Property:Colophontib
From Dudjom Wiki
This is a property of type Text.
མ
།ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། ཤུ་བྷཾ༎ +
ཅེས་རང་སློབ་དམ་པ་ཚུལ་བཟང་གིས་ནན་དུ་བསྐུལ་ངོར་རྒན་པོ་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །བཀྲ་ཤིས་ཤོག། +
ཅེས་པ་འདི་ནི་རྣལ་འབྱོར་དབང་ཕྱུག་བསྟན་འཛིན་རྒྱ་མཚོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག། +
* '''First colophon:''' ཞེས་ཀུན་བཟང་བདེ་ཆེན་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ། དགེའོ། །དགེའོ།།
* '''Second colophon:''' རིགས་སྲས་དྲི་མེད་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེ་སྨྲས་པ་དགེའོ།།
+
* '''First colophon:''' འདིའང་རང་སློབ་དམ་པ་ཚེས་བཅུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པའོ།།
* '''Second colophon:''' ཅེས་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་སོ། །དགེའོ། །དགེའོ།།
+
* '''First colophon:''' འདིའང་རང་སློབ་དམ་པ་ཚེས་བཅུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པའོ།།
* '''Second colophon:''' ཅེས་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་སོ། །དགེའོ། །དགེའོ།།
+
མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན། +
།དེ་ལྟར་མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན་ཅེས་བྱ་བ་འདིའང་། གསང་འཛིན་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་ཞལ་སྔ་ནས་ཟབ་ཆོས་འདིའི་སྨིན་གྲོལ་གྱི་བདུད་རྩི་སྐལ་བཟང་པོའི་དཔྱིད་དུ་ནོས་པའི་སྐབས་རྣམ་གསལ་འཇུག་བདེའི་ངག་ཁྲིགས་འདི་ལྟ་བུ་ཞི་ཅིས་ཀྱང་སྒྲུབ་པར་གྱིས་ཤིག་པའི་བཀའ་ལུང་བཏུད་མར་ཕེབས་པ་བཞིན་རྗེས་སུ་སྒྲུབ་པའི་གཡར་དམ་སྙིང་ལ་བཀོད་ཀྱང་གཞན་རྐྱེན་མི་བཟད་པའི་ཁོལ་པོར་འཕྱན་ཏེ་ཡུན་རིང་པོར་འགྱང་པ་ན། སླར་ཡང་རྒྱལ་དབང་ཀརྨ་པ་ཀུན་བཟང་རིག་པའི་རྡོ་རྗེའི་བཀའ་ལུང་གིས་རྗེ་བླ་མར་སྙན་བསྐུལ་གནང་བར་མཛད་པ་དང་། འཁོར་ལོའི་མགོན་པོ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱང་ལེགས་སོའི་གསུང་གིས་དབུགས་དབྱུང་ཐོབ་པ་ལ་བརྟེན་ནས། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་ང་དགུར་སོན་པ་དགེ་བྱེད་ཆུ་ཕོ་སྟག་གི་ལོ་འབྲས་བུ་བཅུད་དུ་སྨིན་པའི་དུས་ཀྱི་ཆར་རི་བོས་རིན་ཆེན་སྤུངས་པའི་མགུལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཉམས་དགའ་བའི་གནས་སུ་གྲུབ་པར་སྤེལ་བའི་ཟིན་བྲིས་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་ལྷོ་མོན་ཤིང་ལོའི་ཚལ་གྱི་སྔགས་སྟོན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་མཆོག་གཏེར་སྙིང་པོའི་རིང་ལུགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་མི་ནུབ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །།སརྦ་དཱ་མངྒལཾ།། +
* '''First colophon:''' ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།
* '''Second colophon:''' ཞེས་པ་འདི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་འོད་གསལ་ཉམས་ཀྱི་སྣང་ངོར་གདམས་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།
+
* '''First colophon:''' ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།
* '''Second colophon:''' ཞེས་པ་འདི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་འོད་གསལ་ཉམས་ཀྱི་སྣང་ངོར་གདམས་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།
+
།ཞེས་པའང་རང་གཞན་གྲོང་སྔགས་པ་རྣམས་འཇུག་བདེའི་ངག་ཁྲིགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྡེབས་པ་དགེ། +
ཅེས་བླ་མ་དམ་པ་ནོར་བུ་རིག་འཛིན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་གང་དྲན་འཆོལ་མར་བྲིས་པར་དགེ། +
སྤྲང་དྲེད་པོ་བདུད་འཇོམས་རྡོ་རྗེས་དགེ་མ་ཆོས་མཚོའི་ངོར་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་བྲིས། དགེའོ།། +
ཞེས་པ་འདི་ཀུན་བཟང་བསྟན་འཛིན་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། +
།མི་རྒན་བདུད་འཇོམས་རྡོ་རྗེས་སྤྲིངས་པའོ། །དགེའོ།། +
བདུད་འཇོམས་རྡོ་རྗེས་སོ།། +
ཞེས་པའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་འབྲོས་ཕུག་མཁའ་འགྲོ་འདུ་གླིང་དུ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།། +
ཚ
དེ་ལྟར་རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་ཡབ་ཡུམ་ལ་བརྟེན་ནས་ཡར་ངོའི་མར་ངོའི་མཆོད་པ་མ་ཆག་པར་བགྱི་བའི་ཕྱིར་དུ་དད་པ་དང་ལྡན་ཡང་སྤྲོས་པ་མི་གཅོག་པའི་བློ་དམན་བདག་དང་བདག་འདྲའི་རིགས་ལ་སྨན་སླད་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཚིག་བདུན་བླ་སྒྲུབ་ལ་བསྟེན་ནས་ཚོགས་བསྐང་དང་ཚོགས་གླུ་སྨོན་ལམ་བཅས་རིག་འཛིན་གོང་མ་རྣམས་ཀྱི་རྡོ་རྗེའི་གསུང་ལྷན་ཐབས་སུ་སྒྲིགས་པ་པོ་ནི་རིག་འཛིན་པདྨ་ཀ་ར་ལ་སྙིང་ནས་བླ་མར་བྱེད་པ་ཕྲིན་ལས་ནོར་བུའོ།། +
ཅེས་པའང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ལས་བྱང་གི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། +
།དེ་ལྟར་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་བསྙེན་སྒྲུབ་ཀྱི་ལག་ལེན་གསལ་བྱེད་འཆི་མེད་མཆོག་སྦྱིན་ཞེས་བྱ་བ་འདི་ནི། རྒྱལ་སྲས་མཆོག་གི་སྤྲུལ་སྐུ་པདྨ་ཀུན་བཟང་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེའི་གསུང་གིས་བསྐུལ་བ་ལས། ཐུགས་སྲས་ཀུན་བཟང་འགྱུར་མེད་མཆོག་གྲུབ་དཔལ་འབར་བཟང་པོས་ལྷག་པའི་ལྷ་འདི་ཉིད་བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པའི་ཐུན་དབར་དུ་གྲུབ་པར་སྦྱར་བའི་ཡི་གེ་ཐོག་མར་སྤེལ་བ་པོ་ནི་གསུང་སྤྲུལ་རིན་པོ་ཆེ་ཀུན་བཟང་པདྨ་བསྟན་འཛིན་གྲུབ་མཆོག་རྡོ་རྗེས་མཛད་པའོ། །འདིས་ཀྱང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་པ་དང་། འགྲོ་ཀུན་ཚེ་མཐའ་ཡས་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །། +
།ཅེས་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་མཆོག་གི་དགའ་སྟོན་ཅེས་བྱ་བ་འདི་ནི། ཚུལ་འདིར་གཏེར་གཞུང་རྩ་བ་ལ་ལྷན་ཐབས་ཞལ་སྐོང་སོགས་མཐའ་གཅིག་ཏུ་མ་ངེས་པས་ཕྱིས་སུ་གྲོང་སྔགས་མཁས་བླུན་མང་པོས་ཕྱག་ལེན་འདྲ་མིན་རྒྱས་བསྡུས་ཀྱི་མཐར་ལྷུང་བ་སོགས་ལ་བརྟེན་ནས་དེང་དུས་ཀྱི་གདུལ་བྱའི་བློ་དང་འཚམས་པར་པད་གླིང་ཆོས་ཀྱི་བརྒྱུད་འཛིན་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། ལྷོ་མོན་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་སྔགས་བཙུན་བསྟན་འཛིན་ཀུན་ལེགས་ནས་གཏེར་གཞུང་ངག་འདོན་འཇུག་བདེ་ཀླག་ཆོག་མ་ཞིག་བགྱིད་པར་ཡང་དང་ཡང་དུ་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། སྙོམས་ལས་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པའི་རིན་ཆེན་བཞི་པའི་ཁམས་འཛིན་འཁོར་ལོའི་སྣ་ཅན་གྱི་ལོ་ས་ག་ཉ་བའི་ཐབས་ཀྱི་ཆའི་དགའ་བ་གསུམ་པ་ལ་རང་གནས་རིན་ཆེན་སྤུངས་རི་ལྷ་ཆེན་དགའ་ཚལ་དུ་གྲུབ་པར་བསྡེབས་པ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོའང་བསྐུལ་བ་པོ་ཉིད་ཀྱིས་ཡིད་གཞུངས་པའི་སྒོ་ནས་ལེགས་པར་འདུ་བགྱིས་པའོ། །འདིས་ཀྱང་ལམ་འདིའི་རིང་ལུགས་དབྱར་གྱི་ཆུ་གཏེར་བཞིན་འཕེལ་ཞིང་ཀུན་ཏུ་རྟག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། །། +