Property:Colophontib
From Dudjom Wiki
This is a property of type Text.
ར
།ཞེས་པའང་མཁའ་སྤྱོད་དཔལ་གྱི་འབྲས་མོ་གཤོངས་ཀྱི་ས་སྐྱོང་རྒྱལ་སྲས་དོན་གྲུབ་རྣམ་པར་རྒྱལ་བའི་སྡེའི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དང་། གཞན་ཡང་གསང་ཆེན་པདྨ་ཡང་རྩེའི་ཆོས་གྲྭ་སོགས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱིས་འཇུག་སྒོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྩ་བའི་གཞུང་ལས་འཇུག་བདེ་སྙིང་བོར་དྲིལ་ནས་སྦྱར་བ་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག ། །སརྦ་དཱ་མངྒ་ལཾ།། +
ཅེས་པ་ཚེས་བཅུ་སོགས་བསྐང་ཚོགས་བརྒྱ་རྩ་བཏང་པའི་སྐབས་སུ་ཉེར་མཁོའི་ཆེད་དུ་ཕན་སེམས་ཀྱིས་སྒྱུ་མའི་རྣལ་འབྱོར་ཆོས་རྒྱལ་བདུད་འཇོམས་རྡོ་རྗེས་མཛད་པ་དགེའོ། །མངྒ་ལཾ།། +
སྤྲུལ་སྐུ་རྡོ་རྗེ་གླིང་པས་གཏེར་ནས་སྤྱན་དྲངས་པའོ།། །།བཀྲ་ཤིས་སོ།། +
ཞེས་ཨོ་རྒྱན་རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བ་འདི་ལ་གོང་མ་རིམ་བྱོན་གྱི་ཞལ་སྐོང་ལུགས་སྲོལ་མང་ཙམ་མཐོང་བ་ལས། འདིར་སྐབས་སུ་བབས་པའི་ཚིག་ཕྲེང་ཅི་རིགས་དང་བཅས་རྩ་གསུམ་ལས་བྱང་གང་ལའང་སྦྱར་ཆོག་པའི་དབང་དུ་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངག་འཁྲིགས་སུ་བསྡེབས་པ་དགེ། +
* '''Author colophon:'''།བསྡུས་འགྲེལ་འདི་ཡང་དགེ་སློང་བྱམས་པ་ཡར་འཕེལ་གྱི་ངོར་བྲིས་པ་ཡིན་ནོ། །སྲུང་མ་མཐུ་རྩལ་ཅན་གྱིས་བཀའ་འདི་སྲུང་ཤིག །ས་མ་ཡ་རཀྵནྟུ།
* '''Editor colophon:''' ཞེས་རྗེ་གཏེར་ཆེན་བླ་མའི་གསུང་མ་བཅོས་པ་ལ། ཕྲན་བུའི་ཡིག་སྐྱོན་བྱུང་རིགས་རྣམས་བསལ་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།།
+
ཞེས་པ་འདི་ཡང་དགེ་ལོའི་ངོར་རྒན་པོ་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ། །། +
།ཞེས་པ་འདི་ཡང་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གྱིས་ཁྲིད་དཔོན་སྐབས་སུ་གོ་བདེའི་གསལ་བྱེད་དུ་བྲིས་ཤིག་པར་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། +
།ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཉུང་གསལ་གོ་བདེར་སྤེལ་བ་དགེ། +
།ཞེས་པའང་སྐལ་ལྡན་གྱི་བུ་སློབ་འགའ་ལ་ཕན་པའི་ཕྱིར་བཀའ་གསང་རྫོགས་པ་ཆེན་པོའི་ཆོས་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བླ་མའི་མན་ངག་སྙན་བརྒྱུད་ཟབ་པ་ཡི་གེའི་རིས་སུ་བཏབ་པ་སྟེ། གདམས་ངག་ཚུལ་བཞིན་ཐོབ་ཅིང་ཉམས་སུ་ལེན་པའི་གང་ཟག་རྣམས་ལས། དྲེད་པོ་ཁ་ཆོས་མཁན་དང་དམ་ཉམས་ལྟ་ལོག་ཅན་གྱི་དཔེ་འདི་བལྟས་ན་དེའི་སྙིང་ཁྲག་སྲོག་བདག་མ་གཟའ་རྡོར་གསུམ་གྱིས་དཔའ་སྐྱེམས་སུ་རོལ་ཅིག། ས་མ་ཡ། +
ཅེས་པའང་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་བཀའ་སྩལ་རྗེས་སུ་སྒྲུབ་པའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་གཞུང་ལ་རིགས་མཐུན་གྱི་ཁ་སྐོང་ཅུང་ཟད་ཀྱིས་བརྒྱན་ཏེ་ཁྲིགས་སུ་བསྡེབས་པ་དགེ། +
།ཅེས་པའང་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་དགོངས་བཞེད་རྗེས་སུ་སྒྲུབ་པའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་མ་འཁྲུལ་བར་རིགས་མཐུན་གྱི་ངག་འདོན་ཁ་སྐོང་ཕྲན་བུས་བརྒྱན་ཏེ་འཇུག་བདེའི་ཁྲིགས་སུ་བསྡེབས་པ་སིདྡྷི་རསྟུ༎ +
རྫོགས་པ་ཆེན་པོའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ བླ་མ་དང་འཇམ་དཔལ་དབྱེར་མེད་ཀྱི་གསོལ་འདེབས་བདུད་རྩིའི་ཐིག་པ༔ +
ཞེས་པའི་གསོལ་འདེབས་བདུད་རྩིའི་ཐིག་པ་འདི༔ རྟ་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན༔ སྐར་མ་ལྷ་མཚམས་ཤར་བའི་ཉིན་གུང་ལ༔ སྤྲང་འཁྱམས་ལྷ་བཙུན་བདུད་འཇོམས་རྡོ་རྗེ་ལ༔ འཇམ་དཔལ་ཡེ་ཤེས་སེམས་དཔས་དངོས་སུ་གསུངས༔ ཁོ་བོ་ཉམས་དགའ་དྲི་བཟང་སྒྲུབ་ཁང་གང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དགེའོ། །དགེའོ། །དགེའོ།། +
རྫོགས་པ་ཆེན་པོའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཟབ་ཆོས་གཅོད་ཀྱི་བསྒོམ་རིམ་ཕུང་པོ་ཚོགས་སུ་སྦྱིན་པ་ངར་འཛིན་རྩད་ནས་གཅོད་པ༔ +
ཞེས་པ་འདི་དྲེད་པོ་ལྷ་བཙུན་བདུད་འཇོམས་རྡོ་རྗེས་ཁམས་ཡུལ་ཨ་ཤྭའི་སྨོན་འགྲུབ་མཆོད་རྟེན་ནས་རྟ་ལོ་དགུན་ཟླ་འབྲིང་པོའི་ཉེར་བརྒྱད་སྐར་མ་ལྷ་མཚམས་ཤར་བའི་ཉིན་དུ་སྤྱན་དྲངས་པའི་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། +
* '''First colophon:''' ཞེས་བྲི་ཞིང་བརྗོད་དེ་སྤྲིན་དཔུང་ཆེན་པོའི་ཕྱོགས་སུ་གཡབ་པས་ངེས་པར་དབྱིངས་སུ་བཤིག་པར་འགྱུར་རོ༔ བདུད་འཇོམས་པས་སོ།།
* '''Second colophon:''' བདུད་འཇོམས་པས་སོ།།
+
།དེ་ལྟར་རླུང་རྟའི་རྟེན་མཁར་འཛུག་པའི་ཆོ་ག་དགེ་ལེགས་ཀུན་འབྱུང་བཀྲ་ཤིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་འདིའང་། རང་གཞན་མང་པོ་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། །འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་ཡར་ཚེས་ཀྱི་རྒྱལ་བ་དང་པོ་ལ་བུ་ཆུ་བདེ་ཆེན་སྟེང་གི་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་སྟེ། འདིས་ཀྱང་བསྟན་འགྲོའི་ཕན་བདེའི་དགེ་མཚན་མཆོག་ཏུ་དར་བའི་རྒྱུར་གྱུར་ཅིག། །སརྦ་སྭསྟི་སིདྡྷི་ཛ་ཡནྟུ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ ཤོག། །། དགེའོ།། +
།ཞེས་པའང་དྲག་སྔགས་ལས་གཞུང་ལས་ཁོལ་དུ་ཕྱུངས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། +
ལ
ཅེས་ནན་དུ་བསྐུལ་ལོ༔ བདུད་འཇོམས་པས་སོ།། +
ཅེས་འཇམ་དཔལ་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ནི་མཁན་པོ་ཐུབ་བསྟན་ནོ། །དགེའོ།། +
།ཞེས་པའང་དག་འདོན་ཁ་སྐོང་དུ་བསྡེབས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། +
ཞེས་བདུད་འཇོམས་པས་སོ༔ +