TTDL-ZABTER-08-NYA-048: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| (6 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་གསང་སྒྲུབ་ཁྲག་མཚོ་འཁྱིལ་བ༔ | |||
|fulltitle=zab gsang mkha' 'gro'i snying thig las: gnod sbyin shan pa dmar nag gi gsang sgrub khrag mtsho 'khyil ba: | |||
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las gnod sbyin shan pa dmar nag gi gsang sgrub khrag mtsho 'khyil ba''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 8: 433-453. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |||
|author=bdud 'joms gling pa | |||
|sourcerevealer=bdud 'joms gling pa | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|cycle=zab gsang mkha' 'gro'i snying thig | |||
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |||
|language=Tibetan | |||
|volumenumber=08 | |||
|volnumtib=༨ | |||
|volyigtib=ཉ | |||
|totalvolumes=21 | |||
|textnuminvol=048 | |||
|pagenumbers=433-453 | |||
|totalpages=21 | |||
|beginfolioline=1a1 | |||
|endfolioline=11a5 | |||
|totalfolios=11 | |||
|multivolumework=No | |||
|rectonotes=gsang sgrub | |||
|versonotes=bdud 'joms bka' srung shan pa | |||
|colophontib=ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དམ་པ་ཚོགས་མཆོག་གིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། | |||
|colophonwylie=zhes pa 'di ni khrag 'thung bdud 'joms rdo rjes gter nas bton te mthar rang slob dam pa tshogs mchog gis bskul ngor gtan la phab pa'i yi ge pa ni phun tshogs bkra shis so/_/dge'o// | |||
|pdflink=File:TTDL-ZABTER-08-NYA-048.pdf | |||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=NYA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་གསང་སྒྲུབ་ཁྲག་མཚོ་འཁྱིལ་བ་བཞུགས་སོ༔ | |||
ཐྂ༎༔ ({{TibChung|བརྡ་ཡིག་}}) དཔལ་གསང་བདག་ཕྱག་ན་རྡོ་རྗེ་ཕྱག་འཚལ་ལོ༔ {{TibChung|ལྔ་བརྒྱ་སྙིགས་མའི་དུས་ཀྱི་ཚེ༔ མི་རྣམས་དམུ་རྒོད་ལོག་པར་སྤྱོད༔ བླ་སློབ་དབྱེན་འབྱེད་ཆོས་ཁྲིམས་འཇིག༔ དགོན་གནས་ཕལ་ཆེར་སྡིག་པའི་ཁྲོད༔ དགེ་བཙུན་དམ་སྡོམ་རྒྱབ་ཏུ་བོར༔ དམེ་འཁྲུགས་མཚོན་གྱི་ཡོ་ལང་འཚུབས༔ དེ་འདྲའི་བསྐལ་ངན་ཤར་བའི་ཚེ༔ ཡེ་ཤེས་ལྷ་རྣམས་དབྱིངས་ལ་དགོངས༔ བཀའ་སྲུང་དམ་ཅན་གཡེལ་ཞིང་འགྱང་༔ སྲིད་པའི་མ་མོས་བཀའ་ཆད་འབེབས༔ དེ་ཚེ་པདྨའི་བརྒྱུད་འཛིན་གྱིས༔ གྲོགས་སུ་བཀའ་སྲུང་འདི་བསྟེན་ན༔ སྣང་སྲིད་དབང་སྡུད་བྲན་ཁོལ་ཞིང་༔ ཕྱི་ནང་གསང་བའི་བར་ཆད་སེལ༔ དགྲ་བགེགས་ལོག་འདྲེན་སྡེ་ཆོམ་འགྱུར༔ སྒྲུབ་རྟེན་བླ་རྡོ་སྲོག་འཁོར་དང་༔ རྟེན་གཏོར་རྒྱན་ལྡན་འཁོར་ཚོགས་འཛོམ༔ ཕྱི་ནང་གསང་མཆོད་འབྱོར་ཚོགས་བཤམས༔ རང་ཉིད་ཡི་དམ་ལྷར་བསྒོམ་ནས༔ བཀའ་སྲུང་གཉན་པོ་བྲན་དུ་བཀོལ༔ དང་པོ་དཀྱིལ་འཁོར་ལྷ་བསྐྱེད་རིམ་པ་ནི༔}} ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་{{TibChung|སོགས་}} ཀོ྅ཧཾ༔ གདོད་ནས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཆོས་ཉིད་དབུས་མཐའ་དང་བྲལ་བའི་བདག་ཉིད་ཅན་དུ་རིགས་ཏེ༔ དྷརྨ་དྷཱ་ཏུ་ཨཱཿསྟོང་པའི་ངང་ལས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་དབང་གི་བྱིན་ཆགས་པའི་ཁ་དོག་དམར་བ་ཉམས་དགའ་ཞིང་ཡིད་གདུང་བའི་གནས་མཆོག༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕྱིར་ན་དུར་ཁྲོད་རབ་ཏུ་འཇིགས་པའི་གནས་སུ༔ མི་རོ་གསར་པ་དང་༔ བམ་པ་དང་༔ ཧམ་པ་དང་༔ མྱག་པ་དང་༔ ཤ་ཁྲག་རུས་པ་ཚིལ་ཞག་གི་རི་དང་མཚོ་མོ་འཁྱིལ་བ༔ དུར་བྱ་སྣ་ཚོགས་དང་༔ སྟག་གཟིག་དོམ་དྲེད་ལྕེ་སྤྱང་ལ་སོགས་པའི་གཅན་གཟན་སྣ་ཚོགས་རྒྱུ་བའི་གནས་སུ་བྷྲུྃ་ལས་ཐོད་པ་ར་རི་གསུམ་ལས་གྲུབ་པའི་ཕོ་བྲང་རྒྱ་ཆེ་ལ་བཀོད་ལེགས་པ་ཕྱི་ཟླ་གམ་དམར་ནག་སྒོ་གཅིག་པ༔ ནང་གྲུ་གསུམ་དམར་ནག་མེ་དཔུང་འབར་བ༔ མཆོག་ཆེན་གྱི་ཡན་ལག་ལས་ཀྭ་གདུང་བྱས་ཤིང་༔ རྩིབ་མའི་གཤམ་བཀྲམ་པ༔ ཞིང་ལྤགས་ཀྱི་ཡ་ཕུབ་བྱས་ཤིང་མི་རོའི་རྒྱལ་མཚན་ཕྱར་བ༔ མིག་འབྲས་ཀྱི་ཕྲེང་བས་དྲྭ་བ་བྱས་ཤིང་ལག་པས་མདོ་འཛིན་བྱས་པ༔ གློ་སྙིང་གི་འཕན་བྱས་ཤིང་རཀྟའི་ཞམ་ཆུ་འབེབས་པའོ༔ རབ་འཇིགས་དབང་དྲག་རོལ་པའི་ཕོ་བྲང་ཆེན་པོ་དེ་ཡི་དབུས་སུ་པདྨ་དང་ཉི་མ་དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་དུ་ཧཱུྃ་ཡིག་དམར་ནག་ཀྵ་ཧྲཱིཿས་མཚན་པ་ཅན་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི༔ ཞབས་གཉིས་དང་ལྡན་པ་ཤིན་ཏུ་ཁྲོས་ཤིང་གཏུམ་པ་མཆེ་བ་མན་དུ་གཙིགས་ཤིང་སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ སྨ་ར་ལས་མེ་ཡི་ཚྭ་ཚྭ་འཕྲོ་ཞིང་སྨིན་མར་གློག་འཁྱུག་པ་དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་མེ་ལྟར་འབར་བ༔ ཕྱག་གཡས་དང་པོ་ན་རལ་གྲི་མེ་འབར་བ་ཕྱར་ཞིང་འོག་མ་ན་གྲི་གུག་བསྣམས་པ༔ གཡོན་གྱི་དང་པོ་ན་དགྲ་སྙིང་དམར་རློན་དང་རྒྱུ་ཞགས་བསྣམས་པ༔ འོག་མ་ན་ཐོད་ཁྲག་དང་ཐོད་ཕྲེང་བསྣམས་པ༔ སྐུ་ལ་དར་དམར་གྱི་འཇོལ་བེར་མནབ་ཅིང་༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་རྐེད་པར་མི་ལྤགས་ཀྱི་གཡང་གཞི་དང་སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་དང་མཁུར་ཚོས་ལ་རཀྟའི་ཐིག་ལེ་ཞལ་ལ་ཞག་གི་ཟོ་རིས་བྱུག་པ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་ཅིང་ཐོད་ཚར་གསུམ་གྱི་ཕྲེང་བ་དང་སྦྲུལ་རིགས་ལྔ་ཡི་དོ་ཤལ་བཅིངས་པ༔ མེ་ཁྱུང་དམར་པོ་རླུང་གི་གཤོག་པ་ཅན་ལ་བཅིབས་པ༔ དེ་ཡི་པང་དུ་ཡུམ་གསོད་བྱེད་དམར་མོས་འཁྱུད་ཅིང་གཡས་ལྕགས་ཀྱུས་ཁམས་གསུམ་འགུག་ཅིང་གཡོན་པས་དགྲ་སྙིང་ཡབ་ལ་སྟོབ་པ་གཅེར་བུ་རིན་པོ་ཆེའི་ཕྲེང་བས་སྤྲས་པའོ༔ ཡབ་ཡུམ་གཉིས་ཀ་བདེ་སྟོང་གི་ཉམས་རྒྱས་ཤིང་འདོད་པའི་རོ་ལ་རོལ་ཞིང་བདེ་དྲོད་ཀྱི་ཟིལ་པ་འཁྲིགས་པ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིིལ་གྱིས་གནོན་པ༔ བསྐལ་པའི་མེ་རླུང་དྲག་པོ་འབར་ཞིང་འཚུབས་པའི་ཀློང་དུ་བསྐྱེད་དོ༔ ཤར་དུ་རྒྱལ་ཆེན་དཀར་པོ་སྟག་གི་གདོང་པ་ཅན་དུང་རྟ་ཟེ་དམར་ལ་བཅིབས་ཏེ་གཡས་པས་མདུང་དར་དཀར་པོ་ཕྱར་ཞིང་གཡོན་པས་རྒྱུ་ཞགས་ཐོགས་པ་དར་བེར་དམར་པོ་གསོལ་ནས་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་པ༔ དྲི་ཟ་དང་གྲུལ་བུམ་གྱི་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོར་བའོ༔ ལྷོ་རུ་སྤྲུལ་པ་གཤིན་རྗེ་སྔོན་པོ་གཟིག་གི་གདོང་ཅན་རྟ་དམར་ཟེར་སྔོན་ལ་བཅིབས་པ་དར་བེར་དམར་པོ་གསོལ་བའི་ཕྱག་གཡས་དར་མདུང་སྔོན་པོ་ཕྱར་ཞིང་གཡོན་པས་རྒྱུ་ཞགས་ཐོགས་པ་རྐེད་པར་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་པ་འཁོར་གཤིན་རྗེའི་དམག་ཚོགས་འབུམ་གྱིས་བསྐོར་བའོ༔ ནུབ་ཏུ་སྤྲུལ་པའི་བཙན་རྗེ་དོམ་གྱི་མགོ་ཅན་སྔོན་པོ་དར་ལྗང་གི་འཇོལ་བེར་གསོལ་ཞིང་རྟ་སྔོན་ཟེ་དམར་ལ་བཅིབས་པ་གཡས་པས་མདུང་དར་སྔོན་པོ་ཕྱར་ཞིང་གཡོན་པས་རྒྱུ་ཞགས་བསྣམས་པ་སྟག་རལ་གྱིས་བརྒྱན་པ་འཁོར་ཀླུ་བདུད་ཀྱི་དམག་དཔུང་འབུམ་གྱིས་བསྐོར་བའོ༔ བྱང་དུ་སྤྲུལ་པའི་བདུད་པོ་ནག་པོ་འབྲོང་གི་མགོ་ཅན་གཡས་པས་མདུང་དར་ནག་པོ་ཕྱར་ཞིང་གཡོན་པས་སྙིང་དང་རྒྱུ་ཞགས་བསྣམས་པ་དར་ནག་གི་འཇོལ་བེར་གསོལ་ཞིང་རྟ་ནག་རྟིང་དཀར་ལ་བཅིབས་པ་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་ཅིང་འཁོར་དུ་གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར་བར་བསྒོམ༔ ཤར་ལྷོར་སྤྲུལ་པའི་སྲིན་པོ་ནེ་ཙོའི་གདོང་ཅན་སྐུ་མདོག་དུད་ཁ་གཡས་མདུང་དར་སེར་པོ་ཕྱར་ཞིང་གཡོན་པས་སྙིང་དང་རྒྱུ་ཞགས་བསྣམས་པ༔ དར་བེར་སེར་པོ་མནབ་ཅིང་སྟག་རལ་དང་གཟིག་ཤུབས་ཀྱིས་བརྒྱན་ཏེ་སྲིན་རྟ་ཁམ་པ་ལ་བཅིབས་པ་མེ་ལྷའི་དམག་ཚོགས་འབུམ་གྱིས་བསྐོར་བ༔ ལྷོ་ནུབ་ཏུ་སྤྲུལ་པའི་ལྷ་མོ་ལྗང་ནག་རྨ་བྱའི་གདོང་ཅན་གཡས་པས་མདུང་དར་ཁྲ་བོ་དང་གཡོན་སྙིང་ཞགས་བསྣམས་པ་དར་བེར་ཁྲ་བོ་གསོལ་ཞིང་སྟག་རལ་དང་གཟིག་ཤུབ་རྐེད་ལ་བསྐོར་བ་དྲེའུ་ནག་ཁ་དཀར་ལ་བཅིབས་པ་འཁོར་སྲིན་པོའི་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོར་བར་བསམ༔ ནུབ་བྱང་མཚམས་སུ་སྤྲུལ་པའི་གཟའ་བདུད་ཤང་ཤང་གི་གདོང་ཅན་སྐུ་མདོག་དུད་ཁ་དར་བེར་ནག་པོ་གསོལ་ནས་སྟག་རལ་དང་གཟིག་ཤུབ་རྐེད་ལ་བསྐོར་ཞིང་གཡས་མདུང་དར་དཀར་པོ་དང་གཡོན་རྒྱུ་ཞགས་བསྣམས་པ་བདུད་རྟ་ཀྭ་ཞུར་ལ་བཅིབས་ཤིང་འཁོར་རླུང་ལྷའི་དམག་ཚོགས་འབུམ་གྱིས་བསྐོར་བར་བསམ༔ བྱང་ཤར་དུ་སྤྲུལ་པའི་ཀླུ་བདུད་ཉ་མོའི་མགོ་ཅན་སྐུ་མདོག་མཐིང་ནག་བེར་མཐིང་གསོལ་ཞིང་སྟག་རལ་དང་གཟིག་ཤུབ་རྐེད་ལ་བསྐོར་ཞིང་གཡས་མདུང་དར་ནག་པོ་དང་གཡོན་རྒྱུ་ཞགས་བསྣམས་པ་ཆུ་རྟ་སྔོ་ནག་ལ་བཅིབས་ཤིང་འཁོར་དབང་ལྡན་གྱི་དམག་ཚོགས་བྱེ་བ་འབུམ་གྱིས་བསྐོར་བར་བསྒོམ༔ དེའི་ཕྱི་རོལ་གྱི་ཤར་དུ་སྲིད་པ་ལྷ་ཡི་སྡེ་དཔོན་དཀར་པོ་གཡས་ཏྲི་ཤུལ་དང་གཡོན་པས་ལྕགས་ཀྱུ་བསྣམས་པ་ལྷ་གཡག་དཀར་པོ་ལ་བཅིབས་ཤིང་ལྷ་དམག་འབུམ་གྱིས་བསྐོར་བ༔ ལྷོ་རུ་གཤིན་རྗེ་ཡ་མ་རཱ་ཛ་མཐིང་ནག་གཡས་ཁྲམ་ཤིང་དང་གཡོན་ཞགས་པ་བསྣམས་པ༔ མ་ཧེ་སྔོ་ནག་རུ་རིང་ལ་བཅིབས་ཤིང་གཤིན་རྗེའི་དམག་ཚོགས་འབུམ་གྱིས་བསྐོར་བ༔ ནུབ་ཏུ་མ་མོ་སྲིད་པའི་རྒྱལ་མོ་དཀར་མོ་གཡས་མདའ་དར་དང་གཡོན་ནད་རྐྱལ་ཐོགས་པ་གཡུ་འབྲུག་སྔོན་པོ་ལ་བཅིབས་ཤིང་མ་མོ་འབུམ་གྱིས་བསྐོར་བ༔ བྱང་དུ་བདུད་པོ་བསྐོས་རྗེ་བྲང་དཀར་ནག་པོ་གཡས་དགྲ་སྟྭ་དང་གཡོན་བདུད་ཞགས་ཐོགས་པ་དོམ་ནག་ཐུགས་དཀར་ལ་བཅིབས་ཤིང་འཁོར་བདུད་དམག་འབུམ་གྱིས་བསྐོར་བ༔ ཤར་ལྷོར་བཙན་རྗེ་ཡམ་ཤུད་དམར་པོ་གཡས་བཙན་མདུང་དང་གཡོན་པས་བཙན་ཞགས་བསྣམས་པ་བཙན་རྟ་དམར་པོ་ལ་བཅིབས་པ་འཁོར་བཙན་དམག་འབུམ་གྱིས་བསྐོར་བ༔ ལྷོ་ནུབ་ཏུ་སྲོག་བདག་པེ་ཧར་དཀར་པོ་གཡས་གསེག་ཤངས་དང་གཡོན་ལྷུང་བཟེད་བསྣམས་པ་སེངྒེ་དཀར་མོ་ལ་བཅིབས་པ་འཁོར་རྒྱལ་པོའི་དམག་ཚོགས་འབུམ་གྱིས་བསྐོར་བ༔ ནུབ་བྱང་དུ་གནོད་སྦྱིན་ཀཱ་ལ་ཡཀྴ་མཐིང་ནག་གཡས་རལ་གྲི་དང་གཡོན་ཐོད་ཁྲག་ཐོགས་པ་སྟག་མོ་གྲུས་མ་ལ་བཅིབས་ཤིང་འཁོར་གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར་བ༔ བྱང་ཤར་དུ་ཀླུ་བདུད་འཆི་བདག་མགོ་དགུ་སྐུ་མདོག་དུད་ཁ་གཡས་སྦྲུལ་ཞགས་དང་གཡོན་ནོར་བུ་བསྣམས་པ་ཆུ་སྲིན་ཁམ་པ་ལ་བཅིབས་ཤིང་འཁོར་ཀླུ་དམག་འབུམ་གྱིས་བསྐོར་བར་བསྒོམ༔ དེ་མཐར་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་ནས་ཀུན་ཀྱང་གཙོ་བོའི་བཀའ་ཉན་ཅིང་གསུང་སྡོད་དེ་སྒྲུབ་པ་པོའི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔ གཙོ་བོའི་ཐུགས་ཀར་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧཱུྃ་ཡིག་དམར་ནག་ཀྵ་ཧྲཱིཿས་མཚན་པ་ཅན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿཡིག་དམར་པོ་དང་༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོའི་མཐར༔ དེ་དག་གི་གསང་སྔགས་དང་རིག་སྔགས་གཟུངས་སྔགས་སྙིང་པོ་ཐམས་ཅད་ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿདེ་ཁོ་ནར་གྱུར་ཏེ་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ༔ མཐུ་ནུས་པ་བཀྲག་གཟི་མདངས་ཉམས་བདེ་བ་དཔག་ཏུ་མེད་པ་འབར་ཞིང་བདག་གི་བསམ་དོན་ཐམས་ཅད་སྐད་ཅིག་ཉིད་དུ་བསྒྲུབ་པར་{{TibChung|བསམ༔ དེ་ནས་འབོད་པའི་དམ་ཚིག་ཕོ་ཉ་འདི་ཉིད་བསྒྲུབ་པའི་ཚེ་དུས་བཞིར་སྦྱར་རོ༔}} ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ ཁྱབ་བདག་སྤྱི་དཔལ་ཧེ་རུ་ཀས༔ མ་ཏྲཾ་རཱུ་ཏྲ་བསྒྲལ་བའི་ཚེ༔ སྲོག་སྙིང་འཕྲོག་སྟེ་དམ་ལ་བཏགས༔ དཔལ་གྱི་བཀའ་སྡོད་གྲལ་དུ་བཞག༔ གནོད་སྦྱིན་དྲག་པོ་ཆེན་པོ་ཁྱོད༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ དེ་འོག་བར་གྱི་བསྐལ་པ་ལ༔ གསང་བདག་དྲེགས་པ་ཀུན་འདུལ་གྱིས༔ རི་བོ་གནམ་ལྕགས་འབར་བའི་རྩེར༔ དྲེགས་པའི་སྲོག་ལ་དབང་བསྒྱུར་ཚེ༔ དམ་བཏགས་དབང་བསྐུར་སྲུང་མར་བསྐོས༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ དེ་འོག་བསྐལ་པའི་ཐ་མ་ལ༔ རིག་འཛིན་བརྒྱད་དང་པད་འབྱུང་གིས༔ དམ་བཏགས་དབང་བསྐུར་བྱིན་གྱིས་རློབས༔ རྫོགས་ཆེན་བཀའ་ཡི་སྲུང་མར་བསྐོས༔ བརྒྱུད་འཛིན་སྐྱོང་བར་མནའ་ཐོ་ཆད༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ ཧྲཱི་ཀྵ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གླིང་བཞི་སྲིད་པར་མངའ་དབང་མཛད༔ གནོད་སྦྱིན་ཤན་པ་དམར་ནག་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་འབོད༔ སྤྲུལ་པ་ལས་ཀྱི་གདོང་ཆེན་བརྒྱད༔ ཤར་ཕྱོགས་རྒྱལ་པོ་སྟག་གི་གདོང་༔ དྲི་ཟའི་ཡུལ་ལ་མངའ་དབང་བསྒྱུར༔ དད་དང་དམ་ཚིག་གཉན་གྱིས་འབོད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ལྷོ་ཕྱོགས་གཤིན་རྗེ་གཟིག་གི་གདོང་༔ གཤིན་རྗེའི་ཡུལ་ལ་མངའ་དབང་བསྒྱུར༔ དད་དང་དམ་ཚིག་གཉན་གྱིས་འབོད༔ འཁོར་དང་བཅས༴ ནུབ་ཕྱོགས་བཙན་རྒྱལ་དོམ་གྱི་གདོང་༔ ཀླུ་ཡི་ཡུལ་ལ་མངའ༴ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ བྱང་ཕྱོགས་བདུད་རྒྱལ་འབྲོང་གི་གདོང་༔ གནོད་སྦྱིན་ཡུལ་ལ་མངའ༴ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ ཤར་ལྷོ་སྲིན་རྒྱལ་ནེ་ཙོའི་གདོང་༔ མེ་ལྷའི་ཡུལ་ལ་མངའ༴ དད་དང་དམ་ཚིག་གཉན༴ འཁོར་དང་བཅས་པ༴ ལྷོ་ནུབ་ལྷ་མོ་རྨ་བྱའི་གདོང་༔ སྲིན་པོའི་ཡུལ་ལ་མངའ༴ དད་དང་དམ་ཚིག༴ འཁོར་དང་བཅས༴ ནུབ་བྱང་གཟའ་བདུད་ཤང་ཤང་གདོང་༔ རླུང་ལྷའི་ཡུལ་ལ་མངའ༴ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ བྱང་ཤར་ཀླུ་བདུད་ཉ་མོའི་གདོང་༔ དབང་ལྡན་ཡུལ་ལ་མངའ་དབང་བསྒྱུར༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ སྟེང་ཕྱོགས་ལྷ་ཆེན་དབང་ཕྱུག་ཆེ༔ ཚངས་པའི་ཡུལ་ལ་མངའ༴ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ འོག་ཕྱོགས་ས་བདག་འཁོར་ལོས་སྒྱུར༔ ཀླུ་གཉན་ཡུལ་ལ་མངའ་དབང་མཛད༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ མངོན་སྤྱོད་ལས་ལ་གྲུབ་པའི་འཁོར༔ དཀར་པོ་ལྷ་ཡི་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ འཆི་བདག་གཤིན་རྗེའི་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ སྲིད་པ་མ་མོའི་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ ནག་པོ་བདུད་ཀྱི་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ དམར་པོ་བཙན་གྱི་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ སྲོག་བདག་རྒྱལ་པོའི་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ མི་སྲུན་གནོད་སྦྱིན་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ གཏུམ་པོ་ཀླུ་ཡི་སྡེ་དཔོན་འབངས༔ དད་དང་དམ་ཚིག་གཉན༴ འཁོར་དང་བཅས༴ སྣང་སྲིད་དྲེགས་པ་འཁོར་གྱི་ཚོགས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དཀྱིལ་འཁོར་སྒྲུབ་རྫས་རྟེན་ལ་བཞུགས༔ གྲུབ་པའི་རྟགས་མཚན་མྱུར་དུ་སྟོན༔ བྱམས་བརྩེས་བདག་སྐྱོང་ཕྲིན་ལས་སྒྲུབས༔ དཀྱིལ་འཁོར་བརྟེན་རྫས་བཞུགས་པའི་གནས༔ འཛབ་བཟླས་སྔགས་ཀྱིས་འབོད་ཅིང་བསྟེན༔ བསྐྱེད་དང་གསལ་ཏེ་བསྒྲུབ་པར་བྱ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡིན༔ མ་འདའ་བཛྲ་ས་མ་ཡ༔ {{TibChung|ཞེས་འབོད་ཅིང་མཐར་མི་ཚིག་གིས་བར་མ་ཆོད་པར་སྔགས་འདི་བཟླའོ}}༔ ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛཿ {{TibChung|དེ་ལྟར་སྟན་གྱི་དྲོད་མ་ཡལ་བར་ཞག་ཉེར་བཞིར་བསྒྲུབ་པས་འགྲུབ་རྟགས་ངེས་པར་འབྱུང་བ་ཡིན༔ འདི་ལྟར་འབོད་པའི་དུས་སུ༔}} བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་སྟེ་གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་སྤྱན་དྲངས་ཏེ་བསྐྱེད་པའི་ལྷ་ལ་ཐིམ༔ མཐུ་ནུས་པ་བཀྲག་གཟི་མདངས་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ་ཁམས་གསུམ་སྲིད་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་ནས་བདག་གི་མངའ་འོག་ཏུ་སྡུད་པར་{{TibChung|བསམ་ཞིང་༔ གསལ་བའི་གཟེར་གྱི་གནད་དང་ལྡན་པས་བསྒྲུབ་བྱ་དཀྱིལ་འཁོར་གྱི་ལྟེ་བར་གྲུ་གསུམ་དམར་ནག་རིམ་པ་གསུམ་གྱི་ནང་དུ་དགྲ་བོའི་ལིང་ག་དབང་ཚང་བཞག༔ ཨེ་ཁང་གི་རིམ་པ་སྟེང་མར་དུག་ཁྲག་སྣ་ཚོགས་བྱུག༔ དེ་འོག་ཏུ་ཐུན་རྫས་ཀྱི་འདག་པ་བྱུག༔ འོག་མ་ལ་ཕུང་ཤུལ་དང་གཡུལ་དྲག་པོའི་ས་དུག་གསུམ་རྣམས་བླུག་གོ༔ ཨེ་ཁང་གི་ཕྱི་རིམ་རྩང་གིས་བསྐོར་ཏེ༔ ཕུར་པ་ཡུངས་དཀར་ཁྲག་སྣ་མཚེ་དུག་སྣ་མཚོན་ཆ་མདའ་རྡོ་གཏོར་མ་རྣམས་རྩང་ཕུར་རྐེད་ལ་གདག་ཅིང་བཞག༔ མཐར་སྤྲུལ་འཁོར་བརྒྱད་ཀྱི་གཏོར་མ་བཞག༔ དེ་མཐར་སྡེ་བརྒྱད་ཀྱི་གཏོར་མ་རྣམས་བཞག༔ སྟེང་དུ་རྐང་ཁྲིའི་ཁར་སྲོག་འཁོར་དང་གཙོ་གཏོར་ཤ་ཁྲག་སྙིང་གིས་བརྒྱན་པ་བཞག་གོ༔ དེ་ནས་འབོད་རྟགས་བྱུང་ན་བསྐུལ་བ་ནན་ཏན་དུ་བྱ་སྟེ་རྦད་པའི་ལས་ལ་འབད་པར་བྱ༔ རྦད་པ་གནམ་ལྕགས་ཐོགས་མདའ་འདི༔ དུས་བཞིར་སྦྱར་ནས་བཟླ་བར་བྱ༔}} ཧཱུྃ་ཧྲཱིཿ ཀྵཿ དབང་ཆེན་འཆོལ་བར་ཁྲོས་པའི་སྐུ༔ བསྟན་དང་བསྟན་འཛིན་སྐྱོང་བའི་ཕྱིར༔ གནོད་སྦྱིན་རིགས་ཀྱི་དབང་པོར་སྤྲུལ༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གནོན་མཐུ་བོ་ཆེ༔ ལོག་འདྲེན་ཚར་གཅོད་དྲག་པོ་ཁྱོད༔ དཔལ་ཆེན་ཕྱག་ན་རྡོ་རྗེ་དང་༔ རིག་འཛིན་པདྨ་ཐོད་ཕྲེང་གི༔ བཀའ་དང་དམ་ཚིག་གཉན་པོ་ཡིས༔ དོ་ནུབ་རྦད་དོ་དགྲ་ལ་ཡ༔ གནོད་སྦྱིན་དམར་ནག་དགྲ་ལ་རྦད༔ དབང་གི་རྒྱལ་པོ་དགྲ༴ དྲག་ཤུལ་མཐུ་ཆེན་དགྲ༴ ཡུམ་གཅིག་མ་མོ་དགྲ༴ སྤྲུལ་པ་སྟག་གི་མགོ་བོ་ཅན༔ དྲི་ཟའི་དམག་དཔུང་དགྲ་ལ་རྦད༔ སྤྲུལ་པ་གཟིག་གི་མགོ་བོ་ཅན༔ གཤིན་རྗེའི་དམག་དཔུང་དགྲ༴ སྤྲུལ་པ་དོམ་གྱི་མགོ་བོ་ཅན༔ ཆུ་ལྷའི་དམག་དཔུང་དགྲ༴ སྤྲུལ་པ་གཡག་གི་མགོ་བོ་ཅན༔ བདུད་ཀྱི་དམག་དཔུང་དགྲ༴ སྤྲུལ་པོ་ནེ་ཙོའི་མགོ་བོ་ཅན༔ མེ་ལྷའི་དམག་ཚོགས་དགྲ༴ སྤྲུལ་པ་རྨ་བྱའི་མགོ་བོ་ཅན༔ སྲིན་པོའི་དམག་དཔུང་དགྲ༴ སྤྲུལ་པ་ཤང་ཤང་མགོ་བོ་ཅན༔ རླུང་ལྷའི་དམག་དཔུང་དགྲ༴ སྤྲུལ་པ་ཉ་མོའི་མགོ་བོ་ཅན༔ དབང་ལྡན་དམག་དཔུང་དགྲ༴ ཚངས་པ་དཀར་པོ་ལྷ་ཡི་རྗེ༔ ལྷ་དམག་འབུམ་བཅས་དགྲ༴ ཡ་མ་རཱ་ཛ་གཤིན་རྗེའི་རྗེ༔ གཤིན་རྗེའི་དམག་ཚོགས་དགྲ༴ རེ་ཏཱི་ནག་མོ་མ་མོའི་རྗེ༔ མ་མོའི་དམག་ཚོགས་དགྲ༴ བསྐོས་རྗེ་བྲང་དཀར་བདུད་ཀྱི་རྗེ༔ བདུད་དམག་འབུམ་བཅས་དགྲ༴ ཡམ་ཤུད་དམར་པོ་བཙན་གྱི་རྗེ༔ བཙན་གྱི་དམག་ཚོགས་དགྲ༴ པེ་ཧར་སྲོག་བདག་རྒྱལ་པོའི་རྗེ༔ རྒྱལ་པོའི་དམག་ཚོགས་དགྲ༴ ཀཱ་ལ་ཡཀྴ་གནོད་སྦྱིན་རྗེ༔ གནོད་སྦྱིན་དམག་ཚོགས་དགྲ༴ ནཱ་ག་རཱ་ཛ་ཀླུ་ཡི་རྗེ༔ ཀླུ་བདུད་དམག་ཚོགས་དགྲ༴ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ བསྟན་སྲུང་དམ་ཅན་དགྲ་ལ་རྦད༔ མ་གཡེལ་མ་འགྱངས་དམ་ཅན་རྣམས༔ རྦད་དོ་མཐུ་རྩལ་དྲག་ཤུལ་ཕྱུངས༔ དགྲ་བོའི་ཡུལ་མཁར་དཀོར་ལ་རྦད༔ ཐལ་བ་རླུང་གིས་གཏོར་བཞིན་ཐོངས༔ དགྲ་བོའི་རྟ་ཕྱུགས་ནོར་ལ་རྦད༔ ལོ་ཐོག་ཐན་པས་བསྐམ་བཞིན་ཐོངས༔ དགྲ་བོའི་སྐྱེས་པ་ཕོ་ལ་རྦད༔ ལྕུགས་ཕྲན་ཟོར་བས་བརྔས་བཞིན་ཐོངས༔ དགྲ་བོའི་ཟ་མ་མོ་ལ་རྦད༔ ཤ་མོང་སེར་བས་གཏོར་བཞིན་ཐོངས༔ དགྲ་བོའི་བྱིས་པ་ཆུང་ལ་རྦད༔ མེ་ཏོག་སད་ཀྱིས་ཁྱེར་བཞིན་ཐོངས༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ རི་བོའི་རྩེ་དང་རྒྱ་མཚོའི་གཏིང་༔ ཉི་ཟླའི་གོ་བར་སྲུང་མའི་སྐྱབས༔ སྔགས་པའི་ཁྱིམ་དང་དཀོན་མཆོག་སྐྱབས༔ སྣང་སྲིད་གར་ཡོད་གར་གནས་ཀྱང་༔ མཐུ་རྩལ་ནུས་པའི་སྟོབས་ཀྱིས་ཁུག༔ ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ བླ་རྐུན་ཇག་པ་ལས་ལ་ཆོས༔ བླ་སྲོག་དོན་སྙིང་ནང་རོལ་བཅས༔ དམ་གྱིས་ཟུངས་ལ་ཤུགས་ཀྱིས་དྲོངས༔ ལས་ཀྱི་ལིང་ག་འདི་ལ་ཁུག༔ སྲོག་གཅོད་ཤན་པས་མཐའ་ནས་བསྐོར༔ སྔོན་ལས་ཚེ་ཚད་དབང་མ་གཏོང་༔ མ་ཤོར་ཐར་མེད་བཙོན་དུ་ཟུངས༔ དམ་ལས་མ་འདའ་ས་མ་ཡ༔ ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱིཿཏྲིཿཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ༔ དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ {{TibChung|འདི་ཡང་རྦད་རྟགས་མ་འབྱུང་གི་བར་དུ་མི་ཚིག་གིས་བར་མི་གཅོད་ཅིང་གདན་གྱི་དྲོད་མ་ཡལ་བར་བཟླའོ༔ རྦད་རྟགས་བྱུང་ནས་བསད་པ་ལག་དམར་ལས་འགྱེད་འདི་ལ་འབད༔}} ཧཱུྃ་བྷྱོ༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ གསང་བདག་ཕྱག་རྡོར་པད་འབྱུང་སོགས༔ རིག་འཛིན་བླ་མ་དམ་པ་ཡི༔ བརྒྱུད་པ་འཛིན་པའི་རྣལ་འབྱོར་ངས༔ བཀའ་དང་དམ་ཚིག་དཔང་བཙུགས་ནས༔ བཀའ་སྲུང་གཉན་པོ་བསྒྲུབ་ཅིང་བསྟེན༔ མངོན་སྤྱོད་དྲག་པོའི་ལས་བཅོལ་གྱིས༔ ད་ལྟ་དྲག་པོའི་ལས་ལ་ཆོས༔ ཧཱུྃ༔ གནོད་སྦྱིན་ཤན་པ་ཆེན་པོ་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བོ་མ་བཞག་ད་ལྟ་སོད༔ ཡུམ་མཆོག་གསོད་བྱེད་ཆེན་མོ་ཡི༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་རྒྱལ་པོ་སྟག་གི་གདོང་༔ དྲི་ཟའི་དམག་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་སྲིན་པོ་ནེ་ཙོའི་གདོང་ཿམེ་ལྷའི་དམག་ཚོགས་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་གཤིན་རྗེ་གཟིག་གི་གདོང་༔ གཤིན་རྗེའི་དམག་ཚོགས་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་ལྷ་མོ་རྨ་བྱའི་གདོང་༔ སྲིན་པོའི་དམག་དཔུང་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་བཙན་རྒྱལ་དོམ་གྱི་གདོང་༔ ཆུ་ལྷའི་དམག་དཔུང་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་གཟའ་བདུད་ཤང་ཤང་གདོང་༔ རླུང་ལྷའི་དམག་དཔུང་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་བདུད་པོ་འབྲོང་གི་མགོ༔ གནོད་སྦྱིན་དམག་དཔུང་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལས་མཁན་ཀླུ་བདུད་གསེར་མིག་མགོ༔ དབང་ལྡན་དམག་དཔུང་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ སྟེང་ཕྱོགས་མ་ཧཱ་དཱེ་ཝ་ཆེ༔ ཚངས་པའི་དམག་དཔུང་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ འོག་ཕྱོགས་ས་བདག་འཁོར་ལོས་སྒྱུར༔ ཀླུ་གཉན་དམག་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་མ་བཞག་ད་ལྟ་སོད༔ ལྷ་ཆེན་ཚངས་པ་ཆེན་པོ་ནི༔ ལྷ་ཡི་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ གཤིན་རྗེ་ཡ་མ་རཱ་ཛ་ནི༔ གཤིན་རྗེའི་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ སྲིད་པའི་རྒྱལ་མོ་རེ་མ་ཏཱི༔ མ་མོའི་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ བདུད་པོ་བསྐོས་རྗེ་བྲང་དཀར་ནི༔ བདུད་ཀྱི་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ བཙན་རྒྱལ་ཡམ་ཤུད་སྲོག་ལེན་ཁྱོད༔ བཙན་གྱི་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ སྲོག་བདག་པེ་ཧར་རྒྱལ་པོ་ནི༔ རྒྱལ་པོའི་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ གནོད་སྦྱིན་ཀཱ་ལ་ཡཀྴ་ནི༔ གནོད་སྦྱིན་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ ཀླུ་བདུད་འཆི་བདག་མགོ་དགུ་ནི༔ ཀླུ་ཡི་སྡེ་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ སྣང་སྲིད་དྲེགས་པ་ཆེ་དགུ་ཡི༔ དྲེགས་པའི་འཁོར་དང་དཔུང་བཅས་ཀྱིས༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ མ་བཞག་ད་ལྟ་ཉིད་དུ་སོད༔ སྣ་ཚོགས་ནད་ཀྱི་ཆར་ཕོབ་ལ༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ སྣ་ཚོགས་མཚོན་གྱི་ཆར་ཕོབ་ལ༔ གཟུགས་ཕུང་རྡུལ་དུ་བརླག་པར་གྱིས༔ སྣ་ཚོགས་ཐུན་གྱི་ཆར་ཕོབ་ལ༔ བརླག་པར་གྱིས་ལ་གཏོར་བར་གྱིས༔ ཕུང་བར་གྱིས་ལ་བསྣུབ་པར་གྱིས༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱིཿ ཏྲིཿ ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ {{TibChung|ཅེས་སྔགས་འདི་ལ་རྩེ་གཅིག་ཏུ་འབད་པ་གནད་དུ་ཤེས་པར་བྱའོ༔ འབོད་རྦད་བསད་དང་གསུམ་གྱི་སྔགས༔ རྩེ་གཅིག་གནད་དུ་བསྣུན་གྱུར་ན༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ བསྟན་པའི་ཆོས་ཁྲིམས་བདུད་ཀྱིས་བཤིག༔ ཟོལ་མེད་རྣལ་འབྱོར་དགྲ་ཡིས་བསྡིགས༔ མ་ཉེས་དགེ་འདུན་ཁྲིམས་སུ་བཅིང་༔ སྔགས་པ་མཐུ་མེད་ཉམ་རེ་ཐག༔ དེ་དུས་གདམས་ངག་ཟབ་མོ་འདི༔ གང་གིས་གནད་དང་ལྡན་པའི་སྒོས༔ ཉམས་སུ་ལེན་ཀུན་དགྲ་ལས་རྒྱལ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ དགེ་ལེགས་ཡོན་ཏན་ཀུན་རྒྱས་འགྱུར༔ འདི་ཉིད་བསྒྲུབ་པའི་སྐྱེས་བུ་རྣམས༔ སངས་རྒྱས་བསྟན་པའི་ཆེད་དུ་དམིགས༔ བླ་མ་སྤུན་ལ་དམ་ཚིག་བསྲུང་༔ བསྙེན་སྒྲུབ་རྟགས་མཚན་རྫོགས་པ་གལ༔ དེ་ལྟར་གནད་དང་ལྡན་གྱུར་ན༔ ཟླ་བ་གཅིག་གིས་ངེས་པར་འགྲུབ༔ མིན་ཀྱང་ལན་གསུམ་དཔོགས་པས་འགྲུབ༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབས༔ རྡོ་རྗེའི་བྲག་ལ་གཏེར་དུ་སྦོས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དམ་པ་ཚོགས་མཆོག་གིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །།}} }} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Latest revision as of 12:34, 7 January 2026
| Wylie title | zab gsang mkha' 'gro'i snying thig las: gnod sbyin shan pa dmar nag gi gsang sgrub khrag mtsho 'khyil ba: | |
|---|---|---|
| Location | bdud 'joms gling pa zab gter Volume 8, Text 48, Pages 433-453 (Folios 1a1 to 11a5) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin shan pa dmar nag gi gsang sgrub khrag mtsho 'khyil ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 433-453. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: gsang sgrub Verso: bdud 'joms bka' srung shan pa | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Colophon |
ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དམ་པ་ཚོགས་མཆོག་གིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། | |
|
zhes pa 'di ni khrag 'thung bdud 'joms rdo rjes gter nas bton te mthar rang slob dam pa tshogs mchog gis bskul ngor gtan la phab pa'i yi ge pa ni phun tshogs bkra shis so/_/dge'o// | ||