱིས་བསླུས་པའི་བདུད་འབངས་ཡིན༔ རང་གི་རྒྱུད་ལ་རང་གིས་བརྟག་ནས་སུ༔ རང་ཚོད་རང་གིས་ཟིན་པར་མ་གྱུར་ན༔ གཞན་གྱིས་བཅོས་བསྒྱུར་མི་བཏུབ་དུས་སྐབས་སོ༔ མ་འོངས་པདྨ་ང་ཡི་བརྒྱུད་འཛིན་རྣམས༔ གནད་འདིར་ལྟོས་ལ་རང་རྒྱུད་ལ་བརྟག་མཛོད༔ འདི་དག་ཀུན་ལས་རིང་ཞིང་དབེན་གྱུར་ན༔ དོན་གྱི་རྣལ་འབྱོར་པ་རུ་གདོན་མི་ཟ༔ བསླུ་བདུད་འདིའི་དབང་གྱུར་པར་འདུག་པ་ན༔ འདི་ལས་བཟློག་པའི་ཐབས་ལ་འབད་པར་གྱིས༔ ཚུལ་འདི་གཞན་ལ་སྦྱར་བར་མ་བྱེད་པར༔ རང་གི་རྒྱུད་ལ་སྦྱོར་དང་སྐལ་ལྡན་ཡིན༔ བདུད་ཀྱི་ལམ་ལས་བཟློག་པའི་མན་ངག་གོ༔ མཎྜ་ལ་གུ་ཧྱ༔ ཀྱེ་ ཧོཿ ཡང་ཅིག་གསོན་དང་སྐལ་ལྡན་ལས་ཅན་རྣམས༔ སྟོང་ཉིད་སྒོམ་པའི་ལམ་ཞུགས་གང་ཟག་ལ༔ འདི་ལྟར་འཁྲུལ་པའི་དབང་དུ་ཤོར་བ་མཆིས༔ དང་པོ་ལམ་གྱི་གནས་སྐབས་མཐོང་ཙམ་དུ༔ གདིང་བཅས་དེ་ཐོག་ལ་བཟླ་བ་ཉིད་ནི༔ སྟོང་ཉིད་ལམ་དུ་ཤོར་བ་ཞེས་བྱའོ༔ འགའ་ཞིག་ཡུལ་འཛིན་ཞེན་པ་ཤར་བ་ལ༔ གཉེན་པོས་བཅོས་བསྒྱུར་བྱེད་པའི་ཆིངས་ཀྱིས་བཅིང་༔ འདི་ནི་གཉེན་པོར་ཤོར་བ་ཞེས་བྱའོ༔ འགའ་ཞིག་གང་ཤར་གང་སྣང་ཆོས་རྣམས་ཀུན༔ སྟོང་པ་ཉིད་དོ་སྙམ་ནས་བློས་འཆོས་པ༔ དེ་ནི་སྟོང་ཉིད་ཁྱེར་སོར་ཤོར་བ་ཡིན༔ འགའ་ཞིག་སྟོང་པ་ཉིད་དུ་གཏན་ཕབ་ནས༔ གོ་རྟོགས་ཤན་འབྱེད་མེད་པའི་མིག་ལོང་མཐུས༔ ཉམས་ལེན་མི་བྱེད་གདིང་ནི་མ་ཐོབ་པར༔ སྟོང་སྐད་ཆེར་སྒྲོགས་རྒྱུ་འབྲས་ཁྱད་དུ་གསོད༔ འདི་ནི་ནོར་སར་ཤོར་བ་ཞེས་བྱའོ༔ འགའ་ཞིག་དམིགས་གསལ་ཙམ་ལ་སེམས་བཟུང་ནས༔ སྒོམ་གྱི་མཆོག་ཏུ་རློམ་པར་བྱེད་པ་ནི༔ འཁྲུལ་པའི་དབང་དུ་ཤོར་བ་ཞེས་བྱའོ༔ འགའ་ཞིག་བདག་ཡུལ་རྨི་ལམ་སྒྱུ་མ་ལྟར༔ རྣམ་པར་རྟོག་པའི་རྗེས་སུ་སེམས་པ་ནི༔ རྒྱས་འདེབས་དབང་དུ་ཤོར་བ་ཞེས་བྱའོ༔ དེ་ལྟར་ཤོར་བའི་དབང་དུ་མ་སོང་བར༔ མན་ངག་གནས་ལུགས་ཟབ་མོའི་ངང་དུ་སྐྱོལ༔ མཎྜ་ལ་གུ་ཧྱ༔ ཀྱེ་ ཧོཿ ཡང་ཅིག་གསོན་དང་སྐལ་ལྡན་ལས་ཅན་རྣམས༔ བསྐལ་པ་མང་པོར་སངས་རྒྱས་ཞལ་མཐོང་སྟེ༔ སྐྱབས་སུ་སོང་ཞིང་བྱང་ཆུབ་སེམས་མཆོག་བསྐྱེད༔ ཚོགས་ཆེན་བསགས་ཞིང་སྨོན་ལམ་རྣམ་དག་གི༔ སྟོབས་དང་ལྡན་པའི་སྐལ་བཟང་ཤ་སྟག་ལས༔ རྡོ་རྗེ་སྙིང་པོའི་གནས་ལུགས་མཐོང་མི་འགྱུར༔ རྡོ་རྗེ་སྙིང་པོའི་གནས་ལུགས་ཟབ་མོ་འདི༔ བསྒོམ་དང་སྒྲུབ་པ་བྱས་ཀྱང་མཐོང་བ་མིན༔ དབང་པོ་བཀྲ་བས་དཔྱོད་ཀྱང་མཐོང་བ་མིན༔ མཁས་རློམ་ཁ་སྨྲས་མཁས་ཀྱང་རྟོགས་མི་འགྱུར༔ འཇུར་དྲན་སྒྲོག་གིས་བསྡམས་ཀྱང་རྟོགས་པ་མིན༔ མ་བསྒོམ་འཁྲུལ་པར་འབྱམས་ཀྱང་རྟོགས་པ་མིན༔ བསྒོམ་པ་ཟབ་མོས་གཅུན་ཡང་རྟོགས་པ་མིན༔ བསམ་མནོ་མང་པོ་བྱས་ཀྱང་རྟོགས་མི་འགྱུར༔ སྙིགས་མའི་དུས་སུ་ལྟ་བ་ཁ་འབྱམས་ཀྱིས༔ དབང་གྱུར་ང་རྒྱལ་ཁེངས་སེམས་འཕེལ་ཁ་བསྐྱེད༔ ངན་སོང་སྡུག་བསྔལ་ཆེན་པོར་རང་མནར་བྱེད༔ དེ་ལྟར་ལས་ངན་དབང་དུ་མ་གྱུར་པའི༔ སྐལ་ལྡན་སྐལ་བར་བསྔགས་པའི་ཟབ་ཆོས་ནི༔ ཆོས་སྐུ་གཞིར་གནས་རིག་པའི་རང་ཞལ་དེ༔ ལག་པའི་མཐིལ་དུ་བཀྲམ་པ་ལྟ་བུ་ཡི༔ ཡང་དག་ལམ་བཟང་འཆད་ཀྱིས་ཁྱོད་ཉོན་ཅིག༔ གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་ནི༔ ཁྱབ་བརྡལ་ཀློང་ཆེན་ཡངས་པ་ནམ་མཁའི་ངང་༔ སྐུ་དང་ཡེ་ཤེས་ཤེས་རབ་ཡོན་ཏན་རྣམས༔ གདངས་སུ་གཏིང་གསལ་ཆེན་པོར་ལྷུན་གྲུབ་རྫོགས༔ བདེ་བར་གཤེགས་པ་ཀུན་འདུས་བདེ་གཤེགས་ཉིད༔ ཐེག་པ་ཀུན་དང་འདུས་དང་འདུས་མ་བྱས༔ ཆོས་རྣམས་ཀུན་གྱི་སྙིང་པོར་གྱུར་པ་ཡིན༔ སངས་རྒྱས་བཟང་པོས་ཆོས་སུ་བཅོས་པ་མེད༔ སེམས་ཅན་ངན་པས་བག་གིས་བསྒྱུར་དུ་མེད༔ ཡུལ་གྱི་རྐྱེན་འཇུག་སྒོ་དང་ཡུལ་མེད་སྟོང་༔ དང་པོ་མ་སྐྱེས་སྐྱེ་བའི་མཐའ་དང་བྲལ༔ བྱུང་བའི་ཁོང་ལས་འདས་པས་འོང་མཐའ་བྲལ༔ དངོས་པོ་ཕྱོགས་ཅན་མ་ཡིན་རྟག་མཐའ་བྲལ༔ ཅང་མེད་ཧད་པོ་མ་ཡིན་ཆད་མཐའ་བྲལ༔ འཁོར་འདས་མ་འདྲེས་ཤར་བའི་གཅིག་མཐའ་བྲལ༔ ཐམས་ཅད་ངང་དུ་འདུས་པས་དུ་མ་བྲལ༔ མཐར་ཐུག་འཆི་བ་མེད་པས་འགགས་མཐའ་བྲལ༔ ཡུལ་ལ་འགྲོ་བགྲོད་མེད་པས་འགྲོ་མཐའ་བྲལ༔ བྲལ་བ་བརྒྱད་དང་ལྡན་པའི་སྟོང་པ་ཉིད༔ ཕྱི་རུ་དངོས་བཟུང་མེད་པའི་སྟོང་པ་ཉིད༔ ནང་དུ་ཁས་ལེན་བྲལ་བའི་སྟོང་པ་ཉིད༔ བར་དུ་ས་བཅད་བྲལ་བའི་སྟོང་པ་ཉིད༔ སྟེང་འོག་ཕྱོགས་ལས་འདས་པའི་སྟོང་པ་ཉིད༔ དབྱིབས་དང་ཁ་དོག་བྲལ་བའི་སྟོང་པ་ཉིད༔ གཟུགས་དང་སྐྱེ་མཆེད་བྲལ་བའི་སྟོང་པ་ཉིད༔ རྒྱུ་དང་འབྲས་བུ་མེད་པའི་སྟོང་པ་ཉིད༔ སངས་རྒྱས་སེམས་ཅན་མེད་པའི་སྟོང་པ་ཉིད༔ དགེ་དང་མི་དགེ་མེད་པའི་སྟོང་པ་ཉིད༔ འདུ་དང་འཕྲོ་བ་མེད་པའི་སྟོང་པ་ཉིད༔ ཐོབ་ཤོར་སྤང་བླང་མེད་པའི་སྟོང་པ་ཉིད༔ སྟོང་པ་ཉིད་འདི་གཞི་ཡི་ངང་ཚུལ་ལོ༔ གཞི་དབྱིངས་ལྷུན་གྲུབ་བདེ་བ་ཆེན་པོ་ནི༔ སྐུ་དང་ཡེ་ཤེས་ཆེན་པོའི་རང་བཞིན་ཏེ༔ མ་བྱས་མ་བཅོས་མ་བྱུང་ལྷུན་གྱིས་གྲུབ༔ ཤེས་རབ་ཆེན་པོ་བག་གིས་མ་བསྒྲིབ་པ༔ སངས་རྒྱས་མངོན་གྱུར་གཞི་ཡི་ཆོས་སྐུ་སྟེ༔ གཏིང་གསལ་ཤེས་རབ་མ་རིག་གསུམ་གྱིས་བསྒྲིབས༔ ཀུན་གཞི་ལུང་མ་བསྟན་དུ་དུབ་པ་ལས༔ ལས་ཀྱི་རླུང་ལྔས་གཡོ་འཁྲིག་བྱེད་པ་ལས༔ ངར་འཛིན་གཅིག་པུས་བདག་གཞན་འབྱེད་པར་བྱས༔ ཕུང་པོ་ལྔ་སྡུད་བྱེད་པའི་རླུང་ཆེན་དུ༔ ཡིད་ཀྱི་ཤེས་པ་བཅིངས་པའི་རླུང་གིས་གཅུད༔ བདག་ཡུལ་སྣང་འགྲུབ་རླུང་གིས་བཏེགས་པ་སྟེ༔ འགྱུ་རྟོག་བསྐྱེད་པའི་རླུང་གིས་སྤེལ་བར་བྱས༔ བསྒྱུར་བའི་རླུང་གིས་གནས་འགྱུར་བྱེད་པས་འཁྲུལ༔ མདངས་ཀྱི་སྐུ་ལྔ་གདངས་སུ་འཕོས་པ་ལ༔ འབྱུང་ཆེན་འབྱུང་ཕྲན་སྣང་བ་དེ་བྱུང་ཞིང་༔ དེ་བཞིན་གཤེགས་པ་ཀ་དག་ལྷུན་འབྱམས་ལ༔ གདངས་ཤར་འབྱུང་ཆེན་ནམ་མཁའ་འབྱུང་ཕྲན་སེམས༔ འབྱུང་འགྱུར་སྟོང་པ་ཉིད་དུ་ཧར་སངས་སོ༔ མི་འགྱུར་རྡོ་རྗེ་གཞོམ་གཞིག་བྲལ་བའི་གདངས༔ འབྱུང་ཆེན་ཆུ་དང་འབྱུང་ཕྲན་ཁྲག་ཏུ་སྣང་༔ འབྱུང་འགྱུར་གསལ་སྟོང་ཆེན་པོར་ཧར་སངས་མཉམ༔ ཡོན་ཏན་རྫོགས་པ་རིན་ཆེན་སྤུངས་པ་ནི༔ གདངས་ཤར་འབྱུང་ཆེན་ས་དང་འབྱུང་ཕྲན་ཤ༔ འབྱུང་འགྱུར་སྟོང་པའི་ངང་དུ་རང་སངས་ཏེ༔ ཆགས་པ་མེད་པ་སྣང་བ་མཐའ་ཡས་ནི༔ གདངས་ཤར་འབྱུང་ཆེན་མེ་དང་འབྱུང་ཕྲན་དྲོད༔ འབྱུང་འགྱུར་བདེ་སྟོང་ངང་གནས་ཆེན་པོར་སངས༔ ལྷུན་གྲུབ་རྫོགས་པ་གདོན་མི་ཟ་བ་ལས༔ གདངས་ཤར་འབྱུང་ཆེན་རླུང་དང་འབྱུང་ཕྲན་དབུགས༔ འབྱུང་འགྱུར་རང་གྲོལ་ཆེན་པོར་སྟོང་པའོ༔ ཡེ་ཤེས་ལྔ་ནི་མདངས་སུ་རྫོགས་པ་ལ༔ གདངས་འཕེལ་ཁ་དོག་ལྔ་རུ་འཐས་ནས་འཁྲུལ༔ གཞི་ཡི་རང་བཞིན་རང་གསལ་ཆེན་པོ་ནི༔ མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་སྟེ༔ གདངས་ཤར་དཀར་པོའི་ཁ་དོག་རྣམ་པར་སྣང་༔ གཞི་ཡི་ངོ་བོ་མཐའ་བྲལ་ཁྱབ་བརྡལ་ཉིད༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་སྟེ༔ གདངས་ཤར་མཐིང་གའི་ཁ་དོག་སྣང་བའོ༔ གཞི་ཀློང་འཁོར་འདས་དག་མཉམ་རོལ་པ་ནི༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་སྟེ༔ གདངས་ཤར་སེར་པོའི་ཁ་དོག་སྣང་བ་ཡིན༔ གཞིའི་ཀློང་མཁྱེན་གཟིགས་འཆར་སྒོ་མ་འགགས་པ༔ སོ་སོར་རྟོག་པའི་ཡེ་ཤེས་ཆེན་པོ་སྟེ༔ གདངས་ཤར་དམར་པོའི་ཁ་དོག་སྣང་བ་ཡིན༔ གཞི་ལ་འབད་རྩོལ་མེད་པའི་རྫོགས་ཆེན་པོ༔ བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་སྟེ༔ གདངས་ཤར་ལྗང་གུའི་ཁ་དོག་རྣམས་ཀྱང་སྣང་༔ བསྐྱེད་པའི་རླུང་གིས་བསྒྱུར་བས་ཁྲ་བོར་སྣང་༔ སྐུ་དང་ཡེ་ཤེས་ལྔ་ཡི་མདངས་ཆེན་པོ༔ མ་དག་འཁོར་བར་བསྒྲིབས་པས་གདངས་མངོན་པ༔ བག་ཆགས་དྲི་མ་ལྔ་ཡིས་བསྒྲིབ་པར་བྱེད༔ གཟུགས་ཀྱི་ཕུང་པོས་ཆོས་ཀྱི་དབྱིངས་ལ་བསྒྲིབ༔ རྣམ་ཤེས་ཕུང་པོས་མེ་ལོང་ཡེ་ཤེས་བསྒྲིབ༔ ཚོར་བའི་ཕུང་པོས་མཉམ་པ་ཉིད་ལ་བསྒྲིབ༔ འདུ་ཤེས་ཕུང་པོས་སོར་རྟོག་ཡེ་ཤེས་བསྒྲིབ༔ འདུ་བྱེད་ཕུང་པོས་བྱ་གྲུབ་ཡེ་ཤེས་བསྒྲིབ༔ དེ་ལྟར་སྒྲིབ་པ་དག་གིས་བསྒྲིབས་པ་ལས༔ མ་དག་འཁོར་བའི་སྒོ་ལྟར་ཤར་བ་ཡིན༔ དེ་ལྟར་འཁྲུལ་པའི་སྣང་བ་ཐམས་ཅད་ཀྱི༔ ངོ་བོ་ཡེ་སྟོང་ཀ་དག་དོན་དམ་པ༔ རྣམ་པ་གཟུང་འཛིན་གྱི་བསྡུས་འཐས་པ་ཡི༔ བདེན་འཛིན་རྟག་ཆད་ཅན་དུ་བསྟན་པ་ནི༔ ཀུན་རྫོབ་འཁྲུལ་པའི་ཕུང་པོ་དེ་ཀའོ༔ ཀུན་གཞིའི་ངང་དུ་མུན་པར་དུབ་པ་ལས༔ ཀུན་གཞིའི་རྣམ་པར་ཤེས་པའི་འཆར་གཞི་ལངས༔ དེ་ལས་ངར་འཛིན་ཕྲ་བ་གཅིག་ལངས་ཏེ༔ བདག་ཡུལ་སྣང་བ་མཆེད་པ་ཉོན་ཡིད་དོ༔ དེ་ལས་ཡིད་ཉིད་གཅིག་པུ་ལངས་ནས་སུ༔ སྣང་བའི་ཁམས་ཀུན་བདག་ཏུ་བཟུང་བ་སྟེ༔ སྒོ་ལྔར་མཆེད་པས་ཡུལ་ལྔར་བདག་གཞན་བྱེད༔ གཟུགས་རྣམས་མིག་སྟེ་འབྱེད་པ་རྣམ་ཤེས་སོ༔ སྒྲ་ནི་རྣ་བ་སྒྲར་ལེན་རྣམ་ཤེས་དང་༔ དྲི་ནི་སྣ་སྟེ་དྲི་ལེན་རྣམ་ཤེས་ཡིན༔ རོ་ནི་ལྕེ་སྟེ་རོ་ཤེས་རྣམ་པར་ཤེས༔ རེག་བྱ་ལུས་དབང་རེག་ཤེས་རྣམ་ཤེས་སོ༔ ཆོས་རྣམས་ཡིད་དབང་ཆོས་ཤེས་ཡིད་ཤེས་ཏེ༔ དེ་ལྟར་དབང་པོ་དྲུག་ལས་ཡུལ་དྲུག་མཆེད༔ ཤེས་པ་དྲུག་གིས་རང་སར་འཛིན་པ་ལས༔ རྣམ་རྟོག་རྟོག་པ་ཕྲ་བས་ཉེར་ལེན་བྱེད༔ གཟུང་འཛིན་རྣམ་པར་འཁྲུལ་པའི་འཁོར་ལོར་འཕྱན༔ དེ་ལྟར་ཚུལ་བཞིན་ཤེས་པའི་ཤེས་རབ་ཆོས༔ བདག་མེད་རྟོགས་པས་གྲོལ་བར་ཐེ་ཚོམ་མེད༔ བདག་རྟོག་ཟད་པའི་བདག་མེད་ཆེན་པོ་ནི༔ ཆོས་སྐུ་རང་མལ་འཁོད་པ་ཞེས་བྱའོ༔ མཎྜ་ལ་གུ་ཧྱ༔ ཀྱེ་ ཧོཿ ཡང་ཅིག་གསོན་དང་པདྨའི་བརྒྱུད་འཛིན་རྣམས༔ གཞི་ཡི་རིག་པ་མཐའ་གྲོལ་ཆེན་པོ་ནི༔ འདུས་དང་འདུས་མ་བྱས་པའི་ཆོས་སོ་ཅོག༔ ཐམས་ཅད་བདག་མེད་ཆོས་ཉིད་ཆེན་པོ་རུ༔ མ་བཅོས་རང་གྲོལ་ཉིད་དུ་ཧར་སངས་ཤིང་༔ སྤྲོས་བྲལ་ཆོས་སྐུ་འཁོར་འདས་ཁྱབ་བདག་གོ༔ གདོད་ནས་འཁྲུལ་པར་བག་གིས་གཅུད་པ་མེད༔ འཕྲལ་བྱུང་ཕ་རོལ་རྐྱེན་གྱིས་བསླད་པ་མེད༔ བཙལ་བས་མི་རྙེད་བྱ་བྲལ་ངང་ལ་གནས༔ བཅོས་པས་མི་འཆོས་ཡུལ་མེད་ཟང་ཐལ་ཆེ༔ བསྒོམ་པས་མི་ཆུབ་མཐའ་བྲལ་ཀློང་ཆེན་པོ༔ བསྐྱེད་པས་མི་འགྱུར་འགྱུར་མེད་རྡོ་རྗེ་སྟེ༔ བལྟས་པས་མི་མཐོང་སྟོང་པ་ཉིད་ཀྱི་དབྱིངས༔ བསྟན་པས་མི་རྟོགས་མཚན་མའི་ཡུལ་ལས་འདས༔ བཤད་པས་མི་གོ་བརྗོད་གཞིའི་ཚིག་དང་བྲལ༔ བསྒྲུབ་པས་མི་འགྲུབ་ཡུལ་བདག་ཀུན་ལས་འདས༔ དེ་ལྟར་ཁྱབ་བདག་རྒྱལ་པོ་མཐའ་བྲལ་ཀློང་༔ མཁྱེན་གཟིགས་ཡེ་ཤེས་སྐུ་དང་ཡོན་ཏན་རྫོགས༔ ཁྱབ་བྱེད་ཤེས་རབ་ཆེན་པོ་གཏིང་གསལ་ཏེ༔ ཆོས་ཉིད་རང་ཞལ་མངོན་དུ་གྱུར་པས་ན༔ འཁོར་འདས་ཆོས་ཀུན་རང་གྲོལ་ཆེན་པོར་ཞིག༔ སེམས་དང་སེམས་བྱུང་འཁྲུལ་པའི་འཕྱང་པ་གྲོལ༔ མཐའ་དང་དབུས་སུ་འདོད་པའི་མཚན་འཛིན་དང་༔ ཕྱི་ནང་སྟེང་འོག་རིས་ཆད་འཁྲུལ་སེམས་བློ༔ ཐམས་ཅད་ཡུལ་མེད་ཟང་ཐལ་ཆེན་པོར་སངས༔ ཆོས་ཉིད་བདེན་པ་གཟིགས་པའི་སྐྱེས་བུ་ཡིས༔ རྒྱུ་དང་འབྲས་བུ་སངས་རྒྱས་སེམས་ཅན་དང་༔ དགེ་དང་སྡིག་པ་མེད་པའི་གདིང་ཆེན་རིག༔ སྐྱེ་བ་གཞན་དུ་བརྒྱུད་པའི་གནས་ཡུལ་སྟོང་༔ སླར་ཡང་དཀར་ནག་ལས་ལ་བྱ་མིན་བྱེད༔ དེ་ལ་ཆེར་གོམས་གྲོལ་བ་ཐོབ་པའི་ཚད༔ སྣོད་བཅུད་འབྱུང་བར་སྣང་བ་ཐམས་ཅད་ཀུན༔ སྒྱུ་མའི་འཁྲུལ་འཁོར་རྨི་ལམ་སྣང་བ་རྣམས༔ འགྲོ་འོང་དེར་འཛིན་མེད་པར་ཞིག་པ་ལྟར༔ ཆོས་དབྱིངས་སྤྲོས་པ་བྲལ་བའི་ངང་དུ་ཡལ༔ བདག་གཞན་སྣང་བ་ཡུལ་མེད་ཆེན་པོར་ཟད༔ ལུས་ནི་མི་རོ་རྟོག་མེད་ཇི་བཞིན་དུ༔ གཅེས་འཛིན་ཆགས་ཞེན་མེད་པའི་གདིང་ཆེན་ཐོབ༔ ངག་ནི་བྲག་ཆའི་སྒྲ་སྐད་ཇི་བཞིན་དུ༔ སེམས་ཞེན་མེད་པར་གཞན་གྱི་རྗེས་སུ་ཟློ༔ སེམས་དང་སྣང་བ་ན་བུན་མཁར་ཡལ་ལྟར༔ ཆོས་སྐུ་བྱང་ཆུབ་ཆེན་པོར་སངས་རྒྱས་སོ༔ དེ་ལྟར་ཡང་དག་མྱུར་ལམ་རྡོ་རྗེའི་ཐེག༔ མ་ནོར་ལམ་འདི་མཐོང་བའི་ཡོན་ཏན་ནི༔ ཚེ་གཅིག་རྒྱུ་འབྲས་བླང་དོར་བྱེད་མི་དང་༔ ཤན་པ་ལག་དམར་བྱེད་པའི་སྐྱེས་བུ་གཉིས༔ དུས་གཅིག་ལམ་འདི་མཐོང་ནས་ཉམས་ལེན་ན༔ གྲོལ་བའི་ཡུན་ལ་རིང་ཐུང་སྤུ་ཙམ་མེད༔ ཚེ་གཅིག་འཛམ་གླིང་བསྐོར་བའི་སྐྱེས་བུ་དང་༔ མི་བརྒྱ་རྟ་བརྒྱ་བསད་པའི་སྡིག་རྒན་གཉིས༔ སྒོ་འདི་མཉམ་མཐོང་གྲོལ་ཡུན་རིང་ཐུང་མེད༔ ཚེ་གཅིག་བསྐྱེད་རིམ་ཟབ་མོ་བསྒོམ་པ་དང་༔ མཚམས་མེད་ལྔ་བསགས་མི་བཟློག་ལས་ངན་གཉིས༔ སྒོ་འདི་མཉམ་མཐོང་གྲོལ་ཡུན་རིང་ཐུང་མེད༔ ཚེ་གཅིག་ཚོགས་བསགས་སྒྲིབ་སྦྱང་ལ་བརྩོན་དང་༔ ཚེ་གཅིག་འཕྲོག་བཅོམ་ལས་ལ་འབད་པ་གཉིས༔ སྒོ་འདི་མཉམ་མཐོང་གྲོལ་ཡུན་རིང་ཐུང་མེད༔ ཚེ་གཅིག་བསམ་གཏན་བསྒོམ་པའི་གང་ཟག་དང་༔ དོན་མེད་ལེ་ལོའི་དབང་གྱུར་གང་ཟག་གཉིས༔ སྒོ་འདི་མཐོང་ནས་མཉམ་དུ་ཉམས་ལེན་ན༔ གྲོལ་བའི་ཡུན་ལ་རིང་ཐུང་སྤུ་ཙམ་མེད༔ དེ་ཕྱིར་འབྲས་བུ་རྫོགས་པ་ཆེན་པོའི་ཆོས༔ ལས་ལ་བཟང་ངན་མེད་པར་མཉམ་གྲོལ་ཆོས༔ འདི་དང་འཕྲད་པའི་སྐལ་ལྡན་ལས་ཅན་ཀུན༔ ཚེ་གཅིག་མངོན་འཚང་རྒྱ་འགྱུར་ཐེ་ཚོམ་མེད༔ དེ་ཕྱིར་ཉམས་སུ་ལོངས་ཤིག་སྐལ་ལྡན་ཀུན༔ རྡོ་རྗེ་འཆང་གི་ས་མཆོག་མ་ཐོབ་པར༔ བརྩོན་འགྲུས་དྲག་པོས་ཉམས་སུ་ལེན་པར་གྱིས༔ བསླུ་མེད་ཕ་གཅིག་པདྨའི་གཏན་ཚིགས་ཡིན༔ བཀའ་འདི་གནོད་སྦྱིན་ཤན་པ་དམར་ནག་དང་༔ ལྷ་ཆེན་ཚོགས་བདག་གཟའ་བདུད་རྒྱལ་པོ་སོགས༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་ཡོངས་ལ་གཏད༔ དམ་ཉམས་བཀའ་ལོག་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་དམ་རྒྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ༠༠༠༠༠༠༠བརྡ་ཡིག༔ ༣༡༡རྒྱ་རྒྱ་རྒྱ༔ ༠༠༠༠༠༠༠བརྡ་ཡིག༔ ༣༡༡བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བླ་རྡོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར་བྱས་ཏེ༔ ལྟེ་བར་ཕུར་པ་སྔོན་པོའི་ཆངས་བཟུང་ཧཱུྃ༔ དེ་མཐར་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་ཧྲཱི་ད་ཡ་ས་མ་ཏི་ཧཱུྃ་ཨཱ༔ དེ་ནས་མུ་ཁྱུད་དང་པོ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ༔ ཕུར་པ་བཞི་བྲི་དཔལ་རྩེ་ཕྱི་རུ་བསྟན༔ ཆངས་བཟུང་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཁྲོ་བཅུ་ཟ་གསོད་བཅས་པའི་སྔགས་བཀོད་བྱ༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ༔ ཕུར་པ་བཅུ་བྲི་དབལ་རྩེ་ཕྱི་རུ་བསྟན༔ དེ་ཡི་ཕྱི་རིམ་ཕྱོགས་བཞིར་སྒོ་མའི་སྔགས༔ འདོད་གསོལ་དང་བཅས་བྲིས་པའི་བར་མཚམས་སུ༔ ཕུར་པ་ཁ་དོག་ལས་མཐུན་བྲི་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་མཐའ་བསྐོར་དུ༔ འཆང་བ་པོའི་ནད་གདོན་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་མོས་པ་རྣམ་བཞི་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་བྲི༔ རྫས་ལ་བདུད་རྩི་ཆོས་སྨན་དང་༔ བཟང་དྲུག་སྨན་གྱིས་བྱུག་པར་བྱ༔ སྒྲུབ་པའི་རྟེན་དུ་བཙུགས་ཏེ་འཆང་༔ འདི་ཕྱིའི་དགེ་ལེགས་ཐམས་ཅད་འབྱུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠བརྡ་ཡིག༔ ༣༡༣བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བསྟན་དགྲའི་སྲོག་རྩ་དམར་འབྱིན་འཁོར་ལོ་ནི༔ རྣོ་མྱུར་ཐོག་གི་སྤུ་གྲི་བསྟན་པར་བྱ༔ ལག་ལེན་རིམ་པ་མུ་ཁྱུད་བཞི་རུ་བསྐོར༔ ལྟེ་བའི་མར་ཆ་ནྲྀཿཡིག་ཕྱིར་ལོག་བྲི༔ ཡར་ཆ་ཕཊ་ཛཿབྲིས་ལ་དང་པོའི་མུ་ཁྱུད་ལ༔ སྔགས་མགོ་ཕྱིར་བསྟན་ལྷག་ཆད་མེད་པར་བྲིས༔ ཨོཾ་ཀརྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཆེ་གེ་མོའི་སྲོག་ལ་ཧུར་ཐུཾ་ནན༔ མུ་ཁྱུད་གཉིས་པ་ལ༔ ཨོཾ་མ་མོ་རོ་རུ་ཕུ་རུ་རཀྴ་རུ་ལུ་རུ་ལུ་རེ་མ་ཏཱི་ས་མ་ཡ་ཧཱུྃ་བྷྱོ་ཧཱུྃ༔ དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ལ་ཧུར་ཐུཾ་ཛཿམཱ་ར་ཡ་ཧཱུྃ་ནན༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་ཧཱུྃ༔ དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཁུག་ཛ༔ ཐུཾ་རི་ལི་ལི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ ཛྭ་ལ་པ་ཡ་ཏ་ཐ་ཡ་རྦད་ཛ༔ ནན་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ་ཁུག་རྦད་ནན་བཛྲ་ཨཾ་ཀུ་ཤ་ཛ༔ རཏྣ་པ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གྷཎྜེ་ཧོཿ དགྲ་བོ་ནྲྀ་སོད་རཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ནན༔ དེའི་ཕྱི་རིམ་ཕོ་ལིང་བྲིས་ལ་ཚིག་བཞིར་ཛ༔ ཧཱུྃ་བཾ་ཧོཿ བྲི༔ སྤྱི་བོར་རུས་དང་མཚན་མར་ཕཊ་བྲིའོ༔ སྤྱི་ལྟར་འཁོར་ལོ་གན་རྐྱལ་བྱས་ཏེ་བརྩེགས༔ ཁ་གཅོད་རྡོ་རྗེ་རྒྱ་གྲམ་བྱ༔ འདི་ཡིས་དགྲ་བོ་གང་ཡང་ཐོགས་མེད་བརླག་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༔ ༣༡༤བདག་འདྲ་རིག་འཛིན་པདྨ་དྲག་རྩལ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ སྡང་བྱེད་བུད་མེད་སྲོག་འདྲེན་ཟབ་མོ་ནི༔ གནམ་ལྕགས་སྤུ་གྲི་མེ་འབར་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དུག་ཤོག་སོར་ལྔ་འཁོར་བ་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ མུ་ཁྱུད་དང་པོར་ཡིག་མགོ་ཕྱིར་བསྟན་ཏེ༔ ཨོཾ་ཀརྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ རུས་མིང་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཁུག་ཛཿརྦད་ནན༔ མུ་ཁྱུད་གཉིས་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཛཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཛཿདགྲ་བོ་མིང་རུས་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཁུག་ཛཿརྦད་ནན་ཧ་ལ་ཧ་ལ་རུབ་རུབ་ཐུཾ་ནན༔ དེ་མཐར་མུ་ཁྱུད་གསུམ་པར་འཁོར་ལོ་རྩིབས་གསུམ་ལ༔ ཨོཾ་ཀརྨ་ཀྲོ་དྷ་ཀཱ་ཡ་ཧཱུྃ་ཛཿཨོཾ་ཀརྨ་ཀྲོ་དྷ་ཝཱཀ་ཧཱུྃ་ཛཿཨོཾ་ཀརྨ་ཀྲོ་དྷ་ཙིཏྟ་ཧཱུྃ་ཛཿརྩིབས་མཆན་གསུམ་ལ༔ བརྣག་པའི་དགྲ་བོ་ཆེ་གེ་མོ་ཁུག་རྦད༔ བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ས་མ་ཡ་དམ་ཉམས་ཆེ་གེ་མོའི་ཚེ་བླ་སྲོག་གསུམ་ཁུག་ཛཿརྦད་ནན་ཆིངས༔ བྲི༔ དེའི་ཕྱི་རིམ་མོ་གཟུགས་བྲིས་ལ་གོང་ལྟར་རོ༔ འདི་ཡིས་མི་ཐུབ་པ་ནི་གཅིག་ཀྱང་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠བརྡ་ཡིག༔ ༣༡༥བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དགྲ་བོ་ཕུང་བྱེད་ཐན་འགྱེད་ཟབ་མོ་ནི༔ ཐན་འཁོར་མིག་འཕྲུལ་སྤེལ་བྱེད་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དུག་ཤོག་ངོས་ལ་རྔ་མོང་ཁྲག་བྱུག་སྟེ༔ དེ་ལ་མུ་ཁྱུད་རིམ་པ་དྲུག་བསྐོར་ལ༔ མུ་ཁྱུད་དང་པོར་ཡིག་མགོ་ནང་བསྟན་དུ༔ ཨོཾ་ཀརྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཛྲ་ཀརྨ་ས་མ་ཡ་ཛཿདགྲ་བོའི་ཙཀྵུ་ཐུཾ་སོད༔ མུ་ཁྱུད་གཉིས་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལ་རཏྣ་ཀཱི་ལ་པདྨ་ཀཱི་ལ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོའི་ཙཀྵུ་ཐུཾ་རྦད་སོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཨོཾ་ཀརྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་མོ་རེ་མ་ཏཱི་ས་མ་ཡ་ཛཿཆེ་གེའི་ཙཀྵུ་སོད་ཐུཾ་ཐུཾ་འཁྲུལ་འཁྲུལ་ཐན་ཕོབ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ འཁོར་ལོ་རྩིབས་བཅུ་བཀོད༔ རྩིབས་ལ་ཧཱུྃ་བཅུ༔ རྩིབས་མཆན་ལ༔ ཨ་དགྲ་ལ་བྷྱོ༔ ཡ་དགྲ་ལ་བྷྱོ༔ མ་དགྲ་ལ་བྷྱོ༔ དུ་དགྲ་ལ་བྷྱོ༔ རུ་དགྲ་ལ་བྷྱོ༔ ཙ་དགྲ་ལ་བྷྱོ༔ ཤ་དགྲ་ལ་བྷྱོ༔ ན་དགྲ་ལ་བྷྱོ༔ རཱ་ཙ་དགྲ་ལ་བྷྱོ༔ ཏྲི་འདྲེ་མོ་དགྲ་ལ་བྷྱོ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཤར་དུ་སྤྱང་མོ་མགོ་དགུ༔ ལྷོ་རུ་སྦྲུལ་ནག་མགོ་གསུམ༔ ནུབ་ཏུ་བྱ་ནག་མགོ་དྲུག༔ བྱང་དུ་ཁྱི་དམར་མགོ་གཉིས༔ ཤར་ལྷོར་བེའུ་རྐང་བརྒྱད༔ ལྷོ་ནུབ་ཏུ་ལུ་གུ་མི་མགོ༔ ནུབ་བྱང་དུ་རྟེའུ་ར་མགོ༔ བྱང་ཤར་དུ་ཡུ་མོ་རྐང་གསུམ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ་ཤར་ནས༔ བཙན་གྱི་སྤྱང་ཐན་ཆེ་གེར་རྒྱུག་ཛ༔ ས་བདག་སྦྲུལ་ཐན་ཆེ་གེར་རྒྱུག་ཛ༔ གཟའ་ཡི་བྱ་ཐན་ཆེ་གེར་རྒྱུག་ཛ༔ རྒྱལ་འགོང་ཁྱི་ཐན་ཆེ་གེར་རྒྱུག་ཛཿཡུལ་ལྷའི་བེའུ་ཐན་ཆེ་གེར་རྒྱུག་ཛཿའགོང་པོའི་ལུག་ཐན་ཆེ་གེར་རྒྱུག་ཛཿསྡེ་བརྒྱད་རྟ་ཐན་ཆེ་གེར་རྒྱུག་ཛཿགདོན་བཅུའི་ཤ་ཐན་ཆེ་གེར་རྒྱུག་ཛཿསརྦ་ས་མ་ཡ་དགྲ་བོ་ཆེ་གེ་མོ་ལ་བརྒྱད་ཅུ་ཐན་གྱི་ཆར་ཕོབ་ཅིག༔ ཅེས་རྔ་མོང་ཁྲག་གིས་བྱུག་ལ་གཡོན་བསྐོར་བྱ༔ འདི་ཡིས་དགྲ་ལ་ཐན་གྱི་ཆར་འབེབས་ཤིང་༔ འདོད་དོན་བསམ་བཞིན་འགྲུབ་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠༠༠༠༠༠༠༠༠༠༠༠༠བརྡ་ཡིག༔ ༣༡༧བདག་འདྲ་པདྨ་འོད་གསལ་སྙིང་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྩ་རླུང་སེམས་ཀྱི་རྩལ་སྦྱང་ཟབ་མོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབེན་གནས་ཉམས་དགའ་རྫ་གངས་རི་ཁྲོད་དུ༔ བདེ་བའི་སྟན་ལ་རབ་བཞུགས་རྣམ་སྣང་གི༔ ཆོས་བདུན་བཅའ་སྟེ་མིག་གཉིས་མཁའ་ལ་བལྟ༔ ཐུན་གྱི་འགོ་རུ་ཆོས་བདུན་བསྒོམ་པར་བྱ༔ བླ་མ་རང་སེམས་དབྱེར་མེད་རོ་གཅིག་ཏུ༔ བསྲེས་ཏེ་ཅི་གནས་བར་དུ་མཉམ་པར་བཞག༔ དེ་ལས་ལངས་ཏེ་གསལ་སྟོང་དབྱེར་མེད་ཀྱི༔ ལུས་གནད་ཆོས་བདུན་མི་བཏང་དེའི་ངང་ནས༔ རིགས་ཀུན་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཐུགས་རྗེའི་བྱིན་རླབས་དབང་དང་དངོས་གྲུབ་ཀུན༔ སྤྲིན་དང་ན་བུན་འཐིབ་བཞིན་རང་ཐིམ་པའི༔ རྐྱེན་གྱིས་རྣམ་སྨིན་སྡིག་སྒྲིབ་བག་ཆགས་དང་༔ འབྱུང་བ་སྙིགས་མའི་ཟག་བཅས་ཕུང་པོ་གདོས༔ ཡེ་ཤེས་སྒྱུ་མའི་ལུས་སུ་ངང་ཧར་ཞིག༔ བདེ་གཤེགས་རྒྱལ་བ་རིགས་ཀུན་རིགས་འདུས་དཔལ༔ འོད་གསལ་ཆོས་སྐུའི་ཞིང་ནས་ཆོས་ཉིད་ཀྱི༔ རིག་སྐུ་རྡོ་རྗེ་ཐིག་ལེ་ཉག་གཅིག་ཏུ༔ འགྱུར་འཕོ་མི་འགྱུར་ཆོས་ཀྱི་སྐུ་རུ་རིག༔ རང་གསལ་ཡེ་གྲུབ་རིག་པ་ཙམ་གྱིས་རྫོགས༔ ཨ༔ གཟུང་འཛིན་ལམ་འཁྲུལ་འཁྲུལ་སྣང་མངོན་གྲུབ་པའི༔ བག་ཆགས་ངར་འཛིན་ཕུང་པོ་ཉེར་ལེན་ལུས༔ བདག་མེད་ཆོས་ཉིད་འོད་གསལ་ངང་དུ་ཞིག༔ གཞི་དབྱིངས་འོད་གསལ་ངང་དུ་དྲན་རིག་གི༔ རྒྱལ་པོ་སྒྱུ་མ་ལྟ་བུའི་རིག་སྐུར་ལངས༔ རྒྱལ་ཀུན་ཡོངས་འདུས་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཁྲོ་གཏུམ་རྔམས་བརྗིད་ཕྱག་གཡས་རྡོ་རྗེ་གསོར༔ གཡོན་པས་གནམ་ལྕགས་ཕུར་པ་འདེབས་སྟབས་བསྣམས༔ ཞབས་གཉིས་འདོར་སྟབས་པད་ཉིའི་གདན་ལ་བརྫིས༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་གཡོན་ནས་འཁྲིལ༔ ཕྱག་གཡས་ཨུཏྤལ་གཡོན་པས་དུང་དམར་སྟོབ༔ ཡབ་ཡུམ་གཉིས་མེད་སྐུ་དབུས་དྲང་པོ་རུ༔ རྩ་མཆོག་དབུ་མ་མཚན་ཉིད་བཞི་ལྡན་ནི༔ དྲང་སྲབ་གསལ་སྣུམ་ཕྱིི་དཀར་ནང་དམར་ཞིང་༔ བར་སྔོ་ཡར་སྣེ་སྤྱི་བོར་ཐ་ལེར་ཟུག༔ མར་སྣེ་ལྟེ་འོག་ཕུག་རྡུགས་འགགས་པ་ལས༔ གཡས་གཡོན་རོ་རྐྱང་དཀར་དམར་དྲང་གསལ་གྱི༔ ཡར་སྣེ་ལྟག་པ་ནས་གུག་སྣ་བུག་ཟུག༔ མར་སྣེ་ལྟེ་འོག་དབུ་མར་ཆུད་པ་ལས༔ ཉོན་མོངས་དུག་གསུམ་རྒྱུ་བྱས་སྒོ་གསུམ་གྱི༔ ཚེ་རབས་ལས་ཉོན་བག་ཆགས་གདོན་གསུམ་བཅས༔ རོ་རྐྱང་ལམ་ནས་མདའ་ལྟར་ཕྱིར་ཐོན་ཏེ༔ ཆོས་ཉིད་སྟོང་པའི་ངང་ལ་འཇའ་ལྟར་ཡལ༔ རྩ་རྣམས་སྐྱོན་བྲལ་ཤེལ་སྦུབས་ལྟ་བུར་བསྒོམ༔ གཡས་ནས་སྔོ་སྐྱ་ལན་གསུམ་འབུད་པ་ནི༔ ཞེ་སྡང་ཕོ་གདོན་རླུང་གྱུར་ནད་རྣམས་ཐོན༔ གཡོན་ནས་དམར་ནག་ལན་གསུམ་འབུད་པ་ནི༔ འདོད་ཆགས་མོ་གདོན་མཁྲིས་གྱུར་ནད་རྣམས་ཐོན༔ མཉམ་དུ་དུད་ཁ་ལན་གསུམ་འབུད་པ་ནི༔ གཏི་མུག་ཀླུ་གདོན་བད་ཀན་ནད་རྣམས་ཐོན༔ དེ་ནས་ཧར་གྱིས་བཤིག་པས་ཚེ་རབས་ཀུན༔ བསགས་པའི་ལས་ཉོན་བག་ཆགས་ནད་དང་གདོན༔ གདོས་བཅས་ལ་སོགས་སྡུག་བསྔལ་ཉེར་ལེན་རྟེན༔ ཆོས་དབྱིངས་སྟོང་པའི་མཁའ་ཀློང་ཡངས་པར་བཤིག༔ སླར་ཡང་མདུན་གྱི་ནམ་མཁར་མཆོག་གསུམ་དང་༔ སྐུ་གསུམ་རྩ་གསུམ་རྒྱལ་བ་སྲས་བཅས་ཀུན༔ འཇའ་དང་འོད་ཀྱི་རྣམ་པར་ལམ་མེར་བསྒོམ༔ དབང་བྱིན་དངོས་གྲུབ་འོད་ཟེར་རྣམ་ལྔའི་ཚུལ༔ ཚོན་སྐུད་གཤིབ་པ་བཞིན་དུ་རང་ཉིད་ཀྱི༔ སྣ་བུག་གཉིས་ནས་དྲངས་ཏེ་རོ་རྐྱང་ལམ༔ བརྒྱུད་དེ་དབུ་མའི་མར་སྣར་གཅིག་འདྲེས་བསམ༔ དལ་གྱིས་རྔུབ་སྟེ་ཕོ་བསྐོར་གསུམ་བྱས་ནས༔ བརྟན་པར་བསམ་ཞིང་མར་མནན་ཡུན་ཅི་གནས༔ དལ་གྱིས་ཕྱིར་དབྱུང་དུག་གསུམ་ཐོན་པར་བསམ༔ རླུང་ཁུག་ཅི་ཐུབ་གྲངས་ལྡན་ཐུན་རེར་འབད༔ ཚུལ་བཞིན་གནད་ལ་མཁས་པར་མ་བྱས་ན༔ ཐུར་ལོག་འཛོལ་བ་མང་བས་ཤེས་པར་བྱ༔ ཐུན་མཇུག་རྩ་ཡི་རླུང་རོ་ལྷག་མེད་དབྱུང་༔ དེ་ནས་རྒྱལ་ཀུན་དབང་བྱིན་དངོས་གྲུབ་དང་༔ ཤེས་རབ་ཡེ་ཤེས་མ་ལུས་འོད་ལྔའི་ཚུལ༔ རོ་རྐྱང་ལམ་ནས་དྲང་ལེན་དབུ་མར་འདྲེས༔ མནན་འཇག་བརྟན་པའི་བར་རླུང་བུམ་ཅན་ལས༔ མི་འདའ་མི་གཏོང་རླུང་སེམས་དབྱེར་མེད་དུ༔ བསྟེན་པ་འདི་ཡི་གནད་ཡིན་གནད་དུ་ཟུངས༔ དུས་དང་བསྟུན་པའི་ཁྱད་པར་ཟབ་ཆོས་ཏེ༔ དུས་འདིར་འདི་ལྷག་ཉམས་ལེན་ཟབ་མོ་ནི༔ སྟོང་གསུམ་ས་སྟེང་བསྐོར་ཀྱང་རྙེད་རེ་ཀན༔ སླར་ཡང་གཏུམ་མོའི་མེ་དྲོད་འཛིན་པ་ནི༔ བླ་མ་རིམ་ཞུ་གཅིག་འདྲེས་དཀར་དམར་ཐིག༔ དཀར་ཆ་ཚངས་པའི་བུ་གར་ཧཾ་ཡིག་དཀར༔ དམར་ཆ་སྤྲུལ་པའི་འཁོར་ལོའི་མར་འོག་ཏུ༔ ཨ་ཤད་དམར་པོ་གསལ་འཚེར་སྣུམ་ལ་འདྲིལ༔ བྱིན་རླབས་རླུང་གིས་ཨ་ཤད་བསྐུལ་ཙམ་གྱིས༔ ཤེས་རབ་ཡེ་ཤེས་མེ་ཡི་རང་བཞིན་འབར༔ མཚན་བཞི་ལྡན་པའི་བདེ་དྲོད་རབ་གཡོ་བ༔ རླུང་གིས་བསྐྱེད་པའི་ཡར་ཡར་སླེབ་འབར་བས༔ སྤྲུལ་པའི་འཁོར་ལོའི་རྩ་འཁོར་ཐམས་ཅད་ཁྱབ༔ བདེ་དྲོད་རབ་འབར་བསམ་ཞིང་རླུང་རིག་གཉིས༔ དབྱེར་མེད་ངང་ནས་སྦྱོར་བཞི་ལག་ལེན་འདེབས༔ རླུང་ཁུག་བདུན་རེས་འཁོར་ལོ་རེ་བཞིན་བཏེགས༔ དེ་བཞིན་བཞི་འཁོར་རླུང་ཁུག་བདུན་ཕྲག་བཞིས༔ གཡོས་བསྐྱེད་བདེ་དྲོད་རབ་གཡོས་རྩ་འཁོར་ཡོངས༔ ཁྱབ་ཁེངས་སྤྱི་བོའི་ཧཾ་ཡིག་ལ་ཕོག་པས༔ བདེ་སྟོང་ཡེ་ཤེས་རབ་འབར་འོད་ཟེར་གྱིས༔ རྒྱལ་དང་རྒྱལ་སྲས་མ་ལུས་ཀུན་མཆོད་ཅིང་༔ ཐམས་ཅད་བདེ་སྟོང་རོས་ཚིམས་ཐུགས་བརྩེས་དགོངས༔ ཐུགས་རྗེའི་དབང་བྱིན་ནུས་མཐུ་སྟོབས་རྩལ་དང་༔ བཀྲག་མདངས་གཟི་བརྗིད་ཤེས་རབ་ཡེ་ཤེས་ཀུན༔ འོད་ལྔའི་ཚུལ་དུ་ན་བུན་སྤྲིན་བཞིན་བསྡུས༔ ཧཾ་ཡིག་ལ་ཐིམ་གཟི་འོད་རབ་འབར་ཞིང་༔ འོད་ཟེར་ཕྱིར་འཕྲོས་སྣོད་བཅུད་འབྱུང་བཞི་ཡི༔ བཀྲག་མདངས་གཟི་བརྗིད་བཅུད་སྙིང་མ་ལུས་པ༔ ཡེ་ཤེས་འོད་ཟེར་ཁ་དོག་རྣམ་ལྔའི་ཚུལ༔ ན་བུན་སྤྲིན་གཏིབས་བཞིན་དུ་ཧཾ་ལ་བསྟིམ༔ ཧཾ་ཡིག་ཧྲིལ་ལྡོག་མེ་ལྕེས་ཐིག་བཞུས་འབྱིན༔ བདེ་ཆེན་འཁོར་ལོའི་རྩ་སྦུབས་ཡོངས་ཁེངས་བསམ༔ མེ་ལྕེ་ལོངས་སྤྱོད་འཁོར་ལོར་བྲོས་ཚུལ་བབས༔ སངས་རྒྱས་རིགས་མཆོད་ཚོགས་རྫོགས་ལུས་སྒྲིབ་སྦྱངས༔ སྐུ་ཡི་དབང་ཐོབ་དགའ་བའི་ཡེ་ཤེས་སྐྱེས༔ བདུད་རྩི་མར་ལུད་ལོངས་སྤྱོད་འཁོར་ལོར་བབས༔ མེ་ལྕེ་ཆོས་ཀྱི་འཁོར་ལོར་བྲོས་ཚུལ་བབས༔ བདུད་རྩིས་པདྨའི་རིགས་མཆོད་མཉེས་ཚིམས་ནས༔ ཚོགས་རྫོགས་ངག་གི་སྒྲིབ་དག་གསང་དབང་ཐོབ༔ མཆོག་ཏུ་དགའ་བའི་ཡེ་ཤེས་སྐྱེས་པར་བསམ༔ བདུད་རྩི་མར་ལུད་ཆོས་ཀྱི་འཁོར་ལོར་བབས༔ མེ་ལྕེ་སྤྲུལ་པའི་འཁོར་ལོར་བྲོས་ཚུལ་སླེབ༔ བདུད་རྩིས་རྡོ་རྗེའི་རིགས་མཆོད་མཉེས་ཚིམས་ནས༔ ཚོགས་རྫོགས་ཡིད་སྒྲིབ་ཀུན་དག་ཤེར་དབང་ཐོབ༔ ཁྱད་པར་དགའ་བའི་ཡེ་ཤེས་སྐྱེས་པར་བསམ༔ བདུད་རྩི་ཕྱུར་ལུད་སྤྲུལ་པའི་འཁོར་ལོར་བབས༔ མེ་ལྕེ་བདེ་སྐྱོང་འཁོར་ལོར་བྲོས་ཚུལ་སླེབ༔ བདུད་རྩིས་རིན་ཆེན་རིགས་མཆོད་མཉེས་ཚིམས་ནས༔ ཚོགས་རྫོགས་སྒྲིབ་དག་ཚིག་དབང་རིན་ཆེན་ཐོབ༔ ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ༔ བདུད་རྩི་ཕྱུར་ལུད་བདེ་སྐྱོང་འཁོར་ལོར་བབས༔ མེ་ལྕེ་རྡོ་རྗེའི་ལྟེ་བར་བྲོས་ཚུལ་སླེབ༔ བདུད་རྩིས་ལས་ཀྱི་རིགས་མཆོད་མཉེས་ཚིམས་ནས༔ ཚོགས་རྫོགས་སྒྲིབ་དག་རིག་པའི་རྩལ་དབང་ཐོབ༔ ཡེ་ཤེས་རྣམ་བཞི་ལྷན་སྦྱོར་ཡེ་ཤེས་སྐྱེས༔ བདེ་སྟོང་བདུད་རྩི་ཡུམ་གྱི་མཁའ་ཀློང་དུ༔ ཧར་གྱིས་དབབ་ཅིང་དགའ་བཞི་མཉམ་སྦྱོར་སྐྱེས༔ བདེ་བས་རྩ་གནས་དཔའ་བོ་མཁའ་འགྲོ་མཉེས༔ སླར་ཡང་འོག་རླུང་ལྕགས་ཀྱུའི་ངར་གྱིས་བསྡུས༔ མ་ལུས་བདེ་སྐྱོང་འཁོར་ལོར་ཡར་འདུས་པ༔ ཧཱུྃ་ཞེས་སྨད་ནས་འདྲེན་པ་མན་ངག་གོ༔ བདེ་སྐྱོང་འཁོར་ལོའི་རྩ་འདབ་ཀུན་ཏུ་བརྡལ༔ དོན་གྲུབ་ཡབ་ཡུམ་དེ་ཡི་སྒྱུ་འཕྲུལ་མཆོད༔ བདེ་སྟོང་རོས་ཚིམས་ཕྲིན་ལས་རིགས་རྣམས་ལ༔ འགལ་འཁྲུལ་ཉམས་ཆག་ཀུན་སྐོང་སྔར་བཞིན་དུ༔ ཡར་ལ་རིམ་བཞིན་དབང་དང་དགའ་བཞི་བཟུང་༔ བདེ་སྐྱོང་འཁོར་ལོའི་མེ་དང་བདུད་རྩི་གཉིས༔ སྔར་བཞིན་སོ་སོར་དབྱེས་ཏེ་བྲོས་འདེད་ཚུལ༔ བདེ་ཆེན་འཁོར་ལོའི་ཧཾ་ཡིག་ལ་རེག་པས༔ ཧེ་རུ་ཡབ་ཡུམ་བདེ་བའི་རྩལ་ཆེན་གྱིས༔ ལུས་ཀྱི་རྩ་ཆེན་རྩ་ཕྲན་མ་ལུས་པ༔ བདེ་སྟོང་ཡེ་ཤེས་བཅུད་ཀྱི་བདུད་རྩི་དང་༔ ཤེས་རབ་ཡེ་ཤེས་ངོ་བོ་གཏུམ་མོའི་མེ༔ བྱིན་རླབས་ཡེ་ཤེས་རླུང་གིས་རབ་བཀང་ཞིང་༔ གཡོ་འཁྱིལ་འགུལ་བས་རྩ་མདུད་ཐམས་ཅད་ཀུན༔ ཚོགས་སྦྱོར་མཐོང་སྒོམ་ལམ་དུ་གྲོལ་བསམ་བཞིན༔ རླུང་ཁུག་བརྒྱ་འམ་བདུན་ཅུ་སུམ་ཅུ་སོགས༔ ཐུན་རེར་འབད་ཅིང་མཐར་བསྡུ་བྱེད་པའི་ཚེ༔ རང་ལུས་མེ་དང་དབུ་མ་ཇེ་ཆེར་སོང་༔ ལུས་དང་དབུ་མས་སྣོད་ཀྱི་རང་བཞིན་ཁྱབ༔ མེ་ལྕེས་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྱབ༔ ལས་ཉོན་སྡིག་སྒྲིབ་འཁོར་རྒྱུ་ས་བོན་དང་༔ བར་ཆད་བདུད་བགེགས་རྣམ་རྟོག་བག་ཆགས་དང་༔ ལུས་གདོན་གནས་གདོན་མ་ལུས་ལྷག་མེད་དུ༔ བསྲེག་ཅིང་འཁྲུལ་རྒྱུ་འཁྲུལ་རྐྱེན་འཁྲུལ་འཐིབ་ཀུན༔ འཁྲུལ་མེད་ཀུན་ཏུ་བཟང་པོའི་ཀློང་དུ་བསྒྲལ༔ རླུང་དང་རིག་པ་དབྱེར་མེད་དེའི་ངང་དུ༔ ཁུ་ཚུར་གཡས་གཡོན་སྟ་ཟུར་ནོན་ཤད་ཅིང་༔ མཆན་རྡེབ་གདོང་ཐད་འཕེན་པ་གསུམ་གྱི་རྗེས༔ སྡིགས་མཛུབ་བསྣོལ་ཞིང་སྤྱི་བོར་འཇོག་པ་དང་༔ སེ་གོལ་ཕྱི་ལ་གཏོགས་པ་གསུམ་བྱའོ༔ ཁུ་ཚུར་སྟ་ཟུར་གདོང་འཕེན་ཐལ་བརྡབ་ཅིང་༔ ཐལ་གཞོང་མཉེ་ཞིང་གདོང་དང་དབང་པོ་མཉེ༔ ཕོ་བྲང་སྟོད་སྨད་ཡན་ལག་ནན་དུ་མཉེ༔ འབེབ་བརྡབ་བརྐྱངས་པ་མ་ནོར་ཆུན་བཙལ་གཅེས༔ ཁུ་ཚུར་སྟ་ཟུར་ཤད་དེ་གདོང་ཐད་འཕེན༔ སོར་བསྣོལ་བྲང་ལ་བརྡབ་ཅིང་ཕྱིར་འཕེན་བསྐོར༔ ནང་བསྐོར་བརྡབ་པ་གསུམ་མཐར་སྔར་བཞིན་དུ༔ ཁུ་ཚུར་ནང་བསྐོར་རྡོ་བཞིན་གདོང་ཐད་འཕེན༔ གཡས་གཡོན་དཔུང་མགོ་པུས་མོར་སྦྱར་བ་གསུམ༔ ནང་བསྐོར་ཁུ་ཚུར་གདོང་ཐད་འཕེན་པ་གསུམ༔ ཨོལ་ཀོ་བྲང་ལ་བརྡབ་ཅིང་ཤེད་བསྐྱེད་འཐེན༔ སླར་ཡང་ཁུ་ཚུར་ནང་བསྐོར་གདོང་ཐད་འཕེན༔ བྲང་ལ་གཏོད་ཅིང་ཕྱིར་འཕེན་ལངས་སྟབས་གསུམ༔ འབེབ་ཆུང་གསུམ་བརྡབ་རྡོ་རྗེ་སྐྱིལ་ཀྲུང་ལས༔ ཧར་ལངས་འཕར་གྱིས་གྱད་སྟབས་སྡིགས་མཛུབ་བཅས༔ ལྟ་སྟངས་ནམ་མཁར་གཟིར་ཞིང་སྡིགས་མཛུབ་འཕེན༔ ཡར་ལ་གསུམ་འཕེན་ཐད་དུ་ལན་གསུམ་འཕེན༔ ཐུར་འཕེན་སྙིང་གར་ཐལ་མོ་ལན་གསུམ་སྦྱར༔ སླར་ཡང་ཁུ་ཚུར་སྟ་ཟུར་ལན་གསུམ་དུ༔ ཤད་དེ་མདུན་གྱི་མཁའ་ལ་ལན་གསུམ་འཕེན༔ རྒུར་འབེབས་གསུམ་གྱིས་རྡོ་རྗེ་སྐྱིལ་ཀྲུང་ལས༔ རང་ཉིད་བཛྲ་ཀཱི་ལའི་སྐུར་བཞེངས་ཏེ༔ མིག་གཉིས་སྣ་རྩེའི་ཧཱུྃ་ལ་ཧྲིག་གེར་གཏད༔ རླུང་རིག་དབྱེར་མེད་ངང་ནས་ཧར་ལངས་ཏེ༔ ཁུ་ཚུར་བསྐོར་འཕེན་འཕར་སྟངས་རྐང་མཐིལ་སྤྲད༔ པུས་མོ་བསྒྲད་ཅིང་ལག་མཛུབ་རྩེ་སྤྲད་བརྐྱང་༔ སྤྱི་བོར་འཇོག་ཅིང་རྡོ་རྗེ་རྩེ་གསུམ་ལས༔ ལྟེ་བར་ཧཱུྃ་བསྒོམ་ཧ་ཧཱུྃ་ཕཊ་གསུམ་བྱ༔ ཧཾ་ཞེས་འདྲེན་འཐེན་གསུམ་མཐར་གཅུས་འབེབ་གསུམ༔ རྡོ་རྗེ་སྐྱིལ་ཀྲུང་རིག་སྟོང་རླུང་ལ་གཏད༔ རང་ཉིད་རཏྣ་ཀཱི་ལའི་སྐུར་བཞེངས་ཏེ༔ ཧར་ལངས་ཁུ་ཚུར་བསྐོར་འཕེན་ལུས་མཉམ་པར༔ གྱེན་དུ་གསུམ་འཐེན་གཡས་གཡོན་ལྟ་སྟངས་གསུམ༔ ལག་གཉིས་ནོར་བུའི་ཕྱག་རྒྱ་གསང་བ་ནས༔ གནས་ལྔར་འཇོག་མཐར་ཨ་སྒྲ་ལྔ་ཚར་བརྗོད༔ འབེབ་ཆེན་གསུམ་བརྡབ་ཧ་སྤྲུགས་གསུམ་བྱའོ༔ རྡོ་རྗེ་སྐྱིལ་ཀྲུང་རླུང་རིག་དབྱེར་མེད་དུ༔ རང་ཉིད་པདྨ་ཀཱི་ལའི་སྐུར་བཞེངས་ཏེ༔ རྐང་མཐིལ་སྤྲད་དེ་རྟིང་པ་གསང་བར་གཏོད༔ ལག་གཉིས་པུས་མོ་དགབ་ཅིང་རྣ་ལྟག་གནོན༔ ཧར་ལངས་པདྨའི་ཕྱག་རྒྱ་གནས་ལྔར་བཞག༔ ཁུ་ཚུར་ནམ་མཁར་ཡར་འཕེན་ལུས་ཀུན་འཐེན༔ ཧ་སྒྲ་གསུམ་བརྗོད་རྒུར་འབེབས་ལན་གསུམ་བརྡབ༔ རྡོ་རྗེ་སྐྱིལ་ཀྲུང་རླུང་རིག་ངལ་གསོ་ཞིང་༔ རང་ཉིད་ཀརྨ་ཀཱི་ལའི་སྐུར་བཞེངས་བསམ༔ ཧར་ལངས་ལུས་ཀྱང་རྡོ་རྗེ་རྩེ་གསུམ་བྱ༔ ཧཾ་ཞེས་ལུས་ཀྱང་གྱེན་འཐེན་གསུམ་གྱི་རྗེས༔ ཁུ་ཚུར་རྐང་པའི་མཁྲིག་མ་བཏེགས་པ་ཡི༔ ཁ་ཡན་ལག་པ་རྡོར་ཁུར་དཔུང་ཐད་ནས༔ རྒྱབ་ལ་གཅུས་འཆུས་ལན་གསུམ་བསྐོར་འཕེན་ལས༔ རྡོར་འབེབས་གསུམ་བརྡབ་རྡོ་རྗེ་སྐྱིལ་ཀྲུང་ལས༔ ཧར་ལངས་ཁུ་ཚུར་བརླ་སྟེང་གནོན་བྱས་ཏེ༔ ལུས་ཀུན་གཡས་གཡོན་ལན་གསུམ་གཅུས་པ་ཡིས༔ ཁུ་ཚུར་འཕེན་བཅས་ཡར་ལ་ལུས་འཐེན་གསུམ༔ འབེབ་ཆེན་གཅིག་དང་བར་འབེབས་བགྲད་འབེབ་གསུམ༔ དེ་དག་ལྷ་ཡི་རྣམ་འགྱུར་ཕྱག་རྒྱ་སྟེ༔ རོལ་གར་བསྒྱུར་བས་སྣང་སྲིད་སྐུས་གང་བའི༔ གྲངས་ཀྱི་དཔུང་གིས་མཉམ་དུ་གར་བསྒྱུར་བས༔ རྩ་མདུད་ཐམས་ཅད་ཁྲོལ་མར་ཞིག་པར་བསམ༔ སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་དུ་བལྟ༔ ཚན་རེ་བཞིན་དུ་བྱིན་རླབས་དབང་ལེན་ཏེ༔ སྙིགས་ལུས་སྒྱུ་མར་བཤིག་པའི་དམིགས་པ་དྲན༔ བཤིག་མ་ཐག་ཏུ་གནས་འགྱུར་འཁྲུལ་འཁོར་བཅས༔ མེ་ཉིད་འཁོར་ལོ་ལྔ་རུ་བཏེགས་འབར་ལ༔ འབེབས་ཆུང་བར་འབེབ་རྒུར་འབེབ་འབེབ་ཆེན་གསུམ་གསུམ་རེ༔ བདུད་རྩི་མང་འཛག་འཁོར་ལོར་རིམ་དབབ་ནི༔ ཐོག་འབེབ་གཅུས་འབེབ་འབེབ་ཆེན་བར་འབེབ་དང་༔ འབེབ་ཆུང་གསུམ་གསུམ་བྱ་བས་ལྔར་དབབ་ཅིང་༔ བགྲད་འབེབས་གསུམ་གྱིས་མཁའ་ལ་འཕེན་པར་བྱ༔ སླར་ཡང་བདུད་རྩི་ཡར་འདྲེན་བྱ་བའི་ཚེ༔ བགྲད་འབེབ་གསུམ་གྱིས་འཐེན་ཅིང་ཧ་ཧཾ་བྱ༔ རྒུར་འབེབ་གསུམ་གྱིས་གསང་གནས་འཁོར་ལོར་དྲངས༔ འབེབ་ཆུང་གསུམ་གྱིས་བདེ་སྐྱོང་འཁོར་ལོར་བརྡལ༔ བར་འབེབ་སྤྲུལ་འཁོར་གཅུས་འབེབ་ཆོས་འཁོར་བརྡལ༔ འབེབ་ཆེན་ལོངས་སྤྱོད་ཐོག་འབེབ་གསུམ་གྱིས་ནི༔ བདེ་ཆེན་འཁོར་ལོ་རྣམས་ལ་དགྲམ་པར་བརྡལ༔ མཆེད་དུས་རྣམ་བདུན་འབེབ་མཐར་བྲབ་གཞིལ་དང་༔ ཞགས་འཕེན་རྒལ་འབེབ་གསུམ་གྱིས་རྫོགས་པའོ༔ མེ་རྩ་ལུས་རླུང་ཇེ་ཆུང་སྤྲོས་བྲལ་ངང་༔ ཨ་ཕཊ་བརྗོད་པས་ཁྱབ་གདལ་ངང་ཉིད་ལ༔ ཅི་གནས་བར་དུ་མཉམ་པར་བཞག་བྱ་སྟེ༔ དེ་ལས་ལངས་ཏེ་ཐིག་ལེ་ཉག་གཅིག་ཏུ༔ གསལ་ཞིང་མེ་རླུང་གཡོ་འབར་ལྟེ་བར་མནན༔ བསྔོ་སྨོན་བྱ་ཞིང་བླ་མ་སྙིང་གར་བསྒོམ༔ བྱིན་རླབས་དབང་གིས་ལས་ཉོན་བག་ཆགས་བསྲེག༔ ཡེ་ཤེས་སྒྱུ་མའི་ངང་དུ་རབ་སྦྱངས་པས༔ སྒྲིབ་སྦྱང་མཆོག་གྱུར་འདི་ལྷག་གཞན་ན་མེད༔ འབར་འཛག་རྩ་གནས་དཔའ་བོ་མཁའ་འགྲོ་མཆོད༔ ཚོགས་དང་སྦྱིན་སྲེག་འདི་ལས་གཞན་མི་དགོས༔ ཡར་འདྲེན་སྐོང་བཤགས་དབང་དང་དགའ་བཞིའི་ལམ༔ དབང་དང་སྒྲུབ་པ་འདི་ལྷག་གཞན་ན་མེད༔ ལྟེ་བར་གཏུམ་མོའི་མེ་སོགས་ཡེ་ཤེས་གསུམ༔ རིག་པ་ཡེ་ཤེས་དབྱེར་མེད་སྒོམ་པའི་མཆོག༔ སྤྱན་དང་མངོན་ཤེས་གསལ་འགྱུར་ཁམས་གསུམ་གསལ༔ འབྱུང་ལྔར་དབང་བསྒྱུར་གྲུབ་མཚན་མངའ་དབང་བརྙེས༔ རྩ་ཡི་མདུད་གྲོལ་ཁ་ཕྱེས་ཤེར་ཡེ་གསལ༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ བརྩོན་འགྲུས་ལྡན་པ་འཇའ་ལུས་གྲོལ་འགྱུར་ཏེ༔ འབྲིང་ཡང་ལམ་རྟགས་གྲུབ་པར་མངའ་བརྙེས་སོ༔ ཐ་མ་ཡང་ཐ་མངོན་ཤེས་མཚན་མར་ཞེན༔ རྒྱལ་ཁམས་གྲོང་ཉུལ་དཀོར་རྔམས་རྫུན་དུ་གཟད༔ འབྲས་བུ་མ་ཟད་ཐར་ལམ་འགགས་ཉེན་སྲིད༔ འདི་དང་འབྲེལ་བའི་འཇའ་ལུས་གདམས་ངག་ནི༔ ལུས་ངག་ཡིད་གསུམ་འཁོར་བར་འབྲེལ་རྒྱུན་བཅད༔ ཤན་འབྱེད་དབེན་པར་ཉམས་སུ་ལེན་པར་བྱ༔ ལུས་དང་འཁོར་བ་འབྲེལ་གཅོད་ཤན་འབྱེད་ནི༔ དང་པོ་འགྲོ་ཀུན་སངས་རྒྱས་ལམ་འགོད་ཕྱིར༔ བདག་ལུས་འཁོར་བར་འབྲེལ་བའི་རྒྱུན་བཅད་དོ༔ ཕྱིར་མི་ལྡོག་གོ་དམ་བཅའ་བློ་ཡིས་བཟུང་༔ དབེན་པའི་སར་ཕྱིན་བླ་མའི་རྣལ་འབྱོར་བསྒོམ༔ དེ་ནས་འགྲོ་དྲུག་སྡུག་བསྔལ་རིམ་བཞིན་དུ༔ རྒྱུད་ལ་བཀལ་ཏེ་སོ་སོའི་སྤྱོད་པ་བྱ༔ ཞི་ཁྲོའི་རྣམ་རོལ་སྣ་ཚོགས་ལུས་ཀྱིས་བྱ༔ དེ་ནས་རང་ལུས་རྡོ་རྗེ་རྩེ་གསུམ་བྱ༔ གནམ་ལྕགས་རྡོ་རྗེ་མེ་འབར་ཧཱུྃ་མཚན་བསྒོམ༔ ཡར་མར་རྩེ་གསུམ་ངོ་རང་ཐུགས་རྗེ་དང་༔ སྐུ་གསུམ་མཚོན་ཏེ་དག་པ་དྲན་པར་བྱ༔ མེ་འབར་རྡོ་རྗེ་ལུས་མཐོང་བགེགས་གདོན་འབྲོས༔ དེ་ནས་སྔར་བཞིན་བྱང་ཆུབ་སེམས་བསྒོམ་སྟེ༔ འགྲོ་དྲུག་འབྱུང་ལྔ་སོ་སོའི་སྒྲ་སྐད་བརྗོད༔ དག་པ་ཞི་དྲག་ལྷ་ཡི་གསུང་སྒྲ་སྒྲོགས༔ དེ་ནི་ངག་དང་འཁོར་བའི་འབྲེལ་ཐག་གཅོད༔ དེ་ནས་རང་ལུས་ཧཱུྃ་གང་ཁ་ནས་ཐོན༔ ཐོ་ཕྱི་ཉེ་འཁོར་སྣང་སྲིད་ཧཱུྃ་གིས་བཀང་༔ སླར་འདུས་མ་ལུས་རང་གི་ལྟོ་བར་བསྡུས༔ ལུས་ཀུན་བར་མེད་ཧཱུྃ་སྔོན་གྱིས་གང་བསམ༔ འཕྲོ་འདུས་ཧཱུྃ་དབྱངས་རིང་ཐུང་གཉིས་ཀྱིས་བརྗོད༔ དེ་ནས་རང་གི་ཁ་ནས་ཧཱུྃ་མཐིང་གིས༔ གཟུགས་དངོས་གྲུབ་པའི་རི་བྲག་ཐམས་ཅད་ཀུན༔ རྫུན་ཕུག་ཟང་ཐལ་སྟོང་པར་བཤིག་བསམ་སྟེ༔ ཧཱུྃ་སྒྲ་དྲག་ཐུང་གྲངས་ལྡན་བརྗོད་པར་བྱ༔ སླར་ཡང་ཧཱུྃ་མཐིང་ཡེ་ཤེས་འོད་འབར་གྱིས༔ རང་ལུས་གདོས་བཅས་ཕུང་པོ་བདག་འཛིན་ལུས༔ ཡང་ཡང་ཕྱི་ནང་ཟང་ཐལ་རྫུར་ཕུག་ནས༔ བདག་མེད་སྟོང་པར་བཤིག་བསམ་ཧཱུྃ་ཐུང་བརྗོད༔ དེ་ནས་དམར་ནག་ཧཱུྃ་གི་ཕྲེང་འཁོར་འཁྱུད༔ འཁྲབ་འཁྱམས་ཐིག་ལེ་མཁའ་འདྲིལ་འདྲེས་ཀློང་ཐིམ༔ མ་བཅོས་ཁྱབ་གདལ་ལྷུག་པར་མཉམ་པར་བཞག༔ དེ་མཐར་རིག་པ་ཧཱུྃ་དཀར་འོད་འབར་བའི༔ སྣོད་བཅུད་སྣང་སྲིད་ཉུལ་ལམ་འོད་ཕུང་དུ༔ བཤིག་སྟེ་འཁོར་བ་འདས་པའི་ངང་དུ་བསྒྱུར༔ སངས་རྒྱས་ཞིང་ཉུལ་དབང་ལུང་གནང་ཐོབ་ཀྱིས༔ མཐར་བསྡུ་ཆོས་དབྱིངས་ངང་ལ་ལྷུག་པར་བཞག༔ བྱང་ཆུབ་སེམས་ཀྱི་གཞི་ཉིད་མ་ནོར་བར༔ སེམས་ཉིད་འཁོར་བ་དྲུག་ཏུ་རང་མྱོང་ལེན༔ དེ་མཐར་ཐོག་མཐའ་བར་གསུམ་རྩད་གཅོད་པས༔ མཐར་ཡང་ཁྱབ་གདལ་ཆོས་སྐུའི་དགོངས་པར་གནས༔ གནས་དྲུག་རྒྱུ་དྲུག་ས་བོན་བག་ཆགས་ཡུལ༔ རྡོ་རྗེ་གསུམ་གྱི་ངོ་བོ་འབྲུ་གསུམ་མེས༔ བསྲེག་སྦྱོང་བསྒོམ་བཟླས་འདི་ལ་ནན་ཏན་བྱ༔ འདི་དག་མཚན་མ་རྨི་ཉམས་མངོན་གསལ་བར༔ སྦྱོང་བས་གཟུང་འཛིན་བདེན་འཛིན་རྫུན་ཕུག་ཀུན༔ མངོན་དུ་ཕུད་ཕྱུང་རྡིབ་པའི་དགོས་པ་དང་༔ ཟག་བཅས་ཟག་མེད་སྐུར་གྲོལ་འཕོ་ཕྱིར་རོ༔ དེ་ནས་སྒོ་གསུམ་གནད་ལྡན་གཅིག་བསྟུན་ནས༔ མེ་ཆུའི་ཤེལ་ལ་སྒྲོན་མའི་གནད་ལྡན་གཏད༔ རླུང་རིག་དལ་བར་འཛིན་ཡུལ་གོལ་མ་གྱུར༔ རང་བྱུང་རིག་མདངས་ཕྱི་རུ་རང་གསལ་མངོན༔ དེ་ཤེས་ཞེན་མེད་རིག་པ་རྗེན་ནེ་རུ༔ མངོན་གསལ་ལྐོག་མིན་བཀྲ་ལ་བསྐྱང་པ་གནད༔ ཆེ་ཆུང་བཟོ་དབྱིབས་འཕེལ་འགྲིབ་འགྱུ་ལྡོག་གཟུགས༔ གང་ལྟར་རྣམ་པར་འགྱུར་ལ་གཟུང་འཛིན་གྱི༔ ཞེན་པ་མེད་པའི་ས་མཁན་ཤེས་རིག་བསྒྲིམ༔ སྣང་བཞི་མཐར་ཕྱིན་ཀུན་བཟང་དགོངས་པར་བསྐྱལ༔ གྲོལ་བ་དབང་པོ་ཉེ་རིང་རབ་འབྲིང་ཐ༔ ཕལ་ཆེར་བརྩོན་འགྲུས་ཉིད་ཀྱི་བྱེ་བྲག་བྱེད༔ འདི་ལྟར་གནད་ཤེས་བརྩོན་འགྲུས་ལྡན་པ་ཡི༔ ཉམས་ལེན་མཁན་ཀུན་འཇའ་ལུས་སྐུ་འགྲུབ་བོ༔ སྣོད་སྐལ་བརྩོན་འགྲུས་ལྡན་པ་མ་གཏོགས་པ༔ ཡུལ་མིན་ལོག་དྲེད་ལྡོག་མཁན་གང་འཆད་པ༔ སྟོན་ཉན་མཁན་གཉིས་ཕུང་ས་མཁའ་འགྲོས་འགྱེད༔ མ་འོངས་རྗེས་འཛིན་སྐྱེས་བུ་འདི་ལག་ལོངས༔ སྔགས་སྲུང་མ་མོ་མཁའ་འགྲོས་གཉེར་སོ་མཛོད༔ དམ་ཉམས་སྣོད་མིན་ལོག་སྤྱོད་དབང་པོ་བསྣུབ༔ ཤར་གྱི་བདུད་མོ་ས་ཐིལ་སྤུན་གཉིས་མོ༔ ལྷོ་ཡི་བདུད་པོ་སེ་ཕུང་ནག་པོ་སོགས༔ སྐྱེ་འགྲོ་ཕུང་འགྱེད་བདུད་ནག་ཕོ་མོའི་ཚོགས༔ སོད་ཐུལ་དབང་པོ་མིང་ཤུལ་མེད་གྱུར་གྱིས༔ ཕོ་ཉ་ལག་དམར་ཤན་པ་མ་མོས་མཛོད༔ ས་མ་ཡ༔ ༠༠༠༠༠༠༠༠བརྡ་ཡིག༔ ༣༣༣བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡི༔ གབ་ཐིག་གསང་བའི་གྭའུ་སྦ་འཁོར་བསྟན༔ འདི་ལ་༠༠༠༠བརྡ་ཡིག༔ ༣༣༣ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་པདྨ་གར་དབང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡའི༔ སྲེག་བླུགས་ཁམས་གསུམ་ཡོངས་སྒྲོལ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མེ་ཐབ་མཐིང་ནག་གྲུ་གསུམ་མེ་འབར་ལ༔ དྲག་པོའི་ཤིང་གིས་གྲུ་གསུམ་ཧོམ་བརྩིག་སྟེ༔ རྫས་སྣ་དགྲ་བགེགས་གཟུགས་ཕུང་གཏུབ་པ་བསྲེ༔ རང་ཉིད་ཀརྨ་ཀཱི་ལར་གསལ་བའི་མདུན༔ ཡེ་ཤེས་ལྷ་བསྐྱེད་ལས་གཞུང་ལྟར་བྱ་ཞིང་༔ དུག་གསུམ་དགྲ་བགེགས་གནས་ཡུལ་བྲན་འཁོར་བཅས༔ ཤ་ཁྲག་རུས་པའི་ཕུང་པོའི་རྣམ་པ་ལ༔ ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་བརླབས་ཏེ༔ དཔལ་ཆེན་ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པར་བསྟབ༔ བདེ་སྟོང་རོས་ཚིམས་ཚོགས་རྫོགས་སྒྲིབ་སྦྱང་བསམ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡ༔ རབ་འཇིགས་རྔམས་བརྗིད་ཞལ་གྱི་ཧོམ་ཁུང་དུ༔ བརྣག་པའི་དགྲ་བགེགས་སྲོག་དབུགས་དབང་བསོད་ནམས༔ ཚོགས་ཡུལ་ཁམས་དང་སྐྱེ་མཆེད་ཤ་རུས་ཁྲག༔ ཟག་མེད་བདུད་རྩིར་བསྒྱུར་བའི་ཚོགས་མཆོད་འབུལ༔ བཞེས་ནས་རྗེས་ཤུལ་ལྷག་ཙམ་མེད་པར་ཐོངས༔ ཨོཾ་ཀརྨ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ན་ཤ་ཏྲཱུཾ་མཱ་ར་ཡ་ཁཱ་ཧི༔ སརྦ་པཉྩ་ཛྙཱ་ན་ཨ་མྲྀ་ཏ་གྷ་ན་ཙཀྲ་ཁཱ་ཧི༔ ཅི་མང་བཟླས་ཕུལ་བསྟོད་དེ་རྗེས་རིམ་ཀུན༔ སྤྱི་ལྟར་ཚང་བར་བྱས་པས་དགྲ་བགེགས་རྣམས༔ མ་ལུས་བརླག་ཅིང་བྱང་ཆུབ་བར་ཆད་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༣༣༤བདག་འདྲ་པདྨ་དབང་དྲག་རྒྱལ་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཀརྨ་ཀཱི་ལ་ཡི༔ རྩ་དབང་ཆོས་ཉིད་སྤྲིན་ཕུང་ཞེས་བྱ་བསྟན༔ སྐུ་ཡིག་ཕྱག་མཚན་བུམ་གཏོར་ཐུན་བསྲེག་རྫས༔ མཁོ་བའི་ཡོ་བྱད་གཞུང་བཞིན་བཤམས་ཏེ་བསྒྲུབ༔ སྔོན་འགྲོའི་རིམ་པ་གཞུང་བཞིན་རྫོགས་པའི་མཐར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་མ་ཆགས་པདྨ་འདབ་སྟོང་བཞད་པའི་སྟེང་དུ༔ མ་ལས་ཉི་མ༔ ཏྲི་ལས་བམ་ཆེན་བཞི་བརྩེགས་ཀྱི་སྟེང་དུ༔ རྒྱུ་ཡི་ཡི་གེ་ཧཱུྃ་ལྗང་ནག་ཞུ་བ་ལས་ཀརྨ་ཀཱི་ལ་ལྗང་ནག་ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་གདེངས་ཤིང་༔ དུར་ཁྲོད་དཔལ་ཆས་རྒྱན་དང་གར་དགུའི་ཉམས་དང་ལྡན་པ་ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་དང་༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ༔ གཞུང་གི་སྤྱན་འདྲེན་དང་༔ རྩ་སྔགས༔ བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཞེས་ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ མེ་ཏོག་དོར་ལ༔ སྔོན་སྦྱངས་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་འབྲེལ་གང་ཡོད་པའི༔ ཡི་དམ་ལྷ་ལ་དབབ་པར་ཤོག༔ ཆོས་ཉིད་བདེན་པ་གསལ་བར་སྟོན༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ མིག་དར་དབྱེ་ཞིང་ལིང་ཏོག་བསལ་བ་ནི༔ ཧོཿ ཉོན་མོངས་བག་ཆགས་རྣམ་སྨིན་གྱིས༔ བསྒྲིབས་པའི་མ་རིག་ལིང་ཏོག་དེ༔ ཐུགས་རྗེའི་ཟེར་གྱིས་རབ་གསལ་བས༔ ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ དཔལ་ཆེན་ཀརྨ་ཀཱི་ལ་བཞུགས༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་ཡི༔ ཞིང་དང་བཀོད་པ་སྐུ་ལ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ རིགས་ཀུན་སྐུ་ཡི་དབང་རྫོགས་ཤོག༔ རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀརྨ་ཀཱི་ལའི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དཔལ༔ ཆེ་བའི་ཆེ་མཆོག་ཀརྨ་ཀཱི་ལ་ཡས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིགས་དང་དཀྱིལ་འཁོར་ཀུན་ལ་དབང་ཐོབ་ཤོག༔ རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཨོཾ་ཡིག་ཐོགས་ལ༔ ཧཱུྃ༔ རིགས་ཀུན་རྒྱལ་བ་སྲས་བཅས་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྔགས་ཕྲེང་དང་དབྱངས་གསལ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡའི༔ གསུང་གི་སྙིང་པོ་སྔགས་ཀྱི་དབང་༔ བསྐུར་བས་ངག་སྒྲིབ་མ་ལུས་དག༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་དང་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨཱཿཡིག་ཐོགས་ལ༔ ཧཱུྃ༔ རིགས་ཀུན་རྒྱལ་བ་སྲས་བཅས་ཀྱི༔ གསུང་གི་ས་བོན་ཨཱཿདམར་པོས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཝཱཀ་བཛྲ་ཨ་བྷི་ཥིཉྩ་ཨཱཿདེ་ནས་གསང་ཡུམ་གཏད་ལ༔ ཧཱུྃ༔ འཁྲུལ་པའི་འཁོར་ལོ་ཐབས་ཀྱིས་འཇིགས་པ་ལ༔ ཤེས་རབ་རྩལ་ཆེན་སྦར་བའི་ཡེ་ཤེས་མཚོ༔ ལས་ཀྱི་མཁའ་འགྲོ་མ་ཚོགས་འདུས་པ་ཡི༔ མཚན་དང་ལྡན་པ་བཅུ་དྲུག་ལང་ཚོས་མཛེས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པར་བགྱི༔ ཐབས་དང་ཤེས་རབ་གཉིས་སུ་མེད་པ་དང་༔ རྩ་རླུང་ཐིག་ལེ་གཏུམ་མོར་དབང་ཐོབ་ཅིང་༔ སྦྱོར་སྒྲོལ་མཐར་ཕྱིན་འཇའ་ལུས་ཐོབ་པར་ཤོག༔ མ་ཧཱ་མུ་དྲ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཧཾ་ཡིག་དཀར་པོ་ཐོགས་ལ༔ ཧཱུྃ༔ ཧཾ་ཡིག་རིགས་ཀུན་ཡོངས་འདུས་ངོ་བོ་ཉིད༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་ཆར་འབེབས་ཤིང་༔ རྩ་ཁམས་དག་སྦྱོར་དཔའ་བོ་མཁའ་འགྲོ་མཆོད༔ བྱིན་རླབས་ཡེ་ཤེས་རླུང་གི་བཅུད་ཆེན་འཁྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་རང་དབང་ཐོབ་པ་ཡི༔ དབང་དང་དགའ་བཞིའི་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཨ་ཤད་མེ་འབར་ཐོགས་ལ༔ ཧཱུྃ༔ ཨ་ཤད་རྒྱལ་ཀུན་ཡུམ་གྱི་ངོ་བོ་ཉིད༔ ཤེས་རབ་ཡེ་ཤེས་མེ་ཡི་རང་བཞིན་གྱིས༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་བསྐྱེད་ཅིང་སློང་༔ མ་རིག་ཉོན་མོངས་བག་ཆགས་ཐམས་ཅད་བསྲེགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཏུམ་མོའི་མེ་ཡི་བདེ་དྲོད་རབ་འབར་བས༔ འབྱུང་བ་གནས་དག་འབྱུང་ལྔར་དབང་བསྒྱུར་ནས༔ མཐར་ཐུག་ཀུན་བཟང་དགོངས་པར་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་པྲཛྙཱ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡི༔ ཐུགས་མཆོག་འགྱུར་མེད་རྡོ་རྗེའི་དབང་༔ བསྐུར་བས་ཡིད་ཀྱི་སྒྲིབ་པ་དག༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཅིང་༔ རྡོ་རྗེའི་ཐུགས་དང་གཉིས་མེད་ཤོག༔ རྩ་སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་ཡིག་ཐོགས་ལ༔ ཧཱུྃ༔ རིགས་ཀུན་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོམ་པ་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཨ་མཐིང་ཐོགས་ལ༔ ཧཱུྃ༔ རང་རིག་སྐྱེ་མེད་རྩ་བྲལ་ཡི་གེ་ཨ༔ སྤྲོས་བྲལ་ཀ་དག་ཡེ་ཤེས་ཆེན་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་དགོངས་པར་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་ས་མ་ཏི་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨ་དཀར་ཐོགས་ལ༔ ཧཱུྃ་ཨ༔ རང་རིག་སྐྱེ་འགགས་གནས་མེད་གསལ་མདངས་ལྡན༔ སྤྲོས་བྲལ་ཀ་དག་ཡེ་ཤེས་ཨ་དཀར་པོས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་དགོངས་པར་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་ས་མ་ཏི་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨ་སེར་ཐོགས་ལ༔ ཧཱུྃ༔ རང་རིག་སྐྱེ་འགགས་གནས་མེད་རང་གྲོལ་གཞི༔ སྤྲོས་བྲལ་ཀ་དག་ཡེ་ཤེས་ཨ་སེར་པོས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་དགོངས་པར་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་ས་མ་ཏི་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨ་དམར་ཐོགས་ལ༔ ཧཱུྃ༔ རང་རིག་རང་ཤར་སོ་སོར་རང་གྲོལ་བ༔ སྤྲོས་བྲལ་ཀ་དག་ཡེ་ཤེས་ཨ་དམར་པོས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་དགོངས་པར་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་ས་མ་ཏི་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨ་ལྗང་ཐོགས་ལ༔ ཧཱུྃ་ཨཱཿརང་རིག་ཡེ་ཤེས་རང་བྱུང་རང་གཞིར་སངས༔ སྤྲོས་བྲལ་ཀ་དག་ཡེ་ཤེས་ཨ་ལྗང་གསལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་དགོངས་པར་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་ས་མ་ཏི་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨ་མཐིང་འོད་ཀྱི་མུ་ཁྱུད་ཅན་ཐོགས་ལ༔ ཧཱུྃ་ཨ༔ རང་རིག་ཡེ་ཤེས་ཡུལ་མེད་ཟང་ཐལ་ལེ༔ རང་སྣང་འོད་གསལ་ཡེ་ཤེས་ལྔ་ལྡན་ཞིང་༔ རང་རིག་ཆོས་སྐུ་རང་མདངས་ཡེ་ཤེས་འཁོར༔ སྐྱེ་འགགས་གནས་མེད་ཡི་གེ་ཨ་མཐིང་ནག༔ རང་མདངས་སྒྱུ་འཕྲུལ་འཁོར་ལོ་འོད་དུ་གསལ༔ རང་རིག་རང་གསལ་འཁོར་འདས་མ་འདྲེས་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་ཅིང་༔ སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་དྷརྨ་དྷཱ་ཏུ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་ལྕགས་ཕུར་ཐོགས་ལ༔ ཧཱུྃ༔ ཁམས་གསུམ་སྲིད་གསུམ་ཉོན་མོངས་དུག་གསུམ་དང་༔ གཟུང་འཛིན་འཁྲུལ་པ་སྐུ་གསུམ་ཀློང་སྒྲོལ་གྱི༔ ཐོགས་མེད་གནམ་ལྕགས་ཕུར་པ་མེ་འབར་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་བ་ཡོངས་སྒྲོལ་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་ཐུན་རྫས་སྣ་ཚོགས་ཐོགས་ལ༔ ཧཱུྃ༔ ཉོན་མོངས་ལོག་རྟོག་མ་ལུས་འཇོམས་པ་ཡི༔ བདག་མེད་རྟོགས་པའི་ཡེ་ཤེས་འོད་ཟེར་མཚོན༔ འཁྲུལ་པ་བཤིག་བྱེད་ཐུགས་རྗེའི་མཚོན་ཐུན་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མ་རིག་འཁྲུལ་པའི་རྣམ་རྟོག་བདུད་བགེགས་དང་༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་དང་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་ལིངྒ་ལྕགས་ཕུར་ཐུན་གྱིས་གཟིར་ལ༔ ཧཱུྃ༔ གཟུགས་ཀྱི་སྙིང་གར་ནྲྀ་ཏྲི་འཆར་བ་འདི༔ གཟུགས་ཅན་གཟུགས་མེད་བྲོས་པའི་གོ་སྐབས་མེད༔ འཁོར་བ་ཡོངས་སྒྲོལ་ཡེ་ཤེས་མཚོན་ཐུན་གྱིས༔ གཟུང་འཛིན་བདག་མེད་ཀློང་དུ་སྒྲོལ་བའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧཱ་ཀརྨ་སརྦ་ཀྲོ་དྷ་དྷརྨ་པཱ་ལ་དགྲ་བགེགས་ཏ་ཐ་ཡ་ཛྭ་ལ་རཾ་རྦད་ནན་ཧཱུྃ་ཕཊ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧོམ་དང་བསྲེག་རྫས་ཐོགས་ལ༔ ཧཱུྃ་ཧྲཱིཿའཁོར་འདས་ཀརྨ་ཀཱི་ལའི་སྐུར་གསལ་བའི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པ་རུ༔ ཉོན་མོངས་དུག་ལྔ་དུག་གསུམ་རྒྱུར་བྱུང་བའི༔ རྐྱེན་སྣང་དགྲ་བགེགས་བསྟབ་པའི་དབང་ཐོབ་ཤོག༔ རྩ་སྔགས་དང་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ སརྦ་ཏ་ན་ག་ན་པཱུ་ཛ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཨཱཿདེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་བ་ལིཾ་ཏ༔ རིགས་ཀུན་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་སྤྱོད་ཤིས་བརྗོད་སྤྱི་ལྟར་བྱ༔ དབང་འདི་ཐོབ་པའི་སྐལ་ལྡན་རྣམས༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ལ༔ འཇུག་ཆོག་ཟབ་ལམ་དམ་པའོ༔ ཚེ་གཅིག་སྒྲུབ་པས་ཉམས་སུ་ལོངས༔ ཚེ་འདིར་མཆོག་གི་དངོས་གྲུབ་འཐོབ༔ ཐུན་མོང་དངོས་གྲུབ་ལྟ་ཅི་སྨོས༔ སྣོད་ལྡན་གང་ཟག་མ་གཏོགས་པ༔ ཉམས་པ་ཅན་ལ་བཀའ་རྒྱས་ཐོབས༔ གསུམ་ལས་མང་ལ་བསྐུར་མི་རུང་༔ མ་མོ་མཁའ་འགྲོས་གཉེར་སོ་མཛོད༔ བཀའ་འདས་དམ་ལོག་སྲོག་རྩ་ཆོད༔ དམ་ཅན་རྣམས་ལ་གྲོགས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠༠༠༠༠བརྡ་ཡིག༔ ༣༤༢བདག་འདྲ་རིག་འཛིན་པདྨ་བདུད་འཇོམས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ཀུན་ཐུབ་རྡོ་རྗེ་ཕ་ལམ་ཙཀྲ་བསྟན༔ ཀྱེ་མ་མངའ་བདག་རྒྱལ་པོ་གསོན་མཛོད་ཅིག༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལོ་ཉེས་སད་སེར་དུས་འཁྲུལ་མཚོན་བསྐལ་དར༔ ནད་དང་གདོན་རིགས་སྔར་མ་གྲགས་པ་ཡི༔ བད་ཀན་༠༠༠༠༠༠༠༠བརྡ་ཡིག༔ ༣༤༣ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མོ་མཁའ་འགྲོའི་ཚོགས་ཀྱིས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་ཁྲག་འཐུང་པདྨ་བདུད་འདུལ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་ཧཱུྃ་ཀཱ་རའི༔ གསང་བ་སྒོས་ཀྱི་སྒྲུབ་པ་ཟབ་མོ་བསྟན༔ འདི་ཉིད་ལག་ལེན་རིམ་པ་ནི༔ དཀྱིལ་འཁོར་དབྱིབས་ལེགས་མཛེས་ལྡན་གྱིས༔ དབུས་སུ་མེ་ཏོག་ཚོམ་བུའི་དབུས༔ བུམ་པའི་ཁ་རྒྱན་ཁྲོ་ཕུར་ལ༔ དར་མཐིང་གིས་དཀྲིས་མཆོད་རྫས་བཤམ༔ གཟུང་འཛིན་སྐད་ཅིག་སྟོང་པར་རིག་པ་ཡི༔ ངང་ལས་རང་རིག་ཡེ་ཤེས་ལྷར་གསལ་ནི༔ ཧཱུྃ་ཧཱུྃ༔ རང་རིག་ཧཱུྃ་ལས་འཕྲོ་འདུས་གཞལ་ཡས་དབུས༔ མ་ཆགས་སྐྱོན་བྲལ་པདྨ་ཉི་མའི་དབུས༔ བདག་འཛིན་རཱུ་དྲ་ཕོ་མོ་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་ཉིད་ཁྲོ་རྒྱལ་ཧཱུྃ་ཀཱ་ར༔ སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་རབ་འཇིགས་གཏུམ་རྔམས་ཞལ༔ སྤྱན་དགུ་སྡང་མིག་བར་སྣང་ཁམས་སུ་གཟིགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་གཏིབས༔ དང་པོའི་ཕྱག་གཉིས་རྡོ་རྗེས་ཐོད་ཁྲག་དཀྲུགས༔ བར་པས་མདའ་གཞུ་དགྲ་བགེགས་སྙིང་ལ་གཟིར༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ ཞབས་བཞིས་གདོན་ཚོགས་ཕོ་མོ་མ་ལུས་གནོན༔ ཁམས་གསུམ་རྣམ་རྒྱལ་ཁྱུང་གཤོག་མཁའ་ལ་གདེངས༔ དུར་ཁྲོད་དཔལ་ཆས་གར་དགུའི་ཉམས་རྫོགས་ཤིང་༔ ཡེ་ཤེས་མེ་ཀློང་ནམ་མཁའ་ཁྱུང་གིས་བརྒྱན༔ ཡུམ་མཆོག་རྡོ་རྗེ་སྒྲ་འབྱིན་གཡོན་ནས་འཁྲིལ༔ སྔོ་སྐྱ་དྲིལ་བུ་བྷན་དམར་ཡབ་ལ་འཁྲིལ༔ རང་མདངས་སྒྱུ་འཕྲུལ་འཁོར་ལོ་སྐུ་ལ་རྫོགས༔ སྤྲུལ་པའི་ཟ་གསོད་ཕོ་ཉ་ལས་ལ་འགྱེད༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿཆོས་ཉིད་སྒྱུ་མར་རོལ་པའི་དུར་ཁྲོད་ནས༔ མི་འཇིགས་འཇིགས་བྱེད་དྲག་པོའི་སྐུར་སྟོན་པ༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་ཧཱུྃ་ཀཱ་ར༔ ཡབ་ཡུམ་སྲས་འཁོར་སྒྱུ་འཕྲུལ་འཁོར་ལོའི་ཚོགས༔ ཆོས་ཀྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ སྒྲུབ་མཆོག་དད་པའི་ཤུགས་ཀྱིས་སྤྱན་འདྲེན་ནོ༔ ཆོས་དབྱིངས་ཀློང་ལས་སྒྱུ་མར་སྐུར་བཞེངས་ལ༔ རང་གྲོལ་རང་དབང་བསྐུར་ཕྱིར་གཤེགས་སུ་གསོལ༔ རྩ་སྔགས་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿ ཁྲོ་རྒྱལ་བདུད་འདུལ་དྲག་པོའི་ལྷ་ཚོགས་རྣམས༔ པད་ཉི་གདོན་ཚོགས་བསྣོལ་བའི་གདན་སྟེངས་སུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་རོ་གཅིག་ཏུ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿསྣང་བ་འོད་གསལ་ཆེན་པོའི་གཞལ་ཡས་ནས༔ རང་རིག་ཡེ་ཤེས་རང་ངོར་སངས་པ་ཡི༔ གནས་ལུགས་ལྷུམས་ཞུགས་ཡེ་ཤེས་ཁྲོ་བོར་ཤར༔ རང་ཉིད་ལྷ་ལ་རང་མདངས་ཀྱིས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿདབྱིངས་དང་ཡེ་ཤེས་དབྱེར་མེད་མཉམ་སྦྱོར་བ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ཆེན་པོ་ལ༔ ཁྱབ་གདལ་དགོངས་པ་ཡེ་ཤེས་སྒྱུ་མའི་གར༔ གཟུང་འཛིན་སྣང་སེམས་སྒྱུ་མར་བཤིག་པ་ཡི༔ བླང་དོར་གཉིས་མེད་རང་རིག་རང་ཀློང་དུ༔ འགྱུར་མེད་འདོད་ཡོན་མཆོད་པའི་མཆོག་ཆེན་འབུལ༔ ཨོཾ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་པཉྩ་གྷ་ཎ་ཙཀྲ་ཨརྒྷཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་རཱུ་པ་ཤཔྡ་སོགས་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ཛྙཱ་ན་གུ་ཧྱ་སརྦ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་ཀློང་ཆེན་ཡངས་པའི་ཞིང་ཁམས་སུ༔ ཉོན་མོངས་ཡོངས་བསྒྲལ་རོ་ཐང་བརྡལ་བ་ཡི༔ འཁོར་འདས་མཉམ་པར་སྦྱོར་བའི་དུར་ཁྲོད་ནས༔ རྣམ་བཀྲ་ཡེ་ཤེས་རང་ངོར་སངས་པ་ཡི༔ ཀ་དག་རིག་སྟོང་ཉོན་མོངས་སྦུབས་ནས་ཐོན༔ ཡེ་རིག་རྣམ་རྒྱལ་ཁྲོ་བོར་གར་བསྒྱུར་བ༔ རང་མདངས་སྒྱུ་འཕྲུལ་གར་གྱི་ཕོ་ཉ་འཁོར༔ རང་རིག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་རིས་མེད་ཀུན་ཁྱབ་གདལ༔ མཐའ་བྲལ་གཞོམ་མེད་མཁའ་ཁྱབ་སྐུའི་བཀོད་པར༔ འཁོར་འདས་ཐམས་ཅད་ཡོངས་སུ་རྫོགས་པ་ཡི༔ འགྱུར་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཚངས་དབྱངས་འགགས་མེད་ཆོས་ཉིད་རང་སྒྲ་ལྡིར༔ རྒྱལ་ཀུན་གསུང་འདུས་མཉམ་སྦྱོར་སྔགས་སྒྲ་སྒྲོགས༔ ཧཱུྃ་སྒྲ་དྲག་པོས་འཁོར་བ་འདས་པར་འཇིགས༔ འགགས་མེད་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཀ་དག་ཁྱབ་གདལ་ནམ་མཁའ་ལྟ་བུའི་ཐུགས༔ གཡོ་མེད་ཡེ་ཤེས་སྒྱུ་འཕྲུལ་འཁོར་ལོའི་གར༔ འཁོར་བ་དབྱིངས་སྒྲོལ་ཐབས་ཀྱིས་རང་ཚུལ་ངོམས༔ གཡོ་མེད་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཁྱབ་གདལ་ཆོས་དབྱིངས་ཞལ་ཕྱག་མི་མངོན་པ༔ མི་གཡོ་གཡོ་བའི་གང་འདུལ་ཐབས་མང་གིས༔ མ་ངེས་སྒྱུ་འཕྲུལ་སྣ་ཚོགས་སྐུར་སྟོན་པ༔ རང་རིག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་མདངས་ཤར་བའི༔ རང་འདྲའི་སྲས་དང་སྤྲུལ་པ་བསམ་ཡས་ཀྱིས༔ མ་རིག་ལོག་རྟོག་རཱུ་དྲ་དབྱིངས་སུ་སྒྲོལ༔ རང་རིག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཛབ྄་འཁོར་རྡོ་རྗེ་མེ་འབར་ནི༔ རང་ཉིད་ཡེ་ཤེས་ཁྲོ་རྒྱལ་ཧཱུྃ་ཀཱ་རའི༔ ཐུགས་དབུས་ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཉི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་ལ༔ སྔགས་ཕྲེང་མགལ་མེ་ལྟར་འཁོར་འཕྲོ་འདུས་ལས༔ རྒྱལ་ཀུན་ཐུགས་རྗེ་དབང་བྱིན་དངོས་གྲུབ་བསྡུས༔ སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་དུ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ དེ་ནས་དམིགས་རིམ་ནི༔ སླར་ཡང་འོད་ཟེར་དྲག་ཅིང་ཚ་རྩུབ་པས༔ གདུག་ཅིང་སྡང་སེམས་ལྡན་པའི་བདུད་བགེགས་རྣམས༔ ཉོན་མོངས་འཁྲུལ་བཤིག་བདག་འཛིན་ཕུང་པོ་གཏོར༔ རྣམ་ཤེས་ཀུན་བཟང་ཆོས་སྐུའི་ཀློང་དུ་བསྒྲལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ མ་འོངས་ལྔ་བརྒྱ་དུས་ཀྱི་གང་ཟག་རྣམས༔ སྒྲུབ་པའི་སྒོར་འཇུག་དཀྱིལ་འཁོར་ཞལ་ཕྱེ་དུས༔ ལྷ་སྒོམ་དག་དྲན་འཕྲོ་འདུས་གནད་ཟེར་ཀུན༔ མ་ནོར་སོ་སོར་མཁས་པས་ལག་ལེན་ཐོབ༔ བྱང་ཆུབ་སེམས་བསྐྱེད་ཆོས་ཀུན་རྩ་བའོ༔ རྫོགས་པ་ཆེན་པོ་ཆོས་ཀུན་གྲོལ་སའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠བརྡ་ཡིག༔ ༣༤༨བདག་འདྲ་རྗེ་བཙུན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་རའི༔ ཐུགས་ཀྱི་གྭའུ་གཟའ་འཇོམས་སྲུང་འཁོར་བསྟན༔ འདི་ཡི་ལག་ལེན་༠༠༠༠༠བརྡ་ཡིག༔ ༣༤༨ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གཟའ་བརྒྱད་ཁ་ཆིངས་རྡོ་རྗེ་གྭའུ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ཙཀྲ་མུ་ཁྱུད་རིམ་པ་༠༠༠༠༠༠༠༠བརྡ་ཡིག༔ ༣༤༨ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གཟའ་སྐར་དུག་འཇོམས་ཡེ་ཤེས་བདུད་རྩི་བསྟན༔ རང་ཉིད་ཁྲོ་རྒྱལ་ཆེན་པོ་ཧཱུྃ་ཀཱ་རའི༔ སྐུ་ལས་ཡེ་ཤེས་མེ་དང་ལྕགས་ཁྱུང་གིས༔ སྣང་སྲིད་ཁམས་གང་རབ་འཇིགས་རོལ་གར་འགྱེད༔ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས༔ དུག་དང་གྲིབ་གདོན་ནད་རིགས་མ་ལུས་པ༔ ཧབ་ཧབ་འཇོམས་ཤིང་རྗེས་ཤུལ་ལྷག་མེད་བཏང་༔ སྤྲུལ་པའི་ལས་བྱེད་མཐུ་སྟོབས་གཟི་བརྗིད་འབར༔ སྣང་སྲིད་ཡེ་ཤེས་མེ་དཔུང་འཁྱིལ་གང་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གྲིབ་གདོན་གནོད་བྱེད་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ སྔགས་འདི་བཟླས་པས་གཟའ་དང་རྒྱུ་སྐར་དང་༔ གྲིབ་གདོན་ཐམས་ཅད་གཞོམ་པར་ཐེ་ཚོམ་མེད༔ ལྷ་སྲིན་སྡེ་བརྒྱད་གནོད་པ་བཟློག་བྱེད་ཀྱི༔ རང་སྲོག་རང་བཟློག་ཟབ་མོ་འདི་བརྗོད་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་གནོད་བྱེད་རྦད་བྷྱོ༔ གརྫ་གརྫ་ཧཱུྃ་ཕཊཿགཟའ་ཡི་གྲིབ་འཇོམས་གནམ་ལྕགས་རྡོ་རྗེ་ནི༔ སྐུད་པ་ནག་པོ་གསུམ་བསྒྲིལ་བྱས་པ་ལ༔ རྡོ་རྗེའི་མདུད་བཅངས་དེ་ཡི་དམིགས་པ་ནི༔ མདུད་པའི་ངོ་བོ་ཁྲོ་རྒྱལ་ཧཱུྃ་ཀཱ་ར༔ རྣམ་པ་གནམ་ལྕགས་རྡོ་རྗེ་མེ་འབར་བའི༔ ལྟེ་བར་ཡེ་ཤེས་ལྔ་ཡི་གུར་ཁང་དབུས༔ བསྲུང་བྱའི་ལུས་ངག་ཡིད་གསུམ་སྲུངས་སུ་ཚུད༔ མི་འཇིགས་ནམ་མཁའི་རྡོ་རྗེས་རྒྱས་གདབ་བོ༔ དེ་ཡི་སྔགས་ཕྲེང་ཡེ་ཤེས་མེ་འཁོར་ནི༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གཟའ་སྐར་འབྱུང་བའི་གྲིབ་གདོན་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་རཀྵ་རཀྵ་སྭཱ་ཧཱ༔ ལན་བདུན་བཟླས་ཏེ་བསྲུང་བྱའི་མགུལ་དུ་བཏགས༔ གྲིབ་གདོན་གང་གིས་གནོད་པས་ཚུགས་མི་འགྱུར༔ གྲིབ་འཇོམས་གནམ་ལྕགས་རྡོ་རྗེའི་རྫོང་ཁྲོམ་ལ༔ མཚལ་ལམ་སྣག་ཚར་མེ་འཁོར་སྟོང་བཏབ་སྟེ༔ ཨ་ལི་ཀ་ལི་རྟེན་སྙིང་བརྒྱ་རེ་བཏབ༔ སྲུང་བ་འདི་ཉིད་ནོར་འཁྲུལ་མེད་པར་བྲི༔ རི་མོ་ཡོད༔ ༣༥༠རྩིབས་དང་མུ་ཁྱུད་མེད་པའི་གླིང་གཅིག་གོ༔ གླིང་མཐའ་མེ་རིས་བསྐོར་ཏེ་མགུལ་དུ་བཏགས༔ གྲིབ་འཇོམས་ཡེ་ཤེས་མེ་ལྕེ་ལྔ་པ་ནི༔ མཚལ་ལམ་སྣག་ཚར་མེ་འཁོར་སྟོང་བཏབ་སྟེ༔ ཉིན་དུས་གསུམ་དུ་ཟོས་པས་གྲིབ་ཀུན་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་ཧཱུྃ་ཀཱ་རའི༔ བླ་རྡོ་ཡིད་བཞིན་ཆར་འབེབས་ཟབ་མོ་ནི༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང་བཏབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ རི་མོ་ཡོད༔ ༣༥༡ས་མ་ཏི་ཨ་ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་ཕཊ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བརྒྱ༔ མེ་རིས་བསྐོར་ཞིང་ཕྱོགས་བཞིར་ལས་མཚོན་བྲི༔ རྫས་ལ་མུ་མེན་དང་ཤེལ་གསེར་བྱི་རུ༔ གཡུ་དང་བཟང་དྲུག་བྱུག་ཅིང་མགུལ་དུ་བཏགས༔ ཚེ་འདིའི་བར་ཆད་ཀུན་སེལ་དངོས་གྲུབ་འབྱུང༔ ཕྱི་མ་ཡི་དམ་ལྷ་ཡིས་རྗེས་འཛིན་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མོ་ཆེན་མོ་སྲིད་པའི་རྒྱལ་མོ་དང་༔ སྔགས་སྲུང་བཅུ་གཉིས་བདུད་མགོན་སེང་གེའི་གདོང་༔ གནོད་སྦྱིན་ཤན་དམར་བཙན་རྒོད་སྐྱ་གཅིག་སོགས༔ གསང་སྔགས་བཀའ་ཡི་སྲུང་མ་ཡོངས་ལ་གཉེར༔ འཛིན་སྐྱོང་སྤེལ་བ་ཚུལ་བཞིན་ལྡན་པ་ཡི༔ ལས་ཅན་སྐལ་ལྡན་རྣམས་ལ་བུ་ལྟར་སྐྱོངས༔ དམ་ཉམས་བཀའ་རྐུན་ལོག་སྲེད་ལོག་སྤྱོད་དང་༔ ཉེས་འགྱོད་སྐུར་འདེབས་ཟོག་པོ་རྫུན་མཁན་རྣམས༔ ཧུར་ཐུམ་སྲོག་གི་མར་མེ་བསྣུབ་པར་གྱིས༔ སྙིང་ཁྲག་དྲོན་མོ་རྔམས་པར་ཧུབ་ཀྱིས་འཐུང་༔ གཤེ་སྐུར་མཁན་ལ་བཀའ་ཡི་རྒྱས་ཐོབ་ཅིག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་མཁའ་འགྲོའི་རྒྱལ་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གནོད་བྱེད་གཟའ་སྐར་ཕྱིར་བཟློག་འཁོར་ལོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ཙཀྲ་མུ་ཁྱུད་རིམ་པ་གསུམ་བསྐོར་ལྟེ་བ་ཁྱོན་ཡངས་ཁ་ཁྱེར་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ སརྦ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ་ཛ་ཛཿཞེས་བྲི༔ མུ་ཁྱུད་དང་པོ་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་གཏུམ་པོ་ལི་གཏུམ་པོ་ལི༔ སིག་དུམ༔ སིག་དུམ༔ མེ་མེ་ཤིག་ཤིག༔ གཟའ་ཁ་ཏྲ་རུ་ཏྲ་ཡེ་སྭཱ་ཧཱ༔ གྲིབ་གདོན་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གཉིས་པ་ལ་འཁོར་ལོ་རྩིབས་བརྒྱད་བྲི༔ ཤར་རྩིབས་ལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ལྷོ་རྩིབས་ལ༔ ཨོཾ་རཏྣ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནུབ་རྩིབས་ལ༔ ཨོཾ་པདྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བྱང་རྩིབས་ལ༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཤར་ལྷོར༔ ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ༔ ལྷོ་ནུབ་ཏུ༔ ཨོཾ་རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ༔ ནུབ་བྱང་དུ༔ ཨོཾ་པདྨ་ཀྲོ་དྷི་ཤྭ་རི་སྟྭཾ༔ བྱང་ཤར་དུ༔ ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ༔ རྩིབས་མཆན་རྣམས་ལ༔ ཉི་མའི་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟླ་བའི་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མིག་དམར་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷག་པའི་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕུར་བུ་དང་པ་སངས་ཀྱི་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྤེན་པ་དང་རཱ་ཧུ་ལའི་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གདོང་མོའི་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱུ་སྐར་གྱི་གྲིབ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ༔ ཨཿཡཿམཿདུཿརུཿཙཿཤཿནཿཨེཿབཾཿསུཾཿཡཾཿརཾཿསྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་འབྱུང་བ་ལྔའི་གྲིབ་གདོན་ནད་རིགས་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྷྱོ་ཟློག་ནན་རྦད༔ དེ་མཐར་མེ་རི་བྲི༔ ནག་པོ་དགུ་སྦྱོར་བྱུག༔ འདི་བསྐོར་སྐྱེ་འགྲོ་ཕོ་མོ་ཡི༔ ནད་རིགས་གྲིབ་གདོན་ཐམས་ཅད་དང་༔ བདུད་བགེགས་བྱད་ཁ་ཐམས་ཅད་ཀྱི༔ ཕྱོགས་ལས་རྒྱལ་འགྱུར་ཐེ་ཚོམ་མེད༔ མང་དུ་སྤེལ་ན་རང་ལ་འཁུ༔ མ་མོ་སྔགས་སྲུང་ཚོགས་ལ་གཉེར༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བཀའ་རྒྱ༔ མ་འོངས་ཚེ་ལོ་བརྒྱད་བཅུའི་དུས༔ གསེར་སྨྱོན་བདུད་འཇོམས་གླིང་པར་སྤྲོད༔ སྤུ་མིང་ཡིག་མཁན་ཆེད་དུ་ཛ༔ དབང་གི་མིང་ལ་གཏད་རྒྱ་མཛོད༔ ས་ར་ཧ་བྷར་གཉེར་གཏོད་ཅིག༔ ཤྲཱི་བཛྲ་སྤེལ་པོར་ཛ༔ སྲུང་མ་མ་མོའི་ཚོགས་རྣམས་ཀྱིས༔ འབོད་བསྡུ་ལས་ཀྱི་ཕོ་ཉ་མཛོད༔ གཞུང་གསལ་སྦས་རྒྱའི་ལག་ལེན་གསང་༔ དགེ་སྦྱོར་ཕུན་སུམ་ཚོགས་པ་དང་༔ དབང་འབྱོར་ཆོས་ཀྱི་རྒྱ་མཚོ་ཟབ༔ སེང་གེའི་གཉན་གོང་སྲུང་མའི་གྲོགས༔ མི་ནུབ་དར་རྒྱས་འགྲོ་བ་འདུལ༔ རོ་སྙོམས་ཕག་མོ་རྒྱུན་རིང་ཆུ་ཡི་ཁྱིམ༔ ཡུལ་ཀུན་གཞུང་དུ་མི་ནུབ་རྒྱལ་མཚན་ཕྱར༔ སངས་རྒྱས་རྒྱ་མཚོའི་སྤྱི་ཡུམ་དགེ༔ ངོ་མཚར་རྨད་བྱུང་གསང་སྔགས་ཆོས༔ མ་བཙལ་རང་བྱུང་རྟེན་འབྲེལ་བརྒྱད༔ གསེར་ཐང་དཔག་བསམ་ལྗོན་ཤིང་དང་༔ མེ་ཏོག་ཆར་དང་འདོད་ཡོན་ཆར༔ འབེབས་དབབ་བཀྲམ་པ་ལྟ་བུ་སྟེ༔ ས་ཐིལ་སྤྲུལ་པའི་དམ་སྲི་ཡིས༔ མི་གཙང་རྐང་པའི་མཐིལ་གྱིས་བྱུག༔ རྟེན་འབྲེལ་འདི་དུས་ཤིན་ཏུ་གཟོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་གཡེལ་མ་གཡེལ་སྔགས་སྲུང་ཚོགས༔ གཏད་དོ་གཉེར་རོ་བཀའ་འདི་གཉེར༔ ས་མ་ཡ༔ བདག་འདྲ་༠༠༠༠༠༠༠བརྡ་ཡིག༔ ༣༥༥བདག་འདྲ་རིག་འཛིན་རྒྱལ་པོ་པད་བྱུང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྡོ་རྗེ་ཁྲོ་རྒྱལ་ཆེན་པོ་ཧཱུྃ་ཀཱ་རའི༔ སྲེག་བླུགས་ཁམས་གསུམ་རོལ་པ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མེ་དཀྱིལ་གྲུ་གསུམ་རྫས་དཀྱིལ་གྲུ་བཞི་བྱ༔ འབྲུ་སྣ་རྣམ་ལྔ་འདོད་ཡོན་སྨན་རཀ་གཏོར༔ དགྲ་བགེགས་གཟུགས་ཕུང་མིང་བྱང་བཅས་པ་བཤམ༔ མཆོད་སྦྱིན་སྔོན་འགྲོའི་རིམ་པ་རྫོགས་པའི་མཐར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴ སྟོང་པའི་ངང་ལས་ཡེ་ཤེས་གཞལ་ཡས་དབུས༔ པད་ཉི་གདོན་ཚོགས་བསྣོལ་བའི་གདན་སྟེངས་སུ༔ གཞུང་ལྟར༔ དེ་ནས་རྫས་རྣམས་འབུལ་བ་ནི༔ ཧཱུྃ༔ འཁོར་འདས་ཡོངས་ཁྱབ་ཁྲོ་རྒྱལ་ཧཱུྃ་ཀཱ་རའི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པ་རུ༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་ངོ་བོ་ལ༔ རྣམ་པ་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་འབུལ༔ བཞེས་ནས་བདག་ཅག་ཚོགས་རྫོགས་སྒྲིབ་སྦྱངས་ཏེ༔ ལྷ་ཡི་གདོན་དང་གཟའ་སྐར་སྡེ་བརྒྱད་ཀྱིས༔ གདུག་རྩུབ་གནོད་པའི་སྦྱོར་ངན་ཐམས་ཅད་ཀུན༔ ཟློག་སྒྱུར་བསྒྲལ་གསོད་དྲག་པོའི་ཕྲིན་ལས་མཛོད༔ རྩ་སྔགས༔ ཨོཾ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་ག་ཎ་སརྦ་པཱུ་ཛ་ཁཱ་ཧི༔ ཉེར་གཅིག་ཕུལ་མཐར་བསྒྲལ་ལས་ནི༔ ཕཊ༔ མདུན་དུ་ཨེ་ལས་མི་སྡུག་བཙོན་ཁང་དུ༔ ནྲྀ་ཏྲི་ཡོངས་གྱུར་བརྣག་པའི་དགྲ་བགེགས་ཀྱི༔ གཟུགས་ཁམས་སྐྱེ་མཆེད་དབང་པོ་ཀུན་ཚང་བ༔ བསྡམ་བཅུམ་གཅུན་འཆིང་ས་བོན་འཕྲོ་འདུ་ལས༔ བརྣག་པའི་དགྲ་བགེགས་རང་དབང་མེད་པར་བཀུག༔ རཱུ་པ་ཉིད་ལ་དབྱེར་མེད་ཐིམ་པར་བསམ༔ དེ་ནས་འགུགས་པ་ཟབ་མོ་ནི༔ ན་མོ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་སྲུང་མ་དང་༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་རྣམ་དག་མཐུས༔ གང་གནོད་དགྲ་གདོན་བགེགས་ཚོགས་ནད་འདྲེར་བཅས༔ ལས་ཀྱི་ལིངྒ་འདི་ལ་ཁུག་ཛ༔ སྟྭཾ༔ ཅི་མང་བརྗོད་མཐར་བསྒྲལ་ལས་ནི༔ དགྲ་བགེགས་ཨཾ་ཀུ་ཤ་ཛཿམཱ་ར་ཡ་ཕྱེས་ཕྱེས་ཛྭ་ལ་པ་ཡ་ཐུཾ་རི་ལི་ལི་ཐིབ་ཐིབ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཁྲོ་བོའི་རྒྱལ༔ ཁྲོ་མཆོག་རྡོ་རྗེ་ཧཱུྃ་ཀཱ་ར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ ང་ནི་མ་ཉེས་མ་ལན་ཀྱང་༔ སྐུ་ལ་བདོ་ཞིང་སྲོག་ལ་རྔམས༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ ཕྱག་གཡས་ལྕགས་ཀྱུ་ངར་མ་ཕྱར༔ གཡོན་པས་སྒྲོལ་བྱེད་ཕུར་པ་འདྲིལ༔ ལྕགས་ཀྱུས་དགྲ་བགེགས་སྙིང་ནས་ཟུངས༔ དུག་གསུམ་དབྱིངས་སྒྲོལ་ཕུར་པ་ཐོབ༔ འཇིགས་བྱེད་མཚོན་ཐུན་དཔལ་ཐོབ་ཅིག༔ ཉོན་མོངས་ཡེ་ཤེས་ཀློང་དུ་སྒྲོལ༔ ཐིབ་ཀྱིས་སོད་ལ་སངས་ཀྱིས་སད༔ མི་གསོད་བསད་པའི་ལས་ཆེན་པོ༔ སྐུ་གསུམ་ལྷུན་གྲུབ་ཀློང་དུ་སོད༔ སྤྲོས་བྲལ་གདལ་ཁྱབ་ཀ་དག་གི༔ གཡོ་མེད་རྡོ་རྗེར་བཙོན་དུ་ཟུངས༔ གཟུང་འཛིན་བག་ཆགས་སྒོང་སྦུབས་བཤིག༔ རྩ་སྔགས༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ཕྱེ་མ་ཕྱེ་མ་རྦད་རྦད༔ བཛྲ་ཏིཀྵྞ་ཁཱ་རཾ་མཱ་ར་ཡ་རྦད་རྦད་ཛ༔ དེ་ནས་བསྒྲལ་དུམ་ཤ་ཁྲག་དམར་ཉིལ་བསམ༔ ངོ་བོ་ཟག་མེད་བདུད་རྩིར་བྱིན་གྱིས་བརླབ༔ འབྲུ་ནག་དང་ནི་ཡུངས་དཀར་བསྲེས་ཏེ་བསྟབ༔ ཧཱུྃ༔ འཁོར་འདས་ཡོངས་ཁྱབ་ཁྲོ་རྒྱལ་ཧཱུྃ་ཀཱ་རའི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པ་རུ༔ དགྲ་བགེགས་ལོག་འདྲེན་གདུག་ཅན་ཡོངས་བསྒྲལ་བའི༔ ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ནང་རོལ་རུས༔ ལྷག་མ་རྗེས་ཤུལ་མིང་ཙམ་མེད་པར་བསྟབ༔ ཁམས་གསུམ་རོལ་པ་དྲག་པོའི་ང་རྒྱལ་གྱིས༔ སྣང་སྲིད་གྲིབ་གདོན་ནད་རིམས་འཇོམས་མཛད་ཀྱི༔ དྲག་པོའི་ཕྲིན་ལས་མཛོད་ཅིག་བཛྲ་ས་མ་ཡ༔ འཁོར་བ་ཡོངས་སྒྲོལ་མྱང་འདས་ཆེན་པོར་བསྒྱུར༔ བདག་གི་དགེ་འདིས་དོན་གཉིས་ལྷུན་གྲུབ་ཅིང་༔ སྐུ་གསུམ་ལྷུན་གྲུབ་འཁོར་བ་དོང་སྤྲུགས་ཤོག༔ རྩ་སྔགས༔ གནོད་བྱེད་དུག་ལྔ་དུག་གསུམ་ལོག་པར་ལྟ་བའི་དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ ལན་གྲངས་མང་པོས་གང་གནོད་དགྲ་བགེགས་རྣམས༔ ཁབ་ལེན་རྡོ་དང་ལྕགས་འཕྲད་ཇི་བཞིན་དུ༔ རྫས་དང་དགྲ་བགེགས་དབྱེར་མེད་གྱུར་པ་དེ༔ རྐང་མཐིལ་སྐྱ་ལྷག་མགོ་མཇུག་ལོག་པ་ཡི༔ ཁྲོ་རྒྱལ་ཆེན་པོའི་ཞལ་དུ་བསྟབ་དམིགས་ཕུལ༔ དེ་ནས་གཏང་རག་རྣམ་ལྔ་འདོད་ཡོན་དང་༔ ཕྱི་ནང་གསང་བའི་མཆོད་པ་གཞུང་ལྟར་འབུལ༔ དངོས་གྲུབ་ལེན་ཅིང་འདི་བརྗོད་གཤེགས་གསོལ་བྱ༔ ཧོཿ རང་རིག་ཡེ་ཤེས་རང་མདངས་ཁྲོ་བོའི་རྒྱལ༔ ཡབ་ཡུམ་སྤྲུལ་འཁོར་མ་ལུས་ཐམས་ཅད་ཀུན༔ རང་སྣང་འོད་གསལ་བདེ་བ་ཆེན་པོར་གཤེགས༔ སླར་ཡང་རང་བཞིན་ཐུགས་རྗེའི་སྐུར་བཞེངས་ནས༔ འགྲོ་ཀུན་སྲིད་པའི་མཚོ་ལས་རྣམ་གྲོལ་ཏེ༔ བདུད་བགེགས་ལོག་འདྲེན་ཐར་པའི་གེགས་བྱེད་སྒྲོལ༔ བཛྲ་མུ༔ ཞེས་བརྗོད་ལྷག་མའི་མགྲོན་ལ་ལྷག་མ་བསྔོ༔ ཧཱུྃ༔ འབར་བའི་ཡུལ་ནས་སྲོག་འཛིན་པ༔ མེ་སྟེ་སྲོག་ཀྱང་འཆི་བའི་ལྷ༔ ཨགྣེ་རཱ་ཛ་གདོན་གྱི་བདག༔ ཤར་ལྷོའི་གདོན་གྱི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དམ་དང་ཐ་ཚིག་ཆད་དོན་ནོ༔ ཁྱོད་ཀྱང་དེ་བཞིན་ཕྲིན་ལས་སྒྲུབས༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཟློག༔ ཨོཾ་ཨགྣེ་རཱ་ཛ་ས་པ་རི་ཝཱ་ར་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སྤཱུ་ཛ་ཁཱ་ཧི་མུ༔ ཤིས་བརྗོད་བསྔོ་སྨོན་སྤྱི་ལྟར་བྱ༔ ས་མ་ཡ༔ ནད་དང་གྲིབ་གདོན་ཕུང་ཉེས་སོགས༔ མདོར་ན་སྟེང་གདོན་ཐམས་ཅད་ཀྱིས༔ བྱས་ཤིང་བཏང་བའི་མི་འདོད་རྐྱེན༔ སྲེག་བླུགས་འདི་ཡིས་འཇོམས་འགྱུར་རོ༔ ཕན་པའི་ཡོན་ཏན་ཆེ་ཆུང་ཡང་༔ རྣལ་འབྱོར་དགོངས་པའི་བྱེ་བྲག་བྱེད༔ བསྒྱུར་ཁ་མཁས་ན་ལས་ཀུན་འགྲུབ༔ བླུན་ན་ཕན་བསྒྲུབ་ཕལ་ཆེར་གནོད༔ མཁས་པས་གནོད་བྱས་ཕལ་ཆེར་ཕན༔ མཁས་ཤིང་དོན་ལྡན་རྣལ་འབྱོར་གྱིས༔ བསྒྲལ་བ་མཐོང་ཡུལ་གནོད་སྣང་ཡང་༔ གནོད་མིན་སྡུག་བསྔལ་ལས་སྒྲོལ་ཕན༔ བླུན་ན་བདེ་སྟེར་གནོད་འགྱུར་དཔེ༔ ཚོད་བཟུང་བཟང་ངན་ཤན་འབྱེད་ནི༔ ས་གཅིག་འཕགས་པས་ཀྱང་མི་འབྱེད༔ ཅིའི་ཕྱིར་སྨྲས་ན་མཁས་པར་སྦྱོངས༔ ཁྱིམ་པ་དགེ་སྦྱོང་གཉིས་ནོར་ན༔ དོན་ཆེར་དེ་ལ་སྐྱོན་ཁྲེལ་མཆིས༔ ཆོས་གཉིས་དུས་གཅིག་འགྲུབ་ཐབས་མེད༔ སྐབས་བདེ་གཏན་བདེ་ཉེ་ཚོང་ནི༔ དུས་མཐའི་དགེ་སྦྱོང་ངན་ལོག་བླུན༔ འཁོར་བ་རྒྱབ་བསྐྱུར་དབེན་ས་ཟུངས༔ ང་དང་འབྲལ་མེད་རྗེས་འཇུག་རྣམས༔ གཏན་བདེའི་ཐབས་སྒྲུབ་འདི་ཀའོ༔ བྲོས་ན་ཟས་ནོར་ཉེ་བར་འདུ༔ ཆེད་རྩོལ་ཁོ་ཡང་རིང་པར་བྲོས༔ འདོད་ཅིང་ཆགས་ན་སེམས་དེས་འཇོམས༔ མི་འདོད་པ་གང་དེས་བདས་ཉེ༔ ཉམས་རྒྱུས་བདེ་སྡུག་གཉིས་ལ་ལྟོས༔ མ་འོངས་དམ་པའི་ཆོས་ལ་ཐེག༔ བཏབ་ཚད་འདི་ཕྱིའི་སྐྱིད་ཐེམ་ཟིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༣༦༠སྐུ་གསུམ་མཉམ་སྦྱོར་པདྨ་རྒྱལ་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་ཧཱུྃ་སྒྲ་ཡི༔ རྩ་དབང་ཉི་ཟླའི་གྭའུ་ཁ་སྦྱོར་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་བཀོད་ལེགས་བུམ་པ་སྐུ་གཟུགས་དང་༔ བྷནྡྷ་བདུད་རྩི་རྡོ་རྗེ་ཤེལ་ཐིག་དང་༔ ཕྱག་མཚན་གཏོར་མ་ལ་སོགས་གཞུང་བཞིན་བཤམ༔ སྒྲུབ་པའི་གཞུང་བསྲང་བསྙེན་པ་གྲངས་ཐེམ་སྟེ༔ བདག་འཇུག་བླངས་ཤིང་དབང་བསྐུར་བྱ་བ་ལ༔ གདན་གཅིག་སྐལ་ལྡན་བཞི་འཁོད་དབང་སྐུར་བྱ༔ དེ་ལས་ལྷག་ན་མཁའ་འགྲོའི་བཀའ་ཆད་འོང་༔ དེ་ནས་ཁྲུས་བྱ་བ་ནི༔ ཧཱུྃ༔ རིགས་ཀུན་བདེ་གཤེགས་རྒྱལ་བ་སྲས་བཅས་ཀྱི༔ བྱིན་རླབས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་ཁྲུས་བགྱིའོ༔ ནད་གདོན་བག་ཆགས་ཉེས་སྐྱོན་དག་གྱུར་ཅིག༔ རྩ་སྔགས་ཡིག་བརྒྱ་ཀཾ་ཀ་ནི་གསུམ་བརྗོད༔ དེ་ནས་བགེགས་བསལ་བ་ལ༔ ཧཱུྃ་ཧཱུྃ༔ ང་ནི་དབང་ཆེན་དྲག་པོའི་སྐུ༔ ཆེ་བཙན་འགྲན་ཟླ་གང་ན་སུ༔ ཐར་པའི་གེགས་བྱེད་བར་ཆད་བགེགས༔ བཀའ་ལ་ཉོན་ཅིག་གླུད་གཏོར་ལོངས༔ ལན་ཆགས་འདི་ཡིས་འཁོར་གྱིས་སོང་༔ འདུག་ན་ལུས་སེམས་གཞོམ་ཏ་རེ༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ གུ་གུལ་བདུག་ལ་གླུད་ཕྱིར་བསྐྱལ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ སྣང་སྲིད་ཀུན་བཟང་མཁའ་ཀློང་ཡངས༔ འོད་ལྔ་རྡོ་ར་མཚོན་མེའི་ཁང་༔ ཐབས་ཤེས་ཉི་ཟླའི་གྭའུ་རུ༔ ཡེ་ཤེས་ལྔ་ཡི་སྲུང་དུ་ཚུད༔ ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཛྙཱ་ན་པཉྩ་ཛྭ་ལ་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་མཎྜལ་ཕུལ་ཞིང་གདོང་རས་སྦྱིན་པ་ནི༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་སྦྱིན་པ་ནི༔ ཨོཾ་ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ལ༔ ཧོཿ དེང་བཟུང་བྱང་ཆུབ་མ་ཐོབ་པར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་སར་འགོད་ཕྱིར༔ གསང་སྔགས་དབང་གི་སྒོར་འཇུག་བྱ༔ རྗེས་སུ་ལན་གསུམ་བཟླའོ༔ དེ་ནས་སློབ་མས་ཐལ་མོ་སྙིང་གར་སྦྱར་ལ་ཞུ་བ་ནི༔ ཧོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ རྡོ་རྗེ་འཛིན་རྒྱལ་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ དཔལ་ཆེན་ཁྲོ་རྒྱལ་ཆེ་གེ་མོའི༔ རྩ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ༔ དེ་ནས་བླ་མས༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ གསང་སྔགས་དབང་གི་སྒོར་འཇུག་ན༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མི་ཉམས་བསྲུང་བར་ནུས་སམ་ཅི༔ དེ་ནས་སློབ་མས༔ ཧཱུྃ༔ རིགས་ཀུན་འཁོར་ལོའི་མངའ་བདག་དཔལ༔ བདག་ནི་འདི་ནས་བྱང་ཆུབ་བར༔ རྩ་བ་ཡན་ལག་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་བསྲུང་བར་བགྱི༔ དེ་ནས་བླ་མས༔ འོ༔ དེ་ལྟར་ཚུལ་བཞིན་སྤྱོད་ནུས་ན༔ རྡོ་རྗེ་ཐེག་པའི་དབང་བསྐུར་བྱ༔ སྔོན་སྨོན་ལས་འཕྲོ་བཟང་པོ་ཡིས༔ གསང་སྔགས་དང་འཕྲད་སྐལ་བ་བཟང་༔ ཞེས་གནང་བ་བྱིན་ཞིང་སྤྲོ་བ་བསྐྱེད༔ དེ་ནས་དམ་ཆུ་ལྕེ་ལ་བཞག་སྟེ༔ ཧཱུྃ༔ འདའ་དཀའ་དམ་ཚིག་རྡོ་རྗེའི་ཆུ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཁྱོད་ཀྱིས་ང་ལ་བརྙས་མི་རུང་༔ བརྙས་ན་མགོ་འགས་ལུས་བསྲེགས་ཏེ༔ མནར་མེད་དམྱལ་བའི་གནས་སུ་ལྟུང་༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ས་མ་ཡ་ན་ར་ཀན༔ ཅེས་བརྗོད༔ དེ་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ སོགས་རང་གཞུང་གི་ལྷ་བསྐྱེད་ཀྱིས་སློབ་མ་ལྷར་གསལ༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ཁྲོ་ཆེན་ཧཱུྃ་ཀཱ་རའི་རྣམ་པར་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་གྱུར༔ རང་གཞུང་གི་སྤྱན་འདྲེན་མཐར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཨ་ཨ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ ཨོཾ་བཛྲ་པུཥྤེ་ཏྲྃ༔ བཛྲ་པུཥྤེ་སིདྡྷི་ཧཱུྃ༔ ཞེས་མེ་ཏོག་འཐོར༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་སྟོང་གསལ་ཁྱབ་གདལ་གཞལ་ཡས་ཁང་༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་སྲས་འཁོར་རྫོགས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བྱ༔ ཁྲོ་མཆོག་འབར་བའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཧཱུྃ་ཀཱ་རའི་སྐུ་གཏད་ལ༔ ཧཱུྃ༔ རྒྱལ་བ་རྒྱ་མཚོ་ཡོངས་འདུས་དཔལ༔ ཁྲོ་རྒྱལ་ཆེན་པོ་ཧཱུྃ་ཀཱ་ར༔ མི་འཇིགས་འཇིགས་བྱེད་དྲག་པོའི་སྐུ༔ འཁོར་བའི་འཁྲུལ་འཁོར་དབྱིངས་སུ་གཞིག༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཁྲོ་རྒྱལ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་ཐོགས་ལ༔ ཧཱུྃ༔ བྷནྡྷ་བདུད་རྩི་དམ་རྫས་དང་༔ ཨ་ལི་ཀ་ལི་རང་བྱུང་སྒྲ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཁྲོ་རྒྱལ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ ཁྲོ་རྒྱལ་འབར་བའི་ཐུགས་རྡོ་རྗེར༔ སྒྱུ་འཕྲུལ་འཁོར་ལོ་མ་ལུས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཁྲོ་རྒྱལ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འཇའ་ཤེལ་དང་རྨ་བྱའི་མདོངས་གཏད་ལ༔ ཧཱུྃ༔ ཤེས་དཀར་དྲི་མ་མེད་པ་དང་༔ རྨ་བྱའི་འཇའ་ཐིག་གསལ་བ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མདའ་གཞུ་ཐོགས་ལ༔ ཧཱུྃ༔ བདག་རྟོག་འཁོར་བའི་མ་ཏྲཾ་ཀ༔ ཤེས་རབ་མཚོན་གྱི་སྒྱུ་མར་སྟོན༔ ཐབས་ཤེས་སྦྱོར་བའི་མདའ་གཞུ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ བརྡལ་ཁྱབ་དབྱིངས་ཀྱི་གཏོར་གཞོང་དུ༔ ལྷུན་གྲུབ་རོལ་པའི་གཏོར་མ་བཤམས༔ ཡེ་ཤེས་སྒྱུ་འཕྲུལ་རྩལ་དུ་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ བ་ལིཾ་ཏ་ཛྙཱ་ན་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་བཀྲ་ཤིས་བསྔོ་སྨོན་བྱ༔ དབང་འདིར་འབྲེལ་བའི་གང་ཟག་རྣམས༔ དམ་ཚིག་ཚུལ་བཞིན་བསྲུང་བྱས་ནས༔ བསྙེན་སྒྲུབ་ཉམས་སུ་ལེན་པ་རྣམས༔ ཚེ་འདིར་མངོན་འཚང་རྒྱ་འགྱུར་རོ༔ མ་ཉམས་དམ་ཚིག་བསྲུང་བས་ཀྱང་༔ སྐྱེ་བ་བདུན་གྱིས་མྱང་འདས་འགྱུར༔ བཀའ་འདི་སྔགས་བདག་སྲིད་པའི་རྒྱལ་མོ་དང་༔ མ་མོ་བཅུ་གཉིས་དབང་མོ་ཉེར་བརྒྱད་དང་༔ གནོད་སྦྱིན་ཤན་དམར་འཁོར་དང་བཅས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༣༦༦བདག་འདྲ་རིག་འཛིན་མཚོ་སྐྱེས་རྡོ་རྗེ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྣམ་པར་རྒྱལ་བ་ཡི༔ གསང་བ་སྒོས་སྒྲུབ་ཡིད་བཞིན་ཆར་འབེབས་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབེན་ཞིང་ཉམས་དགའི་སྐྱེད་ཚལ་དུ༔ དཀྱིལ་འཁོར་མཛེས་ལྡན་དབྱིབས་ལེགས་དབུས༔ ལྕགས་སམ་དྲག་ཤིང་ཕུར་པ་ལ༔ དར་དཀར་དྲི་མེད་ཀྱིས་དཀྲིས་བཞག༔ མཆོད་རྫས་མི་མངོན་ཚོམ་བུར་བཀོད༔ ཕྱི་སྒྲུབ་གཞུང་ལྟར་སྔོན་འགྲོ་ཡིས༔ ལས་རིམ་ཐམས་ཅད་རྫོགས་པའི་མཐར༔ རང་རིག་ཡེ་སངས་རྒྱས་པ་ཉིད༔ རིག་པའི་ངང་ལས་ལྷར་གསལ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ གཟུང་འཛིན་ཆོས་ཀུན་ཡེ་སྟོང་ཉིད༔ སྣང་བ་འོད་གསལ་གཞལ་ཡས་དབུས༔ མ་ཆགས་པདྨ་བཞད་པའི་ཁར༔ སྐྱོན་བྲལ་ཉི་མའི་དཀྱིལ་འཁོར་དུ༔ བདག་འཛིན་རཱུ་དྲ་བསྣོལ་བའི་སྟེང་༔ རིག་པ་ཧཱུྃ་ལས་རྣམ་པར་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ལྗང་གཡོན་སེར་དབུས་དཀར་གསལ༔ གཡས་གཉིས་རྡོ་རྗེ་འཁོར་ལོ་དང་༔ གཡོན་གཉིས་བྷན་ཁྲག་ཏྲི་ཤུལ་བསྣམས༔ ཐ་གཉིས་སྐུ་གསུམ་ཕུར་པ་འདྲིལ༔ བམ་ཆེན་བསྣོལ་སྟེང་འདོར་སྟབས་བགྲད༔ རྡོ་རྗེའི་གཤོག་པ་མཁའ་ལ་གདེངས༔ སྤྱན་དགུས་དབྱིངས་ཕྱུག་མཁའ་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ དཔལ་དང་དུར་ཁྲོད་ཆས་རྫོགས་པར༔ རྡོ་རྗེ་མདའ་སྙེམས་ཁྲོ་མོས་འཁྲིལ༔ དཀར་མོ་དྲག་གཏུམ་སྲིན་ཞལ་ཅན༔ དྲིལ་བུ་བྷན་ཁྲག་ཡབ་འཁྱུད་སྟོབ༔ ཁྲོ་མོའི་ཆས་རྫོགས་འཇིགས་པའི་སྐུ༔ རིག་སྟོང་དབྱེར་མེད་ཟུང་འཇུག་སྐུ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ དབུ་ལ་འཇིགས་བྱེད་ཁྱུང་གིས་བརྒྱན༔ ཡེ་ཤེས་མེ་དཔུང་ཀློང་དུ་འགྱིངས༔ སྐུ་ཡི་གནས་ལྔ་བ་སྤུའི་སྒོར༔ རིགས་དང་དཀྱིལ་འཁོར་ཡོངས་རྫོགས་ཤར༔ གནས་གསུམ་འོད་འཕྲོས་ཡེ་ཤེས་པ༔ དཔག་མེད་ཆར་བཞིན་བཀུག་ལ་བསྟིམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༣༦༨ཛཔ྄་དམིགས་དཔག་བསམ་ལྗོན་ཤིང་ནི༔ རང་ཉིད་རྣམ་རྒྱལ་ཡབ་ཡུམ་གསལ་བ་ཡི༔ ཆོས་ཀྱི་འཁོར་ལོར་སེམས་དཔའ་ཐུགས་རྡོ་རྗེའི༔ ལྟེ་བར་ཧཱུྃ་ཡིག་དཀར་གསལ་སྔགས་ཀྱིས་འཁོར༔ སྤྲོས་པས་རྒྱལ་བ་ཀུན་མཆོད་དབང་བྱིན་དང་༔ མཐུ་དཔལ་གཟི་མདངས་དངོས་གྲུབ་མ་ལུས་པ༔ བསྡུས་པས་རྒྱལ་ཀུན་ཡེ་ཤེས་ཡོངས་རྫོགས་བསམ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཕཊ༔ བཟླས་མཐར་དམིགས་རིམ་ནི༔ སླར་ཡང་འོད་འཕྲོས་རྒྱལ་མཆོད་གཟི་བྱིན་བསྡུས༔ འགྲོ་རྣམས་རྒྱུད་སྦྱངས་སྣོད་བཅུད་བརྟན་གཡོ་ཀུན༔ གཞལ་ཡས་ལྷ་སྔགས་རོལ་པར་ལམ་ཁྱེར་གྱི༔ དག་པ་རབ་འབྱམས་ངང་ནས་སྔགས་སྒྲ་སྒྲོགས༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ སྔགས་འདི་བྱེ་བ་བཅོ་ལྔའི་གྲངས་ཚད་བཟླ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་གུ་རུ་མཚོ་སྐྱེས་རྡོ་རྗེས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྒྱལ་འགོང་ཁ་ཆིངས་ཡེ་ཤེས་མེ་ལྕེ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ༠༠༠༠༠༠༠༠༠༠༠༠བརྡ་ཡིག༔ ༣༦༨ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་བློ་ལྡན་མཆོག་སྲེད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དུས་མཐའི་བགེགས་འདྲེན་མོ་སྲི་ཁ་ཆིངས་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ༠༠༠༠༠བརྡ་ཡིག༔ ༣༦༩ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་སམྦྷ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དུས་མཐའི་དྲི་ཟའི་གདོན་ཚོགས་ཕྱིར་སྤྲད་པའི༔ ཙཀྲ་གནམ་ལྕགས་སྤུ་གྲིའི་འཁོར་ལོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་༠༠༠༠༠༠བརྡ་ཡིག༔ ༣༦༩ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་ཉི་མ་འོད་ཟེར་ངས༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ སྙིགས་མའི་དྲི་ཟ་གཤིན་བརྫུ་གསོན་གྱོན་ཀུན༔ འཆིང་བྱེད་ཙཀྲ་རྡོ་རྗེའི་ཞགས་པ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ཙཀྲ་༠༠༠༠༠༠༠༠བརྡ་ཡིག༔ ༣༦༩ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དྲི་ཟའི་ཁ་ཆིངས་རྡོ་རྗེ་ཕ་ལམ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ༠༠༠༠༠༠༠༠བརྡ་ཡིག༔ ༣༦༩ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དྲི་ཟའི་གྲིབ་སེལ་སྲུང་འཁོར་ཟབ་མོ་རི་མོ་ཡོད༔ ༣༧༠བསྟན༔ འདི་ཡི་ལག་ཏུ་ལེན་པའི་རིམ་པ་ནི༔ མུ་ཁྱུད་རིམ་པ་༠༠༠༠༠བརྡ་ཡིག༔ ༣༧༠ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་དྲག་རྩལ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དུས་མཐའི་རྒྱལ་འགོང་གྲིབ་འཇོམས་ཀཱ་ལ་མགོ་དྲུག་བསྟན༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང་བཏབ་སྟེ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བརྒྱ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཏྲི་རཱ་ཙ་ཛྭ་ལ་རཾ་མཱ་ར་ཡ་རྦད་བྷྱོ༔ སྐར་མ་རྟ་ཆེན་ཉི་མར་འཛོམ་པའི་དུས༔ དུས་གསུམ་ཟོས་པས་རྒྱལ་གདོན་གྱི༔ གནོད་པ་ཀུན་ལས་ངེས་པར་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་བདུད་འཇོམས་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྒྱལ་འགོང་གནོད་པ་སེལ་ཞིང་བཟློག་འཁོར་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྔགས་སྟོང་བཏབ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཏྲི་རཱ་ཙ་ཐུཾ་རྦད་ཛྭ་ལ་རཾ༔ འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ༔ ཨ་ལི་ཀ་ལི་རྟེན་སྙིང་བརྒྱ་བཏབ་བོ༔ རི་མོ་ཡོད༔ ༣༧༡མེ་རིས་བསྐོར་ཞིང་མགུལ་དུ་བཏགས་པ་ཡིས༔ རྒྱལ་འགོང་གནོད་པ་ལས་ནི་རྣམ་གྲོལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྣམ་པར་རྒྱལ་བ་ཡི༔ བླ་རྡོ་ཡེ་ཤེས་འོད་ཀྱི་ཁང་བཟང་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྨྲ་བཅད་སྔགས་སྟོང་བཏབ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ས་མ་ཏི་ཙཀྲ་སྟྭཾ༔ སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བརྒྱ༔ བཏབ་སྟེ་རྟེན་འཁོར་འདི་ཉིད་མ་ནོར་བྲི༔ ཕྱོགས་དང་ཟུར་ལ་འཁོར་ལོ་ཏྲི་ཤུལ་བྷན་རྡོར་དང་༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བྲི༔ བཀྲ་ཤིས་རྫས་བརྒྱད་དང་ནི་མེ་རིས་བསྐོར༔ སྒྲུབ་པའི་རྟེན་བཙུག་རབ་གནས་ནན་དུ་བྱ༔ མགུལ་དུ་བཏགས་པས་མི་མཐུན་ཕྱོགས་ལས་རྒྱལ༔ དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོ༔ རི་མོ་ཡོད༔ ༣༧༢དབང་སྡུད་ཟིལ་གནོན་སྙན་དང་གྲགས་པ་འཐོབ༔ ཕྱོགས་ལས་རྣམ་རྒྱལ་མཆོག་གི་དངོས་གྲུབ་བརྙེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དྲི་ཟའི་གདོན་ཟློག་རྣམ་འཇོམས་འཁོར་ལོ་བསྟན༔ འདི་ཉིད་ལག་ཏུ་ལེན་༠༠༠༠༠༠༠༠༠༠བརྡ་ཡིག༔ ༣༧༢ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་ཁྲག་འཐུང་ལས་ཀྱི་དཔའ་བོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྒྱལ་འགོང་ཟློག་འཁོར་རྡོ་རྗེའི་ཚྭ་ཚྭ་བསྟན༔ འདི་ཉིད་ལག་ཏུ་༠༠༠༠བརྡ་ཡིག༔ ༣༧༢ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྒྱལ་འགོང་རི་མོ་ཡོད༔ ༣༧༣དྲི་ཟའི་གདོན་ཚོགས་བཟློག་བྱེད་ཀྱི༔ དམིགས་རིམ་སྔགས་འཁོར་ཁམས་གསུམ་རོལ་པ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་དེའི་རྗེས་སུ༔ ཧཱུྃ་ཧཱུྃ༔ ཆོས་ཀུན་དམིགས་མེད་སྟོང་པའི་ངང་ཉིད་ལས༔ རང་རིག་ཧཱུྃ་ལས་ཧཱུྃ་ནག་གཉིས་འཕྲོས་པས༔ ནང་ནི་རང་བྱུང་ཡེ་ཤེས་གཞལ་ཡས་ཁང་༔ ཕྱི་ནི་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ལྡན༔ སྟེང་མ་གཡས་འཁོར་འོག་མ་གཡོན་དུ་འཁོར༔ རྩིབས་རྩེས་རྒྱལ་འགོང་དམ་སྲིའི་སྙིང་གཤག་གཏུབ༔ མེ་ཞགས་ཐུན་མཚོན་གྱིས་གཏུབ་ལྷག་མེད་བསྲེགས༔ དེ་དབུས་རང་རིག་ཧཱུྃ་གི་འཕྲོ་འདུ་ལས༔ རྒྱལ་བ་རྒྱ་མཚོའི་དབང་བྱིན་མཐུ་དཔལ་ཀུན༔ བསྡུས་བསྟིམ་རང་རིག་ལྕགས་སྡིག་མགོ་དགུ་པ༔ ཁ་དགུས་རྒྱལ་འགོང་དྲི་ཟའི་སྙིང་ཁྲག་འཇིབ༔ བཅོ་བརྒྱད་རྭ་ཡིས་སྣང་སྲིད་འཇིགས་པར་བྱེད༔ མེ་ཞགས་ཁྲོ་ཆུང་སྡིག་མཚོན་ཐུན་ཆར་འཕྲོ༔ ལྟོ་བར་རྒྱལ་ཀུན་དཀྱིལ་འཁོར་རྫོགས་པར་བསམ༔ རིགས་ཀུན་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ རྒྱལ་འགོང་དྲི་ཟའི་གཤེད་མར་བསྔགས་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཀ་ལ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཏྲི་རཱ་ཙ་མཱ་ར་ཡ་ཐུམ་རི་ལི་ལི་ཛྭ་ལ་རཾ་རཾ་ཚལ་པ་ཚལ་པ་རྦད་རྦད་ནན༔ བྷྱོ་ཟློག༔ དམིགས་པའི་གནད་དང་ལྡན་པ་ཡིས༔ བརྒྱ་ཕྲག་གཅིག་བཟླས་རྣལ་འབྱོར་ལ༔ སྣང་སྲིད་ལྷ་སྲིན་ལྷ་འདྲེ་ཡིས༔ དགྲ་བསྡོང་དགྲར་ལངས་གླག་བལྟས་ཀྱང་༔ དགྲ་ཕུང་བརླག་མཁན་ཁོ་རང་བརླག༔ ཡ་མི་ང་བའི་བཙན་རྫོང་ལ༔ སྦ་བའི་རྣལ་འབྱོར་རྣམ་པར་རྒྱལ༔ འདི་འདྲའི་མན་ངག་ཟབ་མོ་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་མེད༔ རྒྱལ་པོའི་དཀོར་མཛོད་ལྷ་ཁང་རྒོག༔ འདྲེ་ཅན་ཡུལ་དགོན་ཐང་ལམ་ཁྱིམ༔ མི་ཟད་ནད་ཀྱིས་བཏབ་དུས་སམ༔ ཁྲོམ་མང་འདུ་ལོང་བཤན་ར་རུ༔ དམིགས་བཟླས་འདི་ལ་བརྩོན་པར་བྱ༔ ནད་གདོན་བར་ཆད་ཐམས་ཅད་ཀུན༔ དྲག་དམིགས་ཟབ་མོ་འདིས་འཇོམས་འགྱུར༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་གསང་གསུམ་རྒྱ༔ སྔགས་སྲུང་ཕོ་མོའི་དམ་ཚིག་རྒྱ༔ མང་དུ་སྤེལ་ན་སྤེལ་མཁན་གྱི༔ སྲོག་གི་གཤེད་མ་མཁའ་འགྲོས་འགྱེད༔ སྙིང་ལ་ཆོངས་ཤིག་སྐལ་ལྡན་རྣམས༔ གཉེར་འདི་དཔལ་ལྡན་ལྷ་མོར་གཏད༔ ཚོད་བཟུང་རེ་ཏཱི་མཆེད་བཞིས་མཛོད༔ གནོད་སྦྱིན་ཤན་པ་བཀའ་འཁོར་བཅས༔ ཞིང་སྐྱོང་ཀུན་དགའ་གཞོན་ནུས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༣༧༥བདག་འདྲ་རིག་འཛིན་རིགས་ཀུན་མངའ་བདག་གྱིས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྣམ་པར་རྒྱལ་བ་ཡི༔ སྲེག་བླུགས་ཡེ་ཤེས་མེ་འོད་ཟབ་མོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མེ་ཐབ་གྲུ་གསུམ་རྫས་དཀྱིལ་གྲུ་བཞི་བྱ༔ དྲག་པོའི་ཤིང་གིས་བརྩིགས་ཤིང་རྐང་གང་བྱ༔ རྫས་ལ་འབྲུ་སྣ་རྣམ་ལྔ་འདོད་ཡོན་དང་༔ སྨན་གཏོར་རཀྟ་དགྲ་བགེགས་མིང་རུས་བྱང་༔ ཟན་ལིང་བསད་ཕུར་མཚོན་གྱི་རིགས་བྱེད་བཤམས༔ དཀར་མཆོད་བགེགས་བཀར་མཆོད་རྫས་བྱིན་བརླབ་བྱ༔ དེ་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཧཾ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་སྟོང་པ་བདག་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རིག༔ ཨ་ཨ༔ རིག་པ་རྒྱུ་ཡི་ཡི་གེ་ཧཱུྃ་ཡིག་དཀར་པོ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་སྲུང་བའི་འཁོར་ལོ་རིམ་པ་ལྔ་འཁོར་གྱི་དབུས་སུ་བྷྲུྃ་ལས་དྲག་པོའི་གཞལ་ཡས་ཁང་ཡངས་པའི་ནང་དུ༔ གྲུ་གསུམ་དམར་ནག་འབར་བའི་ཀློང་དཀྱིལ་དུ༔ ༠༠༠བརྡ་ཡིག༔ ༣༧༦དེ་ནས་རྫས་འབུལ་བ་ནི༔ ཧཱུྃ་ཧྲཱིཿའཁོར་འདས་ཁྱབ་གདལ་རྣམ་པར་རྒྱལ་བ་ཡི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པ་རུ༔ རྒྱུ་དྲུག་དབྱིངས་སྒྲོལ་མཆོད་སྤྲིན་འདོད་ཡོན་གཏེར༔ ཟག་མེད་བདུད་རྩིར་བསྒྱུར་ཏེ་གུས་འབུལ་ལོ༔ བདེ་སྟོང་རོས་ཚིམས་སྐུ་ཡི་ནུས་པ་བསྐྱེད༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ རྩ་སྔགས་དང་༔ བྷོ་དྷི་བྲྀཀྵ་ཨ་མྲྀ་ཏ་བཛྲ་སིདྡྷ་སམྦ་དེ་པུཥྚ་བེ་གཱ་བི་ཛ་ཡེ་གསྨ་བ་ལ་ཨ་ཡུ་ཥེ་པྲ་ཏཱི་ཧ་ཏ་གྷ་གྷ་ནི་སརྦ་པཱ་པཾ་ད་ཧ་ན་ཡེ་སྭཱ་ཧཱ༔ ལན་གྲངས་ཉེར་གཅིག་བདུན་སོགས་འབུལ༔ དགྲ་བགེགས་ཤ་ཁྲག་རུས་པ་ཕུལ་བྱས་ནས༔ ལྷག་མའི་མགྲོན་ལ་ལྷག་མ་འབུལ་བར་གྱིས༔ རྗེས་སྤྱོད་སྤྱི་ལྟར་ཚང་བར་ཤེས་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འབུལ་ཚེ་དགྲ་བགེགས་གནོད་བྱེད་མ་ལུས་པ༔ དྲག་པོའི་ཞལ་དུ་ལྷག་མེད་བསྟབ་པར་དམིགས༔ གང་གནོད་དགྲ་བགེགས་འཁོར་བཅས་ལྷག་མེད་དུ༔ རྫས་དང་མཉམ་དུ་བཀུག་ལ་བསྟབ་པར་བགྱིད༔ འདི་ཡིས་ཉེས་གཏོང་དགྲ་བགེགས་མ་ལུས་པ༔ བསྒྲལ་འདྲེན་རྣལ་འབྱོར་སྤྱོད་པ་མཐར་ཕྱིན་ནོ༔ ས་མ་ཡ༔ བཀའ་འདི་མ་མོ་སྔགས་བདག་ཚོགས་ལ་གཉེར༔ དམ་ལྡན་རྣམས་ལ་བུ་བཞིན་བརྩེ་གྲོགས་མཛོད༔ དམ་ཉམས་སྲོག་གི་གཤེད་མ་མཛོད་ཅིག་མ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༔ ༣༧༧བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྒྱལ་འགོང་ལས་བསྲུང་སྡིག་ནག་དགུ་མདུད་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ སྐུད་ནག་གསུམ་བསྒྲིལ་བྱས་པ་ལ༔ མདུད་པ་དགུ་བོར་སྔགས་འདི་བཏབ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ གུ་རུ་པདྨ་ཀྲོ་དྷ་ཐོད་ཕྲེང་རྩལ་ཡཀྴ་ཀ་ལ་རཱ་ཛ་ས་མ་ཡ་ཛ༔ ཏིཥྛ་བཛྲ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཏྲི་རཱ་ཙ་རྦད་ཐུཾ་བྷྱོ༔ ལན་གྲངས་བརྒྱའམ་ཉེར་བདུན་བཏབ༔ ཨ་ལི་ཀ་ལི་རྟེན་སྙིང་བདུན༔ དེ་ཡི་དམིགས་པ་ཟབ་མོ་ནི༔ མདུད་པ་ཧཱུྃ་ནག་འོད་འཕྲོས་པས༔ རྒྱལ་ཀུན་ཐུགས་རྗེ་བྱིན་རླབས་བསྡུས༔ ཧཱུྃ་ཡིག་ལ་ཐིམ་ཕྲིན་ལས་བསྟིམ༔ ཡོངས་གྱུར་སྡིག་ནག་ཆེན་པོ་ཡི༔ ལྟོ་ནང་ཇེ་ཆུང་སྡིག་དགུ་ལས༔ ཆུང་བའི་ལྟོ་བར་ཉི་ཟླ་ཡི༔ གའུ་ཁ་སྦྱོར་ནང་དབུས་སུ༔ ཡེ་ཤེས་འོད་ཁྱིམ་འཁྱིལ་ཀློང་དུ༔ བསྲུང་བྱའི་ལུས་ངག་ཡིད་གསུམ་སྦ༔ སྡིག་པར་ལྕགས་སྡིག་ཚྭ་ཚྭ་ཡིས༔ ཐོ་ཕྱི་ཐམས་ཅད་འཚུབས་ཁེངས་བསམ༔ ས་མ་ཡ༔ འདི་ཉིད་འབུ་སྲིན་མི་སེམས་པར༔ ཡཀྴ་མེ་དབལ་ངོ་བོ་ལ༔ རྒྱལ་བསེན་འགོང་པོའི་གཤེད་མར་སྤྲུལ༔ རིམ་དགུ་ཐེག་པའི་སྲུང་གུར་སྦུབས༔ གང་བྱས་བླ་དབང་ཚེ་བསོད་སྲོག༔ ཐབས་ཀྱིས་སྦ་ལ་ཕར་འཇིགས་ངོམས༔ འདི་བཞིན་གནད་མི་འཆུག་བསྒོམ་བཟླས༔ མཁས་པར་དོན་ལྡན་སྤྱོད་པས་ན༔ གདོན་གསུམ་ཡོ་ལོག་སུ་བསྡོངས་ཡང་༔ ཚུར་མི་འཇིགས་ཏེ་ཕར་ལ་འཇོམས༔ ལྔ་བརྒྱའི་དུས་ན་འདི་བཞིན་དུ༔ ཕན་འདོད་ལག་ལེན་འཛོལ་བ་ལ༔ གནད་མཁས་ལག་ལེན་ཐེབས་པ་བྱུང་༔ བརྒྱད་ཅུའི་ཚེ་ལོ་བསྟུང་དུས་སུ༔ ས་འོག་ས་འཛིན་བློན་ལངས་ནས༔ ལུང་གསུམ་འདུ་སྣར་གངས་རིས་བྲན༔ ལྕགས་ལ་དུག་གི་སྡོང་པོ་སྐྱེས༔ ལ་རི་དགུ་དང་ལུང་དགུ་འཕུང་༔ རྒྱ་བོད་མགོ་མཇུག་སྤྲད་མཚམས་སུ༔ ས་འོག་ཀླུ་བདུད་མགོ་དགུའི་བུ༔ ལྕགས་ལ་སྤུ་གྲི་ནག་པོ་འབྱུང་༔ ཤོ་རུ་གྲི་ཡིས་མེ་ཐང་ལ༔ ས་ཐིལ་ནག་པོ་བསྟན་ལ་སྡང་༔ གྲི་ལ་གྲི་མོ་བྲང་ནག་འབྱུང་༔ ལྷན་སྡེབས་གངས་རྩེའི་འདྲེ་ལ་བསྡོངས༔ ཕྱོགས་སུ་མཚོན་གྱི་ཆར་སྤེལ་ཏེ༔ བོད་ཁམས་མི་བདེ་སྡུག་པའི་དུས༔ ཟབ་གཏེར་མི་བཞག་འདོན་དུས་བསྟན༔ གར་དབང་རྡོ་རྗེ་གྲོ་ལོད་རྩལ༔ གླིང་པ་བདུད་འཇོམས་རྡོ་རྗེ་ཡིས༔ འདི་བཏོན་ཞལ་ཕྱེས་བདུད་སྟོབས་འཇོམས༔ ཕུང་སྲི་གྲི་བོ་བཅོ་བརྒྱད་ནི༔ རྒྱ་བོད་གཉིས་ཀྱི་རྗེ་རྫུར་འཇུག༔ ཤ་རི་ཁྲག་གི་མཚོ་མོ་བསྐྱིལ༔ དེ་དག་འདུལ་བའི་གཉེན་པོ་རུ༔ ཐུགས་སྒྲུབ་ནོར་བུ་ཆ་གསུམ་བཞག༔ ཞལ་ཕྱེས་བསྟན་འགྲོར་བདེ་སྐབས་འཆར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠བརྡ་ཡིག༔ ༣༧༩སྟོད་ནས་ཁ་སྐྱ་མདའ་ལ་བབས༔ སྨད་ནས་མཚོ་སྔོན་གྱེན་དུ་འཕྱུར༔ རི་མཚོ་གཉིས་ཀར་ཟམ་པ་འཛུག༔ དབྱེན་པར་ར་ནག་སྤུ་གྲིས་གཅོད༔ སྡོང་ལ་གཡུ་འབྲུག་སྐད་འབྱིན་དུས༔ བོད་ཁམས་བདེ་བའི་ཉི་ཞུར་འཆར༔ འབྲི་རོ་ཡར་ལངས་ས་འཛིན་དུས༔ ཐུབ་བསྟན་ཉི་མ་སྤྲིན་གྱིས་བསྒྲིབ༔ སྒ་ལྕགས་སྡོང་གསུམ་མི་རྗེ་ལ༔ རིགས་གསུམ་མགོན་པོ་མངོན་འབྱུང་དུས༔ གསང་སྔགས་བསྟན་པ་ཕྱོགས་མཐར་རྒྱས༔ མ་རུངས་སྙིགས་མའི་དུས་རྣམས་སུ༔ རྒྱ་འདྲེ་བོད་ལ་ཁ་དར་ནས༔ ལོ་ཉེས་གོད་ཡམས་ནད་མཚོན་བསྒུལ༔ བདུད་སྤྲུལ་སྨོན་ལོག་འཁྲུགས་པ་རྩོད༔ ཡུལ་ཀུན་སྔངས་སྐྲག་སྡུག་པའི་དུས༔ ཡུལ་མི་འཇིག་པའི་བརྟན་འཐོབ་ཕྱིར༔ མི་འཇིགས་གཞོམ་བྲལ་ཕུར་པ་འདྲིལ༔ མགོན་གྱི་བིང་ཆེན་ཡང་ཡང་འཕྱོར༔ རྣམ་རྒྱལ་ཁྲོ་བོའི་དལ་ཞལ་ཕྱེས༔ པདྨ་ང་ལ་གསོལ་བ་ཐོབ༔ རྗེ་ཁམས་དེ་ནི་རྒྱལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༣༨༠ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྣམ་པར་རྒྱལ་བ་ཡི༔ རྩ་དབང་ཡེ་ཤེས་སྒྲོན་མེ་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབང་རྫས་ལེགས་བསྒྲུབ་བསྙེན་སྒྲུབ་རྫོགས་པའི་རྗེས༔ སློབ་མ་གྲལ་འཁོད་ཁྲུས་བྱ་བགེགས་བསྐྲད་ཅིང་༔ སྲུང་འཁོར་བསྒོམ་ཞིང་མཎྜལ་ཕུལ་བྱས་ཏེ༔ མེ་ཏོག་མིག་དར་བྱིིན་ཞིང་སྐྱབས་སེམས་སོགས༔ ཞུ་བ་ཕུལ་ཞིང་གནང་སྦྱིན་དམ་ཆུ་བླུད༔ དེ་ནས་སློབ་མ་ལྷ་བསྐྱེད་བསྟིམ་བརྟན་ཏེ༔ མེ་ཏོག་དོར་ཞིང་མིག་དར་བསལ་བྱས་མཐར༔ སྐུ་དབང་བུམ་པ་མཚན་ལྡན་ལག་ཏུ་བཏེགས༔ ཧཱུྃ༔ བུམ་པ་མཚན་རྫོགས་གཞལ་ཡས་ཁང་༔ ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ བྷནྡྷ་བདུད་རྩི་སོགས༔ དེ་ནས་རྡོ་རྗེ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༣༨༡དེ་ནས་ཤེལ་དང་རྨ་བྱའི་ཐིག་ལེ་ཐོགས་ལ༔ ༠༠བརྡ་ཡིག༔ ༣༨༡དེ་ནས་རྣམ་རྒྱལ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཡེ་ཤེས་གཅིག་ཏུ་འདུས་པའི་དཔལ༔ འགྲོ་བའི་དོན་དུ་སྐུར་སྟོན་པ༔ ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལྷ་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འཁོར་ལོ་ཏྲི་ཤུལ་གཏད་ལ༔ ཧཱུྃ༔ འཁོར་བ་ཡོངས་སྒྲོལ་ཐུགས་རྗེའི་མཚོན༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ རྣམ་རྒྱལ་ཡབ་ཡུམ་སྐུ་བརྙེས་ནས༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཅིང་༔ དྲག་པོའི་ཕྲིན་ལས་འགྲུབ་གྱུར་ཅིག༔ རྩ་སྔགས༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་གཏོར་མ་གཏད་ལ༔ ༠༠༠བརྡ་ཡིག༔ ༣༨༡དེ་ནས་མཐའ་རྟེན་གཏད་ཅིང་ཤིས་པ་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་ཚིག་ཚུལ་བཞིན་བསྲུང་བའི་བུ༔ མི་སློབ་ལམ་གྱི་འབྲས་བུ་འཐོབ༔ ཉམས་ན་སྡུག་བསྔལ་ས་བོན་ཐེབ༔ ཞུ་ལས་བསྲུང་བ་གཙོར་འཛིན་གཟོབ༔ སྔགས་སྲུང་དཔལ་ལྡན་ལྷ་མོས་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ ༠༠༠བརྡ་ཡིག༔ ༣༨༢བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་ཡི༔ གསང་བ་སྒོས་སྒྲུབ་རྡོ་རྗེའི་ཕྲེང་བ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབེན་པའི་གནས་མཆོག་འཇིགས་རུང་ནགས་ཁྲོད་དུ༔ དཀྱིལ་འཁོར་གྲུ་བཞི་མཛེས་ལྡན་སྟེང་དུ་ནི༔ མེ་ཏོག་ཚོམ་བུ་ལྔ་བཀོད་དབུས་མ་ལ༔ ལྕགས་སམ་དྲག་ཤིང་ཕུར་པ་བརྗིད་ལྡན་བཙུག༔ དཀྱིལ་འཁོར་ལྷོ་དང་ལྷོ་རུ་ཁ་གྱུ་སྟེ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་མཆོད་པར་དམིགས༔ སྤྲོས་མེད་དོན་གྱི་སྒྲུབ་ལུགས་བཅོ་ལྔ་འདི༔ རྣལ་འབྱོར་རབ་ཀྱི་སྐལ་བར་བསྔགས་པ་སྟེ༔ གསང་བའི་རྟེན་རྫས་གསང་སྔགས་རང་ལུགས་ལྟར༔ སྦ་གསང་གནད་དང་ལྡན་ན་མྱུར་དུ་འགྲུབ༔ འཆོལ་ན་མཚན་རྟགས་དངོས་གྲུབ་རིང་བས་སོ༔ སྐྱབས་སེམས་བགེགས་བསྐྲད་ལ་སོགས་སྔོན་སོང་ནས༔ སྒོ་གསུམ་ཡེ་ཤེས་ལྷ་རུ་འཕོ་སྦྱོར་ནི༔ ཧཱུྃ་ཧཱུྃ༔ བདག་དང་སྣང་བ་ཐམས་ཅད་ཀུན༔ ཡེ་སྟོང་ཀ་དག་ཆོས་ཀྱི་དབྱིངས༔ སྟོང་པའི་ངང་ལས་ཧཱུྃ་སེར་ལས༔ འོད་འཕྲོས་ཡེ་ཤེས་གཞལ་ཡས་ཁང་༔ མཚན་ཉིད་སྣ་ཚོགས་རྫོགས་པའི་དབུས༔ པཾ་ལས་ཆུ་སྐྱེས་བཞད་པའི་ཁར༔ མ་ལས་ཉི་མའི་དཀྱིལ་འཁོར་དབུས༔ དུ་ལས་བདུད་ནག་ཕོ་མོའི་སྟེང་༔ ཧཱུྃ་ལས་རང་ཉིད་གཤིན་རྗེའི་གཤེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཁྲོ་གཏུམ་དཔའ་ཟིལ་རྔམས་བརྗིད་སྐུ༔ སེར་གསལ་ཉི་སྟོང་འོད་འབར་བ༔ གཡས་སྔོ་གཡོན་ལྗང་སྤྱན་དགུས་མཁའ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨར་སྨིན་དབུ་སྐྲ་དམར་སེར་འབར༔ གཡས་གཉིས་རྡོ་རྗེ་བེ་ཅོན་དང་༔ གཡོན་གཉིས་བྷནྡྷ་དགྲ་སྟྭ་ཐོགས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞིས་བམ་གནོན་གཤོག་གཉིས་གདེངས༔ དུར་ཁྲོད་དཔལ་ཆས་གར་དགུའི་ཉམས༔ ཡོངས་སུ་རྫོགས་པར་གསལ་བ་ལ༔ དུར་ཁྲོད་བདག་མོ་གཡོན་ནས་འཁྲིལ༔ དྲིལ་བུ་བྷན་དམར་ཡབ་འཁྱུད་སྟོབ༔ སེར་གསལ་ཉི་ལྟར་འོད་འབར་ཞིང་༔ ཁྲོ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཡེ་ཤེས་མེ་ཕུང་ཀློང་ན་འགྱིང་༔ སྤྱི་གཙུག་ནམ་མཁའ་ཁྱུང་གིས་བརྒྱན༔ རིགས་ཀུན་རྒྱལ་བ་རྒྱ་མཚོའི་ཚོགས༔ འཁོར་ལོ་ལྔ་ཡི་རྩ་འདབ་ལ༔ མ་འདྲེས་ཡོངས་སུ་རྫོགས་པར་བསམ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཛཔ྄་དམིགས་ནི༔ རང་ཉིད་ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་ཡི༔ ཐུགས་ཀློང་འོད་ལྔ་པད་ཉིའི་གདན་སྟེངས་སུ༔ སེམས་དཔའ་རྡོ་རྗེའི་ཧཱུྃ་ལ་སྔགས་ཀྱིས་འཁོར༔ འོད་འཕྲོས་རྒྱལ་ཀུན་མཆོད་ཅིང་དབང་བྱིན་བསྡུས༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་མཆོག་ཐོབ་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བཟླས་མཐར༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་དུས་རྒྱལ་བ་མ་ལུས་ཐམས་ཅད་ཀུན༔ ཡེ་ཤེས་འོད་ཟེར་རྣམ་ལྔའི་ཚུལ་འདུས་ཏེ༔ རང་ཉིད་ལ་ཐིམ་གཟི་བརྗིད་འོད་འབར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ ལྷ་སྔགས་ཆོས་ཉིད་རོལ་པར་དམིགས༔ དམིགས་མེད་ཆོས་སྐུའི་རོལ་པ་ལས༔ གདོད་ནས་རང་རིག་ཆོས་སྐུ་རིག༔ འདི་ལྟར་གཞན་ཡུལ་མི་ཞེན་པར༔ རང་གསལ་ལྷ་ཡི་དགོངས་པས་བཟླ༔ རྟག་ཆད་གཉིས་སུ་མ་གྱུར་པ༔ གསལ་ཉམས་ཙམ་ལས་འཛིན་ཞེན་མིན༔ རང་རིག་རང་ངོར་སད་ཙམ་ལས༔ གཞན་བསྒྲུབ་སེམས་པས་ཡུལ་ཞེན་མིན༔ གནད་དང་ལྡན་ན་ཟླ་གཅིག་ནང༔ མཆོག་གི་དངོས་གྲུབ་འཐོབ་པར་འགྱུར༔ གཅིག་ལས་བསྒྱུར་ཁ་མེད་མིན་ཏེ༔ ལས་བཞིའི་དམིགས་པ་དུས་བཞིར་སྦྲགས༔ གང་འདོད་ལས་ལའང་དཔག་པར་བྱ༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ སྤྲུལ་པའི་རྣམ་རོལ་ཐམས་ཅད་ཀུན༔ གཅིག་ཏུ་ངེས་པ་མ་གྲུབ་སྟེ༔ གང་ལྟར་གསལ་ཡང་དེ་ལྟར་སྣང༔ མ་འོངས་སྐལ་ལྡན་བློར་ཟུངས་ཤིག༔ ས་མ་ཡ༔ ༠༠༠༠བརྡ་ཡིག༔ ༣༨༥བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གཤིན་རྗེའི་གདོན་ཚོགས་འཆིང་བའི་ཙཀྲ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ཙཀྲ་མུ་ཁྱུད་རིམ་པ་བཅུ་༠༠༠བརྡ་ཡིག༔ ༣༨༥ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གཤིན་རྗེའི་གདོན་བཟློག་འཁོར་ལོ་ཟབ་མོ་བསྟན༔ ཙཀྲ་རིམ་པ་བཞི་༠༠༠༠༠བརྡ་ཡིག༔ ༣༨༥ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བྱད་བཟློག་རླུང་གི་གཤོག་པ་ཟབ་མོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབེན་གནས་མཐོ་ཞིང་རི་ཐང་མཐོང་སར་ཕྱིན༔ གང་མཐོང་འགྲོ་ལ་སྙིང་རྗེ་ཆེར་བསྒོམ་སྟེ༔ དགུང་མོ་བསྒོམ་བཟླས་འདི་ལ་བརྩོན་པར་བྱ༔ ཧཱུྃ་ཨ༔ གཉིས་སུ་འཛིན་པའི་བྱེ་བྲག་གིས༔ སོ་སོར་དབྱེ་ཞིང་ཀུན་བཏགས་ཀྱི༔ རྒྱུ་རྐྱེན་ཐམས་ཅད་སྟོང་པར་རིག༔ སྟོང་པའི་ངང་ལས་རང་རིག་ཧཱུྃ༔ ཧཱུྃ་ལས་ཧཱུྃ་འཕྲོས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ གནམ་ལྕགས་རྡོ་རྗེ་མེ་འབར་བ༔ ཡར་རྩེ་ལྔ་པོ་སྲིད་རྩེར་མཉམ༔ མར་རྩེས་འཁོར་བ་དོང་ནས་སྤྲུགས༔ ཡེ་ཤེས་མེ་ཕུང་ཉོན་མོངས་བསྲེགས༔ ལྟེ་བར་ཉི་ཟླའི་གྭའུའི་ནང་༔ ཡེ་ཤེས་འོད་ཕུང་འཁྲིགས་ཀློང་དུ༔ པད་ཉི་རཱུ་དྲ་བསྣོལ་བའི་སྟེང་༔ རང་རིག་ཧཱུྃ་ལས་གཤིན་རྗེའི་གཤེད༔ སེར་ནག་ཁྲོ་གཏུམ་གཟི་བརྗིད་འབར༔ ཕྱག་གཡས་རལ་གྲི་ཀླད་ལ་བསྐོར༔ གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་འབར༔ སྤྱན་གསུམ་སྡང་མིག་མཁའ་ལ་གཟིགས༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ འཆི་བདག་གཤིན་རྗེ་བསྣོལ་བའི་སྟེང་༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ དུར་ཁྲོད་དཔལ་ཆས་བཅོ་བརྒྱད་བརྒྱན༔ གར་དགུའི་ཉམས་ལྡན་ཧཱུྃ་སྒྲ་སྒྲོགས༔ སྤྲུལ་པའི་ཁྲོ་ཆུང་དཔག་མེད་དང་༔ འཆི་བདག་ལས་ཀྱི་གཤིན་རྗེའི་ཚོགས༔ སྐལ་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ གནོད་བྱེད་བྱད་མ་ལྷ་དང་བཅས༔ ཞགས་པས་བཅིངས་ཏེ་རལ་གྲིས་གཏུབ༔ ཕོ་ཉས་རྔམས་ཟས་ལྷག་མེད་དུ༔ གསོལ་ཞིང་རྗེས་ཤུལ་མེད་གྱུར་པའི༔ མི་འཇིགས་འཇིགས་བྱེད་ལས་གྲུབ་བསམ༔ ཨོཾ་ཧྲཱིཥྚི་ཝིཥྚི་ཏ་ན་ན་ཧཱུྃ་ཕཊ༔ ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ཎི་མཱ་ར་ནི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན་བྷྱོ༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་རྦད༔ ཡ་མ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཁཱ་ཧི༔ ཀཱི་ལི་ཀཱི་ལ་ཡ་བྱད་མ་རྦོད་གཏོང་བྷྱོ་ཟློག་ནན༔ རིག་པ་སེམས་སུ་མ་ཡེངས་པར༔ རྩེ་གཅིག་སྔགས་འདི་བཟླས་བྱས་ཏེ༔ བརྒྱ་སྟོང་བརྗོད་ལ་དམིགས་པས་གཟིར༔ བདེན་སྟོབས་བརྗོད་ཅིང་བཟློག་དམོད་བོར༔ མཐར་ཡང་དམིགས་མེད་སྤྲོས་བྲལ་ངང་༔ སྙིང་རྗེ་དྲག་པོ་བསྒོམ་པ་ཡིས༔ ཉལ་ཚེ་སྲུང་འཁོར་སྐྱབས་ཡུལ་ལས༔ གཞན་དུ་འཁྲུལ་པ་སྤངས་ལ་ཉལ༔ འདི་བཞིན་ཉམས་སུ་ལེན་པ་ལ༔ ཚེ་སྔོན་ལས་ཀྱི་ལན་ཆགས་བྱད༔ ད་ལྟ་བན་བོན་དམོད་པའི་བྱད༔ བཙན་ཕྱུག་འཕན་ལ་སྨོན་པའི་བྱད༔ ཆོས་ཟབ་བདུད་ཀྱི་འཕྲོག་རྒོལ་བྱད༔ དེ་དག་ཀུན་ལས་རྣམ་པར་གྲོལ༔ རྡོ་རྗེ་ལ་ཡང་དག་གསལ་གཙོ༔ ཡར་རྩེ་ཁྲག་འཐུང་རིགས་ལྔ་ལ༔ མར་རྩེ་ཀྲོ་དྷི་མ་རིགས་ལྔ༔ པད་འདབ་ཀེའུ་སེང་བཅུ་དྲུག་ལ༔ ལྟེ་གདན་སྟེང་འོག་བརྒྱ་ཕྲེང་ཡང་༔ ཞི་ཁྲོ་རིགས་བརྒྱའི་ངོ་བོར་དམིགས༔ ལྟེ་བ་ཆེ་མཆོག་ཧེ་རུ་ཀའི༔ སྐུ་ཡི་ལྟོ་བར་ཤེས་པར་བྱ༔ འདི་ལྷག་བཟློག་པ་ཟབ་མོ་ནི༔ སྟོང་གསུམ་གང་ལ་བསྐོར་ཀྱང་དཀོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༣༨༨བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡི༔ སྲེག་བླུགས་ཡེ་ཤེས་རབ་འབར་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རྫས་དཀྱིལ་གྲུ་བཞི་མེ་དཀྱིལ་གྲུ་གསུམ་བྱ༔ རྫས་རྣམས་ལྷན་ཅིག་སྤུངས་ལ་རྣམ་ལྔ་དང་༔ འདོད་ཡོན་སྨན་གཏོར་རཀྟའི་ཚོགས་ཀྱིས་བསྐོར༔ ཟན་ལིང་མིང་བྱང་རང་མདུན་བར་དུ་བཞག༔ བརྩིགས་ཤིང་གྲུ་གང་དྲག་པོའི་ཤིང་ལ་བྱ༔ དཀར་དམར་བགེགས་གཏོར་ཚོགས་ཀྱི་མཆོད་སྦྱིན་བྱ༔ རང་ཉིད་གཤིན་རྗེའི་གཤེད་པོ་ཡབ་ཡུམ་གྱི༔ ཧཱུྃ༔ མདུན་དུ་བྷྲུྃ་ལས་སྲུང་བའི་འཁོར་ལོའི་དབུས༔ རཾ་ལས་ཡེ་ཤེས་ལྔ་ཡི་མེ་ཕུང་གི༔ གཞལ་ཡས་ཁང་དབུས་པད་ཉི་བམ་ཆེན་སྟེང་༔ ཧཱུྃ་ལས་འཇིགས་བྱེད་ཁྲོ་རྒྱལ་གཤིན་རྗེ་གཤེད༔ སོགས་ནས༔ ལས་གཞུང་དུ་འཇུག༔ དེ་ནས་རྣམ་ལྔ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་སྣོད་བཅུད་མ་ལུས་མཆོད་པར་བཤམས༔ བདེ་སྟོང་བདུད་རྩིའི་ངོ་བོར་བསྒྱུར་བ་ལ༔ རྣམ་པ་ཉེར་སྤྱོད་བདུན་གྱི་རང་བཞིན་འདི༔ དྲག་པོ་མེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་གནོད་བྱེད་དགྲ་བགེགས་ཀུན་སྒྲོལ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ༔ ཨརྒྷཾ་སོགས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ རྫས་རྣམས་ཕུལ་ལ་རྗེས་སྤྱོད་ཤེས་པར་བྱ༔ སམ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་རིགས་ཀུན་མངའ་བདག་གིས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ རྡོ་རྗེ་འཇིགས་བྱེད་གཤིན་རྗེ་གཤེད་པོ་ཡི༔ རྩ་དབང་བདུད་རྩི་ཐིག་པ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་གཏོར་མ་བུམ་སྐུ་ཐོད་རྡོ་རྗེ༔ འཇའ་ཤེལ་ཐིག་ལེ་ཕྱག་མཚན་རྣམས་བཀོད་དེ༔ ལྷ་བསྒོམ་སྔགས་བཟླས་མཆོད་བསྟོད་རིམ་རྫོགས་ནས༔ བདག་འཇུག་བླང་ཞིང་སློབ་མ་གྲལ་དུ་འཁོད༔ ཁྲུས་བྱས་བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ མཎྜལ་ཕུལ་ཞིང་མེ་ཏོག་མིག་དར་སྦྱིན༔ སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་དེ༔ ཞུ་གནང་དམ་ཆུ་བླུད་ནས་སློབ་མ་ལྷར༔ གསལ་ལ་དབབ་བསྟིམ་བརྟན་པར་བྱས་ནས་སུ༔ མེ་ཏོག་དོར་ཞིང་མིག་རས་རབ་བསལ་མཐར༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་བདེ་སྟོང་གཞལ་ཡས་ཁང་༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་དང་༔ རིགས་ཀུན་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་དང་ཞིང་ཁམས་ཡོངས་སུ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ འབྱུང་ལུས་ཡེ་ཤེས་སྒྱུ་མའི་སྐུར༔ སྨིན་ཏེ་སྤྲུལ་སྐུ་ཐོབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ བྷནྡྷ་བདུད་རྩི་དམ་རྫས་དང་༔ ཨ་ལི་ཀ་ལི་རང་བྱུང་སྒྲ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ སྨྲ་བརྗོད་ཐམས་ཅད་སྔགས་སུ་དག༔ ལོངས་སྤྱོད་རྫོགས་སྐུ་ཐོབ་པར་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་མི་འཇིགས་རྡོ་རྗེའི་ཐུགས༔ རིགས་ཀུན་རྒྱལ་བའི་ཐུགས་དབང་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ སེམས་ཉིད་འོད་གསལ་ཆེན་པོའི་ངང་༔ ཁྱབ་གདལ་དོན་གྱི་སྐུ་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་དང་ཐིག་ལེ་ཐོགས་ལ༔ ཧཱུྃ༔ ཤེལ་དཀར་སོགས༔ དེ་ནས་གཤིན་རྗེ་གཤེད་པོའི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་དཔལ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཟུང་འཛིན་དངོས་ཞེན་ལས་ལྡོག་ཅིང་༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་པའི༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བེ་ཅོན་དགྲ་སྟྭ་ཐོགས་ལ༔ ཧཱུྃ༔ བེ་ཅོན་འཁོར་བའི་འཁྲུལ་འཁོར་བཤིག༔ དགྲ་སྟྭ་འབར་བས་གཟུང་འཛིན་གཅོད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་གནས་ནས་སྒྲོལ་བ་ཡི༔ ཐོགས་མེད་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་གཏོར་དབང་བསྐུར་ཞིང་མཐའ་བརྟེན་གཏད༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ རི་མོ་ཡོད༔ ༣༩༢བསྔོ་སྨོན་བྱ་ཞིང་ཚོགས་འཁོར་བསྐོར༔ དབང་འདི་ཐོབ་ནས་དམ་ཚིག་བསྲུང་༔ ཚུལ་བཞིན་ཉམས་སུ་ལེན་པ་རྣམས༔ ཚེ་འདིར་མངོན་འཚང་རྒྱ་འགྱུར་རོ༔ སྔགས་བདག་མ་མོའི་ཚོགས་ཀྱིས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༣༩༢བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་རྗེས་འཇུག་དོན་ཕྱིར་དུ༔ རྡོ་རྗེ་འཇིགས་བྱེད་གཤིན་རྗེ་གཤེད་པོ་ཡི༔ བླ་རྡོ་ཡེ་ཤེས་ལྔ་འཁྱིལ་ཙཀྲ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཏིཥྛ་བཛྲ་སརྦ་ཙིཏྟ་རཏྣ་ཙཀྲ་སིདྡྷི་ཧཱུྃ༔ འཆང་བ་པོ་ལ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་སིདྡྷི་ཕ་ལ་ཧཱུྃ༔ བཏབ༔ ཨ་ལི་ཀ་ལི་དང་རྟེན་སྙིང་བདུན་རེ་བཏབ༔ འཁོར་ལོ་ལྟེ་བར་ཧཱུྃ་དང་རྩིབས་བར་དུ༔ ཨཱོཾ༠༠༠༠༠བརྡ་ཡིག༔ ༣༩༣རྩིབས་རྩེའི་བར་དུ༔ ཨཱོཾ༠༠༠༠བརྡ་ཡིག༔ ཕྱི་རིམ་ཤར་ཕྱོགས་སྡེབ་ལ༔ ཨཱོཾ༠༠༠༠བརྡ་ཡིག༔ ལྷོ་ཡི་སྡེབ་ལ༔ ཨཱོཾ༠༠༠༠༠༠༠༠༠༠༠བརྡ་ཡིག༔ ནུབ་ཏུ༔ ཨཱོཾ༠༠༠༠༠བརྡ་ཡིག༔ བྱང་དུ༔ ༠༠༠༠༠༠༠བརྡ་ཡིག༔ དེ་ཡི་ཕྱི་རིམ་ཤར་དུ༔ ༠༠༠༠༠༠བརྡ་ཡིག༔ ལྷོ་རུ་༠༠༠༠༠༠བརྡ་ཡིག༔ ༣༩༤ནུབ་ཏུ༔ ༠༠༠༠བརྡ་ཡིག༔ བྱང་དུ༔ ཨཱོཾ༠༠༠༠༠༠བརྡ་ཡིག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ནང་རིམ་ལ་ཨ་ལི་ཀ་ལི་དང་༔ ཕྱི་རིམ་རྟེན་འབྲེལ་སྙིང་པོའི་མཐར༔ འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ༔ མཐར་ཡང་བཀྲ་ཤིས་རྫས་རྟགས་མེ་རིས་བསྐོར༔ མགུལ་དུ་བཏགས་པས་མི་མཐུན་ཕྱོགས་ལས་རྒྱལ༔ ཕྱི་མ་ཡི་དམ་ལྷ་ཡིས་རྗེས་འཛིན་འགྱུར༔ བསྟན་སྲུང་མ་མོའི་ཚོགས་ཀྱིས་སྲུངས་ཤིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ སྲུང་བ་རྡོ་རྗེའི་ཕ་ལམ་ཞེས་བྱ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ སྐུད་པར་མདུད་པ་དགུ་མདུད་དེ༔ སྔགས་འདི་ལན་བརྒྱར་བཏབ་པར་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ བི་ན་སརྦ་པ་ཙ་པ་ཙ་ཧཱུྃ་ཕཊ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་མདུད་པ་ལྷ་རུ་གསལ་བ་ནི༔ ཧཱུྃ་ལས་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་ཁྲོ་གཏུམ་རྔམས་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་གཟི་འོད་འབར༔ ཕྱག་གཡས་རལ་གྲི་ཀླད་ལ་བསྐོར༔ གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས༔ སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་བརྫེས་ཐོད་ལྔས་བརྒྱན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་དཔལ་ཆས་སྐུ་ལ་རྫོགས༔ མེ་ཕུང་ཀློང་དུ་འགྱིང་སྟབས་ཞུགས༔ ཐུགས་ཀར་ཉི་ཟླའི་གྭའུའི་ནང་༔ བསྲུང་བྱའི་ལུས་ངག་ཡིད་གསུམ་ནི༔ མི་ཤིགས་སྲུང་བའི་གུར་དུ་ཚུད༔ མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་༔ བར་ཆད་གནོད་བྱེད་བསྲེག་བཟློག་བསམ༔ ཡེ་ཤེས་སྤྱན་དྲངས་བསྟིམ་བྱས་ཏེ༔ མགུལ་དུ་བཏགས་པའི་འཆང་བ་པོར༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ལས་གྲོལ༔ ཕ་རོལ་རྒོལ་ངན་ཕལ་ཆེར་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་བདག་སྲིད་པའི་རྒྱལ་མོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ རྒྱ་རྒྱ་རྒྱ༔ ༠༠༠བརྡ་ཡིག༔ ༣༩༥དགྲ་ལ་ཕུང་མདུད་སྟེར་བ་ནི༔ རང་ཉིད་གཤིན་རྗེ་གཤེད་བསྒོམས་ཏེ༔ མདུད་པ་ཡ་ཡིག་ནག་པོ་ལས༔ འོད་འཕྲོས་བསྟན་སྲུང་རྒྱ་མཚོ་ཡི༔ མཐུ་སྟོབས་བྱིན་རླབས་ཐམས་ཅད་ཀུན༔ འོད་ནག་ཚུལ་དུ་བསྡུས་པ་ཡིས༔ ཡ་ཡིག་ཉིད་ལ་ཐིམ་པ་ལས༔ ཡོངས་གྱུར་འཆི་བདག་གཤིན་རྗེ་ནི༔ དུད་ཁ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་སྲོག་ལེན་ལྕགས་ཀྱུ་དང་༔ གཡོན་པས་འཇིགས་བྱེད་དགྲ་སྟྭ་ཐོགས༔ ཆིབས་སུ་མ་ཧེ་ཆུ་མདོག་ཆིབས༔ རྒྱན་མེད་ཁྲོ་གཏུམ་རྔམས་པར་བསམ༔ གནས་གསུམ་འོད་འཕྲོས་ལྷོ་ཕྱོགས་ནས༔ ཡ་མ་རྭ་ཙ་སྤྱན་དྲངས་བསྟིམ༔ ཛཿགཤིན་རྗེ་ཡ་མ་རཱ་ཙ་ཁྱོད༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ མདུད་པ་འདི་ལ་རྟེན་ཆོས་ལ༔ འཆང་བ་པོ་ལ་ཟ་ཁ་སྟོན༔ མི་ནོར་འཁོར་དང་བཅས་པ་ལ༔ ཟ་ངུ་གྱིས་ལ་རྔམས་འཐུང་གྱིས༔ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག༔ མདུད་པ་འདི་ཉིད་འཆང་བ་པོ༔ གསོད་པའི་ཤན་པར་ཁྱོད་བསྐུལ་ལོ༔ རྩལ་མ་ཞན་ལ་བང་མ་བུལ༔ དམ་ཚིག་གཉན་པོས་ཁྱོད་བསྐུལ་ལོ༔ དགྲ་འདིའི་མི་ནོར་ལྷག་མེད་ཐོངས༔ དེ་མཐར་འབྱུང་ལྔར་ཟ་ཁ་སྟོན༔ བཛྲ་ས་མ་ཡ༔ འཇིགས་བྱེད་ནག་པོའི་སྔགས་ཀྱི་མཐར༔ ཨོཾ་མ་ཧཱ་ཀཱ་ལ་ཡ་མ་རཱ་ཙ་ས་མ་ཡ་དགྲ་བོའི་མི་ནོར་འཁོར་དང་བཅས་པ་ལ་ཧབ་ཧབ་མྱོག་མྱོག་ཁཱ་ཧི༔ ལན་བདུན་བཏབ་ལ་འཆི་བདག་གིས༔ སྟོང་གསུམ་ཙམ་གྱི་ཞལ་གདངས་ནས༔ དགྲ་བོའི་ཤ་ཁྲག་ལ་རྔམས་ཤིང་༔ མདུད་པར་བརྟེན་ནས་གནས་པར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་ཡ་མ་རཱ་ཛ་ཧ་ཧེ་ཧབ་རོལ༔ འདི་འཆང་སྡང་བའི་དགྲ་བོ་དེ༔ རྗེས་མེད་བརླག་པར་ཐེ་ཚོམ་མེད༔ དམ་ལྡན་རྣལ་འབྱོར་ཐམས་ཅད་ཀྱིས༔ དགྲ་འདུལ་ལས་ཀའི་མཆོག་འདིའོ༔ དེ་ལས་གཞན་ན་མི་གནག་གོ༔ སྔགས་བདག་སྲིད་པའི་རྒྱལ་མོ་སོགས༔ མ་མོ་མཁའ་འགྲོའི་ཚོགས་ལ་གཉེར༔ དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོངས༔ དམ་ཉམས་སྲོག་གི་གཤེད་མ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༣༩༧རྫས་ནི་མི་བསད་གྲི་ལྕགས་བྱུག༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རིག་སྔགས་བདག་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དགྲ་ཕུང་ངན་སྔགས་སྤུ་གྲི་རེག་༠༠༠༠༠༠བརྡ་ཡིག༔ ༣༩༧བདག་འདྲ་རིག་འཛིན་པདྨ་དྲག་རྩལ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ འཆི་བདག་གཤིན་རྗེའི་དྲག་འཁོར་༠༠༠༠བརྡ་ཡིག༔ ༣༩༧ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྔགས་པ་པདྨ་དྲག་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ འཆི་བདག་གཤིན་རྗེ་སྲོག་ལེན་ནག་པོ་༠༠༠༠༠༠བརྡ་ཡིག༔ ༣༩༧ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྔགས་ནག་ལས་ཀྱི་དཔའ་བོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ འཆི་བདག་གཤིན་རྗེ་སྲོག་ལེན་ནག་པོ་ཡི༔ རྦད་ལས་༠༠༠བརྡ་ཡིག༔ ༣༩༨ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་ཉམས་ལྟ་ལོག་ལག་ཏུ་མ་ཤོར་ཞིག༔ ཤོར་ན་ལས་ངན་དམྱལ་བའི་ས་བོན་འདེབས༔ གཅིག་ལས་གཉིས་སུ་སྤེལ་གྱུར་ན༔ ངན་སྔགས་སྲོག་གི་ཐིག་པ་འདིའི༔ བདག་མོ་སྲིད་རྒྱལ་འཁོར་བཅས་ཀྱིས༔ སྤེལ་མིའི་སྲོག་ལ་ཆད་པ་གཏོང་༔ དེས་ན་འདི་ནི་གསང་རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠བརྡ་ཡིག༔ ༣༩༨བདག་འདྲ་རིག་འཛིན་པདྨ་རྒྱལ་པོ་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དབང་ཆེན་རྟ་མགྲིན་ཁམས་གསུམ་རོལ་པ་ཡི༔ གསང་བ་སྒོས་སྒྲུབ་ཡེ་ཤེས་སྤྲིན་ཕུང་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབེན་པའི་གནས་སུ་དར་དམར་རས་གཞི་ལ༔ ཚོམ་བུ་ལྔ་བཀོད་དབུས་མར་ཕུར་པ་བཙུག༔ མཆོད་རྫས་འབྱོར་ཚོགས་འདོད་ཡོན་སྤུང་ཞིང་བཀྲམ༔ དཀྱིལ་འཁོར་ནུབ་ལ་ནུབ་ཕྱོགས་ཁ་གྱུ་སྟེ༔ སྐྱབས་སེམས་སྔོན་འགྲོའི་རིམ་པ་ཚང་བར་བྱ༔ དེ་ནས་རང་རིག་ཡེ་ཤེས་ལྷར་བསྒོམ་ནི༔ ཧཱུྃ་ཨ༔ སྣང་བ་ཐམས་ཅད་ཀུན་བཟང་ཀློང་༔ སྲིད་པ་ཐམས་ཅད་དབང་གི་དལ༔ རྒྱུ་རྐྱེན་ལས་གྲུབ་གཞལ་ཡས་དབུས༔ མ་ཆགས་པདྨ་འདབ་བཞིའི་ཁར༔ རཱུ་དྲ་ཕོ་མོ་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་ཉིད་རྟ་མཆོག་དཔལ༔ གཏུམ་དྲག་དམར་ནག་རབ་འཇིགས་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཁམས་གསུམ་རྣམ་པར་རྒྱལ་བའི་རྟགས༔ ཁྱུང་གཤོག་ནམ་མཁའི་ཁམས་སུ་གདེངས༔ གཡས་དཀར་གཡོན་སྔོ་རྔམས་པའི་ཞལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྟེང་གི་ནམ་མཁར་གཟིགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན༔ ཕྱག་དྲུག་གཡས་གཉིས་རྡོ་རྗེ་དང་༔ སྤུ་གྲི་འབར་བ་མཁའ་ལ་ཕྱར༔ གཡོན་གཉིས་བྷན་ཁྲག་ཞགས་པ་བསྣམས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞིས་ཀླུ་གདོན་ཕོ་མོ་གནོན༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ སྤྱི་གཙུག་རལ་གསེབ་རྟ་སྐད་འཚེར༔ རྡོ་རྗེ་གཏུམ་མོ་ཁྲོ་མོས་འཁྲིལ༔ ཞལ་གཅིག་ཕྱག་གཉིས་སྲིན་ཁྲོས་ཞལ༔ དྲིལ་བུ་བྷན་དམར་ཡབ་འཁྱུད་སྟོབ༔ ཁྲོ་མོའི་ཆས་རྫོགས་ཐབས་ཤེས་ནི༔ གཉིས་མེད་སྐུ་ཡི་གནས་ལྔ་རུ༔ སྐུ་ལྔ་ཡེ་ཤེས་རང་རྩལ་གྱི༔ རྩ་ཁམས་དཔའ་བོ་མཁའ་འགྲོ་རྫོགས༔ ཤེས་རབ་ཡེ་ཤེས་རང་མདངས་ལས༔ ཡེ་ཤེས་བསྐལ་པའི་མེ་ལྟ་བུར༔ འབར་བའི་ཀློང་དུ་གྱད་སྟབས་བགྲད༔ སྤྱི་བོར་ཡེ་ཤེས་ཁྱུང་གིས་བརྒྱན༔ གནས་གསུམ་འོད་འཕྲོས་ཡེ་ཤེས་པ༔ དཔག་མེད་ཆར་སྤྲིན་གཏིབས་པ་ལྟར༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ སྟྭཾ༔ ཀ་དག་ཆོས་ཉིད་ཁྱབ་གདལ་གཞིའི༔ རང་མདངས་མཁྱེན་གཟིགས་ཡེ་ཤེས་རྩལ༔ ཐབས་མཆོག་སྒྱུ་འཕྲུལ་ལྷ་ཉིད་དོ༔ ལྷ་ནི་རང་རྒྱུད་པ་མ་མཆིས༔ བསྐྱེད་དང་བསྒོམ་པ་རྫོགས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༠༠ཛཔ྄་དམིགས་འོད་གསལ་ཉི་མ་ནི༔ ཨ༔ གདོད་ནས་རང་བྱུང་ཡེ་ཤེས་ལྷ༔ མ་རིག་བག་ཆགས་ཤུབ་ནས་དོན༔ ཐུགས་གསང་རྒྱུ་ཡི་ཧེ་རུ་ཀའི༔ ཡང་གསང་རྡོ་རྗེའི་ཐབས་ཤེས་སྦུབས༔ རྒྱུ་ལས་འོད་འབྲེལ་སྔགས་ཀྱིས་འཁོར༔ སྤྲོས་པས་རིགས་ཀུན་རྒྱལ་རྣམས་ཀྱི༔ གསང་གསུམ་ངོ་བོ་འབྲུ་གསུམ་ལ༔ བསྡུས་པས་སྔ་མའི་བག་ཆགས་སད༔ ཕྱི་མའི་ཉེར་ལེན་དབྱིངས་སུ་ཞིག༔ རྡོ་རྗེ་གསུམ་གྱི་ངང་དུ་སངས༔ འཁྲུལ་རྟོག་སྒྱུ་འཕྲུལ་འཁོར་ལོར་འཕོས༔ ཁྱབ་གདལ་ཀློང་དུ་བདེ་བླག་རྙེད༔ ཧཱུྃ་བཛ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ སླར་ཡང་རིག་པའི་འཕྲོ་འདུ་ལས༔ རྒྱལ་དང་རྒྱལ་སྲས་མ་ལུས་པ༔ ཐུགས་རྗེ་རང་བཞིན་སྒྱུ་འཕྲུལ་གར༔ ངོ་བོ་ཉིད་དུ་རོ་གཅིག་རིག༔ རྣམ་མང་ལྷ་དང་དཀྱིལ་འཁོར་ཡོངས༔ ཡེ་ཤེས་འཁོར་ལོ་གཅིག་ཏུ་བསྒྲུབ༔ ཧཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༠༡དབང་ཆེན་ཁྲོས་པའི་རྒྱལ་པོ་ཡི༔ ཀླུ་གདོན་སྲུང་ཟློག་འཁོར་ལོ་ནི༔ འདི་ཡི་ལག་ལེན་རིམ་པ་༠༠༠༠བརྡ་ཡིག༔ ༤༠༡ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དབང་ཆེན་ཁྲོས་པའི་རྒྱལ་པོ་ཡི༔ ཀླུ་ཡི་གྲིབ་གནོད་བསྲུང་༠༠༠༠བརྡ་ཡིག༔ ༤༠༡ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དབང་ཆེན་ཁྲོས་པའི་རྒྱལ་པོ་ཡི༔ རྟ་བསྲུང་ཉི་ཟླའི་གའུ་ནི༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ལ༔ བྱེར་ཟངས་མཁར་འོང་ནག་པོ་དགུ་སྦྱོར་ལ༔ སྔགས་འདི་བརྒྱ་བཏབ་སྣག་ཚར་བསྲེ་བར་བྱ༔ ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཨཱཪྻ་རེ་མནྟ་གྷོ་ར་རཀྵ་རཀྵ༔ འཆང་བ་པོའི་རྟ་ལ་རཀྵ་སྭཱ་ཧཱ༔ འདི་ལ་མུ་ཁྱུད་རིམ་གཉིས་བསྐོར༔ དང་པོ་ཉི་མའི་དཀྱིལ་འཁོར་ལ༔ ལྟེ་བར་ཧྲཱིཿཧཱུྃ་རཀྵ༔ བྲིས་མཐར༔ འཆང་བ་པོ་རྟ་འདིའི་ལུས་ངག་ཡིད་གསུམ་ལ་རཀྵ་རཀྵ་སྭཱ་ཧཱ༔ དེའི་ཕྱི་རིམ་དུ༔ ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་སུཪྻ་རཀྵ་རཀྵ་ཧཱུྃ༔ ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ པདྨ་སཏྭ་བཛྲ་རཀྵ་བྷྲུྃ༔ ཕྱི་མ་ཟླ་བའི་དཀྱིལ་འཁོར་ལ༔ ཨོཾ་པདྨ་ཀྲོ་དྷ་ཧེ་རུ་ཀ་སརྦ་ཀརྨ་ཀྲོ་དྷ་རཀྵ་རཀྵ༔ ཨོཾ་ཨཱཪྻ་རེ་མནྟ་གྷོ་ར་རཀྵ་རཀྵ་བྷྲུྃ་ཏྲཱཾ་སྭཱ་ཧཱ༔ ཨོཾ་ཧ་ར་ཧ་ར་བཛྲ༔ མ་ཐ་མ་ཐ་བཛྲ༔ དྷུ་ན་དྷུ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ དྷཱ་ར་དྷཱ་ར་བཛྲ༔ དྷཱ་ར་ཡ་དྷཱ་ར་ཡ་བཛྲ༔ དྷཱ་རུ་ཎ་དྷཱ་རུ་ཎ་བཛྲ༔ ཚིནྡྷ་ཚིནྡྷ་བཛྲ༔ བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ༔ མཐར༔ འཆང་བ་པོ་རྟ་ལ་རཀྵ་རཀྵ་བྷྲུྃ་སྭཱ་ཧཱ༔ དེའི་ཕྱི་རིམ་དུ་ཨ་ཙནྡྲ་རཀྵ་བྷྲུྃ༔ ཨ་ལི་ཀ་ལི་སོགས༔ རྟེན་འབྲེལ་སྙིང་པོའི་མཐར༔ འཆང་བ་པོའི་རྟ་འདི་ལ་རཀྵ་རཀྵ་བྷྲུྃ་སྭཱ་ཧཱ༔ དེ་མཐར་མེ་རི་གཡོན་འཁྱིལ་དང་༔ ཆུ་རི་གཡས་སུ་འཁྱིལ་བས་བསྐོར༔ རབ་གནས་བརྟན་བཞུགས་ནན་བྱས་ཏེ༔ མགུལ་དུ་བཏགས་པས་རྟ་ཉིད་ལ༔ སྣང་སྲིད་ལྷ་འདྲེས་གླགས་མི་རྙེད༔ ཐེ་ཚོམ་མེད་དོ་ས་མ་ཡ༔ སྔགས་བདག་སྲིད་པའི་རྒྱལ་མོས་སྲུངས༔ ས་མ་ཡ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༤༠༣དབང་ཆེན་ཁྲོས་པའི་རྒྱལ་པོ་ཡི༔ སེར་སྲུང་༠༠༠༠༠༠བརྡ་ཡིག༔ ༤༠༣དབང་ཆེན་ཁྲོས་པའི་རྒྱལ་པོ་ཡི༔ དབང་སྡུད་༠༠༠༠༠བརྡ་ཡིག༔ ༤༠༣ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ཀླུ་གདོན་ཆུ་ལྷའི་གནོད་པ་འཇོམས་བྱེད་ཀྱི༔ སྔགས་དང་དམིགས་པ་ཟབ་མོ་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རང་ཉིད་རྟ་མགྲིན་ཡབ་ཡུམ་གསལ༔ སྤྱི་བོར་ཁྱུང་ནག་མེ་འབར་ལ༔ སྤྲུལ་པ་ཁྱུང་གི་ཚྭ་ཚྭ་འཕྲོ༔ བ་སྤུའི་སྒོ་དང་སྡིགས་མཛུབ་རྩེར༔ ཁྱུང་དང་དྲི་ངན་ཚྭ་ཚྭ་འཕྲོས༔ ཀླུ་གཉན་རིམས་དང་ནད་རྣམས་དང་༔ གནོད་བྱེད་མཁན་པོ་དང་བཅས་པ༔ བསྲེག་གཏུབ་ཟོས་ཤིང་ལྷག་མེད་དུ༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཁྲོཾ་ག་རུ་ཌ་ཧཱུྃ་ཀླུ་གཉན་གནོད་བྱེད་སརྦ་ཤ་ཏྲ྄ུཾ་མཱ་ར་ཡ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དམིགས་བཟླས་གནད་དང་ལྡན་པས་ན༔ ཀླུ་གཉན་གནོད་བྱེད་ཐམས་ཅད་ཀུན༔ ཡོ་ལོག་བྱུང་ཡང་ཉམ་མི་ང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠བརྡ་ཡིག༔ ༤༠༤བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ཡི༔ སྲེག་བླུགས་ཡེ་ཤེས་མེ་འོད་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མེ་ཐབ་གྲུ་གསུམ་རྫས་དཀྱིལ་གྲུ་བཞི་བྱ༔ འབྲུ་སྣ་རྣམ་ལྔ་བསད་ལིང་མིང་བྱང་སོགས༔ ཡོ་བྱད་ཐམས་ཅད་གཞུང་བཞིན་བཤམས་པར་བྱ༔ དཀར་དམར་གླུད་བཏང་མཆོད་རྫས་བྱིན་རླབས་མཐར༔ རང་ཉིད་ཡི་དམ་ལྷར་གསལ་མདུན་དབུས་སུ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་བྷྲུྃ་ལས་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་༠༠༠༠༠བརྡ་ཡིག༔ ༤༠༤དེ་ནས་རྫས་རྣམས་ཕུལ་ལ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཕུང་པོ་འབུལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བོ་དྷི་བྷྲྀཀྵ་ཨ་མྲྀ་ཏ་སོགས༔ ལྷག་མ་བསྔོ་ཞིང་རྗེས་རིམ་ཚང་བར་བྱ༔ བླུགས་གཟར་བཏེགས་ཤིང་བསྐོར་བས་དམིགས་བྱ་དེ༔ ཁབ་ལེན་རྡོ་ཡིས་ལྕགས་བླངས་ཇི་བཞིན་དུ༔ འཁོར་བཅས་རང་དབང་མེད་པར་བཀུག་བསྡུས་ཏེ༔ འཁོར་འདས་ཁྱབ་གདལ་རྟ་མཆོག་རྒྱལ་པོ་ཡི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པར་བསྟབ༔ ལྷག་མ་རྡུལ་ཕྲན་ཙམ་ཡང་མ་ལུས་པར༔ བསམ་ཞིང་ཡང་ཡང་ཕུལ་ལ་དམིགས་པས་གཟིར༔ མ་རིག་ཉོན་མོངས་དབྱིངས་སྒྲོལ་སངས་རྒྱས་ཕྱིར༔ འཁྲུལ་འཕྲོ་བཅད་བསམ་སྙིང་རྗེའི་སེམས་གདིང་གིས༔ འབུལ་བ་བྱང་ཆུབ་སེམས་ཀྱི་དམ་ཚིག་གོ༔ འདི་བཞིན་ལག་ལེན་འདེབས་པའི་གང་ཟག་གིས༔ བསམ་པའི་དོན་དེ་ཐོགས་མེད་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ཡི༔ རྩ་དབང་དགོས་འདོད་ཀུན་འབྱུང་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་བཀོད་སྒྲུབ་གཞུང་བཞིན་གྲུབ་པའི་རྗེས༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་སྔོན་སོང་ནས༔ མཎྜལ་ཕུལ་ཞིང་མིག་དར་མེ་ཏོག་གཏད༔ སྐྱབས་འགྲོ་སེམས་བསྐྱེད་གསོལ་གདབ་དམ་ཆུ་སྦྱིན༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ་བསྟིམ་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ པདྨ་གསུང་གི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༠༤རྡོ་རྗེ་ཐོགས་ལ༔ ༠༠༠བརྡ་ཡིག༔ ༤༠༤ཤེལ་དཀར་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༠༤དབང་ཆེན་རྟ་མགྲིན་རྒྱལ་པོའི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ གསང་གསུམ་ཡོངས་འདུས་པདྨ་དབང་གི་ལྷ༔ དཔལ་ཆེན་ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་གྱིས༔ རྒྱལ་ཀུན་ཡོན་ཏན་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྤུ་གྲི་དང་ཞགས་པ་ཐོགས་ལ༔ ཧཱུྃ༔ སྤུ་གྲི་འབར་བས་འཁྲུལ་རྒྱུན་གཅོད༔ ཞགས་པས་ལོག་རྟོག་འཆིང་བར་བྱེད༔ རྒྱལ་ཀུན་ཐུགས་རྗེའི་མཚོན་ཆ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མ་རིག་འཁྲུལ་པ་དབྱིངས་སྒྲོལ་ཅིང་༔ ཁྲོ་རྒྱལ་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ༔ ༠༠༠བརྡ་ཡིག༔ ༤༠༦མཐའ་བརྟེན་གཏད་ཅིང་ཤིས་པ་བརྗོད༔ དབང་འདི་ཐོབ་པའི་གང་ཟག་རྣམས༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་ན༔ མི་སློབ་ལམ་གྱི་འབྲས་བུ་རུ༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༤༠༧བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཀླུ་གཉན་ལས་བསྲུང་རྡོ་རྗེའི་མདུད༔ ལག་ལེན་རིམ་པ་འདི་ལྟ་སྟེ༔ སྐུད་ནག་གསུམ་བསྒྲིལ་བྱས་པ་ལ༔ མདུད་པ་ལྔ་མདུད་སྔགས་སྟོང་བཏབ༔ དབུས་མ་རྟ་མཆོག་རྒྱལ་པོ་ལ༔ བཞི་པོ་ཡེ་ཤེས་ཁྱུང་བཞིར་བསྒོམ༔ རང་འདྲའི་སྤྲུལ་པ་དཔག་མེད་ཀྱིས༔ སྣང་སྲིད་ཁྱབ་ཅིང་ཀླུ་གདོན་གྱི༔ ཤ་ཁྲག་རྔམས་ཟས་བྱེད་པར་བསམ༔ ཐུགས་ཀར་ཉི་ཟླའི་གའུའི་ནང་༔ བསྲུང་བྱའི་ལུས་ངག་ཡིད་གསུམ་རྣམས༔ གཞོམ་མེད་བསྲུང་བའི་གུར་ཚུད་བསམ༔ ཨོཾ་ཧྱ་གྲཱི་ཝ་ཁྲོཾ་ག་རུ་ཌ་གནོད་བྱེད་གླུ་གཉན་ཕོ་མོའི་གནོད་པ་ལས་སརྦ་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ སྔགས་འདི་བརྒྱ་བཏབ་མགུལ་བཏགས་པས༔ མི་མཐུན་གནོད་པའི་རྐྱེན་ལས་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༠༧བརྡ་ཐིམ༔ རྟ་བསྲུང་རྡོ་རྗེའི་འོད་ཁང་ནི༔ སྐུད་པ་དམར་སེར་མདུད་དགུ་བོར༔ རྟ་མགྲིན་དབང་ཆེན་སྐུར་བསྒོམས་པའི༔ ཐུགས་ཀར་གའུ་རིམ་གསུམ་དུ༔ རྟ་ཡི་ལུས་ངག་ཡིད་གསུམ་ཚུད༔ འཆང་བའི་ལུས་མཐོང་ངག་སྒྲ་ཀུན༔ ཐོས་པས་གནོད་བྱེད་གང་སུ་དག༔ གཞོམ་བསྲེག་ཉམས་ཤིང་བརླག་ནུས་བསམ༔ དེ་ལ་སྔགས་འདི་བརྒྱ་བཏབ་བོ༔ ཨོཾ་ཧྲཱིཿཔདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རྟ་ཡི་ལུས་ངག་ཡིད་ལ་རཀྵ་རཀྵ་བཛྲ་བྷྲུྃ༔ མགུལ་བཏགས་གནོད་པ་ཀུན་ལས་གྲོལ༔ འདི་ལ་ལན་བདུན་བཟླས་བཏབ་ངར་ཡང་བླུད༔ ཨོཾ་ཨཱཪྻ་རེ་མནྟ་གྷོ་ར་རཀྵ་རཀྵ༔ འདི་ནི་ངལ་མེད་ནུས་ལྡན་ཏེ༔ ཕ་རོལ་ཕྱེ་མར་བརླག་པ་ཡི༔ འགྲུབ་རྩོལ་འབད་མེད་མན་ངག་མཆོག༔ རི་མོ་ཡོད༔ ༤༠༨དམིགས་བཟླས་གནད་དང་ལྡན་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༠༨བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེན་དུ༔ དཔལ་ཆེན་ཁྲོ་རྒྱལ་རྟ་མཆོག་རོལ་པ་ཡི༔ བླ་རྡོ་ཁམས་གསུམ་དབང་སྡུད་ལྕགས་ཀྱུ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང་བཏབ་བྲི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་སརྦ་སིདྡྷི་ཨ་ཝེ་ཤ་ཡ་ཛ་ཛཿཏིཥྛ་བཛྲ་རཀྵ་སྭཱ་ཧཱ༔ ཨ་ལི་ཀ་ལི་རྟེན་སྙིང་བདུན༔ དེ་ནས་དར་རས་དམར་གསལ་ལ༔ སྒྲུབ་པའི་རྟེན་དུ་བཙུག་པ་ལ༔ རབ་གནས་བརྟན་བཞུགས་ནན་བྱས་ཏེ༔ མགུལ་དུ་བཏགས་པས་འཇིགས་ལས་གྲོལ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མོ་མཁའ་འགྲོའི་ཚོགས་ཀྱིས་སྲུངས༔ ༠༠༠༠བརྡ་ཡིག༔ ༤༠༩བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ གསང་བ་སྒོས་སྒྲུབ་ཙནྡྲའི་གའུ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབེན་པའི་གནས་མཆོག་ཉམས་དགའི་སྐྱེད་ཚལ་དུ༔ དཀྱིལ་འཁོར་དར་རས་སྔོན་པོའི་གཞི་མ་ལ༔ མེ་ཏོག་ཚོམ་བུ་ལྔ་བཀོད་དབུས་མ་ལ༔ ལྕགས་སམ་དྲག་ཤིང་ཕུར་པ་མཛེས་ལྡན་བཙུག༔ མཆོད་རྫས་མི་མངོན་རི་རབ་ཚུལ་དུ་སྤུང་༔ དཀྱིལ་འཁོར་བྱང་སྟེ་བྱང་དུ་ཁ་གྱུ་འདུག༔ དཀར་ཕྱོགས་མཆོད་ཅིང་ནག་ཕྱོགས་དམར་གྱིས་གསོལ༔ ལན་ཆགས་བགེགས་ལ་ཆངས་གླུད་སྣ་ཚོགས་བསྐྱལ༔ སྐྱབས་སེམས་སྔོན་འགྲོ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ བྱིན་ཆེན་དབབ་ཅིང་མཆོད་རྫས་བྱིན་བརླབས་ཏེ༔ རྒྱས་འདེབས་བློས་བཞག་དམིགས་སྒོམ་མ་ཡིན་པར༔ གཟུང་འཛིན་ཀུན་བཏགས་དེར་འཛིན་ཆོས་རྣམས་ཀུན༔ ཡེ་ནས་སྟོང་པའི་རང་བཞིན་རིག་པ་ཡི༔ ངང་ལས་ཡེ་ཤེས་སྒྱུ་མའི་ལྷར་གསལ་ནི༔ ཨ༔ འདུས་དང་འདུས་བྱས་ཆོས་རྣམས་ཀུན༔ གདོད་ནས་སྟོང་པ་བདག་ཏུ་མེད༔ བདག་མེད་ཆོས་དབྱིངས་ངང་དུ་སངས༔ འཁྲུལ་འཁོར་གཟུང་འཛིན་རྫུན་ཕུག་རྡིབ༔ ཧཱུྃ༔ སྐྱེ་མེད་དབྱིངས་ལས་ཐིག་པ་ཤར༔ འགགས་མེད་རྩལ་གྱི་སྒྱུ་འཕྲུལ་ལས༔ ཕྱོགས་མེད་ཐུགས་རྗེའི་གཞལ་ཡས་དབུས༔ མ་ཆགས་པདྨ་འདབ་བཞིའི་གདན༔ སྐྱོན་བྲལ་ཉི་མའི་དཀྱིལ་འཁོར་དུ༔ བདག་འཛིན་རཱུ་དྲ་བསྣོལ་བའི་སྟེང་༔ སེམས་ཉིད་མ་བཅོས་རང་གཞིར་སངས༔ འཁྲུལ་རྟོག་ཆོས་ཉིད་རོལ་པར་ཞིག༔ འགྱུ་དྲན་རྟོག་པ་གཞིར་འཕོས་པའི༔ ངང་ལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ སྐུ་གསུམ་ལྷུན་གྲུབ་ཞལ་གསུམ་པ༔ རྒྱུད་དྲུག་དབྱིངས་སྒྲོལ་ཕྱག་དྲུག་ངོམས༔ ལོག་རྟོག་གནོན་ཕྱིར་ཞབས་བཞི་པ༔ ལྗང་ནག་ཁྲོ་གཏུམ་རྔམས་བརྗིད་སྐུ༔ གཡས་ཞལ་སེར་གསལ་གཡོན་དུད་ཁ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་མཁའ་ལ་གཟིགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དང་པོའི་ཕྱག་གཉིས་རྡོ་རྗེ་བྷན༔ བར་པས་རྒྱ་གྲམ་དབྱུག་ཏོ་ཐོགས༔ ཐ་གཉིས་རི་རབ་ཕུར་པ་དྲིལ༔ བདུད་དང་ལོག་འདྲེན་བསྣོལ་བའི་སྟེང་༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་བཅུ༔ ཡེ་ཤེས་རང་མདངས་རྒྱན་དུ་ཤར༔ མེ་ཀློང་གར་དགུའི་ཉམས་རྫོགས་ལ༔ རྡོ་རྗེ་རླུང་འབྱིན་ཁྲོ་མོས་འཁྲིལ༔ ལྗང་གསལ་དྲིལ་བྷན་ཡབ་འཁྱུད་སྟོབ༔ ཁྲོ་མོའི་ཆས་རྫོགས་སྲིན་ཁྲོས་ཞལ༔ སྤྱི་བོར་སྤྲུལ་པའི་ཁྱུང་གིས་བརྒྱན༔ གནས་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས༔ དཔག་མེད་ཆར་སྤྲིན་གཏིབས་པ་ལྟར༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཛཔ྄་ཀྱི་དམིགས་བཟླས་ནི༔ ཧཱུྃ༔ རང་རིག་ཡེ་ཤེས་མངོན་གྱུར་ཏེ༔ སྣང་སྲིད་སྐུ་དང་ཡེ་ཤེས་སུ༔ འཕོས་པའི་ཡེ་ཤེས་སྒྱུ་མའི་སྐུ༔ ཐབས་ཤེས་གཉིས་སུ་མེད་པ་ཡི༔ ཐུགས་ཀར་རྒྱུ་ཡི་ཧེ་རུ་ཀའི༔ གསང་བ་རྡོ་རྗེ་ཧཱུྃ་ལྗང་ལ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ རྒྱལ་ཀུན་མཉེས་མཆོད་དབང་བྱིན་རླབས༔ བསྡུས་པས་དབང་བྱིན་ཡོན་ཏན་རྫོགས༔ ཐུགས་རྗེས་བརྟན་གཡོ་དག་སྦྱོར་བས༔ ཧེ་རུ་ཀར་གྱུར་ཧེ་རུ་ཀའི༔ གཞལ་ཡས་ལྷ་སྔགས་རོལ་པ་རུ༔ གསལ་ཞིང་གཞན་དུ་མི་ཡེངས་པར༔ འཁོར་གསུམ་དག་པའི་སྔགས་སྒྲ་སྒྲོགས༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ མཐར་ཡང་སྙིང་པོ་བཟླ་བ་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ དེ་མཐར་སྒྲུབ་དང་ལས་སྦྱོར་ལ༔ སླར་ཡང་སྤྲོས་པས་རྒྱལ་ཀུན་མཆོད༔ དབང་བྱིན་མཐུ་རྩལ་དཔལ་ཡོན་ཀུན༔ བསྡུས་པས་དངོས་གྲུབ་རྣམ་གཉིས་ཐོབ༔ བུ་ག་ཀུན་ནས་མེ་མཚོན་ཐུན༔ ཁྲོ་ཆུང་སྡིག་པ་ཁྱུང་སོགས་ཀྱིས༔ སྣང་སྲིད་ཁམས་གང་ཚུར་རྒོལ་བའི༔ དགྲ་བགེགས་གདུག་ཅན་འགོང་སྲིའི་ཚོགས༔ བསྲེག་གཏུབ་རྔམས་ཟོས་ལྷག་མེད་དུ༔ རྗེས་ཤུལ་བཏང་ཞིང་གཞན་དག་ཀུན༔ ལས་བྱེད་བྲན་འབངས་ལས་ལ་ཁོལ༔ ཕྱོགས་ལས་རྣམ་རྒྱལ་ངར་གདིང་གིས༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བཟླས་ཚེ་གཟུགས་སྣང་ཐམས་ཅད་ལྷ༔ སྒྲ་གྲགས་སྔགས་དང་དྲན་སེམས་ཀུན༔ ཐུགས་དགོངས་ཆོས་ཉིད་རོལ་ཀློང་དུ༔ ལམ་འཁྱེར་བྱ་བ་ཛཔ྄་ཀྱི་གནད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༡༢བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གནོད་སྦྱིན་གདོན་ལས་བསྲུང་བའི་༠༠༠༠བརྡ་ཡིག༔ ༤༡༣བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གནོད་སྦྱིན་རྦོད་གཏོང་བཟློག་པའི་ཙཀྲ་༠༠༠༠༠༠༠བརྡ་ཡིག༔ ༤༡༣བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ འགོང་པོའི་གནོད་པ་འཇོམས་པའི་སྔགས་དམིགས་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ གུ་གུལ་ནག་པོར་སྔགས་འདི་སྟོང་བཏབ་བྱ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཏྲི་འགོང་པོའི་སྲོག་ལ་མཱ་ར་ཡ་རྦད་བྷྱོ༔ འགོང་པོས་བརླམ་པའི་ཕྱུགས་ལ་གདུག་པ་ན༔ གནོད་པ་ལས་གྲོལ་འདི་ལ་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༡༣ཕྱུགས་ལ་སྡང་བའི་གཤེད་འགོང་ཀུན༔ བརླག་བྱེད་མེ་འབར་སྔགས་ཕྲེང་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཟ་འདྲེ་ཤི་གཤེད་ཀྱི་སྲོག་ལ་ཏྲིག་ནན་ཧུར་ཐུཾ་ཛཿམཱ་ར་ཡ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ས་དམར་ལ་ནི་སྔགས་ཁྲི་བཏབ༔ ཁོང་དུ་བཏང་བས་ནད་ལས་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མི་ནོར་ཤ་མ་ཐོན་པ་ལ༔ འཛིན་བྱེད་སེལ་བའི་སྔགས་ཕྲེང་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཀི་ཀི་མ་ཡི་ལམ་ཕྱེས༔ ཏྲི་ཏྲི་མ་ཡི་ལམ་ཕྱེ༔ འབྱུང་བ་བཞི་ཡི་འཕྲང་ཕྱེས༔ ཤ་མ་ཤ་མའི་ནད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ས་དམར་ལ་ནི་སྔགས་སྟོང་བཏབ༔ ཁོང་དུ་བཏང་བས་ནད་ལས་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༡༤གཉན་ཐབ་གྲིབ་ཐབ་ཐབ་ནད་ཀུན༔ སེལ་མཛད་སྔགས་ཕྲེང་ཟབ་མོ་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཐབ་སོད༔ གཉན་སོད༔ གྲིབ་སོད༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ནད་དང་ཟུག་རྔུ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སའམ་ཆུ་ལ་བཏབ་པ་ཉིད༔ ཁོང་བཏང་བྱུག་པས་ངེས་པར་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༡༤རྨ་ལ་འདེབས་པའི་སྔགས་ཕྲེང་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ སུམ་སུམ་རུབ་རུབ་ཆུ་སེར་རྣག་གི་མཚོ་མོ་སྐོམ་སྭཱ་ཧཱ༔ ས་དམར་གླ་རྩི་སྦྱར་ལ་བཏབ༔ ཁོང་བཏང་བྱུག་པས་ངེས་པར་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠༠༠༠༠༠༠བརྡ་ཡིག༔ ༤༡༤མིག་གི་ལིང་ཏོག་དྲུང་འབྱིན་སྔགས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ས་མ་ཡ་ཏིང་ཏིང་ནཱ་ག་ལིང་སོད༔ ཡང་གཅིག་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ལིང་སོད་ལིང་ཤི་སོད༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠བརྡ་ཡིག༔ ༤༡༥རྨ་ཁྲག་བཅད་པའི་སྔགས་ཕྲེང་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ རྨ་སུམ་ཁྲག་ཆོད་ནན་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༤༡༥གཉན་སྔགས་ཟབ་མོ་ཁྱུང་ཕྲེང་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཁྲོཾ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ ཛ་ཛཿགཉན་རིགས་གཉན་གྱི་གདུག་རྩུབ་སོད༔ ནཱ་ག་གནོད་བྱེད་མཱ་ར་ཡ་ཐུཾ་ནན་རྦད་བྷྱོ༔ ཡང་གཅིག་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ ཛ་ཛ༔ ཀླུ་གཉན་གནོད་པའི་གདུག་རྩུབ་སརྦ་མཱ་ར་ཡ་རྦད་ནན་སོད་སོད་ཆོམ་ཆོམ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྐྲང་ཆུམ་སོད༔ ཆུ་སེར་བུ་མོ་རྩ་ལ་རྒྱུག་པ་སོད༔ རྣག་གི་མཚོ་མོ་གཡོ་བ་སོད༔ ཡང་གཅིག་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཁྲོཾ་ག་རུ་ཎ་ཧཱུྃ་ས་མ་ཡ་ཛ་ཛ༔ གཉན་མེ་ལྟར་འབར་བ་སོད༔ ཆུ་ལྟར་ཁོལ་བ་སོད༔ རླུང་ལྟར་གཡོ་བ་སོད༔ རི་ལྟར་བརྗིད་པ་སོད༔ ཁྱི་ལྟར་ཉུལ་བ་སོད༔ གཉན་གྱི་གྲིབ་ནད་དུག་རླངས་སོད༔ ཁྲོཾ་ཁྲོཾ་ཛ་ཛ་མྱོག་མྱོག་ཁཱ་ཧི༔ ཛྭ་ར་ཐུཾ་སོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༔ ༤༡༥སྲིན་སྔགས་ཟབ་མོ་མེ་ཕྲེང་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་སརྦ་ཛྙཱ་ན་པཉྩ་ཁྲོཾ་ག་རུ་ཌ་ཛ་ཛ༔ ས་མ་ཡ་ཨ་ཀཪྴ་ཡ་ཛ༔ ཕེཾ༔ རྐང་སྲིན་སོད་སོད༔ རུས་སྲིན་སོད་སོད༔ རྒྱུས་སྲིན་སོད་སོད༔ ཤ་སྲིན་སོད་སོད༔ ཁྲག་སྲིན་སོད་སོད༔ ལྤགས་སྲིན་སོད་སོད༔ མཱ་ར་ཡ་ཐུཾ་རི་ལི་ལི་ནན་རྦད་སོད༔ བོང་བ་ས་དམར་ཆང་སྦྱོར་ལ༔ བཏབ་ཅིང་བྱུག་པས་ངེས་པར་ཐུབ༔ ཆུ་ལ་བཏབ་སྟེ་འཐུང་བར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༤༡༦མིག་ནད་སྔགས་ཕྲེང་ཟབ་མོ་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ པ་ཊཾ་མིག་ནད་སོད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཆུ་ལ་བཏབ་སྟེ་བཏུང་ཞིང་བྱུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྣ་བ་འོན་པ་སྐད་གསེང་སྔགས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ གྲིབ་སོད༔ རླུང་སོད༔ འུར་འུར་སོད༔ འོན་པ་སངས་སངས༔ རྣ་བའི་རྩ་ལམ་ཕྱེས་ཕྱེས་སྭཱ་ཧཱ༔ གུ་གུལ་བསྔགས་ལ་བདུག་པ་དང་༔ ཛ་ཏི་ཞིབ་བཏུལ་བསྔགས་ལ་བླུགས༔ འདི་ཡིས་ངེས་པར་སེལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༤༡༦ལྷོག་པ་ཀུན་ཐུབ་ཁྱུང་ཕྲེང་ནི༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ག་རུ་ཌ་བཛྲ་ག་རུ་ཌ་རཏྣ་ག་རུ་ཌ་པདྨ་ག་རུ་ཌ་ཀརྨ་ག་རུ་ཌ་སརྦ་ཁྱུང་ཁྱུང་བཛྲ་ས་མ་ཡ་ཛ་ཛཿས་ལྷོག་སོད༔ མེ་ལྷོག་སོད༔ ཆུ་ལྷོག་སོད༔ རླུང་ལྷོག་སོད༔ གཉན་ལྷོག་པ་སྤུན་དགུ་སོད༔ རུས་ལ་མུར་བ་སོད༔ རྐང་ལ་ལྡག་པ་སོད༔ རྩ་ལམ་ཁྲིད་པ་སོད༔ རྒྱུས་ལམ་རྒྱུག་པ་སོད༔ ཁྲག་ལ་རོལ་པ་སོད༔ ཤ་ལ་ཟ་བ་སོད་སོད༔ རྦད་རྦད༔ རྦུད་རྦུད༔ མྱོག་མྱོག༔ སོད་སོད༔ ཐུཾ་རི་ལི་ལི་རྦད་ནན་ཁྱུང་ཁྱུང་ཛ་ཛ༔ ལྷོག་པ་སྤུན་དགུ་སོད་སྭཱ་ཧཱ༔ ས་ལ་བསྔགས་ཏེ་གླ་རྩི་སྦྱོར༔ བཏུང་ཞིང་བྱུག་པས་ངེས་པར་ཐུབ༔ ཟངས་དང་བོང་བ་ནག་པོ་ལ༔ བསྔགས་ཏེ་སྐྲང་མཐའ་གནོན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠༠བརྡ་ཡིག༔ ༤༡༧སྔགས་ཀྱི་རིམ་པ་འདི་དག་ནི༔ བཟླ་བའི་དུས་སུ་འདི་ལྟར་དམིགས༔ རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ ཕྱག་གཡས་རྒྱ་གྲམ་གཡོན་ཞགས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་དཔལ་ཆས་རྫོགས་པ་ཡི༔ བ་སྤུའི་སྒོ་དང་གནས་ལྔ་དང་༔ ཕྱག་གཉིས་སྡིགས་མཛུབ་རྩེ་རྣམས་ལས༔ སྤྲུལ་པའི་ཁྱུང་དང་ཁྲོ་ཆུང་དང་༔ ལྕགས་སྡིག་མེ་ཞགས་མཚོན་ཐུན་ཚོགས༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ ནད་བདག་བསད་གཏུབ་ནད་བསྲེགས་བསམ༔ རེས་འགའ་ཁྱུང་གི་ཚོགས་སྤྲོས་པས༔ དམིགས་བྱའི་བ་སྤུའི་བུ་ག་ནས༔ ནད་གདོན་བར་ཆད་ཐམས་ཅད་ཀུན༔ ལྷག་མ་མེད་པར་འཇིབ་པར་བསམ༔ རེས་འགའ་ཁྲོ་ཆུང་དཔག་མེད་དང་༔ རེས་འགའ་ལྕགས་སྡིག་ནག་པོའི་ཚོགས༔ རེས་མོས་བསྒྱུར་ཁ་སོ་སོར་དམིགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༤༡༨བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ སྲེག་བླུགས་ཡེ་ཤེས་རབ་འབར་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རྫས་དཀྱིལ་གྲུ་བཞི་མེ་ཐབ་གྲུ་གསུམ་བྱ༔ དཀར་མཆོད་དམར་མཆོད་ལན་ཆགས་འབྲས་ཆན་བཏང་༔ སྐྱབས་སེམས་སྔོན་འགྲོ་རྡོ་རྗེའི་སྲུང་འཁོར་བསྒོམ༔ རང་ཉིད་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ མདུན་དུ་ཡེ་ཤེས་ལྔ་རྫོགས་གཞལ་ཡས་དབུས༔ ༠༠༠བརྡ་ཡིག༔ ༤༡༨ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད༔ རྫས་ཕུལ་དགྲ་བགེགས་ལོག་འདྲེན་གོང་བཞིན་བསྟབ༔ བསྟོད་བཤགས་གཤེགས་གསོལ་ལྷག་མ་བསྔོ་བ་སོགས༔ མ་ལུས་རྫོགས་མཐར་བསྔོ་སྨོན་ཤིས་བརྗོད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༤༡༩བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་བདུད་རྩིའི་འཁྱིལ་བ་ཡི༔ རྩ་དབང་བདུད་རྩིའི་ཐིག་པ་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ སློབ་མ་གྲལ་འཁོད་ཁྲུས་བྱས་བགེགས་བསྐྲད་ཅིང་༔ སྲུང་གུར་བསྒོམ་ཞིང་མཎྜལ་ཕུལ་བྱས་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་ཞུ་ཕུལ་གནང་སྦྱིན་བྱ༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ་བསྟིམ་བརྟན༔ བུམ་པ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༡༩ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ བདུད་རྩི་ཡོན་ཏན་ལྷ་ཚོགས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ༴ བྷནྡྷ་ཐོགས་ལ༔ ༠༠༠༠༠བརྡ་ཡིག༔ ༤༡༩རྡོ་རྗེ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༡༩ཤེལ་ཐིག་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༡༩དེ་ནས་བདུད་རྩི་འཁྱིལ་བའི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱིཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཡོན་ཏན་མ་ལུས་ཡོངས་རྫོགས་དཔལ༔ ཁྲོ་རྒྱལ་བདུད་རྩིའི་འཁྱིལ་བ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུས་གསུམ་རྒྱལ་བ་ཐམས་ཅད་དང་༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ བསྐྱེད་པ་སྐུ་ཡི་དབང་ཐོབ་སྟེ༔ རྡོ་རྗེ་སྐུ་རུ་སྨིན་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྒྱ་གྲམ་དང་དབྱུག་ཏོ་ཐོགས་ལ༔ ཧཱུྃ༔ རྒྱ་གྲམ་འབར་བས་ལས་བཞི་ཡི༔ ཕྲིན་ལས་ཐོགས་མེད་འགྲུབ་པའོ༔ དབྱུག་ཏོས་འཁོར་བ་དབྱིངས་སུ་སྒྲོལ༔ སྐལ་ལྡན་བུ་ལ་གཏད་པར་བྱ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ ཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ༔ ༠༠༠༠༠བརྡ་ཡིག༔ ༤༢༠དེ་ནས་མཐའ་རྟེན་རྣམ་གསུམ་གཏད༔ ཤིས་བརྗོད་བསྔོ་སྨོན་ཚང་བར་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༤༢༠བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ བླ་རྡོ་ཡིད་བཞིན་དབང་གི་རྒྱལ་པ྄ོ༵་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ གྲུ་གསུམ་རིམ་བཞིའི་ལྟེ་བར་སྔགས་འདི་བྲི༔ ༠༠༠༠བརྡ་ཡིག༔ ༤༢༠དེའི་འོག་ཏུ༔ ༠༠༠༠༠བརྡ་ཡིག༔ ༤༢༠དེའི་འོག་ཏུ༔ ༠༠༠༠བརྡ་ཡིག༔ ༤༢༠དེའི་འོག་ཏུ༔ ༠༠༠༠ཧཱུཾ་ཕཊ༔ དེའི་ཕྱི་རིམ་གཡས་སུ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ གཡོན་དུ༔ ཨོཾ་ཨ་མྲྀ་རི་མོ་ཡོད༔ ༠༠༠༠བརྡ་ཡིག༤༢༡ཏེ་ཧཱུྃ་ཕཊ༔ འོག་ཏུ༔ ཀརྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ དེའི་ཕྱི་རིམ་གཡས་སུ༔ ཨོཾ་ཀརྨ་སཏྭ་ཧཱུྃ་གུ་རུ་ཀརྨ་བུདྡྷ་སིདྡྷི་ཧཱུྃ་ཧྲཱིཿཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ གཡོན་དུ༔ ནད་གདོན་འཇིགས་བརྒྱད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འོག་ཏུ༔ ཁམས་གསུམ་སྲིད་གསུམ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེའི་ཕྱི་རིམ་གཡས་སུ༔ ཨོཾ་སརྦ་བུདྡྷ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ གཡོན་དུ༔ ཨོཾ་སརྦ་དྷརྨ་ཧྲཱི་ད་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཝཱཀ་པྲཛྙཱ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿམདུན་འོག་ཏུ༔ ཨོཾ་སརྦ་སངྒ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསརྦ་ཛྙཱ་ན་ཧྲཱི་ད་ཙིཏྟ་སརྦ་ཨ་བྷི་ཥིཉྩ་སརྦ་སིདྷི་ཕ་ལ་ཧཱུྃ་རི་མོ་ཡོད༔ ༤༢༢ཨཱཿདེའི་ཕྱི་རིམ་གཡས་སུ༔ ཨ་ལི་བྲི༔ གཡོན་དུ་ཀ་ལི་བྲི༔ མདུན་དུ་རྟེན་འབྲེལ་སྙིང་པོ་བྲི༔ རྩེ་གསུམ་ལ་ནོར་བུ་གསུམ་བྲི༔ ཕྱོགས་གསུམ་ལ་རྒྱ་གྲམ་དབྱུག་ཏོ་བྷན་ཐོད་བདུད་རྩི་བྲི༔ ལྗང་སྔོན་དར་གྱིས་དྲིལ་ནས་སུ༔ མགུལ་དུ་བཏགས་པས་འདི་ཕྱིར་དགེ༔ འཇིགས་པ་ཀུན་ལས་རྣམ་པར་གྲོལ༔ བཟང་པོ་དྲུག་ལ་སྔགས་སྟོང་བཏབ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ སརྦ་ཧྲཱི་ད་ཡ་སརྦ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ་ཛཿཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བདུན༔ བཏབ་སྟེ་སྣག་ཚར་བསྲེས་ལ་བྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༢༣རྟ་ཕྱུགས་མངལ་ལ་འཚེ་བ་ཡི༔ ཆུང་སྲི་འགོང་ནག་ལས་བསྲུང་བའི༔ སྡིག་ནག་ཁྲག་གི་མིག་མང་ནི༔ ལྕགས་སྡིག་མགོ་དགུའི་ལྟོ་བ་རུ༔ རིམ་ལྔའི་གཉེར་མ་དང་པོ་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཧཱུྃ་རཀྵ༔ གཉིས་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གསུམ་པ་ལ༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ གནོད་བྱེད་འགོང་སྲི་ཆུང་སྲི་གོད་སྲི་སརྦ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ འཆང་བ་པོའི་མངལ་ལ་རཀྵ༔ བཞི་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ འགོང་སྲི་ཆུང་སྲི་གོད་སྲི་ཁ་ཐུཾ་རྦད་ནན༔ ཁ་ལ་བཛྲ་རཀྵ་སྭཱ་ཧཱ༔ ལྔ་པ་ལ༔ ཀ་ལ་མ་ཧཱ་ལྕགས་སྡིག་ནག་པོས་འཆང་བ་པོ་འདིའི་མངལ་ལ་ཆུང་སྲི་གོད་སྲི་འགོང་འདྲི་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ བཛྲ་རཀྵ་རཀྵ་བྷྲུྃ་སྭཱ་ཧཱ༔ མགོ་དགུའི་མགྲིན་པར༔ ཧཱུྃ་ནག་པོ་ཆེན་པོས་བགེགས་ལ་རོལ༔ ཞེས་བྲི༔ ནག་པོ་དགུ་སྦྱོར་སྔགས་འདིས་བཏབ༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ འཆང་བའི་མངལ་ལ་རཀྵ་རཀྵ་སྭཱ་ཧཱ༔ ཨ་ལི་ཀ་ལི་རྟེན་སྙིང་བདུན་བཏབ་བོ༔ འཆང་བའི་ལུས་ངག་ཡིད་གསུམ་ལ༔ གནོད་པ་གང་གིས་གླགས་མི་རྙེད༔ ཐེ་ཚོམ་མེད་དོ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠བརྡ་ཡིག༔ ༤༢༤བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་སྟོབས་པོ་ཆེའི༔ གསང་བ་སྒོས་སྒྲུབ་ནོར་བུ་བསམ་འཕེལ་བསྟན༔ འདི་ཉིད་ལག་ལེན་རིམ་པ་ནི༔ དལ་ལ་མདའ་གང་གྲུ་བཞིའི་སྟེང་༔ མེ་ཏོག་ཚོམ་བུ་ལྔ་བཀོད་ལྟེར༔ ལྕགས་སམ་དྲག་ཤིང་ཕུར་པ་ལ༔ དར་ནག་ན་བཟའི་ཚུལ་དུ་ཀླུབ༔ མཆོད་རྫས་ཚོམ་བུའི་ཚུལ་དུ་སྤུང་༔ སྐྱབས་སེམས་སྔོན་འགྲོའི་རིམ་རྫོགས་ནས༔ རང་ཉིད་ཡེ་ཤེས་ལྷར་གསལ་ནི༔ སྣང་སྲིད་ཐམས་ཅད་སྟོང་པ་ཉིད༔ ངང་ལས་རང་རིག་ཧཱུྃ་ཡིག་གི༔ མདངས་ཀྱིས་ཡེ་ཤེས་གཞལ་ཡས་དབུས༔ པད་ཉི་བདུད་བགེགས་བསྣོལ་བའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་ཁྲོ་རྒྱལ་སྟོབས་པོ་ཆེ༔ དུད་ཁ་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེའི་གཤོག་པ་མཁའ་ལ་གདེངས༔ གཡས་སྔོ་གཡོན་དམར་གཏུམ་རྔམས་ཞལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ གཡས་གཉིས་རྡོ་རྗེ་རལ་གྲི་དང་༔ གཡོན་གཉིས་བྷནྡྷ་སྦྲུལ་ཞགས་ཐོགས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་བཅུ༔ ཡོངས་རྫོགས་རྒྱན་དང་ལྡན་པ་ལ༔ ཡུམ་མཆོག་རྡོ་རྗེ་བསྐུལ་བྱེད་འཁྲིལ༔ དུད་ཁ་ཞལ་གཅིག་ཕྱག་གཉིས་མ༔ དྲིལ་བུ་བྷན་ཁྲག་ཡབ་འཁྱུད་སྟོབ༔ ཁྲོ་མོའི་ཆས་རྫོགས་རབ་ཁྲོས་ཞལ༔ མེ་ཕུང་ཀློང་དུ་འདོར་སྟབས་བགྲད༔ སྤྱི་བོར་ཡེ་ཤེས་ཁྱུང་ཆེན་ལྡིང་༔ གསང་གསུམ་སྒྱུ་འཕྲུལ་འཁོར་ལོར་རྫོགས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ བཛྲ་ས་མ་ཡ་ཛ་ཛ༔ ས་མ་ཡ༔ དེ་ནས་ཛཔ྄་འཁོར་དམིགས་རིམ་རྒྱ་མཚོ་ནི༔ རང་ཉིད་ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་གྱི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བའི༔ ཐུགས་ཀློང་རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ ཉི་ཟླ་ཁ་སྦྱོར་དྭངས་མ་ལྔ་ལྡན་དབུས༔ ཐུགས་སྲོག་ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་འཁོར༔ འོད་འཕྲོས་རྒྱལ་བ་ཀུན་མཆོད་དབང་བྱིན་དང་༔ མཐུ་རྩལ་ནུས་སྟོབས་ཡོན་ཏན་ཡེ་ཤེས་ཀུན༔ མ་ལུས་བསྡུས་ཏེ་རང་ཉིད་ལ་ཐིམ་པས༔ ཚེ་བསོད་དཔལ་འབྱོར་ནུས་སྟོབས་དབང་ཐོབ་བསམ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཕཊ༔ ཅེས་བཟླའོ༔ ས་མ་ཡ༔ སླར་ཡང་འོད་འཕྲོས་འཁོར་འདས་ཡོངས་ཁེངས་ནས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མ་ལུས་པ༔ ཁྲོ་རྒྱལ་རྡོ་རྗེ་སྟོབས་ཆེན་ཡབ་ཡུམ་གྱི༔ རྣམ་པར་རང་གི་ལུས་ངག་ཡིད་ལ་བསྟིམས༔ རྒྱལ་བ་ཐམས་ཅད་ཡེ་ཤེས་གཅིག་ཏུ་བསྡུས༔ རིགས་ཀུན་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་བགྱིའོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ བྱེ་བ་བཅུ་བཟླས་གྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་སྟོབས་པོ་ཆེའི༔ ལས་རྦད་༠༠༠༠བརྡ་ཡིག༔ ༤༢༦ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ས་བདག་ཀླུ་གཉན་༠༠༠བརྡ་ཡིག༔ ༤༢༦ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ས་བདག་༠༠༠༠༠བརྡ་ཡིག༔ ༤༢༦ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ མཛེ་ཤུ་༠༠༠བརྡ་ཡིག༔ ༤༢༦ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ འོག་གདོན་ཀླུ་དང་ས་བདག་༠༠༠༠༠བརྡ་ཡིག༔ ༤༢༧ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ཀླུ་གཉན་༠༠༠༠༠བརྡ་ཡིག༔ ༤༢༧ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་རི་མོ་ཡོད༔ ༤༢༧ཆེན་ཁྲོ་རྒྱལ་ཆེན་པོ་སྟོབས་པོ་ཆེའི༔ བླ་རྡོ་པདྨ་ཁ་སྦྱོར་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མཚལ་ལམ་སྣག་ཚར་རང་སྔགས་སྟོང་བཏབ་སྟེ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བདུན༔ བཟང་དྲུག་སྨན་དང་སྦྱོར་ལ་མ་ནོར་བྲི༔ མཐའ་མར་བཀྲ་ཤིས་རྫས་བརྒྱད་མེ་རིས་བསྐོར༔ མགུལ་དུ་བཏགས་པས་ཚེ་འདིར་འཇིགས་ལས་གྲོལ༔ ཕྱི་མ་ཡི་དམ་ལྷ་ཡིས་རྗེས་འཛིན་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་རི་མོ་ཡོད༔ ༤༣༨དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་སྟོབས་པོ་ཆེའི༔ སྲེག་བླུགས་འཁོར་བ་ཡོངས་སྒྲོལ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མེ་དལ་གྲུ་གསུམ་རྫས་དཀྱིལ་གྲུ་བཞི་བྱ༔ ཕྱི་ནང་གསང་མཆོད་འབྲུ་སྣ་བསད་ལིང་བཤམ༔ དྲག་པོའི་ཤིང་གིས་གྲུ་གསུམ་ཧོམ་བརྩིགས་ཏེ༔ རང་ཉིད་སྟོབས་ཆེན་ཡབ་ཡུམ་གསལ་བའི་ངང་༔ མདུན་དུ་ཡི་གེ་བྷྲུྃ་ཡིག་ཡོངས་གྱུར་ལས༔ རང་བྱུང་དྲག་པོའི་གཞལ་ཡས་ཁང་ཆེན་པོ༔ དེ་དབུས་པད་ཉི་ས་བདག་གདོན་གྱི་སྟེང་༔ མེ་ཕུང་དམར་ནག་འབར་བའི་ཀློང་དཀྱིལ་དུ༔ ཧཱུྃ་ཡིག་ནག་པོ་འོད་ཀྱི་རང་བཞིན་བབས༔ སྤྲོ་བསྡུའི་སྦྱོར་བས་ཡོངས་གྱུར་ཁྲོ་རྒྱལ་སྐུ༔ དུད་ཁ་ཁྲོ་གཏུམ་རྔམས་བརྗིད་འོད་ཕུང་འབར༔ གཡས་དཀར་གཡོན་དམར་སྤྱན་དགུ་དམར་ཟླུམ་འཁྱིལ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་འཇིགས་པའི་སྐུ༔ སྨར་སྨིན་དབུ་སྐྲ་དམར་སེར་མེ་ལྟར་འབར༔ ཕྱག་དྲུག་གཡས་གཉིས་རྡོ་རྗེ་རལ་གྲི་དང་༔ གཡོན་གཉིས་དུང་ཁྲག་སྦྲུལ་ནག་ལྔ་བསྒྲིལ་ཞགས༔ ཐ་གཉིས་དུག་གསུམ་དབྱིངས་སྒྲོལ་ལྕགས་ཕུར་འདྲིལ༔ ཞབས་བཞིས་ས་བདག་གདོན་ཚོགས་མ་ལུས་གནོན༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དང་༔ གར་གུའི་ཉམས་དང་ལྡན་པའི་པང་གཡོན་དུ༔ ཡུམ་མཆོག་བསྐུལ་བྱེད་ནག་མོ་གཡོན་ནས་འཁྲིལ༔ དྲིལ་བུ་བྷན་ཁྲག་ཡབ་ལ་འཁྱུད་ཁྲིལ་སྟོབ༔ སྐུ་ལ་རིགས་ཀུན་རྒྱལ་བའི་དཀྱིལ་འཁོར་རྫོགས༔ མེ་མཚོན་ཐུན་ཆར་ཁྱུང་སྡིག་དྲི་ངན་གྱིས༔ སྣང་སྲིད་ཁམས་གང་ས་བདག་ཀླུ་གཉན་དང་༔ གནོད་བྱེད་ཐམས་ཅད་བརྒྱལ་འབོག་བསྲེག་གཏུབ་བརླག༔ ཧབ་ཧུབ་རྔམས་ཟས་རྗེས་མེད་བརླག་པར་བསམ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ སྤྱན་དྲངས་ཕྱག་འཚལ་མཆོད་བསྟོད་རྫས་ཕུལ་བས༔ ས་བདག་ཀླུ་གཉན་ནད་དང་ནད་བདག་དང་༔ གདོན་དང་གདོན་གྱི་དཔུང་ཚོགས་མ་ལུས་པ༔ རྫས་དང་མཉམ་དུ་ཞལ་གྱི་ཧོམ་ཁུང་དུ༔ ཁབ་ལེན་རྡོ་ཡིས་ལྕགས་བླངས་ཇི་བཞིན་དུ༔ ཧུབ་ཀྱིས་རྔུབ་ཅིང་རྐང་མཐིལ་སྐྱ་ལྷག་སོང་༔ རྗེས་ཤུལ་མིང་ཙམ་མེད་པར་བསྟབ་པར་བསམ༔ རྫས་དང་མཆོད་རྫས་བདེ་སྟོང་བདུད་རྩི་ཡི༔ ལྷ་ཚོགས་བདེ་སྟོང་ཡེ་ཤེས་རོས་ཚིམ་བསམ༔ རཱུ་དྲ་བསྒྲལ་ཞིང་གཟུགས་ཕུང་ལྷག་མེད་བསྟབ༔ ལྷག་མགྲོན་མཉེས་མཆོད་ཤིས་བརྗོད་རྗེས་སྤྱོད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༣༠བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་སྟོབས་པོ་ཆེའི༔ རྩ་དབང་བྱིན་རླབས་ཆུ་བོ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ བུམ་ཐོད་རྡོ་རྗེ་ཤེལ་ཐིག་སྐུ་ཕྱག་མཚན༔ བཤམ་སྟེ་མཆོད་རྫས་ཐམས་ཅད་རྒྱས་པར་བཤམ༔ སྒྲུབ་པའི་གཞུང་བསྲང་སྔགས་བཟླས་མཆོད་བསྟོད་མཐར༔ སློབ་མ་གྲལ་འཇུག་ཁྲུས་བྱ་བགེགས་བསྐྲད་ཅིང་༔ སྲུང་འཁོར་བསྒོམ་སྟེ་མཎྜལ་ཕུལ་བྱས་ནས༔ སྐྱབས་སུ་འགྲོ་ཞིང་ཞུ་གནང་དམ་ཆུ་བླུད༔ སློབ་མ་ལྷར་གསལ་ཡེ་ཤེས་དབབ་བསྟིམ་བརྟན༔ དེ་ནས་བུམ་པ་ཐོགས་ལ༔ ༠༠༠བརྡ་ཡིག༔ ༤༣༠ཧཱུྃ༔ བརྡལ་ཁྱབ་ཆོས་དབྱིངས་བུམ་པའི་ཀློང་༔ ཁྲོ་རྒྱལ་སྟོབས་ཆེན་ལྷ་ཚོགས་རྫོགས༔ སྐལ་ལྡན་བུ་ལ་དབང་སྐུར་རོ༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་ཐོགས་ལ༔ ༠༠༠བརྡ་ཡིག༔ ༤༣༡རྡོ་རྗེ་ཐོགས་ལ༔ ༠༠༠༠༠བརྡ་ཡིག༔ ༤༣༡ཤེལ་ཐིག་ཐོགས་ལ༔ ༠༠༠༠༠བརྡ་ཡིག༔ ༤༣༡སྟོབས་ཆེན་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀུན༔ ཡོངས་རྫོགས་ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྒྱལ་ཀུན་སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་ཡོངས་རྫོགས་སྒྲུབ་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རལ་གྲི་སྦྲུལ་ཞགས་ཐོགས་ལ༔ ཧཱུྃ༔ འཁྲུལ་པ་དབྱིངས་སུ་སྒྲོལ་བ་ཡི༔ ཤེས་རབ་རལ་གྲི་མེ་འབར་དང༔ ཉོན་མོངས་དབྱིངས་སྒྲོལ་ཡེ་ཤེས་ལྔའི༔ ངོ་བོ་ཞགས་པ་འབར་བ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མ་རིག་འཁྲུལ་པ་ཀ་དག་གཞིར༔ སྒྲོལ་གྲོལ་བཤིག་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཧ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ༔ ༠༠༠བརྡ་ཡིག༔ ༤༣༡མཐའ་བརྟེན་གཏད་ཅིང་བསྔོ་སྨོན་ཤིས་པ་བརྗོད༔ འདི་དང་འབྲེལ་བའི་གང་ཟག་ནི༔ མངོན་སངས་རྒྱས་པའི་འབྲས་བུ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༣༢བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་སྐྱེས་བུའི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་༠༠༠༠༠བརྡ་ཡིག༔ ༤༣༢ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་སྐྱེས་བུའི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་སྟོབས་པོ་༠༠༠༠༠བརྡ་ཡིག༔ ༤༣༢ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་སྐྱེས་བུའི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་སྟོབས་པོ་ཆེའི༔ ༠༠༠༠༠༠བརྡ་ཡིག༔ ༤༣༢ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡི༔ གསང་བ་སྒོས་སྒྲུབ་ཆོས་ཉིད་སྤྲིན་ཕུང་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ཤིན་ཏུ་དབེན་ཞིང་ཉམས་དགུའི་སྐྱེད་ཚལ་དུ༔ དཀྱིལ་འཁོར་མདའ་གང་དབུས་སུ་ཚོམ་བུ་ལ༔ ཕྱོགས་བཞིར་ཚོམ་བུ་བཞི་བཀོད་དབུས་མ་ལ༔ ལྕགས་སམ་དྲག་ཤིང་ཕུར་པ་བརྗིད་ལྡན་བཙུག༔ མཆོད་རྫས་ཚོམ་བུའི་ཚུལ་དུ་བཀོད་ནས་བཤམ༔ སྐྱབས་སེམས་བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ བྱིན་ཆེན་དབབ་ཅིང་མཆོད་རྫས་བྱིན་རླབས་བྱ༔ དེ་ནས་རང་ཉིད་ཡེ་ཤེས་ལྷར་གསལ་ནི༔ ཧཱུྃ་ཧཱུྃ༔ བྷྲུྃ་ལས་ཡེ་ཤེས་ལྔ་རྫོགས་གཞལ་ཡས་དབུས༔ པད་ཉི་གདོན་ཚོགས་བསྣོལ་བའི་གདན་སྟེང་དུ༔ ཧཱུྃ་ལས་རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བགྲད༔ གཡས་དཀར་གཡོན་དམར་སྤྱན་དགུ་སྡང་མིག་བགྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ གཡས་གཉིས་རྡོ་རྗེ་མེ་དབལ་གཡོན་བྷན་དབྱུག༔ ཐ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ ཞབས་བཞིས་མེ་ལྷའི་གདོན་ཚོགས་མ་ལུས་གནོན༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དང་༔ གར་དགུའི་ཉམས་དང་ལྡན་པའི་པང་གཡོན་དུ༔ ཡུམ་མཆོག་རྡོ་རྗེ་སྡེར་མོ་གཡོན་ནས་འཁྱུད༔ སྔོ་སྐྱ་དྲིལ་བུ་བྷན་ཁྲག་ཡབ་འཁྲིལ་སྟོབ༔ ཡེ་ཤེས་མེ་ཕུང་དམར་ནག་འབར་བའི་ཀློང་༔ ཁྲོ་གཏུམ་རྔམས་བརྗིད་འཇིགས་པའི་གད་རྒྱངས་སྒྲོགས༔ སྤྱི་བོར་ཡེ་ཤེས་བྱ་ཁྱུང་སྔོན་པོ་ལྡིང་༔ སྐུ་ལ་རིགས་ཀུན་རྒྱལ་བའི་དཀྱིལ་འཁོར་རྫོགས༔ གནས་གསུམ་འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ ཁ་བ་བབས་པ་ལྟ་བུར་སྤྱན་དྲངས་ནས༔ བདག་ཉིད་ལྷར་གསལ་སྐུ་ལ་སིབ་སིབ་བསྟིམ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཛཔ྄་དམིགས་འོད་ཀྱི་དྲྭ་བ་ནི༔ རང་ཉིད་ཡེ་ཤེས་ཁྲོ་རྒྱལ་ཡབ་ཡུམ་གྱི༔ ཐུགས་ཀློང་པད་ཉི་ཡེ་ཤེས་འོད་ཀློང་དུ༔ ཡེ་ཤེས་སེམས་དཔའ་སྔོན་པོའི་ཐུགས་ཀ་རུ༔ རྡོ་རྗེའི་ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་འཁོར༔ འོད་འཕྲོས་བདེ་གཤེགས་རྒྱལ་བ་སྲས་བཅས་ཀུན༔ མཆོད་ཅིང་དབང་བྱིན་དངོས་གྲུབ་མ་ལུས་པ༔ འོད་ཟེར་ཁ་དོག་ལྔ་ལྡན་ཚུར་འདུས་ཏེ༔ རང་ཉིད་ལྷར་གསལ་སྐུ་ཡི་གནས་ལྔར་བསྟིམ༔ རིགས་ཀུན་དཀྱིལ་འཁོར་ཡོངས་རྫོགས་ཁྲོ་བོའི་རྒྱལ༔ ཐབས་ཤེས་དབྱེར་མེད་བདེ་སྟོང་སྙོམས་འཇུག་གོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཕཊ༔ ཅེས་བཟླ་སྒྲུབ་པའི་ཛཔ྄་དམིགས་ནི༔ སླར་ཡང་འོད་འཕྲོས་འཁོར་འདས་ཡོངས་ཁྱབ་ཀྱི༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱལ་རྣམས་ཀུན༔ མ་ལུས་འོད་ཀྱི་ཚུལ་འདུས་རང་ལ་བསྟིམ༔ རྣམ་མང་དཀྱིལ་འཁོར་ལྷ་སྔགས་གཅིག་ཏུ་བསྒྲུབ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠བརྡ་ཡིག༔ ༤༣༥དཔལ་ཆེན་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡི༔ ཐུགས་ཀྱི་གའུ་༠༠༠༠བརྡ་ཡིག༔ ༤༣༥ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ མེ་ལྷའི་གདོན་ཚོགས་༠༠༠༠༠༠བརྡ་ཡིག༔ ༤༣༥ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དགྲ་བོའི་སྲོག་༠༠༠༠༠༠བརྡ་ཡིག༔ ༤༣༥བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ བདུད་བགེགས་དམ་སྲིའི་སྲོག་༠༠༠༠༠བརྡ་ཡིག༔ ༤༣༥ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡི༔ སྲེག་བླུགས་ལྷུན་གྲུབ་མེ་ཡི་དཀྱིལ་འཁོར་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རྫས་དཀྱིལ་གྲུ་བཞི་༠༠༠༠༠བརྡ་ཡིག༔ ༤༣༥ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡི༔ རྩ་དབང་ཡེ་ཤེས་འཁོར་ལོ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དལ་ཞལ་ཕྱེས་ལ་སྒྲུབ་མཆོད་བསྙེན་བསྟོད་མཐར༔ དམ་ལྡན་ལས་ཅན་སློབ་མ་གྲལ་འཁོད་དེ༔ ཁྲུས་བྱས་བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ མཎྜལ་ཕུལ་ཞིང་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཞུ་གནང་བྱ་ཞིང་དམ་ཆུ་བླུད་ནས་སླར༔ སློབ་མ་ལྷར་གསལ་ཡེ་ཤེས་དབབ་བརྟན་བྱ༔ དེ་ནས་བུམ་པ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༣༦ཧཱུྃ༔ རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་རུ༔ ཁྲོ་རྒྱལ་དབྱུག་པ་སྔོན་པོའི་སྐུ་གསང་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུམ་པ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་བདུད་རྩི་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༣༦དེ་ནས་རྡོ་རྗེ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༣༦ཤེལ་ཐིག་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༣༦དེ་ནས་དབྱུག་པ་སྔོན་པོའི་སྐུ་ཐོགས་ལ༔ ཧཱུྃ༔ རབ་འབྱམས་ཕྱོགས་བཅུའི་ཞིང་བཞུགས་པའི༔ རྒྱལ་ཀུན་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ཡོངས་སུ་རྫོགས་པའི་སྐུ༔ ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བསྐྱེད་རིམ་ཐབས་ཀྱི་ལམ་ཟབ་མོའི༔ དབང་མཆོག་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་དབལ་དབྱུག་ཏོ་ཐོགས་ལ༔ ཧཱུྃ༔ མ་རིག་ཡེ་ཤེས་ངང་སངས་ཤིང་༔ ཉོན་མོངས་ཀ་དག་ཀློང་སྒྲོལ་གྱི༔ རྒྱལ་ཀུན་ཕྲིན་ལས་ཡོངས་རྫོགས་མཚོན༔ སྐལ་ལྡན་ཁྱོད་ལ་གཏད་རི་མོ་ཡོད༔ ༤༣༧པར་བགྱི༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ༠༠༠༠བརྡ་ཡིག༔ ༤༣༧ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་བདུད་འདུལ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡི༔ བླ་རྡོ་མ་ཆགས་པདྨའི་གའུ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང་བཏབ་བྲི༔ གུར་གུམ་ཙན་དན་བྱང་སེམས་སྦྱར་ལ་བྱུག༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ད་ཧ་ད་ཧ་ཧཱུྃ་ཕཊ༔ སརྦ་དྷརྨ་རཏྣ་སིདྡྷི་ཕ་ལ་ཧཱུྃ་སྟྭཾ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བདུན༔ བཀྲ་ཤིས་རྫས་བརྒྱད་མེ་རིས་རི་མོ་ཡོད༔ ༤༣༨བསྐོར་བྱས་ཏེ༔ མགུལ་ཏུ་བཏགས་པས་འདི་ཕྱི་གཉིས་པོ་ལ༔ འཇིགས་དང་སྡུག་བསྔལ་ཀུན་ལས་ངེས་པར་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་བདུད་འདུལ་པདྨ་༠༠༠༠བརྡ་ཡིག༔ ༤༣༨ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་བདུད་འདུལ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་༠༠༠༠བརྡ་ཡིག༔ ༤༣༨ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་བདུད་འདུལ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་༠༠༠༠བརྡ་ཡིག༔ ༤༣༨ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་བདུད་འདུལ་པདྨ་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་མི་གཡོ་མགོན་པོ་ཡི༔ གསང་བ་སྒོས་སྒྲུབ་དངོས་གྲུབ་རྒྱ་མཚོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དལ་གཞི་མཛེས་ལྡན་དར་གྱི་ལེ་བརྒན་སྟེང་༔ ཚོམ་བུ་ལྔ་བཀོད་དབུས་མར་ཕུར་པ་བཙུག༔ མཆོད་རྫས་སྣ་ཚོགས་མཎྜལ་ཚུལ་དུ་སྤུངས༔ སྔོན་འགྲོའི་རིམ་པ་རྫོགས་རྗེས་སུ༔ རང་རིག་ལྷ་རུ་འཕོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ གཟུང་འཛིན་འཁྲུལ་པ་བདག་མེད་དུ༔ སད་པའི་ངང་ལས་རང་རིག་ཉིད༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་ལྔའི༔ གཞལ་ཡས་དབུས་སུ་པདྨ་ཉི་མའི་སྟེང་༔ བདུད་བགེགས་གདོན་ཚོགས་ཐམས་ཅད་བསྣོལ་བའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་རིག་སྐུར་ཤར༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་མི་གཡོ་མགོན༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་དམར་རྔམས་བརྗིད་ཁྲོ་གཏུམ་འབར༔ སྤྱན་དགུ་སྡང་མིག་ནམ་མཁའི་དབྱིངས་སུ་གཟིགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ༔ ཁྲག་འཐུང་རིགས་ལྔའི་ཅོད་པན་སྤྲིན་ལྟར་འཁྲིགས༔ གཡས་གཉིས་རྡོ་རྗེ་རལ་གྲི་འབར་བ་བསྣམས༔ གཡོན་གཉིས་བྷན་དམར་འཆིང་བྱེད་ཞགས་པ་བསྣམས༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ ཞབས་བཞིས་སྲིན་པོའི་གདོན་ཚོགས་མ་ལུས་གནོན༔ རྡོ་རྗེ་རིན་ཆེན་གཤོག་པ་མཁའ་ལ་གདེངས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དང་༔ གར་དགུའི་ཉམས་དང་ལྡན་པའི་པང་གཡོན་དུ༔ ཡུམ་མཆོག་རྡོ་རྗེ་གཏུམ་ཁུང་ལྗང་མོ་འཁྲིལ༔ ཕྱག་གཉིས་དྲིལ་བུ་བྷན་ཁྲག་ཡབ་ལ་སྟོབ༔ ཁྲོ་མོའི་ཆས་རྫོགས་འཇིགས་པའི་གད་རྒྱངས་སྒྲོགས༔ ཡབ་ཡུམ་གཉིས་མེད་སྐུ་ཡི་ཆ་རྣམས་སུ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་འགྱིང་༔ སྤྱི་བོར་འཇིགས་བྱེད་སྤྲུལ་པའི་ཁྱུང་གིས་བརྒྱན༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ དེ་ནས་ཛཔ྄་དམིགས་ཟབ་མོ་ནི༔ རང་ཉིད་ཁྲོ་རྒྱལ་ཡབ་ཡུམ་སྐུར་གསལ་བའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ༔ དེ་ཡི་ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔ ཧཱུྃ་ཡིག་ལྗང་གསལ་འོད་འབར་མཐའ་སྐོར་དུ༔ སྔགས་ཀྱི་ཕྲེང་བ་མགལ་མེ་ལྟར་འཁོར་བས༔ རབ་འབྱམས་ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་མཆོད༔ ཐུགས་རྗེ་དབང་བྱིན་དངོས་གྲུབ་མ་ལུས་པ༔ འོད་ལྔའི་ཚུལ་བསྡུས་རང་ཉིད་ལ་ཐིམ་པས༔ གཟི་བརྗིད་རབ་འབར་ནུས་རྩལ་ལྡན་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ་ཕཊ༔ ཅེས་བཟླས་ནས༔ སླར་ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ བདེ་གཤེགས་རྒྱལ་བ་མ་ལུས་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐམས་ཅད་ཀུན༔ འོད་ལྔའི་ཚུལ་འདུས་རང་ཉིད་ལ་ཐིམ་པས༔ རྒྱལ་ཀུན་མ་ལུས་ཡེ་ཤེས་གཅིག་ཏུ་བསྒྲུབ༔ མར་འཕྲོས་འགྲོ་རྣམས་རྒྱུད་སྦྱངས་སྣོད་བཅུད་ཀུན༔ གཞལ་ཡས་ལྷ་སྔགས་འཁོར་ལོའི་རོལ་པར་བསྒོམ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་བོ་༠༠༠༠བརྡ་ཡིག༔ ༤༤༡ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་༠༠༠༠༠བརྡ་ཡིག༔ ༤༤༡ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ གདུག་བྱེད་༠༠༠༠༠༠བརྡ་ཡིག༔ ༤༤༡ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་གྱི་༠༠༠༠༠༠བརྡ་ཡིག༔ ༤༤༢ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་མི་གཡོ་མགོན་པོ་ཡི༔ སྲེག་བླུགས་༠༠༠༠བརྡ་ཡིག༔ ༤༤༢ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་མི་གཡོ་མགོན་པོ་ཡི༔ རྩ་དབང་རྡོ་རྗེའི་དྲྭ་བ་བསྟན་པར་བྱ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབང་རྫས་ལེགས་གྲུབ་བསྒྲུབ་བཟླས་བསྙེན་རྫོགས་རྗེས༔ སྔོན་འགྲོ་སྤྱི་མཐུན་སློབ་མ་ལྷར་གསལ་ཏེ༔ ཡེ་ཤེས་དབབ་བསྟིམ་བརྟན་པར་བྱས་པའི་མཐར༔ བུམ་པ་ཐོགས་ལ༔ ཧཱུྃ༔ ཆོས་ཅན་བུམ་པའི་གཞལ་ཡས་སུ༔ ཆོས་ཉིད་མི་གཡོ་མགོན་པོར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༔ བྷནྡྷ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༤༢རྡོ་རྗེ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༤༢ཤེལ་ཐིག་ཐོགས་ལ༔ ༠༠༠༠༠བརྡ་ཡིག༔ ༤༤༢དེ་ནས་མི་གཡོ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧོཿ བདེ་གཤེགས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ངོ་བོ་གཅིག་ཏུ་འདུས་པའི་ཧེ་རུ་ཀ༔ དཔལ་ཆེན་ཁྲོ་རྒྱལ་མི་གཡོ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་དང་ནི༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རལ་གྲི་ཞགས་པ་གཏད་ལ༔ ཧཱུྃ༔ རལ་གྲི་འབར་བས་དུག་གསུམ་གཅོད༔ ཞགས་པས་འཁྲུལ་ཞེན་ཆོས་སྐུར་འཆིང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྒྱལ་ཀུན་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་གཏད་ཅིང་༔ ༠༠༠༠༠བརྡ་ཡིག༔ ༤༤༣མཐའ་རྟེན་སྤྱི་ལྟར་ཚང་བར་བྱ༔ ངན་ཞེན་འཁོར་བའི་འཆིང་བ་ཀུན༔ དབང་མཆོག་དམ་པ་འདིས་གྲོལ་འགྱུར༔ དམ་ཚིག་མི་ཉམས་སྲུང་བར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་མི་གཡོ་མགོན་པོ་ཡི༔ བླ་རྡོ་འཇིགས་སྐྱོབ་ཡེ་ཤེས་གོ་ཁྲབ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང་བཏབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་ཕཊ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བདུན༔ བཟང་དྲུག་སྨན་སྦྱོར་རྫས་བརྒྱད་མེ་རིས་སྐོར༔ མགུལ་དུ་བཏགས་པས་འདི་ཕྱིའི་འཇིགས་ལས་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་སྐལ་ལྡན་སྐྱེས་བུའི་དོན༔ དཔལ་ཆེན་ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི༔ རི་མོ་ཡོད༔ ༤༤༤གསང་བ་སྒོས་སྒྲུབ་ཡེ་ཤེས་རྒྱ་མཚོ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་གཙང་ཞིང་མཛེས་ལྡན་དར་གྱི་སྟེང་༔ ཚོམ་བུ་ལྔ་བཀོད་དབུས་མར་ཕུར་པ་བཙུག༔ མཆོད་རྫས་ཚོམ་བུའི་ཚུལ་དུ་སྤུངས་ལ་བཤམ༔ སྐྱབས་སེམས་སྔོན་འགྲོ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ བྱིན་དབབ་མཆོད་རྫས་བྱིན་བརླབས་སྔོན་སོང་ནས༔ རང་ཉིད་ཡེ་ཤེས་ཁྲོ་བོར་བསྒོམ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་དབུས༔ མ་ཆགས་པདྨ་ཉི་མའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་ཁྲོ་བོ་འདོད་པའི་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དམར་གསལ་ཁྲོ་གཏུམ་རི་མོ་ཡོད༔ ༤༤༥རྔམས་པའི་སྐུ༔ གཡས་སེར་གཡོན་ལྗང་སྲིན་ཁྲོས་ཞལ༔ སྤྱན་དགུ་དམར་ཟླུམ་སྡང་མིག་བགྲད༔ སྨ་ར་སྨིན་མ་དམར་སེར་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་སྲིད་རྩེར་བརྫེས༔ དང་པོའི་ཕྱག་གཉིས་རྡོ་རྗེ་བྷན༔ བར་ཕྱག་རྔ་ཡབ་དྲིལ་བུ་བསྣམས༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ ཞབས་བཞིས་དགྲ་གདོན་བསྣོལ་མར་བརྫིས༔ རྡོ་རྗེ་གཤོག་གཉིས་མཁའ་ལ་གདེངས༔ དུར་ཁྲོད་དཔལ་ཆས་རྒྱན་རྫོགས་ཤིང་༔ གར་དགུའི་ཉམས་དང་ལྡན་པ་ལ༔ རྡོ་རྗེ་མདའ་སྙེམས་ཁྲོ་མོ་འཁྲིལ༔ དྲིལ་བུ་བྷན་ཁྲག་ཡབ་འཁྲིལ་སྟོབ༔ ཁྲོ་མོའི་ཉམས་དང་ཆས་རྣམས་རྫོགས༔ ཡེ་ཤེས་མེ་ཕུང་ཀློང་དུ་གསལ༔ སྤྱི་བོར་ཡེ་ཤེས་ཁྱུང་ཆེན་ལྡིང་༔ གནས་གསུམ་འོད་འཕྲོས་ཡེ་ཤེས་པ༔ དཔག་མེད་སྤྱན་དྲངས་གཉིས་མེད་གྱུར༔ དེ་ནས་ཛཔ྄་དམིགས་ནི༔ རང་ཉིད་འདོད་རྒྱལ་ཡབ་ཡུམ་གསལ་བ་ཡི༔ ཐུགས་ཀར་ཡེ་ཤེས་འོད་ཀློང་པད་ཉིའི་སྟེང་༔ ཡེ་ཤེས་སེམས་དཔའི་ཐུགས་ཀློང་རྡོ་རྗེའི་ལྟེར༔ ཉི་ཟླའི་གའུ་དྭངས་མ་ལྔ་ཐིག་ཀློང་༔ ཧཱུྃ་ཡིག་ཉིད་མཐར་སྔགས་ཀྱི་ཕྲེང་བས་འཁོར༔ འོད་འཕྲོས་བདེ་གཤེགས་རྒྱལ་བ་སྲས་བཅས་དང་༔ འདོད་རྒྱལ་ཡབ་ཡུམ་སྐུ་གསུང་ཐུགས་བརྒྱུད་བསྐུལ༔ ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་ཀུན༔ འོད་ལྔའི་ཚུལ་འདུས་རང་ཉིད་ལ་ཐིམ་པས༔ བྱིན་རླབས་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཕཊ༔ ཅི་མང་བཟླས་མཐར༔ སླར་ཡང་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ རྣམ་མང་རྒྱལ་ཀུན་ཡེ་ཤེས་གཅིག་འདུས་ནས༔ གསང་གསུམ་མ་ལུས་འདོད་རྒྱལ་ཡབ་ཡུམ་ལ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་དྲིལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་སྐལ་ལྡན་སྐྱེས་བུའི་དོན༔ དཔལ་ཆེན་ཁྲོ་༠༠༠༠༠བརྡ་ཡིག༔ ༤༤༦བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་སྐལ་ལྡན་སྐྱེས་བུའི་དོན༔ དཔལ་ཆེན་༠༠༠༠བརྡ་ཡིག༔ ༤༤༧བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་༠༠༠བརྡ་ཡིག༔ ༤༤༧བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་ཆེན་འདོད་༠༠༠༠བརྡ་ཡིག༔ ༤༤༧བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི༔ ཐུགས་གསང་འོད་༠༠༠༠༠༠བརྡ་ཡིག༔ ༤༤༧བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི༔ སྲེག་བླུགས་ཉོན་མོངས་དབྱིངས་སྒྲོལ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རྫས་དཀྱིལ་གྲུ་བཞི་མེ་དཀྱིལ་གྲུ་གསུམ་བྱ༔ འབྲུ་སྣ་དང་ནི་ཕྱི་ནང་གསང་མཆོད་དང་༔ བསྒྲལ་ལིང་དབང་ཚང་ཕུར་ཐུན་ལ་སོགས་བཤམ༔ དཀར་དམར་ལན་ཆགས་ལ་སོགས་སྔོན་འགྲོའི་རྗེས༔ རང་ཉིད་ཡི་དམ་ལྷ་ཡི་བསྒོམ་རིམ་ལ༔ མདུན་དུ་ཡེ་ཤེས་མེ་ཕུང་འབར་བའི་ཀློང་༔ ཧཱུྃ་ཧཱུྃ་ཧཱུྃ༔ སོགས༔ མཆོད་རྫས་རིམ་བཞིན་རྫོགས་མཐར་ལིངྒ་བསྟབ༔ ལྷག་མ་རྗེས་སྤྱོད་སྤྱི་ལྟར་ཚང་བར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་སྐལ་ལྡན་བུ་ཡི་དོན༔ དཔལ་ཆེན་ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི༔ རྩ་དབང་ཡེ་ཤེས་དྲྭ་བ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབང་རྫས་ལེགས་སྒྲུབ་བསྙེན་སྒྲུབ་གཞུང་དུ་འཇུག༔ སྔོན་འགྲོ་སྔོན་སོང་སློབ་མ་ལྷར་གསལ་ཏེ༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱས་ནས་སུ༔ དང་པོ་བུམ་པ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༤༨ཧཱུྃ༔ ཁྱབ་བརྡལ་བུམ་པའི་གཞལ་ཡས་སུ༔ རང་བྱུང་ཡེ་ཤེས་ཁྲོ་བོར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ༴ གསུམ་པ་བྷནྡྷ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༤༨བཞི་པ་རྡོ་རྗེ་ཐོགས་ལ༔ ༠༠༠༠༠བརྡ་ཡིག༔ ༤༤༨ལྔ་པ་ཤེལ་ཐིག་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༤༨གཉིས་པ་འདོད་རྒྱལ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྤྱི་གཟུགས་ཁྲོ་བོ་འདོད་རྒྱལ་ཡབ་ཡུམ་དང་༔ ཕྲིན་ལས་ཟ་གསོད་ཕོ་ཉ་དང་བཅས་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དཔལ་ཆེན་ཁྲོ་བོ་འདོད་རྒྱལ་ཡབ་ཡུམ་གྱི༔ བསྐྱེད་པ་སྐུ་ཡི་དབང་མཆོག་ཡོངས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དྲུག་པ་རྔ་ཡབ་དྲིལ་བུ་ཐོགས་ལ༔ ཧཱུྃ༔ མ་རིག་འཁྲུལ་པ་དབྱིངས་སྒྲོལ་བའི༔ ཕྲིན་ལས་ཐོགས་མེད་རྡོ་རྗེའི་མཚོན༔ སྐལ་ལྡན་བུ་ལ་གཏད་པར་བགྱི༔ ཕྲིན་ལས་ཐོགས་མེད་དབང་རྫོགས་ཤོག༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏོར་དབང་མཐའ་རྟེན་གཏད་བགྱིས་ཏེ༔ ཤིས་བརྗོད་བསྔོ་སྨོན་ལ་སོགས་བྱ༔ འདི་འབྲེལ་དམ་ཚིག་བསྲུང་བའི་བུ༔ འཇིགས་དང་སྡུག་བསྔལ་ལས་དབེན་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག༔ ༤༤༩བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི༔ བླ་རྡོ་ཡེ་ཤེས་ཙཀྲ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང་བཏབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ སརྦ་རཏྣ་སིདྡྷི་ཛ་ཛཿསྟྭཾ༔ ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོ་བདུན༔ བཟང་དྲུག་སྨན་དང་སྦྱར་ཏེ་མ་ནོར་བྲི༔ མཐའ་མར་མེ་རླུང་རྡོ་རྗེའི་ར་བས་བསྐོར༔ མགུལ་དུ་བཏགས་པས་ཚེ་འདིར་འཇིགས་ལས་གྲོལ༔ ཕྱི་མ་ཡི་དམ་ལྷ་ཡིས་རྗེས་འཛིན་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་རི་མོ་ཡོད༔ ༤༥༠འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེན་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ གསང་བ་སྒོས་སྒྲུབ་དགོས་འདོད་འབྱུང་གནས་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་མདའ་གང་གྲུ་བཞི་ལ༔ སྤོས་དང་སྨན་ཆུས་བྱུག་བྱས་ཏེ༔ ཚོམ་ལྔའི་དབུས་མར་ཕུར་པ་བཙུག༔ མཆོད་རྫས་གསང་བ་ཚོམ་བུའི་ཚུལ༔ སྤྲོས་བཅས་འབྲལ་མེད་མཚོན་ཆ་དང་༔ དྲྭ་འཕན་དར་སྤེལ་མཛེས་རྒྱན་ལྡན༔ གཏོར་མ་སྒྲུབ་རྫས་ཕྱི་སྒྲུབ་ལྟར༔ གསང་བ་སྤྲོས་མེད་ལུགས་སུ་བྱ༔ དཀར་ཕྱོགས་རྣམས་ལ་དཀར་མཆོད་དང་༔ ནག་ཕྱོགས་རྣམས་ལ་དམར་མཆོད་སྦྱིན༔ ལན་རི་མོ་ཡོད༔ ༤༥༡ཆགས་མགྲོན་ལ་ཆངས་གླུད་སྦྱིན༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ བྱིན་དབབ་མཆོད་རྫས་བྱིན་རླབས་སོགས༔ རྫོགས་ནས་བདག་མདུན་ལྷར་གསལ་ནི༔ ཨ༔ བདག་དང་སྣང་བ་ཐམས་ཅད་ཀུན༔ གདོད་ནས་རྣམ་དག་སྟོང་པ་ཉིད༔ རིག་པ་རྒྱུ་ཡི་ཧཱུྃ་ཡིག་ལས༔ འོད་འཕྲོས་ཡེ་ཤེས་ལྔ་ལྡན་གྱི༔ ལྷུན་གྲུབ་མཚན་རྫོགས་གཞལ་ཡས་དབུས༔ མ་ཆགས་པདྨ་འདབ་བརྒྱད་ཁར༔ སྐྱོན་བྲལ་ཉི་མའི་དཀྱིལ་འཁོར་དུ༔ དགྲ་གདོན་བགེགས་དཔུང་བསྣོལ་བའི་སྟེང་༔ ཧཱུྃ་ལས་རང་རིག་ཡེ་ཤེས་ལྷ༔ ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ སེར་ནག་གཡས་དཀར་གཡོན་དམར་ཞལ༔ སྤྱན་དགུ་སྡང་མིག་མཁའ་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དང་པོའི་ཕྱག་གཉིས་རྡོ་རྗེ་བྷན༔ བར་པ་གཉིས་ཀྱིས་མདའ་གཞུ་ཐོགས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་དཔལ་ཆས་ཀྱིས་བརྒྱན་ཅིང་༔ གར་དགུའི་ཉམས་དང་ལྡན་པ་ལ༔ གསོད་བྱེད་ཁྲོ་མོ་དམར་མོས་འཁྲིལ༔ དྲིལ་བུ་བྷན་ཁྲག་ཡབ་འཁྱུད་སྟོབ༔ ཁྲོ་མོའི་ཆས་རྫོགས་གཏུམ་རྔམས་ཞལ༔ མེ་ཕུང་ཀློང་དུ་འདོར་སྟབས་བཞུགས༔ སྤྱི་བོར་མཁའ་ལྡིང་ག་རུས་བརྒྱན༔ བདེ་ཆེན་འཁོར་ལོར་སངས་རྒྱས་ཁྲག་འཐུང་སྨུག༔ ལོངས་སྤྱོད་འཁོར་ལོར་པདྨ་ཁྲག་འཐུང་དམར༔ ཆོས་ཀྱི་འཁོར་ལོར་རྡོ་རྗེ་ཁྲག་འཐུང་དཀར༔ སྤྲུལ་པའི་འཁོར་ལོར་རིན་ཆེན་ཁྲག་འཐུང་སེར༔ བདེ་སྐྱོང་འཁོར་ལོར་ལས་ཀྱི་ཁྲག་འཐུང་ལྗང་༔ འཁོར་ལོ་ལྔ་ཡི་རྩ་འདབ་ལ༔ རྣམ་མང་དཔག་ཡས་ཞིང་དང་ལྷ༔ བཀོད་པ་རབ་འབྱམས་ཡོངས་སུ་རྫོགས༔ གནས་གསུམ་འོད་འཕྲོས་འཁོར་འདས་ན༔ གནས་དང་མི་གནས་དངོས་དང་སྤྲུལ༔ སངས་རྒྱས་དང་ནི་སངས་རྒྱས་སྲས༔ དད་དང་དམ་ཚིག་ཐུགས་རྗེའི་མཐུས༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ རང་དབང་མེད་པར་སྤྱན་དྲངས་ནས༔ ཁམས་གསུམ་རྣམ་རྒྱལ་རྣམ་རོལ་དུ༔ རང་དང་སྒྲུབ་པའི་རྫས་ལ་བསྟིམ༔ དེ་ནས་གདོད་མའི་ཀློང་གྱུར་བར༔ ཡེ་ཤེས་རིག་པར་ལྷུམས་ཞུགས་ཏེ༔ ཆམ་བརྡལ་ཆེན་པོར་སྒྱུ་འཕྲུལ་ཞིང་༔ རང་བཞིན་ཐུགས་རྗེའི་ཆོ་འཕྲུལ་ངོམས༔ མི་འགྱུར་རྡོ་རྗེའི་གདིང་ཐོབ་བསམ༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ༔ ཛཔ྄་དམིགས་ཟབ་ལམ་རྡོ་རྗེའི་ཐེམ༔ གདོད་ནས་ལྷན་སྐྱེས་རང་གཞིའི་ལྷ༔ རིག་རྩལ་རྫོགས་པའི་ཧེ་རུ་ཀའི༔ ཉག་གཅིག་ཐིག་ལེ་ཐུགས་རྡོ་རྗེ༔ ཐབས་ཤེས་ཉི་ཟླའི་གའུའི་ནང་༔ དྭངས་མ་ཐིག་ཟླུམ་ནང་ཁོངས་ཧཱུྃ༔ གསལ་འཚེར་འོད་དང་ཟེར་གྱི་མདངས༔ བཀྲ་ཞིང་བལྟར་མི་བཟོད་པ་ལ༔ འོད་ཀྱི་ལུག་རྒྱུད་འབྲེལ་བའི་སྔགས༔ མགལ་མེ་བཞིན་དུ་འཁོར་བ་ལས༔ མདངས་ཀྱིས་དོན་གཉིས་ལྷུན་གྲུབ་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ སླར་ཡང་ཐུགས་རྗེའི་ཟེར་མདངས་ཀྱིས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡི༔ ལྷ་དང་དཀྱིལ་འཁོར་རྣམ་མང་བ༔ ཁམས་གསུམ་རྣམ་རྒྱལ་དལ་དུ་བསྒྲུབ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ སྲེག་བླུགས་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མེ་དཀྱིལ་གྲུ་གསུམ་རྫས་དཀྱིལ་གྲུ་བཞི་བྱ༔ འབྲུ་སྣ་ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར༔ དགྲ་བགེགས་ལིངྒ་མིང་རུས་དབང་ཚང་བྲི༔ ཕུར་སོགས་དྲག་པོའི་ཐུན་མཚོན་ཐམས་ཅད་བཤམ༔ སྔོན་འགྲོ་རྫོགས་ནས་དངོས་ལ་འཇུག་པ་ནི༔ ཨ༔ བདག་དང་སྣང་བ་ཐམས་ཅད་ཀུན༔ གདོད་ནས་རྣམ་དག་སོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ རྩ་དབང་ཉི་མའི་སྙིང་པོ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དབང་རྫས་ལེགས་གྲུབ་སྒྲུབ་མཆོད་ལས་གཞུང་མཐར༔ སློབ་མ་གྲལ་འཁོད་ཁྲུས་བྱ་བགེགས་བསྐྲད་དེ༔ སྲུང་འཁོར་བསྒོམ་ཞིང་སྐྱབས་སེམས་ཞུ་གནང་རྗེས༔ དམ་ཆུ་སྦྱིན་ཏེ་སློབ་མ་ལྷར་གསལ་ཞིང་༔ ཡེ་ཤེས་དབབ་བསྟིམ་བརྟན་པར་བྱ་བའི་མཐར༔ དང་པོ་བུམ་པ་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༥༤ཧཱུྃ༔ བརྡལ་ཁྱབ་གཞོན་ནུ་བུམ་སྐུའི་མཁར༔ ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་བྷནྡྷ་བདུད་རྩི་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༥༥༔ བཞི་པ་རྡོ་རྗེ་ཐོགས་ལ༔ ༠༠བརྡ་ཡིག༔ ༤༥༥ལྔ་པ་ཤེལ་ཐིག་ཐོགས་ལ༔ ༠༠༠༠བརྡ་ཡིག༔ ༤༥༥གཉིས་པ་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ རིགས་ཀུན་ཡོངས་འདུས་ཁམས་གསུམ་རྣམ་རྒྱལ་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་དང་༔ རིགས་དང་དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་མདའ་གཞུ་གཏད་ལ༔ ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་རྣོ་བའི་མདའ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་རིག་འཁྲུལ་པ་ཡེ་ཤེས་ངང་སྒྲོལ་གྱི༔ ཕྲིན་ལས་ཐོགས་མེད་ལས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་ལ་སོགས་རྗེས་རིམ་ཚང་བར་བྱ༔ འདིར་འབྲེལ་དམ་ཚིག་བསྲུང་བའི་བུ༔ མངོན་སངས་རྒྱས་པའི་འབྲས་བུ་འཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བཀའ་འདི་སྔགས་བདག་མ་མོ་ཉེར་བརྒྱད་བཅུ་གཉིས་དང་༔ གནོད་སྦྱིན་ཤན་པ་བདུད་མགོན་བཅས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ གསང་གསུམ་གའུ་སུམ་བརྩེགས་ཞེས་ཀྱང་བྱ༔ མི་འཇིགས་གཡུལ་ལས་རྣམ་རྒྱལ་ཞེས་ཀྱང་བྱ༔ བདེ་ལེགས་འབྱུང་གནས་བང་མཛོད་ཅེས་ཀྱང་བྱ༔ བདུད་འཇོམས་རྡོ་རྗེ་ཕ་ལམ་ཞེས་ཀྱང་བྱ༔ བདུད་འདུལ་མཆོད་རྟེན་མེ་འབར་ཞེས་ཀྱང་བྱ༔ ཕུར་པའི་ལྷ་ཁང་ཉི་ཟླའི་ཁྱིམ་ཡང་བྱ༔ འཛམ་གླིང་བདེ་བྱེད་དཔའ་མཁར་ཞེས་ཀྱང་བྱ༔ དབུལ་སེལ་ནོར་བུ་སུམ་བརྩེགས་ཞེས་ཀྱང་བྱ༔ སྲིད་འཕེལ་ཡིད་བཞིན་དབང་རྒྱལ་ཞེས་ཀྱང་བྱ༔ བགེགས་འཇོམས་ཡེ་ཤེས་མེ་ཁང་མཛོད་ཀྱང་བྱ༔ ཡུལ་སྐྱོབ་འདོད་འབྱུང་བང་མཛོད་ཅེས་ཀྱང་བྱ༔ ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་གཞལ་ཡས་ཁང་༔ འཇིགས་པ་ཀུན་སྐྱོབ་ལྷ་ཡི་དཀྱིལ་འཁོར་བསྟན༔ འདི་ཉིད་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ བདུད་ཁ་དྲག་པའི་དམག་འཁྲུགས་གཡུལ་འགྱེད་དུས༔ གྲོང་དང་དགོན་པའི་བྱང་གི་ཕྱོགས་སུ་བཞེངས༔ དམ་སྲི་ཚེ་བདུད་རྒྱལ་འགོང་གྲོང་འདྲེ་ཡིས༔ ཡུལ་ཕུང་ཡུལ་འཛིན་གཤིན་བླས་གསོན་གྱོན་དུས༔ གྲོང་དགོན་ཀུན་གྱི་དབུས་སུ་བཞེངས་པར་བྱ༔ ལོ་ཉེས་སད་སེར་ས་བཅུད་ཉམས་པ་ཡི༔ མུག་བསྐལ་ཤར་ཚེ་གྲོང་པའི་ལྷོ་རུ་བཞེངས༔ ཚེ་ཚད་མི་སླེབས་དར་ལ་གཤིན་བབས་དུས༔ གྲོང་དགོན་དེ་ཡི་ནུབ་ཀྱི་ཕྱོགས་སུ་བཞེངས༔ རྟ་ཕྱུགས་ནོར་ལུག་ཀུན་འཕེལ་རྒྱས་འདོད་ན༔ མཛོད་སྲུང་དཔལ་ཁ་ལྡན་པའི་ས་རུ་བཞེངས༔ རྒྱལ་པོས་ཡུལ་ཀུན་དབང་དུ་འདུ་འདོད་ན༔ མཐོ་ཞིང་ཡངས་པའི་རི་ཡི་རྩེ་མོར་བཞེངས༔ འབངས་མགོ་རྗེ་ཡིས་མི་ནོན་གནོན་འདོད་ན༔ རྒྱལ་མཚན་རྩེ་ལ་བཞེངས་པས་ནོན་པར་འགྱུར༔ དགོན་སྡེས་གྲྭ་འཁོར་དབང་དུ་འདུ་འདོད་ན༔ བྱང་ཤར་མཚམས་སུ་བཞེངས་པས་འདུ་བར་འགྱུར༔ གཤེད་དང་རྒྱལ་འགོང་ཟ་ལམ་བཅད་འདོད་ན༔ ཁྱིམ་གྱི་སྒོ་ཐེམ་གཡོན་དུ་བཞེངས་པར་བྱ༔ རྨངས་པོ་འཕན་འདོད་ཆུ་ཡི་དཔལ་ཁར་བཞེངས༔ འཇིགས་དང་སྡུག་བསྔལ་སེལ་ཕྱིར་ཁྱིམ་དབུས་བཞེངས༔ གྲོང་དགོན་ནང་དུ་འདྲེ་གདོན་གནས་བཅས་ཚེ༔ དེ་དག་རྗེས་མེད་གཞན་དུ་བསྐྲད་འདོད་ན༔ རྣལ་འབྱོར་དྲུག་ཅུས་སྒྲུབ་པའི་རྒྱུན་བཟུང་ནས༔ བསྒྲུབ་ལུགས་གྲོང་དབུས་རྡོ་རྗེ་གཞོན་ནུ་བསྒྲུབ༔ ཕྱོགས་བཞིར་ཀཱི་ལ་རིགས་བཞིའི་དལ་ཞལ་ཕྱེ༔ ཕྱོགས་བཅུར་ཁྲོ་བོ་བཅུ་ཡི་དཀྱིལ་འཁོར་བཞེངས༔ ཞག་བདུན་ནུབ་ལ་ལིངྒ་བཅོ་ལྔ་པོ༔ གྲུ་གསུམ་ས་བྲུས་ཟབ་པའི་ནང་དུ་བཞག༔ རང་རང་གཞུང་གི་བསྒྲལ་ལས་ཁོག་ཕུབ་ནས༔ འགུགས་གཞུག་མང་བྱས་མནན་སྔགས་སྟོང་གིས་མནན༔ སཱཙྪ་ནག་པོ་ལྔ་རེས་མནན་པར་བྱ༔ དེ་མཐར་སྲེག་བླུགས་སོ་སོའི་རང་གཞུང་ལྟར༔ མེ་བསྐྱེད་ལ་སོགས་སོ་སོའི་གཞུང་ལྟར་བྱ༔ དང་པོ་དབུས་ཀྱི་དཀྱིལ་འཁོར་མདུན་དྲུང་ནས༔ རྡོ་རྗེ་སློབ་དཔོན་ཡར་བཞེངས་མེ་ཐོགས་ཏེ༔ ཀཱི་ལ་རིགས་བཞིའི་མེ་བསྐུལ་བརྗོད་པར་བྱ༔ རིགས་བཞིའི་སྒྲུབ་པོ་རྣམས་ཀྱང་ཡར་བཞེངས་ཏེ༔ ཁྲོ་བོ་བཅུ་ཡི་མེ་བསྐུལ་བརྗོད་པར་བྱ༔ ཀུན་གྱི་མེ་བཟུང་དབུས་སུ་འདུས་ནས་སུ༔ རང་རང་ཕྱོགས་སུ་འདུག་ཅིང་དེར་ཁ་གྱུ༔ ངར་སྒྲ་ཧཱུྃ་གླུ་བརྒྱད་པོ་བརྗོད་བྱས་ཏེ༔ མེ་ཐུན་རྡོ་ཐུན་ཆུ་དང་མཚོན་ཐོགས་ཀྱིས༔ དལ་གྱི་གཙོ་འཛིན་གདན་ནས་གཞན་མི་འགྲོ༔ རྡོ་རྗེ་ཀཱི་ལ་རྣམ་རྒྱལ་ཤར་དུ་འགྲོ༔ དེ་བཞིན་དལ་འཛིན་རང་རང་ཕྱོགས་སུ་ནི༔ མེ་ཆུ་རྡོ་ཐུན་དྲག་སྔགས་ངར་གྱིས་འགྲོ༔ བྱིལ་པོ་ཁང་སྟོང་རོ་ཁྱིམ་ཀུན་ལ་བྲབ༔ མདོས་གླུད་ཕྱོགས་བཅུར་བསྐྱལ་ཏེ་བསྐྲད་པར་བྱ༔ སླར་ཡང་སློབ་དཔོན་བཅོ་ལྔས་རང་རང་གི༔ སྲུང་འཁོར་བསྒོམ་ཞིང་ཕྱོགས་ཀུན་སྔགས་བྱང་བཙུག༔ མནན་པའི་སྟེང་གི་ཕྱོགས་རྣམས་སོ་སོ་རུ༔ སྒྲུབ་པའི་གཙོ་བོའི་གདན་བརྩེགས་དེར་འཁོད་དེ༔ སླར་ཡང་སྟེང་འོག་ཕྱོགས་མཚམས་ཁྲོ་བཅུས་གཏམས༔ ས་ལ་རིན་འཇལ་མེ་ཏོག་འཐོར་བྱས་ཏེ༔ མནན་པ་དབུས་མར་མཆོད་རྟེན་ལྟེ་བ་བྱས༔ དེ་བཞིན་ཕྱོགས་བཅུའི་མནན་ས་ནོན་བྱས་ཏེ༔ རྩིག་མཁན་རྣམས་ཀྱིས་རྟེན་འབྲེལ་སྙིང་པོ་བརྗོད༔ དང་པོ་གདན་ཁྲི་བང་རིམ་སུམ་བརྩེགས་བརྩིག༔ བང་རིམ་རེ་བཞིན་ཕྱོགས་བཞིར་གཏེར་བུམ་བཞག༔ དབུས་ཀྱི་ལྟེ་བར་གཏེར་བུམ་ཆེན་པོ་སྦས༔ རྣམ་པར་རྒྱལ་བ་གསུམ་རྒྱལ་མཚན་རྩེ་མོ་གཡུལ་ལས་རྒྱལ་བ་རྒྱལ་བ་ཅན་མཆན།གྱི་མདོ་དང་ནི༔ བཀྲ་ཤིས་བརྩེགས་པའི་མདོ་དང་སྣང་བརྒྱད་འདོན༔ བང་རིམ་གསུམ་སྟེང་གྲུ་བཞི་ཁང་བཟང་བརྩིག༔ དེ་སྟེང་ཁམས་གསུམ་རྣམ་རྒྱལ་ཁང་བཟང་བརྩིག༔ དེ་སྟེང་རྣམ་པར་རྒྱལ་བའི་ཁང་བཟང་བརྩིག༔ དེ་སྟེང་བང་རིམ་བརྩེགས་མ་བཅུ་གསུམ་བརྩིག༔ དེ་སྟེང་གདུགས་དང་ཉི་ཟླ་ནོར་བུའི་ཏོག༔ འོག་ཁང་རྡོ་རྗེ་གཞོན་ནུའི་གཞལ་ཡས་ཁང་༔ ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་གུ༔ སྒོ་ཡང་ཤར་ཟླུམ་ལྷོ་སྒོ་གྲུ་བཞི་ལ༔ ནུབ་སྒོ་ཟླ་གམ་བྱང་སྒོ་གྲུ་གསུམ་བྱ༔ ནང་དུ་རྡོ་རྗེ་གཞོན་ནུའི་སྐུ་འབག་གི༔ ཐུགས་ཀར་སྔགས་ཤམ་འདི་ཉིད་འཇུག་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་མ་ཏི་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙིཏྟ་ཨཱཿབཛྲ་ས་མནྟ་བྷ་དྲ་ཨོཾ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་བཛྲ་ཝཱཀ་བཛྲ་ཙིཏྟ་བཛྲ་ཛྙཱ་ན་པཉྩ་ཙཀྲ་བཛྲ་ས་མ་ཏི་ཏིཥྛ་བཛྲ་ཨ༔ རབ་ན་འབག་གམ་རིས་སུ་ཀཱི་ལ་དང་༔ ཁྲོ་བོ་བཅུ་དང་ཟ་གསོད་ཁྲ་ཐབས་སོགས༔ ལྷ་གྲངས་ཡོངས་རྫོགས་རང་རང་ཕྱོགས་སུ་བཞེངས༔ འབྲིང་ལ་ཀཱི་ལ་རིགས་བཞི་ཐ་ན་ཡང་༔ གཙོ་བོ་རྐྱང་པ་ཡབ་ཡུམ་བརྗིད་ལྡན་བཞེངས༔ དེ་སྟེང་ཁམས་གསུམ་རྣམ་རྒྱལ་ཁང་པ་རུ༔ དབུས་སུ་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་བཞེངས༔ ཐུགས་ཀར་སྔགས་ཕྲེང་འདི་ཉིད་བྲིས་ཏེ་བཅུག༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ ཁམས་གསུམ་སྲིད་གསུམ་སྣང་སྲིད་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་རླུང་རྟ་བླ་གཟའ་སྙན་གྲགས་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་གདོན་བར་ཆད་སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དགྲ་བགེགས་རྒྱལ་འགོང་དམ་སྲི་ལོག་འདྲེན་གདོན་ཚོགས་ཐམས་ཅད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཡུལ་ལྗོངས་རྗེ་ཁམས་འདི་ཉིད་ཁམས་གསུམ་ལས་རྣམ་པར་རྒྱལ་བར་གྱུར་ཅིག༔ བཛྲ་ས་མ་ཏི་ཏིཥྛ་བཛྲ་ཨཱཿཧཱུྃ༔ དབུ་ལ་གཙུག་ཏོར་རྣམ་རྒྱལ་དང་༔ ལྟེ་བར་གཡུལ་ལས་རྣམ་རྒྱལ་གཟུངས༔ མགྲིན་པར་རྣམ་པར་རྒྱལ་བའི་གཟུངས་བྲིས་གཞུག༔ རབ་ལ་ཕྱོགས་བཞིར་ཁྲོ་བོ་བཞི༔ སྒོ་བཞིར་མཁའ་འགྲོ་བཞི་པོ་བཞེངས༔ འབྲིང་ལ་ཁྲོ་བོ་བཞི་པོ་བཞེངས༔ ཐ་ན་གཙོ་བོ་རྐྱང་པའོ༔ དེ་སྟེང་རྣམ་རྒྱལ་ཁང་པའི་དབུས༔ རྣམ་པར་རྒྱལ་བ་ཡབ་ཡུམ་བཞེངས༔ ཐུགས་ཀར་རྣམ་རྒྱལ་སྔགས་འདི་གཞུག༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཀྲོ་དྷི་ཤྭ་རི་སྟྭཾ༔ ཨོཾ་རཏྣ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རཏྣ་ཀྲོ་དྷི་ཤྭ་རི་སྟྭཾ༔ ཨོཾ་པདྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཀྲོ་དྷི་ཤྭ་རི་སྟྭཾ༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་དྷི་ཤྭ་རི་སྟྭཾ༔ ཨོཾ་ཀཱ་ཡ་བཛྲ༔ ཨོཾ་ཝཱཀ་བཛྲ༔ ཨོཾ་ཙིཏྟ་བཛྲ༔ ཨོཾ་སརྦ་བཛྲ༔ ཨོཾ་ཀརྨ་བཛྲ༔ ཛྙཱ་ན་པཉྩ་ཙཀྲ་བཛྲ་ས་མ་ཡ་ཏི་ཏིཥྛ་ཧཱུྃ་ཨཱཿཙིཏྟ་བཛྲ་ཛྙཱ་ན་ཤཱནྟིཾ་པུཥྚིཾ་པཱ་ཤཾ་མཱ་ར་ཡ་ཕཊ༔ གྲོང་ཁྱེར་རྒྱལ་ཁམས་འདི་ཉིད་ཕྱོགས་ལས་རྣམ་པར་རྒྱལ་བར་གྱུར་ཅིག༔ ཧ་ཧ་ཧ་ཧ་ཧ༔ ན་ན་ན་ན་ན༔ ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ན་ན་ན་ན་ན་ན་ན༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ་ཕཊ་ཕཊ༔ ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ༔ ཨི་ཨཱི་ཨི་ཨཱི་ཨི་ཨཱི་ཨི་ཨཱི༔ ཨུ་ཨཱུ་ཨུ་ཨཱུ་ཨུ་ཨཱུ་ཨུ་ཨཱུ༔ རྀ་རཱྀ་རྀ་རཱྀ་རྀ་རཱྀ་རྀ་རཱྀ༔ ལྀ་ལཱྀ་ལྀ་ལཱྀ་ལྀ་ལཱྀ་ལྀ་ལཱྀ༔ ཨེ་ཨཻ་ཨེ་ཨཻ་ཨེ་ཨཻ་ཨེ་ཨཻ༔ ཨོ་ཨཽ་ཨོ་ཨཽ་ཨོ་ཨཽ་ཨོ་ཨཽ༔ ཨཾ་ཨ་ཨཾ་ཨ་ཨཾ་ཨ་ཨཾ་ཨ༔ ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ༔ དབུ་མགྲིན་ལྟེ་བ་རྣམས་སུ་གོང་བཞིན་ནོ༔ རབ་ལ་ལྷ་གྲངས་འབྲིང་ལ་རིགས་ལྔ་དང་༔ ཐ་ན་གཙོ་བོ་ཡབ་ཡུམ་རྐྱང་པའོ༔ ཁམས་གསུམ་རྣམ་རྒྱལ་གཞལ་ཡས་ཁང་སེར་པོ༔ རྣམ་རྒྱལ་ཁང་པ་དཀར་པོ་མཛེས་ལྡན་ནོ༔ བར་སྒོ་པདྨ་སྟེང་སྒོ་གྲུ་བཞིའོ༔ ཆོས་འཁོར་རིམ་བརྩེགས་སྙིང་པོ་རྣམ་རྒྱལ་གཟུངས༔ ཉི་མར༔ སུཪྻ་སིདྡྷི་ཕ་ལ་ཧཱུྃ༔ ཟླ་བར༔ ཙནྡྲ་སིདྡྷི་ཕ་ལ་ཧཱུྃ༔ ནོར་བུར༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ གདུགས་ལ་ཨ་ལི་ཀ་ལི་བྲི༔ ནོར་བུའི་ཏོག་རྩེར་རས་མཐིང་དྲི་མེད་ལ༔ རྒྱལ་མཚན་རྩེ་མོ་དཔུང་རྒྱན་བྲིས་པ་ཡི༔ སྟོང་དུ་ཕྲེང་དེད་སྔགས་འདི་བྲིས་ལ་བཙུག༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ སྟེང་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་སརྦ་གརྫ་གརྫ་ཧཱུྃ་ཕཊ༔ ཕྱོགས་བཅུར་ཁྲོ་མོ་རང་མདོག་དར་རས་ལ༔ ༠༠༠༠༠༠བརྡ་ཡིག༔ ༤༦༣དེ་ནས་རྣམ་རྒྱལ་ཁམས་གསུམ་རྣམ་རྒྱལ་དང་༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ བསྙེན་སྒྲུབ་སྒོར་ཞུགས་རབ་གནས་བརྟན་བཞུགས་བྱ༔ ལོ་རེ་བཞིན་དུ་དར་རྣམས་བཙུག་པར་བྱ༔ ཡེ་ཤེས་ཁྲོ་བོའི་གཞལ་ཡས་མེ་འབར་དུ༔ གྲོང་དགོན་ཐམས་ཅད་བསྲུང་བའི་གུར་ཚུད་བསམ༔ ལོ་རེ་བཞིན་དུ་དཀྱིལ་འཁོར་གསུམ་བསྒྲུབ་ནས༔ རབ་གནས་བརྟན་བཞུགས་ནན་ཏུ་རྒྱས་པར་བྱ༔ དབུལ་པོ་ཕྱུག་འདོད་རྨངས་པོ་འཕན་འདོད་ཀྱི༔ ས་འདུལ་བཀྲ་ཤིས་བརྩེགས་དང་གཡང་སྒྲུབ་བྱ༔ བཞེངས་མཐར་སྒྲུབ་པའི་ཞལ་ཕྱེ་རབ་གནས་བྱ༔ ལོ་རེ་བཞིན་དུ་མཆོད་བསྟོད་བསྐོར་ཕྱག་འཚལ༔ གསོལ་འདེབས་དད་གུས་བྱས་པས་དགེ་ལེགས་འཐོབ༔ རྒྱལ་པོས་བཞེངས་ན༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཡུལ་ཁམས་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྗེ་ཁམས་འདི་ཉིད་མངྒ་སྭ་སྟི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སོགས་ཁ་བསྒྱུར་སོ་སོར་ཤེས་པར་བྱ༔ བྱིན་རླབས་ཁྱད་པར་ཅན་གྱི་རྟེན་རྣམས་བཞག་རབ་ལ་ལོ་རེ་བཞིན་དུ་ཕྱོགས་ལོགས་སུ༔ གཏེར་བུམ་རེ་རེ་སྦས་ཏེ་ནོར་སྒྲུབ་བྱ༔ འདི་ཉིད་བཞེངས་ཏེ་བསྙེན་བཀུར་མཆོད་བསྟོད་པས༔ ཡུལ་དེར་བཀྲ་ཤིས་བདེ་ལེགས་འཐོབ་པར་འགྱུར༔ རྒྱལ་པོའི་མངའ་འོག་འཁོར་འབངས་འདུ་བ་དང་༔ རྗེ་ཁམས་དེ་ཉིད་ཕྱོགས་ལས་རྣམས་པར་རྒྱལ༔ ནོར་འདོད་ལོངས་སྤྱོད་འབྱོར་པ་འཕེལ་ཞིང་རྒྱས༔ སྲིད་འདོད་སྲིད་སྨིན་མི་སྤུས་མཆོག་དང་ལྡན༔ དགོན་གྱི་གྲྭ་འཁོར་དབང་སྡུད་དར་ཞིང་རྒྱས༔ ནད་རིམས་ཀུན་ཞི་ཚེ་ཚད་མཐའ་རུ་ཕྱིན༔ དབང་སྡུད་ཟིལ་གནོན་དགྲ་ལས་རྣམ་པར་རྒྱལ༔ བགེགས་ཀྱི་ཚང་སྤྲུགས་རྗེས་མེད་ཟློག་འགྱུར་རོ༔ ཕྱི་མ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར༔ ཆོས་འཁོར་འོག་མར་ཐུབ་དབང་སྐུ་འབག་བཞེངས༔ འདི་འདྲའི་ཡུལ་སྐྱོབ་ནོར་བུ་འདོད་འབྱུང་ནི༔ སྟོང་གསུམ་ས་སྟེང་བསྐོར་ཀྱང་རྙེད་རེ་ཀན༔ ཨེ་མ༔ ཡ་མཚན་རྨད་བྱུང་ཕོ་བྲང་ཁྱད་འཕགས་འདིསཿདགྲ་དཔུང་ཀུན་འཇོམས་བགེགས་དཔུང་ཐལ་བར་རློག༔ ཕ་རོལ་རྒོལ་བ་ཐམས་ཅད་འཇོམས་པར་འགྱུར༔ ལོ་ཉེས་ཕྱུགས་ཉེས་མུ་གེའི་འཇིགས་ལས་སྐྱོབ༔ དམ་སྲི་བདུད་ནག་འབྱུང་པོའི་དལ་ཁ་ཡིས༔ སྔགས་པ་དམ་ཉམས་དགེ་བཙུན་སྡོམ་ཉམས་ཀུན༔ རྣམ་རྒྱལ་ཁང་བཟང་འདི་ཡིས་འཇོམས་གྱུར་རོ༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རྣམ་འཇོམས་རྣམ་རྒྱལ་གཞོམ་བྲལ་མཆོད་རྟེན་འདི༔ དཀར་དམར་རྒྱལ་མཚན་འདྲ་བའི་རྩེ་མོར་བཞེངས༔ ཡར་ཐང་ཞིང་གི་སྙིང་གར་བཞེངས་པར་བྱ༔ ཀ་ཐང་མགྲིན་པ་སེ་ཐང་མཇུག་མར་བཞེངས༔ གསེར་གྱི་རྒོད་ཐང་དབང་ཤར་འཛུབ་ལ་བཞེངས༔ ཤྭ་རི་སྲིན་མོའི་སྙིང་ཁ་ལ་བཞེངས་བྱ༔ གདུག་དགུ་མགོ་ཐོག་ལྷ་རྩེའི་བྱང་དུ་བཞེངས༔ སེར་དགོན་ལྟག་སྟེང་དང་ནི་བྱང་དུ་བཞེངས༔ སྟག་དགོན་བྱང་དང་ལམ་གྱི་འོག་ཏུ་བཞེངས༔ བྲག་ཆེན་དགོན་གྱི་དཀྱིལ་ཏུ་བཞེངས་པར་བྱ༔ ཀཿཐོག་དམ་སྲི་ཡ་མར་ཕྱོགས་སུ་བཞེངས༔ རུ་དམ་བདུད་མོ་བདུན་སྟེང་འོག་ཕྱོགས་བཞེངས༔ དཔལ་ཡུལ་ར་ཙྭའི་རྒྱུག་ལམ་ཕྱོགས་སུ་བཞེངས༔ བེའུ་ཐོག་ལྷ་བདུད་མཚམས་སུ་བཞེངས་པར་བྱ༔ བསམ་ཡས་བྱང་དང་འབྲི་གུང་ནུབ་ཏུ་བཞེངས༔ རྡོ་རྗེ་བྲག་གི་བྱང་དང་སྨིན་གླིང་ཤར་དུ་བཞེངས༔ སེ་རའི་འབྲས་ཕྱོགས་འབྲས་ཀྱི་སེར་ཕྱོགས་བཞེངས༔ ཡར་ལུང་བདུད་རིའི་ཕྱོགས་དང་གཡས་ལུང་ནུབ༔ འུད་ལུང་དགོན་དཀྱིལ་ཀཿགནམ་རྒྱལ་པོའི་བྱང་༔ སྟོད་ལུང་མཚུར་ཕུའི་ལྷོ་དང་རྗེ་ཕྱོགས་བཞེངས༔ སྟག་ལུང་འོག་དང་རྒོད་ཚང་གཡས་སུ་བཞེངས༔ འབྲུག་པའི་ཡར་དགོན་ཕྱོགས་བཞིར་བཞེངས་པར་བྱ༔ དྭགས་པོའི་༠༠༠༠༠༠༠༠༠༠༠༠༠༠༠༠༠བརྡ་ཡིག༔ ༤༦༦ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་སྲུང་མ་མོ་བཅུ་གཉིས་ཉེར་བརྒྱད་དང་༔ གནོད་སྦྱིན་ཤན་པ་བདུད་མགོན་སེང་གདོང་སོགས༔ གསང་སྔགས་བཀའ་ཡི་སྲུང་མ་ཡོངས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ ནོར་སྒྲུབ་གཏེར་གྱི་བུམ་བཟང་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་དབུས་སུ་གཏེར་གྱི་བུམ་བཟང་བཞག༔ ཕྱི་ནང་གསང་བའི་མཆོད་རྫས་འབྱོར་ཚོགས་བཤམ༔ རང་ཉིད་ཁྲོ་རྒྱལ་བདུད་རྩི་འཁྱིལ་བར་གསལ༔ མཆོད་སྦྱིན་བགེགས་བསྐྲད་རྡོ་རྗེའི་སྲུང་འཁོར་བསྒོམ༔ བྱིན་ཆེན་དབབ་ཅིང་མཆོད་རྫས་བྱིན་བརླབ་བྱ༔ དེ་ནས་དཀྱིལ་འཁོར་གཞལ་ཡས་ཁང་དུ་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ ཀོ྅་ཧཾ༔ སྣོད་བཅུད་སྣང་སྲིད་དངོས་པོར་འཛིན་པའི་ཆོས༔ ཐམས་ཅད་གདོད་ནས་ཆོས་དབྱིངས་ཆེན་པོའི་ངང་༔ བྷྲུྃ་ལས་ཡེ་ཤེས་ལྔ་རྫོགས་གཞལ་ཡས་ཁང་༔ ལོངས་སྤྱོད་བཀོད་པ་རབ་རྫོགས་ཆེན་པོར་གྱུར༔ ཨོཾ་བྷྲུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ དེ་ནས་བདེན་པའི་སྟོབས་ཀྱིས་བརྟེན་པ་ལྷ་བསྟིམ་པ་ནི༔ ན་མོ༔ དཀོན་མཆོག་རྩ་གསུམ་སྐུ་གསུམ་རྒྱལ་སྲས་དང་༔ ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས༔ རྣམ་སྲས་ཛམ་ལྷ་རིགས་ལྔ་ཡབ་ཡུམ་སྲས༔ སྤྲུལ་འཁོར་མཛོད་བཅས་དལ་འདིར་མཆིས་གྱུར་ཅིག༔ ལན་བདུན་བརྗོད་ཅིང་༔ ས་མ་ཡ་ཛ་ཛཿཨཾ་ཀུ་ཤ་ཡ་ཛཿཨ་ཀཪྴ་ཡ་ཛ་ཛཿསྟྭཾ༔ ཏིཥྛ་བཛྲ་ལྷན༔ དེ་ནས་ལྷ་བསྐྱེད་པ་ནི༔ བཻ་ལས་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ གསེར་མདོག་བག་དྲོ་ལྷུན་ཆགས་གཟི་འོད་འབར༔ ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་བསྣམས༔ བསྭེ་ཁྲབ་རྨོག་གསོལ་སེངྒེ་དཀར་མོའི་སྟེང་༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ སྐུ་ནི་གསེར་གྱི་ལྷུན་པོར་ཉི་ཤར་ལྟར༔ མཛུམ་བཞད་དགྱེས་མདངས་འོད་ཀྱི་ཀློང་དུ་བཞུགས༔ དཔལ་གྱི་ལྷ་མོ་ཡུམ་དང་བཅས་པ་གསལ༔ འཁོར་དུ་གནོད་སྦྱིན་ནོར་ལྷ་བརྒྱད་ཀྱིས་བསྐོར༔ ཕྱོགས་བཞིར་ནོར་བུ་རཏྣའི་ཁྲི་བརྩིགས་ཁར༔ ཤར་དུ་རྨུག་འཛིན་དཀར་པོ་འབྲུག་ལ་ཆིབས༔ ཕྱག་གཡས་བེ་ཅོན་གཡོན་པས་ནེའུ་ལེ་བསྣམས༔ འཁོར་དུ་རིགས་ལྔའི་ཌཱ་ཀི་ལྷ་ཆེན་བརྒྱད༔ ལྷ་དང་ནོར་གྱི་བདག་པོ་དཔག་མེད་བསྐོར༔ ལྷོ་རུ་འཕགས་པ་དཔལ་ལྡན་ཛམྦྷ་ལ༔ གསེར་མདོག་གཡས་གཡོན་ནོར་བུ་ནེའུ་ལེ་བསྣམས༔ ནོར་རྒྱུན་ལྷ་མོ་ཡུམ་དང་བཅས་པ་གསལ༔ གཉན་དང་མི་མིན་ནོར་དབང་འཁོར་གྱིས་བསྐོར༔ ནུབ་ཏུ་ནོར་བདག་གནོད་སྦྱིན་ཛམྦྷ་ལ༔ དམར་གསལ་ལྕགས་ཀྱུ་དང་ནི་ནེའུ་ལེ་བསྣམས༔ ཀུ་རུ་ཀུལླེ་ཡུམ་དང་བཅས་པ་གསལ༔ གནོད་སྦྱིན་ནོར་ལྷ་ཛམ་ལྷ་གཏེར་བདག་ཚོགས༔ མ་ལུས་ཡོངས་སུ་རྫོགས་པས་བསྐོར་བར་བསམ༔ བྱང་དུ་དཔའ་བོ་ཛམ་ནག་མཐིང་འོད་འབར༔ ཕྱག་གཡས་ཐོད་ཁྲག་གཡོན་པས་ནེའུ་ལེ་བསྣམས༔ དབྱངས་ཅན་ལྷ་མོ་ཡུམ་དང་བཅས་པ་གསལ༔ འཁོར་དུ་ཀླུ་ཆེན་བརྒྱད་ལ་སོགས་པ་ཡི༔ ཀླུ་ཡི་ནོར་བདག་བྱེ་བ་བསམ་ཡས་བསྐོར༔ ཀུན་ཀྱང་ནོར་བུའི་རཏྣ་དར་གྱིས་བརྒྱན༔ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ སྐུ་ནི་བག་དྲོ་ལྷུན་ཆགས་གཟི་འོད་འབར༔ གསུང་དབྱངས་སྙན་པས་འཁོར་ལ་བཀའ་བསྒོ་ཞིང་༔ ཐུགས་ནི་བྱང་ཆུབ་སེམས་ཀྱིས་འགྲོ་ལ་དགོངས༔ དགོས་འདོད་ཡིད་བཞིན་ནོར་གྱི་ཆར་འབེབས་ཤིང་༔ བདག་གཞན་འགྲོ་ལ་བརྩེ་བས་ཐུགས་དགྱེས་བསམ༔ རང་ཉིད་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡི༔ ཐུགས་ནས་ཧཱུྃ་བཞི་ཛཿཧཱུྃ་བྃ་ཧོཿ འཕྲོས༔ ཤར་སྒོར་ཧཱུྃ་ཛཿརྣམ་རྒྱལ་ལྕགས་ཀྱུ་དཀར༔ ལྷོ་སྒོར་ཧཱུྃ་ཧཱུྃ་གཤིན་རྗེ་ཞགས་པ་སེར༔ ནུབ་སྒོར་ཧཱུྃ་བྃ་རྟ་མགྲིན་ལྕགས་སྒྲོག་དམར༔ བྱང་སྒོར་ཧཱུྃ་ཧོཿ བདུད་རྩི་དྲིལ་བུ་ལྗང་༔ ཀུན་ཀྱང་ཡེ་ཤེས་མེ་དཔུང་འབར་ཀློང་དུ༔ ཁྲོ་གཏུམ་རྔམས་བརྗིད་ཧཱུྃ་སྒྲ་འབྲུག་ལྟར་སྒྲོགས༔ ཞབས་གཉིས་བམ་སྟེང་གྱད་ཀྱི་འདོར་སྟབས་བགྲད༔ དེ་ལྟར་གསལ་བའི་ལྷ་ཚོགས་གནས་གསུམ་ལས༔ འོད་འཕྲོས་རང་རང་སོ་སོའི་གཞལ་ཡས་ནས༔ ནོར་བདག་ཛམ་ལྷ་རིགས་ལྔ་འཁོར་དང་བཅས༔ དམ་ཚིག་དབང་གིས་ཐུགས་དམ་རྒྱུད་བསྐུལ་ནས༔ གཏེར་མཛོད་གཞལ་ཡས་རྟེན་དང་བཅས་པ་རྣམས༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ཇི་བཞིན་དུ༔ རང་དབང་མེད་པར་སྤྱན་དྲངས་རྟེན་ལ་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་མཛོད་སྐྱོང་བ༔ ཕོ་བྲང་དམ་པ་གསེར་གྱི་རྒྱལ་མཚན་ནས༔ རྒྱལ་ཆེན་རྣམ་སྲས་ཡབ་ཡུམ་སྲས་འཁོར་བཅས༔ དམ་ཚིག་གཉན་གྱིས་འབོད་དོ་གཤེགས་སུ་གསོལ༔ འདོད་འབྱུང་རཏྣ་འབར་བའི་གཞལ་ཡས་ནས༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ༔ འཕགས་པ་ཛམ་དཀར་ཡབ་ཡུམ་སྲས་འཁོར་བཅས༔ དམ་ཚིག་གཉན་གྱིས་འབོད་དོ་གཤེགས་སུ་གསོལ༔ འོད་འབར་རིན་ཆེན་གསེར་གྱི་གཞལ་ཡས་ནས༔ ཡེ་སངས་རྒྱས་པ་སེམས་དཔའི་ཚུལ་འཛིན་པ༔ བྱང་ཆུབ་སེམས་དཔའ་ཛམ་སེར་ཡབ་ཡུམ་འཁོར༔ དམ་ཚིག་གཉན་གྱིས་འབོད་དོ་གཤེགས་སུ་གསོལ༔ འོད་གསལ་ལྷ་ཡི་ཁང་བཟང་དམ་པ་ནས༔ བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པ་པོ༔ འཕགས་པ་ཛམ་དམར་ཡབ་ཡུམ་སྲས་འཁོར་བཅས༔ དམ་ཚིག་གཉན་གྱིས་འབོད་དོ་གཤེགས་སུ་གསོལ༔ རིན་ཆེན་འབར་བ་འདོད་འབྱུང་གཞལ་ཡས་ནས༔ རྡོ་རྗེ་སེམས་དཔའ་ཐུགས་རྗེའི་བདག་ཉིད་ཆེ༔ འཕགས་པ་ཛམ་ནག་ཡབ་ཡུམ་སྲས་འཁོར་བཅས༔ དམ་ཚིག་གཉན་གྱིས་འབོད་དོ་གཤེགས་སུ་གསོལ༔ གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་ལས༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྟོན་པ༔ རྣམ་ཐོས་སྲས་དང་ཛམ་ལྷ་རིགས་བཞི་དང་༔ ཡེ་ཤེས་འཇིག་རྟེན་ནོར་ལྷ་གཏེར་བདག་ཚོགས༔ མ་ལུས་ལུས་པ་མེད་པ་གནས་འདི་རུ༔ དད་པ་དང་ནི་དམ་ཚིག་གཉན་གྱིས་འབོད༔ ཁྱེད་ཅག་རང་རང་ཁས་བླངས་དམ་བཅས་པའི༔ མི་འདའ་འདའ་དཀའི་དམ་ལ་མ་འདའ་བར༔ བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་རྣམ་དག་མཐུས༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་སརྦ་ཛྙཱ་ན་ལོ་ཀ་སརྦ་ཛམྦྷ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བྃ་ ཧོཿ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མི་འཇིགས་གཞོམ་བྲལ་རྡོ་རྗེའི་གཞལ་ཡས་འདིར༔ ཡིད་མཐུན་འདོད་པ་འཇོ་བའི་སྤྲིན་ཕུང་ལ༔ རོལ་ཞིང་བདག་ལ་དགོས་འདོད་ནོར་གྱི་ཚོགས༔ སྩོལ་ཕྱིར་རང་རང་དགྱེས་པའི་གདན་ལ་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གདོད་ནས་ཡེ་གྲོལ་རྫོགས་སངས་རྒྱས་པ་ཡིས༔ འགྲོ་བའི་དོན་དུ་ཐབས་ཀྱི་སྐུར་སྟོན་པ༔ རྣམ་སྲས་རིགས་ལྔ་ཡབ་ཡུམ་འཁོར་བཅས་ལ༔ དད་དང་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ས་མ་ཡ་ན་མོ་ན་མ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང་༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ རབ་འབྱམས་རྒྱ་མཚོ་ཁམས་གསུམ་ཡོངས་གང་བའི༔ ལོངས་སྤྱོད་འདོད་ཡོན་མཆོད་པའི་བྱེ་བྲག་ཀུན༔ མ་ལུས་བསྡུས་ཏེ་ཀུན་བཟང་མཆོད་སྤྲིིན་དུ༔ བསྒྱུར་ཏེ་དཀྱིལ་འཁོར་ལྷ་ལ་དབུལ་བར་བགྱི༔ བདེ་སྟོང་བདུད་རྩི་བདེ་སྐྱིད་ཆར་མཚོ་རླངས༔ མི་བདེའི་ཟུག་རྔུ་སེལ་བའི་སྨན་མཆོག་དང་༔ འཁོར་འདས་ཡོངས་ཁྱབ་བླ་མེད་མཆོད་སྤྲིན་འདི༔ རྣམ་སྲས་རིགས་ལྔ་ཡབ་ཡུམ་སྲས་འཁོར་ལ༔ དད་པས་འབུལ་གྱིས་བཞེས་ནས་བདག་ཅག་ལ༔ འབད་མེད་རང་བྱུང་མཆོད་དང་སྦྱིན་པའི་གྲོགས༔ ཟད་མེད་རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཁཾ་སྭཱ་ཧཱ༔ ཨོཾ་རཱུ་པ་སོགས༔ སྤཪྴེ་པྲ་ཏཱིཙྪ་པཱུ་ཛ༴ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ སརྦ་སིདྡྷི་སིདྡྷི་ཧཱུྃ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ སརྦ་སིདྡྷི་སིདྡྷི་ཧཱུྃ༔ མ་ཧཱ་བ་ལིང་ཏ་ལ་ཁཱ་ཧི༔ སརྦ་སིདྡྷི་སིདྡྷི་ཧཱུྃ༔ སརྦ་གྷ་ཎ་ཙཀྲ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མ་ཧཱ་པཱུ་ཛ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བསྟོད་པ་ནི༔ ཧཱུྃ༔ གདོད་ནས་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ༔ འགྲོ་ལ་བརྩེ་དགོངས་ཐབས་ཀྱིས་འགྲོ་དོན་མཛད༔ འགྲོ་བའི་དབུལ་སེལ་འདོད་འབྱུང་ནོར་གྱི་མཛོད༔ མགོན་པོ་རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་གང་འདུལ་སྐུར་སྟོན་པ༔ དྲན་པ་ཙམ་གྱིས་འདོད་ཡོན་ཆར་ཆེན་འབེབས༔ དབུལ་དང་ཕོངས་པ་ཐམས་ཅད་རྣམ་པར་སེལ༔ རྨུག་འཛིན་དཀར་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ གསེར་གྱི་རི་ལ་ཉི་ཤར་ལྟ་བུའི་སྐུ༔ ཡེ་སངས་རྒྱས་པ་ཐབས་ཀྱིས་སྐུར་སྟོན་ཅིང་༔ བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ༔ འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་པདྨ་རཱ་གའི་ལྷུན་པོ་འདྲ༔ ཁམས་གསུམ་དབང་སྡུད་འགྲོ་བའི་དབུལ་ཕོངས་སེལ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ་སྟོན་པ༔ པདྨ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ སྐུ་ནི་ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར༔ ཁྲོ་གཏུམ་ཚུལ་སྟོན་རྨངས་སྡུག་དབུལ་ཕོངས་འཇོམས༔ ཡེ་སངས་རྒྱས་ཀྱང་སེམས་དཔའི་ཚུལ་འཛིན་པ༔ མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་དབྱིངས་ལས་ཐབས་ཀྱིས་སྐུར་བཞེངས་པ༔ མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཐུགས༔ སེམས་དཔའ་སེམས་མས་འགྲོ་བའི་དོན་མཛད་པ༔ ནོར་ལྷ་གཏེར་བདག་རྣམས་ལ་ཕྱག་འཚལ་བསྟོད༔ གནོད་སྦྱིན་ཡུལ་སྐྱོང་རྒྱལ་ཆེན་རྣམ་ཐོས་སྲས༔ གཏེར་མཛོད་བདག་པོ་ཛམ་ལྷ་རིགས་བཞི་དང་༔ སྡུག་བསྔལ་ལས་སྒྲོལ་དཔལ་མོ་ནོར་རྒྱུན་མ༔ གནོད་སྦྱིན་ནོར་ལྷའི་ཚོགས་ལ་ཕྱག་འཚལ་བསྟོད༔ བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་པས༔ འགྲོ་ལ་ཕན་སེམས་ཆུང་ཞིང་གནོད་སེམས་དང་༔ གཏོང་སེམས་ཆུང་ཞིང་འཛིན་པས་འཆིང་བ་ཡིས༔ སེར་སྣའི་དབང་གྱུར་ཐུགས་དང་འགལ་བ་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་ཛཔ྄་འཁོར་དངོས་གྲུབ་འདོད་འབྱུང་ནི༔ རང་ཉིད་ཡི་དམ་ལྷ་རུ་གསལ་བའི་མདུན༔ གཞལ་ཡས་ཁང་དུ་རྒྱལ་ཆེན་འཁོར་བཅས་ཀྱི༔ ཐུགས་ཀར་ཟླ་སྟེང་རང་རང་སྲོག་ཡིག་ལ༔ སྔགས་ཀྱི་ཕྲེང་བ་གཡས་གཡོན་འཁོར་བར་བསམ༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕོག༔ རང་རང་ཁས་བླངས་དམ་བཅས་དྲན་ནས་སུ༔ བརྩེར་དགོངས་དགྱེས་ཤིང་བྱང་ཆུབ་སྙིང་པོའི་བར༔ དབྱེར་མེད་དངོས་གྲུབ་རྒྱུན་སྟེར་ཞལ་བཞེས་བསམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ འདི་ལ་ཅི་ནུས་བཟླ༔ སླར་ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ནས༔ རང་རང་སོ་སོའི་ཐུགས་སྲོག་སྔགས་འཁོར་ལས༔ འོད་འཕྲོས་སྣང་སྲིད་ཟས་ནོར་ལོངས་སྤྱོད་གཡང་༔ ཚུར་བསྡུས་སྒྲུབ་པའི་དལ་ལ་ཐིམ་པར་བསམ༔ རྣམ་ཐོས་སྲས་ཀྱི་ཐུགས་ཀར་བཻ་སེར་པོ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ སྣང་སྲིད་ཁམས་ཀྱི་ཟས་ནོར་བཅུད་གཡང་ཐམས་ཅད་བདག་གི་དབང་དུ་བསྡུས་ཏེ་ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་འབེབས་པར་བསམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འདི་ལ་སྟོང་བཟླས་མཐར༔ ཛམྦྷ་ལ་དཀར་པོའི་ཐུགས་ཀར་ཛཾ་ཡིག་དཀར་པོ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ སྣང་སྲིད་ཀྱི་ཟས་ནོར་བཅུད་གཡང་ཐམས་ཅད་བདག་གི་དབང་དུ་བསྡུས་ཏེ་ཟས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་འབེབས་པར་བསམ༔ ཨོཾ་པདྨ་ཀྲོ་དྷ་ཨཱཪྻ་ཛམྦྷ་ལ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཛམྦྷ་ལ་སེར་པོའི་ཐུགས་ཀར་ཛཾ་ཡིག་སེར་པོ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་སོགས་འགྲེའོ༔ འབེབས་པར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཛམ་དམར་གྱི་ཐུགས་ཀར་ཛཾ་ཡིག་དམར་པོ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་སོགས་འགྲེ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཛམྦྷ་ལ་ནག་པོའི་ཐུགས་ཀར་ཛཾ་ཡིག་ནག་པོ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་སོགས་འགྲེ༔ ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ ཨོཾ་ཨོནྡྲ་ནཱི་མུ་ཁཾ་བྷྲ་མ་རི་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ རེ་རེ་ལ་ཡང་སྟོང་རེ་བཟླ༔ གཡང་འགུགས་ཐུགས་རྗེའི་ལྕགས་ཀྱུ་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ འཛིན་ཆགས་བཤིག་ལ་གཏོང་བ་མཛོད༔ སེར་སྣས་འཆིངས་བཤིག་མཆོད་སྦྱིན་ནི༔ འདི་ཡི་དམ་ཚིག་འདི་ཀའོ༔ འདི་འདྲའི་ནོར་སྒྲུབ་ཟབ་མོ་ནི༔ སྟོང་གསུམ་ས་སྟེང་བསྐོར་ཡང་རྙེད་རེ་ཀན༔ བཀའ་འདི་མ་མོ་བཅུ་གཉིས་ཉེར་བརྒྱད་དང་༔ གནོད་སྦྱིན་ཤན་པ་ཀུན་དགའ་གཞོན་ནུ་དང་༔ བཙན་དམར་ཤན་པ་སྐྱ་གཅིག་བཅས་ལ་གཉེར༔ ཐུབ་པར་སྲུངས་ཤིག་སྐུ་གསུང་ཐུགས་ཀྱི་རྒྱ༔ དམ་ཉམས་ལྟ་ལོག་ལག་ཏུ་མ་ཤོར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ སྲུང་༠༠༠༠༠བརྡ་ཡིག༔ ༤༧༦བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ བྱད་སྲུང་༠༠༠༠བརྡ་ཡིག༔ ༤༧༦བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ གཡུལ་ལས་རྣམ་རྒྱལ་༠༠༠༠བརྡ་ཡིག༔ ༤༧༧བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ མཚོན་སྲུང་༠༠༠༠༠༠བརྡ་ཡིག༔ ༤༧༧བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ མཚོན་སྲུང་༠༠༠༠༠བརྡ་ཡིག༔ ༤༧༧བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ མཚོན་སྲུང་༠༠༠༠༠བརྡ་ཡིག༔ ༤༧༧ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རྗེ་བཙུན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ ཐོ་ལུམ་སྟོང་གསུམ་ཕུང་འགྱེད་༠༠༠༠༠བརྡ་ཡིག༔ ༤༧༧ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདག་འདྲ་རིག་འཛིན་པདྨ་འོད་འབར་ངས༔ མ་འོངས་ལས་ཅན་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི༔ བླ་རྡོ་ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ མཚལ་ལམ་སྣག་ཚར་སྔགས་འདི་སྟོང་བཏབ་བོ༔ རི་མོ་ཡོད༔ ༤༧༨ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ སརྦ་སིདྡྷི་རཏྣ་འདུས་འདུས་ཏིཥྛ་བཛྲ་སྭཱ་ཧཱ༔ ཨ་རུ་ར་དང་རིན་ཆེན་སྣ་ལྔ་བྱུག༔ མཐའ་མར་བཀྲ་ཤིས་རྫས་རྟགས་བྲག་རི་བྲི༔ མེ་རླུང་བྲག་ཆེན་རྡོ་རྗེའི་ར་བས་བསྐོར༔ སྒྲུབ་པའི་རྟེན་དུ་བཙུག་ལ་རབ་གནས་བྱ༔ མགུལ་དུ་བཏགས་པས་མི་མཐུན་ཕྱོགས་ལས་རྒྱལ༔ ཕྱི་མར་རྫོགས་སངས་རྒྱས་པའི་འབྲས་བུ་འཐོབ༔ སྔགས་སྲུང་ཨེ་ཀ་ཛ་ཊཱིས་སྲུངས་ཤིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨེ་མ་མངའ་བདག་ཆོས་ཀྱི་རྒྱལ་པོ་གསོན༔ མུན་གླིང་མ་སངས་རི་མོ་ཡོད༔ ༤༧༩བདུད་ཡུལ་ནག་པོ་འདིར༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་བསྐལ་པ་ཤར༔ འདི་ཡང་སྔོན་གྱི་སྨོན་ལམ་མཐུ་ལས་བྱུང་༔ བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དུ༔ སྐྱེས་པ་བུ་བཞིའི་སྨོན་ལམ་རྣམ་དག་བཏབ༔ དེ་འབྲས་ད་ལྟ་མུན་པའི་གླིང་འདི་རུ༔ མཁན་སློབ་ཆོས་གསུམ་ཉི་ཟླ་སྐར་བཞིན་ཤར༔ མཐའ་དབུས་ལོ་པཎ་སྐར་ཚོགས་ལྟ་བུ་འདུས༔ ཉོན་མོངས་ནད་སེལ་སྨན་གྱི་སྡོང་པོ་འཁྲུངས༔ ལོ་འདབ་ཡལ་ག་མཐའ་རུ་རྒྱས་པར་བྱས༔ དམ་ཆོས་བདུད་རྩི་སྨན་གྱི་ཆར་རྒྱུན་འབབས༔ གོང་མས་འོག་མ་འོག་མས་འོག་མ་ལ༔ བྱིན་རླབས་བརྒྱུད་པའི་ཟམ་པ་ད་ནས་འཛུག༔ ད་ལྟ་བོད་ལ་བདེ་སྐྱིད་ཉི་མ་ཤར༔ མ་འོངས་བསྐལ་པ་ངན་པའི་བར་སྐབས་སུ༔ བསོད་ནམས་ཉམས་པའི་སེམས་ཅན་སྐྱོབ་པའི་ཕྱིར༔ བདག་གི་སྙིང་ཐིག་ཟབ་མོ་གཏེར་དུ་སྦོས༔ འོད་གསལ་ཉི་མ་ལྷོ་ནུབ་མཚམས་སུ་འགྲོ༔ མུན་སེལ་ཟླ་བ་ནུབ་བྱང་མཚམས་སུ་གཤེགས༔ སྐར་ཆེན་འོད་འབར་འོག་མིན་ཞིང་དུ་གཤེགས༔ ལོ་པཎ་སྐར་ཚོགས་ཐམས་ཅད་ཕྱོགས་སུ་གྱེས༔ དེ་ཚེ་བོད་ལ་བདེ་སྐྱིད་འབྱུང་དུས་དཀོན༔ ཞེས་གསུངས་རྒྱལ་པོའི་སྤྱན་ཆབ་ལྷུང་ལྷུང་ནས༔ བོད་ཡུལ་འདྲེ་བདུད་མ་སངས་ཡུལ་འདི་ལ༔ སྐྱིད་པའི་ཉི་མ་ལན་གཅིག་ཤར་བ་ཡང་༔ མི་རྟག་པས་ན་ངའི་འབངས་ཨ་ཙ་མ༔ ཀྱེ་མ་ཀྱེ་ཧུད་གུ་རུ་རིན་པོ་ཆེ༔ འདི་དག་ཇི་ལྟར་སྐྱོབ་ཐབས་མཆིས་སམ་ཞུས༔ དེ་ནས་ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ གསོན་དང་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ༔ སེམས་ཅན་བསོད་ནམས་དམན་པས་སྐྱོབ་ཐབས་དཀའ༔ ཡེ་སངས་རྒྱས་པ་པདྨ་འབྱུང་གནས་ངས༔ འགྲོ་བ་སྐྱབས་མེད་སྐྱོབ་པའི་ཐུགས་བསྐྱེད་ཀྱིས༔ དཀའ་བ་དང་བླངས་སླ་བ་རྒྱབ་བོར་ནས༔ ས་འོག་ཀླུ་ལ་གསང་སྔགས་ཆོས་སྟོན་མཛད༔ ཀླུ་ཡུལ་བདེར་བཀོད་མི་ཡུལ་འདུལ་བར་གཟིགས༔ སྤྲེའུ་ལོ་སྤྲེའུ་ཟླ་བའི་ཚེས་བཅུའི་ཉིིན༔ རྒྱུ་རྐྱེན་ལས་འདས་རྒྱ་མཚོའི་པད་མ་ལ༔ ཕ་མེད་མ་མེད་རང་བྱུང་ངང་ལས་འཁྲུངས༔ མཚན་ཡང་གུ་རུ་མཚོ་སྐྱེས་རྡོ་རྗེར་གྲགས༔ ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཡིས༔ སྲས་མེད་སྲིད་ལ་རེ་བའི་སྦྱིན་གཏོང་ཕྱིར༔ འཛད་མེད་འདོད་འབྱུང་ནོར་བུ་ལེན་པ་རུ༔ རྒྱ་མཚོ་གཟིངས་ཀྱིས་བགྲོད་པའི་ལམ་ནས་རྙེད༔ སྲས་ཀྱི་སྐལ་མཛད་སྟག་ཟླའི་ཚེས་བཅུའི་ཉིན༔ རྒྱལ་སར་བཏོན་ནས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས༔ མཚན་ཡང་གུ་རུ་པདྨ་རྒྱལ་པོར་གྲགས༔ རྒྱལ་སྲིད་ཐབས་ཀྱིས་སྤངས་པའི་སྤྱོད་པ་མཛད༔ བློན་འབངས་ཡོ་ལོག་སྟག་ཟླའི་ཚེས་བཅུའི་ཉིན༔ འཇིགས་རུང་དུར་ཁྲོད་བསིལ་བའི་ཚལ་དུ་སྤྱུགས༔ བམ་རོའི་ཁྲིར་བཞུགས་བམ་གྱི་སྒྲུབ་པ་མཛད༔ སྦྱོར་སྒྲོལ་དགོངས་པས་བརྟུལ་ཞུགས་སྤྱོད་པ་ཡིས༔ མ་མོ་མཁའ་འགྲོ་དབང་བསྡུས་དབང་བསྒྱུར་མཛད༔ མཚན་ཡང་གུ་རུ་ཤཱནྟི་རཀྵིར་གྲགས༔ རང་གི་དུས་བཟང་འབྲུག་ཟླའི་ཚེས་བཅུ་ལ༔ སློབ་དཔོན་པྲ་ཆེན་ཧསྟིའི་དྲུང་དུ་བྱོན༔ ཡོ་ག་གསུམ་སྦྱངས་ཡོ་གའི་ལྷ་ཞལ་མཐོང་༔ སྲིད་གསུམ་འགྲན་ཟླ་བྲལ་བའི་ཡ་མཚན་སྐྱེས༔ མཚན་ཡང་གུ་རུ་བློ་ལྡན་མཆོག་སྲེད་གྲགས༔ དུས་བཟང་སྦྲུལ་གྱི་ཟླ་བའི་ཚེས་བཅུའི་ཉིན༔ ཨ་སུ་ར་ཡི་བྲག་ཕུག་ཆེན་པོ་རུ༔ ཀུན་དགའ་བོ་ཡི་དྲུང་དུ་ཕྱིན་ནས་སུ༔ སངས་རྒྱས་བསྟན་ལ་རབ་ཏུ་བྱུང་ཚུལ་མཛད༔ དེ་ཚེ་ས་ཡི་ལྷ་མོས་ཆོས་གོས་ཕུལ༔ མཚན་ཡང་གུ་རུ་ཤཱཀྱ་སེངྒེར་གྲགས༔ རྟ་ཟླའི་ཚེས་བཅུར་ཟ་ཧོར་འདུལ་དུ་བྱོན༔ གཙུག་ལག་འཛིན་གྱིས་མེ་ལ་གསོན་བསྲེགས་བྱས༔ མེ་དཔུང་མཚོར་བསྒྱུར་པད་སྡོང་རྩེ་ལ་བཞུགས༔ རྒྱལ་པོས་གནོང་འགྱོད་དྲག་པོས་མཐོལ་བཤགས་ཏེ༔ རྒྱལ་སྲིད་ཕུལ་བྱས་རྒྱལ་སར་བཏོན་ནས་སུ༔ ཟ་ཧོར་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཙུད༔ གུ་རུ་པདྨ་སམ་བྷ་ཞེས་སུ་གྲགས༔ ལུག་ཟླའི་ཚེས་བཅུར་མ་ར་ཏི་ཀར་བྱོན༔ ཡབ་ཡུམ་སྙོམས་འཇུག་ཚེ་ཡི་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་མགོན་མངོན་བྱོན་དབང་བསྐུར་ནས༔ ལུང་བསྟན་ཐོབ་ཅིང་ཚེ་ཡི་རིག་འཛིན་བརྙེས༔ འགྲོ་དོན་མཐར་ཕྱིན་བསྟན་པ་མཐའ་རུ་རྒྱས༔ མཚན་ཡང་གུ་རུ་པདྨ་བཛྲ་གྲགས༔ ཁྱི་ཡི་ཟླ་བའི་ཚེས་བཅུའི་ཉིན་དུས་སུ༔ དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས་སུ་བྱོན༔ མ་མོ་མཁའ་འགྲོ་དབང་བསྡུས་ཆོས་འཁོར་བསྐོར༔ དུར་ཁྲོད་ལ་གནས་འགྲོ་རྣམས་ཆོས་ལ་བཙུད༔ ཐམས་ཅད་མངོན་སངས་རྒྱས་པའི་འབྲས་བུ་ཐོབ༔ མཚན་ཡང་གུ་རུ་ཉི་མ་འོད་ཟེར་གྲགས༔ ཕག་གི་ཟླ་བའི་ཚེས་བཅུའི་ཉིན་པ་ལ༔ འོག་མིན་གནས་སུ་ཀུན་བཟང་དྲུང་དུ་བྱོན༔ ཡང་གསང་བླ་མེད་གསང་སྔགས་རྡོ་རྗེའི་ཐེག༔ ཐེག་ཀུན་ཡང་སྙིང་མ་ལུས་ཡོངས་རྫོགས་གསན༔ ཀུན་བཟང་འོད་མི་འགྱུར་བའི་དགོངས་ཉམས་ཐོབ༔ སྐུ་གསུམ་ལྷུན་གྲུབ་བདག་ཉིད་ཆེན་པོ་བརྙེས༔ མཚན་ཡང་གུ་རུ་རྡོ་རྗེ་འཆང་ཆེན་གྲགས༔ བྱི་བ་ཟླ་བའི་ཚེས་བཅུའི་ཉིན་པ་ལ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་གཤེགས་སྙིང་པོའི་སྒྲུབ་པ་མཛད༔ གྲུབ་པ་མངོན་གྱུར་སྡེ་བརྒྱད་བདུད་བགེགས་རྣམས༔ མ་ལུས་བཏུལ་ནས་དམ་བཏགས་ཆོས་ལ་བཙུད༔ མཚན་ཡང་གུ་རུ་རྡོ་རྗེ་ཐོད་ཕྲེང་གྲགས༔ གླང་གི་ཟླ་བའི་ཚེས་བཅུའི་ཉིན་པ་ལ༔ མངའ་བདག་རྒྱལ་པོས་བོད་དུ་སྤྱན་དྲངས་ནས༔ བོད་ཀྱི་གདུག་ཅན་བགེགས་འབྱུང་ཐམས་ཅད་བཏུལ༔ ལྷ་སྲིན་སྡེ་བརྒྱད་དམ་བཏགས་གཏེར་གཉེར་གཏད༔ ས་འདུལ་མཛད་ནས་དཔལ་གྱི་བསམ་ཡས་བཞེངས༔ མུན་གླིང་བོད་ཀྱི་ཡུལ་ཁམས་ཆོས་ལ་ཚུད༔ མཚན་ཡང་གུ་རུ་པདྨ་འབྱུང་གནས་གྲགས༔ སྤྲེའུ་ཟླ་བའི་ཚེས་བཅུའི་ཉིན་པ་ལ༔ སྟག་ཚང་སེངྒེ་བསམ་འགྲུབ་ཀེའུ་ཚང་དུ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ སྒྲུབ་པ་མཛད་ཅིང་གྲུབ་པ་མངོན་གྱུར་ནས༔ དུས་གཅིག་སྐུ་གསུམ་སྤྲུལ་པ་བཀྱེས་ནས་སུ༔ རྒྱ་གར་རྒྱ་ནག་བོད་ཀྱི་ཡུལ་ཁམས་སུ༔ བདུད་དང་དམ་སྲི་མུ་སྟེགས་སྡེ་ཚོགས་བཏུལ༔ དེ་ནས་སྐུ་གསུམ་གཅིག་གྱུར་བོད་ཡུལ་དུ༔ གཏེར་ཁ་མང་སྦས་བསྟན་པ་མཐའ་རྒྱས་མཛད༔ མཚན་ཡང་གུ་རུ་རྡོ་རྗེ་གྲོ་ལོད་གྲགས༔ མཛད་ཚུལ་རྒྱས་པར་བཤད་ན་ཟིན་དུས་མེད༔ ལར་ནི་གླིང་མཐའ་མུན་གླིང་མ་གཏོགས་པ༔ རྒྱ་གར་རྒྱ་ནག་བོད་ཡུལ་ཐམས་ཅད་ལ༔ བདག་གི་ཞབས་ཀྱིས་མ་བཅག་ས་ལ་ནི༔ རྨིག་རྗེས་སམ་ནི་ཏིལ་མིག་ཙམ་ཡང་མེད༔ ལྷ་འདྲེ་མི་གསུམ་ཐམས་ཅད་ཆོས་ལ་བཙུད༔ བདག་ཉིད་ཡེ་སངས་རྒྱས་པ་རྡོ་རྗེའི་སྐུ༔ རྡོ་རྗེའི་སྐུ་ལ་རེག་འཛིན་མི་མངའ་ཡང་༔ གང་འདུལ་ཐབས་ཀྱིས་འགྲོ་ལ་གཟུགས་སྐུར་བསྟན༔ བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས༔ རྡོ་རྗེའི་སྐུ་སྟེ་རྡོ་རྗེའི་སྐུ་མངའ་བ༔ གདུལ་བྱའི་མོས་ངོར་སྐུ་ལུས་བཞག་ཚུལ་བསྟན༔ དེ་བཞིན་བདག་ཀྱང་རྡོ་རྗེའི་སྐུ་མངའ་ཡང་༔ ཐབས་ཀྱིས་འགྲོ་ལ་གཟུགས་སྐུར་ངོམས་པ་ཡིས༔ འགྲོ་བའི་དོན་ལ་ཇི་ལྟར་བརྩོན་བརྩོན་ཡང་༔ སེམས་ཅན་ལས་ངན་བཟློག་པའི་ཐབས་མ་མཆིས༔ མངའ་བདག་རྒྱལ་པོ་ཐུགས་བསྐྱེད་རྒྱ་ཆེ་ཡང་༔ སེམས་ཅན་ལས་ངན་ཆུད་ཟོས་གཏོང་ཐབས་མེད༔ དེ་ནས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཡིས༔ ལེགས་སོ་ལེགས་སོ་ཀུན་བཟང་རྡོ་རྗེ་འཆང་༔ བདག་གི་བོད་འབངས་སྐྱོབ་ཐབས་མ་མཆིས་ན༔ གསང་བའི་ཡང་གསང་མཁའ་འགྲོའི་སྙིང་ཁྲག་འདི༔ འབྱིན་དུས་ནམ་ཡིན་གཏེར་སྟོན་གང་གི་སྐལ༔ དེ་དུས་དུས་ཀྱི་བདེ་སྡུག་གང་ལྟར་ལགས༔ དེ་འོག་དུས་དང་གང་ཟག་ཇི་ལྟར་འབྱུང་༔ ཨོ་རྒྱན་ཆེན་པོས་བདག་ལ་བསྟན་དུ་གསོལ༔ དེ་ནས་ཨོ་རྒྱན་ཆེན་པོའི་ཞལ་ན་རེ༔ ཉོན་ཅིག་བོད་ཀྱི་མངའ་བདག་ཆོས་ཀྱི་རྒྱལ༔ འདི་འབྱིན་དུས་ནི་སུམ་ཅུ་ཁ་རལ་དུས༔ དུས་དེར་གནམ་ལ་བྱ་དཀར་མཇུག་རིང་འཆར༔ བོད་དུ་དམ་ལོག་བདུད་ནག་ཕོ་མོ་བདུན༔ དུས་འཁྲུགས་མཚོན་གྱི་ཁྲག་ཆར་དམར་པོ་འབེབས༔ ཕྱི་ནང་བར་གསུམ་འཁྲུགས་རྩོད་འཐབ་ར་འཆའ༔ ནད་རིམས་གོད་ཕུང་ལོ་ཉེས་སྣ་ཚོགས་འབྱུང་༔ དེ་དུས་གཏེར་འདིའི་གདུལ་བྱ་དུས་ལ་བབས༔ ཁྱད་པར་ཐུགས་སྒྲུབ་གསང་བའི་རྒྱ་ཅན་འདི༔ སྒྲུབ་ལུགས་མི་འདྲ་བཅུ་བདུན་འདུས་པ་ལས༔ ཕྱི་ལྟར་ལྷ་ཡི་མདོག་མཚན་སོ་སོ་ལ༔ གསང་བ་རྡོ་རྗེ་གཞོན་ནུའི་སྒྲུབ་པའོ༔ རྣམ་འགྱུར་མ་ངེས་སོ་སོར་བསྒྱུར་བ་ཡིན༔ འདི་ཉིད་སྒྲུབ་རྒྱུན་འཛིན་པའི་ཡུལ་དེ་ལ༔ བདེ་ལེགས་ཀུན་བྱུང་ཕྱོགས་ལས་རྣམ་རྒྱལ་འཐོབ༔ འདི་ཉིད་དབང་སྐལ་བབས་པའི་གཏེར་སྟོན་ནི༔ འབྲོག་བན་ལོ་ཅཱའི་ཡང་སྲིད་སྦས་ཚུལ་ཅན༔ ང་ཡི་ཕྲིན་ལས་སྤྲུལ་པ་བདུད་འཇོམས་གླིང་༔ བདུད་བགེགས་རྒྱལ་བསེན་ཀུན་གྱི་ཁ་གནོན་ཡིན༔ སྐྱེས་མཆོག་དམ་པ་དེ་ལ་དབང་བའོ༔ དེ་འོག་དུས་ནི་ཉི་ཤུ་ཁ་རལ་ལ༔ ༠༠༠༠༠༠༠༠བརྡ་ཡིག༔ ༤༨༦ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མ་འོངས་དུས་ཀྱི་ལས་ཅན་སྐལ་ལྡན་རྣམས༔ བདག་གི་གསང་བའི་ཡང་གསང་ཐུགས་སྒྲུབ་འདི༔ ཉམས་སུ་ལེན་པའི་གང་ཟག་ལས་འཕྲོ་ལྡན༔ ཕྱི་ནང་གསང་གསུམ་གཅིག་ཏུ་དྲིལ་ཏེ་བསྒྲུབ༔ འདི་བསྒྲུབ་སྐལ་ལྡན་ཕོ་མོ་བཅོ་ལྔ་ལ༔ རྡོ་རྗེ་ཕུར་བའི་གྲུབ་པ་མངོན་འགྱུར་ནས༔ སྣང་སྲིད་ལྷ་སྲིན་དམ་ལ་བཏགས་པ་དང་༔ གྲུབ་པ་བརྒྱད་ལ་ཐོགས་མེད་དབང་འབྱོར་པའི༔ ཚེ་འདིར་མཆོག་གི་རིག་འཛིན་ཐོབ་འགྱུར་ཏེ༔ དབེན་པར་བཙན་ས་འཛིན་པ་ཤ་སྟག་འབྱུང་༔ འདི་དག་སྐལ་བར་བབས་པའི་ཟབ་ཆོས་སོ༔ གཞན་ཡང་རྟེན་འབྲེལ་སྣ་ཁ་མ་ལོག་ན༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ནི༔ སྟོང་ཕྲག་བདུན་གྱིས་རྣམ་སྨིན་རིག་འཛིན་འཐོབ༔ གྲོང་ཆོག་འཆོལ་བར་ངོམ་རྒྱུ་འདི་མ་ཡིན༔ ངེས་པར་ཉམས་སུ་ལེན་པའི་གང་ཟག་སྐལ༔ བཀའ་རྒྱ་གང་ཐུབ་གང་ལ་ནུས་པ་མྱུར༔ མན་ངག་རྫས་འཁོར་སྔགས་ཕྲེང་བསྐྱེད་རྫོགས་དབང་༔ གཅིག་བརྒྱུད་ལས་ནི་གང་ལ་སྤེལ་ཆོག་མིན༔ གཅིག་བརྒྱུད་དུས་སུ་རྣོ་ནུས་ཤིན་ཏུ་མྱུར༔ མང་དུ་སྤེལ་ཚེ་ཅུང་ཟད་འགྱང་ནས་འགྲོ༔ རྒྱལ་ཁམས་ཁྱབ་ཚེ་སུམ་ཆ་ཡལ་བའོ༔ འདི་ཡི་བྱིན་བརླབས་ཉམས་པའི་རྒྱུ་རྐྱེན་ནི༔ བླ་སློབ་གཉིས་འགལ་བརྒྱུད་ཟམ་ཆད་པས་ཉམས༔ དྲེད་པོ་ལོག་སྤྱོད་དག་ལ་རྒྱ་བཀྲོལ་དང་༔ བདག་བསྟོད་གཞན་སྨད་གསང་སྒོ་འཆོལ་བ་དང་༔ སྣོད་མིན་དག་ལ་སྨིན་གྲོལ་གདམས་པ་བསྟན༔ འདི་དག་བཀའ་ཡི་བྱིན་རླབས་ཉམས་རྒྱུ་རྐྱེན༔ བསྐྱེད་རྫོགས་མེད་པའི་བཟླས་བརྗོད་དངོས་གྲུབ་དཀོན༔ བྱང་ཆུབ་སེམས་མེད་སྒྲུབ་པ་རྒྱ་རེ་ཆུང་༔ དེ་ལ་སྒྲུབ་པའི་དངོས་གྲུབ་ག་ལ་ཡོད༔ ཐེ་ཚོམ་ཅན་གྱི་དངོས་གྲུབ་འབུར་འཇོམས་བྱེད༔ དེ་ལ་སྒྲུབ་པའི་འབྲས་བུ་ག་ལ་ཡོད༔ རེ་ཆགས་ཅན་གྱིས་དངོས་གྲུབ་ཞོར་ལ་འཇོམས༔ དེ་ལ་དངོས་གྲུབ་རྟགས་མཚན་ག་ལ་ཡོད༔ ང་ཡི་ཡང་གསང་སྙིང་གི་ཐིག་པ་འདི༔ གཞན་ལས་ཁྱད་འཕགས་འོ་མའི་མར་བཞིན་ནོ༔ སུ་ལ་མ་སྤེལ་རང་གི་ཉམས་སུ་ལོངས༔ སུ་མ་མགུ་ཡང་རང་བློ་བདེ་བས་ཆོག༔ ངོམས་པར་མ་བྱེད་གསང་བས་ཉམས་སུ་ལོངས༔ གཞན་གྱིས་གཤེ་སྐུར་འདེབས་ཤིང་ཡོ་ལོག་ཀྱང་༔ རང་དོན་ལྐོག་ཏུ་འགྲུབ་ན་དེས་ཆོག་གོ༔ རང་དོན་ཤོར་བའི་མདོ་མེད་ཀླད་མེད་ལ༔ ཀུན་གྱིས་བཀུར་ཡང་བསོད་ནམས་འཛད་རྒྱུ་ལས༔ ཅི་ཡང་མི་ཕན་ཕྱི་མར་དམྱལ་བར་ལྟུང་༔ ངོམས་པ་ཅན་གྱིས་དངོས་གྲུབ་འགྲུབ་པ་དཀོན༔ གསང་བར་འཛིན་པས་མི་འགྲུབ་གང་ཡང་མེད༔ ཚེ་འདི་མི་རྟག་སྤྲིན་བར་ཉི་ཞུར་ལ༔ ཆེ་འདོད་དྲག་འདོད་རེ་རློམས་ཟོབ་མ་ཆེ༔ རང་ལས་རང་ཉིད་སྐྱོབ་མཁན་གང་མེད་ན༔ གསོག་འཇོག་མ་བྱེད་མཆོད་སྦྱིན་ལས་ལ་ཐོངས༔ རྫུན་གྱི་མཐའ་མ་རང་ལ་འཁོར་བ་འོང་༔ མི་མགོ་མ་བསྐོར་རང་མགོ་ཐོན་ཐབས་ཀྱིས༔ བླ་བཙུན་མཚམས་སྒྲུབ་མི་བྱེད་དཀོར་འབྱམས་མཁན༔ རང་གི་བསྐྱེད་རྫོགས་བསྒྲུབ་པའི་ཡོན་ཏན་ལ༔ བསམ་མནོ་མི་བཏང་བ་རྣམས་སྨྱོན་པའོ༔ ལས་ཀྱི་རྣམ་སྨིན་སྨྱོན་པ་ཁྱི་ཁྲིད་འདྲ༔ དེ་ལྟར་མ་བྱེད་ལས་ཅན་སྐལ་ལྡན་རྣམས༔ གསང་བའི་སྒོ་སྡོམ་སྒོ་གསུམ་སྒྲུབ་ལ་བརྩོན༔ ཚེ་འདིར་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་བདག་གི་སྙིང་ཐིག་ཟབ་མོ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ ཧོཿ གསོན་ཞིག་དགོངས་ཤིག་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་མ༔ མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏཱི༔ མ་མོ་བཅུ་གཉིས་དབང་མོ་ཉེར་བརྒྱད་དང་༔ བསྭེ་ལྕགས་དུང་གི་སྐྱེས་བུ་འཁོར་དང་བཅས༔ བསེ་མོ་མཆེད་བཞི་བཅུ་ཕྲག་ཉེར་ལྔ་དང་༔ རེ་ཏཱི་སྟོང་དང་རྩ་གཉིས་འཁོར་དང་བཅས༔ བདུད་མགོན་སེང་གདོང་ཡབ་ཡུམ་བཀའ་འཁོར་དང་༔ གནོད་སྦྱིན་ཤན་པ་དམར་ནག་ཡབ་ཡུམ་འཁོར༔ བཙན་དམར་སྲོག་གི་ཤན་པ་སྐྱ་གཅིག་དང་༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ༔ བཀའ་འདི་གཏད་དོ་གཉེར་རོ་བཅོལ་ལོ་རྒྱ༔ ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་པར་མཛོད༔ ཚུལ་བཞིན་ཉམས་སུ་ལེན་པའི་གང་ཟག་ལ༔ བདེན་པ་མཆོག་སྟོན་ཕྲིན་ལས་ཐོགས་མེད་སྒྲུབས༔ ཕ་མ་བུ་ཚ་བཞིན་དུ་གྲོགས་མཛོད་ལ༔ ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཟློག༔ དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་མཛོད༔ མི་སྲུན་བཀའ་ལོག་དམ་ཉམས་བསྟན་བཤིག་དང་༔ ལྟ་ལོག་ལོག་སྤྱོད་རས་ཆོད་ཟོབ་རྫུན་མཁན༔ སྐུར་འདེབས་གླེང་མོ་མཁན་དང་སྒྲོ་འདོགས་མཁན༔ མ་ལུས་མ་འགྱང་སྲོག་རྩ་དམར་པོ་ཆོད༔ སྙིང་ཁྲག་ཐང་ལ་ཕོས་ཤིག་ས་མ་ཡ༔ དབང་པོ་བསྣུབ་ལ་སྐྱེ་རྒྱུད་རྩད་ནས་ཆོད༔ དམ་ཚིག་གཉན་གྱི་ཕྲིན་ལས་འདི་བཅོལ་ལོ༔ དམ་ཚིག་དབང་གིས་ཕྲིན་ལས་སྒྲུབ་མཛོད་ཅིག༔ ཚེ་ལོ་ཉི་ཤུ་པ་ལ་མ་ཐུག་བར༔ བཀའ་འདིའི་བསྟན་པ་མི་ནུབ་དར་རྒྱས་མཛོད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ང་ཡི་ཐུགས་སྤྲུལ་གར་དབང་བདུད་འཇོམས་གླིང་༔ སྐྱེས་མཆོག་དམ་པ་དེ་དང་འཕྲད་པར་ཤོག༔ གསེར་སྨད་རྔ་རོལ་སྟག་རྩེས་སྤྲད་སོ་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྔགས་ནག་གར་དབང་བདུད་འཇོམས་རྡོ་རྗེའམ་གླིང་པ་འོད་གསལ་མི་འགྱུར་རྡོ་རྗེས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་ནས། མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །། ༈ ཨེ་མ། ཨོ་རྒྱན་ཆེན་པོའི་ཐུགས་ཐིག་ཟབ་མོ་འདི། །རྒྱས་པར་ཕབ་པའི་སྟབས་ཀ་མ་ལྡན་ཡང་། །གལ་ཆེན་ཐམས་ཅད་ཚང་བར་ཕབ་པ་ཡང་། །ཆད་ལྷག་ཁ་སྐོང་ཙམ་རེ་མ་གཏོགས་པ། །ཕ་ཆོས་བུ་ཡིས་མ་བསླད་ཕྱི་རབས་རྣམས། །ཀུན་གྱིས་སྤངས་པའི་མ་ནུས་སྤྲང་པོ་ང་། །ཕ་ཅིག་ཨོ་རྒྱན་ཆེན་པོའི་གཏེར་དང་འཕྲད། །དྲི་མེད་དམ་ཆོས་རྒྱ་མཚོའི་དགོངས་མཛོད་བརྡོལ། །དཔའ་བོ་མཁའ་འགྲོ་རྒྱ་མཚོས་བུ་ལྟར་བསྐྱངས། །འཁོར་སློབ་སྐལ་ལྡན་ཆོས་ཉིད་བཙན་ས་ཟིན། །དངོས་མེད་ལྷ་འདྲེ་དཀར་ཕྱོགས་ཆོས་ལམ་བཀོད། །སླར་ཡང་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །ཞལ་གཟིགས་ལུང་བསྟན་སྨིན་གྲོལ་རྟག་ཏུ་ཐོབ། །དེ་ལྟར་བསམ་ན་སྤྲང་བན་ཞེ་བློ་བདེ། །ཉེས་འགལ་ལྷད་དང་བྲལ་བའི་ཆོས་འདི་ཉིད། །ཨོ་རྒྱན་ཆེན་པོས་མངོན་སུམ་བསྟན་པ་ཡིན། །གཞི་དབྱིངས་བཀོད་པ་ལྷུན་གྲུབ་གཞལ་ཡས་སུ། །ཆོས་ཉིད་དོན་གྱི་རིག་སྐུ་རང་ངོར་མཇལ། །སྣང་བ་ལྷ་ཡི་ཞིང་ཁམས་ཡེ་གྲུབ་ལ། །ཡེ་རིག་ཆོས་སྐུ་གདོད་མའི་མགོན་པོ་ཡི། །རྩལ་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རིག། ལྷ་དང་དཀྱིལ་འཁོར་རང་ངོར་ཐག་ཆོད་དོ། །བྱ་རྩོལ་མེད་པའི་ཆོས་ཉིད་བདག་གིས་རྙེད། །སུ་མ་མགུ་ཡང་རང་ཉིད་ཞེ་བློ་བདེ། །དགེ་འདིས་སངས་རྒྱས་བསྟན་པ་རབ་རྒྱས་ནས། །ནག་ཕྱོགས་བདུད་ཀྱི་དབང་པོ་བསྣུབ་གྱུར་ཅིག། སརྦ་མངྒ་ལཾ།། །།