༄༅། །སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་བཞི་པ། ང · 2 Texts
From Dudjom Wiki
TTDL-ZABTER-Volume-04-NGA
Karchag
༄༅།།ཨོཾ་སྭ་སྟི།སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ལས།གླེགས་བམ།༼ང༽པ་འདིར།དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ།ཐུགས་སྒྲུབ་གསང་བའི་རྒྱ་ཅན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་སྐོར་ལ་གཉིས་ལས།ཐོག་མར།དཔལ་ཆེན་ཕྲིན་ལས་བཅུ་བདུན་གྱི་ཁ་བྱང་ཐེམ་གྱི་བང་མཛོད་ལྡེབ་༢༡གཉིས་པ་རྡོ་རྗེ་གཞོན་ནུའི་གསང་སྒྲུབ་ལས་བཞི་ལྷུན་གྲུབ་ལ་ནང་གསེས་རྩ་བ་རྡོ་རྗེ་གཞོན་ནུའི་གཙོ་སྒྲུབ་དང་།ཡན་ལག་སྲས་མཆོག་ཀཱི་ལ་རིགས་བཞི།བདུད་འདུལ་ཁྲོ་བོ་བཅུ།རཏྣ་ཀཱི་ལ་ཡའི་ཞར་བྱུང་སྡེ་ལྔ་ནོར་སྒྲུབ་བཅས་སོ་སོའི་སྒོས་སྒྲུབ།སྒོས་དབང་།སྒོས་ཀྱི་མན་ངག་ལས་ཚོགས་སོགས་ནང་གསེས་ལེ་ཚན་དཀྱུས་གཅིག་ཏུ་འཁོད་པའི་ཆོས་སྡེ་གཅིག་ལ་ལྡེབ་༢༢༥བཅས།པོད་འདིར་ཆོས་ཚན་གཉིས་ལ་ལྡེབ་༢༤༧དང་།གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༤༨བཞུགས།༈གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི།།ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར།།ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས།།ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག།༈པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ།།ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་།།གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར།།མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།དགེའོ།།།།