TTDL-ZABTER-08-NYA-060: Difference between revisions

From Dudjom Wiki
TTDL-ZABTER-08-NYA-060
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བསྐུལ་བ་རྡོ་རྗེའི་ཐོག་མདའ་བཞུགས་སོ༔  
{{Text
བརྡ་ཡིག་༠༠༠༠༠༠༥༡༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ ལས་ཀ་མཐུ་ལ་བརྩོན་པའི་ཚེ༔ བསྐུལ་བ་རྡོ་རྗེའི་ཐོག་མདའ་དགོས༔ ལག་ཏུ་ལེན་པའི་རིམ་པ་ནི༔ དམར་གཏོར་ཤ་ཁྲག་གིས་བརྒྱན་ཅིང་༔ རཀྟས་བྲན་ཞིང་སྐྱེམས་བཅས་བཤམས༔ རང་གི་གདོང་ལ་ཁྲག་ཀྱང་བྱུག༔ སྐྲ་བཤིག་འཇིགས་པའི་ཆས་སུ་ཞུགས༔ ལྷ་ཡི་ང་རྒྱལ་བརྟན་པོས་འདི༔ ཧཱུྃ་ཛཿསྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷས༔ མི་མངོན་དབྱིངས་ནས་སྤྱན་གྱིས་གཟིགས༔ གསོན་ཅིག་དགོངས་ཤིག་དཔང་དགོངས་འཚལ༔ ཧྲཱིཿཀྵ༔ དབང་ཆེན་གསང་བའི་སྲས་མཆོག་དཔལ༔ གནོད་སྦྱིན་ཤན་པ་ཆེན་པོ་ཁྱོད༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཞིང་༔ ཞིང་བཅུའི་སྲོག་བདུད་ཤན་པ་རུ༔ དང་པོ་སྤྲུལ་ཞིང་བར་དམ་བཅས༔ ཐ་མ་དབང་བསྐུར་བྱིན་རླབས་ཐོབ༔ ཁྱོད་ཀྱི་དམ་ཚིག་དེ་ཡིན་ལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བརྒྱུད་ལྡན་བླ་མའི་རྗེས་སུ་ཞུགས༔ གདམས་པའི་མན་ངག་བརྒྱུད་པ་བཟུང་༔ སྐྱབས་སུ་དཀོན་མཆོག་གསུམ་པོ་ཁུར༔ གྲོགས་དང་དཔུང་དུ་ལྷ་ཁྱོད་བསྟེན༔ དང་པོ་དད་དམ་སྒོ་ནས་བསྟེན༔ བར་དུ་དཀའ་བ་དང་བླངས་བསྒྲུབ༔ ཐ་མ་བཀའ་དམ་ཁྲིམས་བཞིན་བསྐུལ༔ དེ་ལྟར་རྩེ་གཅིག་མཆོད་བསྙེན་ན༔ ལང་ཀའི་མི་སྲུན་ཕོ་མོ་ཡང་༔ ཕ་མ་སྲིང་བཞིན་བྱམས་བརྩེས་གདུང་༔ ལྷ་དང་སྲུང་མར་སྨོས་ཀྱང་ཅི༔ བསྙེན་བསྒྲུབ་དཀའ་སྤྱད་རྣལ་འབྱོར་ང་༔ བསླུའམ་མི་བསླུ་ཁྱོད་ཀྱིས་ཤེས༔ གལ་ཏེ་བསླུས་པར་གྱུར་ན་ནི༔ བདེན་པ་རྫུན་བསྒྱུར་བརྒྱུད་པ་བསླུས༔ བཀའ་དམ་ཁྲིམས་བཤིགས་བདག་ཡིད་བསད༔ རྡོ་རྗེ་དམྱལ་བར་ལྟུང་ཏ་རེ༔ དེ་བས་དམ་ཚིག་གཉན་ལ་འདུས༔ ང་ནི་མ་ཉེས་མ་ལེན་པར༔ དམ་ཉམས་དགྲ་བོས་དྲག་ཏུ་རྒོལ༔ བསམ་སྦྱོར་ངན་པའི་ལས་དབལ་བཏབ༔ སྲུང་མ་གཉན་པོ་མེད་དམ་ཅི༔ དྲག་རྩལ་མཐུ་ནུས་གང་དུ་མཆིས༔ ཛཿཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་དམར་ནག་ཡབ་ཡུམ་འཁོར༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ མ་གཡེལ་མ་འགྱངས་དགྲ་ལ་རྒྱུགས༔ ཤར་ཕྱོགས་སྟག་འདུ་ལྷ་ཁང་ནས༔ རྒྱལ་པོ་ཆེན་པོ་སྟག་གདོང་ཅན༔ དྲི་ཟའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ལྷོ་ཕྱོགས་འུབ་ཆུམ་བྲག་རི་ནས༔ གཤིན་རྗེའི་རྒྱལ་པོ་གཟིག་གདོང་ཅན༔ འཆི་བདག་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ནུབ་ཕྱོགས་བྲག་དམར་ཁྱུང་ཚང་ནས༔ བཙན་རྒྱལ་ཆེན་པོ་དོམ་གྱི་གདོང་༔ ཆུ་ལྷའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ བྱང་ཕྱོགས་བྲག་ནག་མུ་ལའི་ཚལ༔ བདུད་རྒྱལ་ཆེན་པོ་འབྲོང་གི་གདོང་༔ གནོད་སྦྱིན་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ཤར་ལྷོ་ཕུང་བྱའི་གྲོང་ཁྱེར་ནས༔ སྲིན་རྒྱལ་ཆེན་པོ་ནེ་ཙོའི་གདོང་༔ གྲུལ་བུམ་དམག་དང་དཔུང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ལྷོ་ནུབ་རོལ་གཏིང་མཚོ་ནག་ནས༔ ལྷ་མོ་ཆེན་པོ་རྨ་བྱའི་གདོང་༔ སྲིན་པོའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ནུབ་བྱང་ཡངས་པ་རིམ་ལུང་ནས༔ གཟའ་བདུད་རྒྱལ་པོ་ཤང་ཤང་གདོང་༔ རླུང་ལྷའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ བྱང་ཤར་གཏིང་ལོ་མཚོ་ཡི་གནས༔ ཀླུ་བདུད་རྒྱལ་པོ་ཉ་མོའི་གདོང་༔ དབང་ལྡན་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ དགའ་བདེ་འཕྲུལ་གྱི་ཕོ་བྲང་ནས༔ ལྷ་ཆེན་ཚངས་པ་འཁོར་བཅས་བསྐུལ༔ གནམ་ལྕགས་མེ་འབར་ཕོ་བྲང་ནས༔ འཆི་བདག་གཤིན་རྗེ་འཁོར་བཅས་བསྐུལ༔ ཁྲག་མཚོ་རྦ་ཀློང་འཁྲིགས་པ་ནས༔ སྲིད་རྒྱལ་མ་མོ་འཁོར་བཅས་བསྐུལ༔ ནག་པོ་ལྕགས་ཀྱི་སྐུ་མཁར་ནས༔ བདུད་པོ་བསྐོས་རྗེ་འཁོར་བཅས་བསྐུལ༔ བྲག་དམར་ལྗོན་ཤིང་འདུས་པའི་ཚལ༔ བཙན་རྒྱལ་ཡམ་ཤུད་འཁོར་བཅས་བསྐུལ༔ གཙུག་ལག་འཕྲུལ་གྱི་ལྡིང་ཁང་ནས༔ རྒྱལ་པོ་པེ་ཧར་འཁོར་བཅས་བསྐུལ༔ རོ་ཐང་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ནག་པོ་འཁོར་བཅས་བསྐུལ༔ རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་ནས༔ ཀླུ་བདུད་ནག་པོ་འཁོར་བཅས་བསྐུལ༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ གཟའ་བདུད་ནག་པོ་འཁོར་བཅས་བསྐུལ༔ འོག་ཕྱོགས་ས་ཡི་དཀྱིལ་འཁོར་ནས༔ ས་བདག་འཁོར་ལོས་སྒྱུར་རྒྱལ་བསྐུལ༔ བཀའ་སྲུང་གཉན་པོ་ཁྱེད་རྣམས་ནི༔ དམ་ཚིག་དཔང་དུ་བཙུགས་ནས་བསྐུལ༔ ལོ་ཟླ་ཞག་ཏུ་མ་འགྱང་བར༔ སྐད་ཅིག་ཉིད་དུ་དམག་ལ་ཆོས༔ ནམ་མཁར་ཁྲག་སྤྲིན་སྡུད་ཅིང་སོང་༔ བར་སྣང་གློག་དམར་འཁྱུག་ཅིང་སོང་༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས༔ གཟའ་དང་སྐར་མ་ཐང་ལ་ཕོབས༔ འདྲེ་ངན་སྐད་ངན་སྒྲོག་ཅིང་སོང་༔ མོ་བདུད་འོ་དོད་འབོད་ཅིང་སོང་༔ ཕོ་བདུད་མཚོན་ཆར་འབེབ་ཅིང་སོང་༔ བྱ་རོག་ཤ་སྐད་སྒྲོག་ཅིང་སོང་༔ འུག་པ་ལྷག་ལྷག་དགོད་ཅིང་སོང་༔ སྤྲེལ་དམར་རོ་ཁུར་གྲོང་རྒྱུག་སོང་༔ སྤྱང་མོ་ངུ་འདུར་བྱེད་ཅིང་སོང་༔ ཝ་མོ་ཉིན་བརྒྱལ་བྱེད་ཅིང་སོང་༔ དུད་འགྲོས་མི་གཏམ་བྱེད་ཅིང་སོང་༔ རྣོ་བའི་མཚོན་ཆ་ཐོགས་ལ་སོང་༔ མགྱོགས་པའི་བང་ཆེན་ཞོན་ལ་སོང་༔ བཙན་པའི་གོ་ཁྲབ་གྱོན་ལ་སོང་༔ ཀུ་སྒྲ་ཆོ་སྒྲ་སྒྲོག་ཅིང་སོང་༔ ས་གཡོ་འོད་འཁྱུག་བྱེད་ཅིང་སོང་༔ མྱུར་མགྱོགས་སྟོབས་ཤུགས་ཕྱུང་ལ་སོང་༔ དྲག་རྔམས་བརྣག་པའི་ཡུས་ཀྱིས་སོང་༔ མངོན་སྤྱོད་མཐུ་དང་རྩལ་གྱིས་སོང་༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ལ་མ་འདའ་ཞིག༔ བསྐུལ་བའི་ལྷ་སྲུང་ཐུགས་མ་གཡེལ༔ རྦད་པའི་ལས་མཁན་ལས་མ་འགྱང་༔ མངགས་པའི་ཕོ་ཉ་རྩལ་མ་ཞན༔ མགྱོགས་པའི་ཞོན་པ་བང་མ་བུལ༔ བརྡེག་པའི་མཚོན་ཆ་ངར་མ་ཆུང་༔ གསོད་བྱེད་ཤན་པ་ལག་མ་སྡུམ༔ མཐུ་རྩལ་བདག་པོ་ད་རེམ་ཞིག༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྣང་སྲིད་གང་གནས་གར་ཡོད་ཀྱང་༔ མ་ཤོར་མ་བཏང་དམ་དུ་ཟུང་༔ བླ་སྲོག་དོན་སྙིང་སྤར་གྱིས་ཐོབས༔ ཁོང་ཁྲག་དམར་པོ་ཁ་ནས་དྲོངས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ དབང་པོ་མིག་འབྲས་ཐང་ལ་འཕོངས༔ མགོ་ཁོས་ཀླད་ཁྲག་ཞོ་ལྟར་རོལ༔ ནང་འཁྲུགས་མཚོན་གྱི་ཡོ་ལངས་ཐོབ༔ དགྲ་བོའི་ཕོ་རྣམས་གྲི་རུ་སོད༔ དགྲ་བོའི་མོ་རྣམས་གཟེར་གྱིས་སོད༔ དགྲ་བོའི་ཕྲུ་གུ་བརྒྱལ་ནས་སོད༔ དགྲ་བོའི་ཟས་ནོར་ཧབ་ཐོབ་ཀྱིས༔ དགྲ་མཁར་ཤིག་ལ་ལོ་ཐོག་ཆོམས༔ དབུལ་ཕོངས་འབྱོར་རྒུད་ཉེས་པ་ཐོབ༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱི༔ དོ་ནུབ་ཉིད་ནས་བརླག་པར་མཛོད༔ ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ བླ་རྐུན་ཇག་པ་ལས་ལ་ཁྱེས༔ བླ་འཁྱམས་ཟུངས་ལ་ལིང་གར་ཕོབས༔ བསད་ཅིང་བརླག་པའི་ལས་མཛོད་ཅིག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ མནའ་ཐོ་གཏའ་འོ་མནའ་མ་ཟ༔ དགྲ་བོའི་དཔུང་གཉེན་ལྷག་མེད་ཐོངས༔ འགོ་བའི་ལྷ་སྲུང་བདུད་དུ་ཕོབས༔ ཤ་ཟོ་ཁྲག་འཐུང་རུས་པ་མུར༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ མཐུ་ནུས་ཕྱིར་ལ་མ་ལྡོག་ཅིག༔ སྡུག་ཡུས་རང་ལ་མ་འདྲེན་ཅིག༔ དམ་ཚིག་ཇི་བཞིན་ཕྲིན་ལས་མཛོད༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག༔ དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཅེས་སྔགས་དེ་བརྒྱ་རེ་བརྗོད་ཅིང་༔ སྐྲ་གསིག་དར་གཡབ་ཐལ་མོ་བརྡབ་བོ༔ དེ་ཡི་ཚེ་གཞུང་བཞིན་དུ་གནོད་སྦྱིན་འཁོར་དང་བཅས་པས་སོད་རྒྱོབ་ཀྱི་སྒྲ་དང་བཅས་ཏེ་དགྲ་བོའི་ཡུལ་དུ་སོང་བར་བསམ༔ དགྲ་ལ་མཐུ་བྱེད་པའི་ཚེ་འདི་ལ་དུས་བཞིར་འབད་པར་བྱའོ༔ འདི་ནི་གནད་ཀྱི་ཡང་གཅེས་ཏེ༔ བསྒྲུབ་པའི་སྔགས་པ་དམ་ལྡན་གྱིས༔ ཉམས་སུ་བླངས་པས་དགྲ་སྒྲོལ་ཞིང་༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ གཞན་གྱིས་མི་ཐུབ་དྲག་ཤུལ་འཐོབ༔ བཀྲ་ཤིས་དབང་ལྡན་ནོར་ཡང་འཕེལ༔ བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ དབང་ཆེན་ཐུགས་ཀྱི་སྤྲུལ་པར་ཤར༔ དེ་བསྒྲུབ་ཟབ་མོའི་ལས་ཀྱི་ཆ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ ཁམས་ཡུལ་སྲིན་མོའི་རྫོང་དུ་སྦོས༔ བཀའ་སྲུང་རྡོ་རྗེ་ལེགས་པས་སྲུངས༔ ཕྱི་གཉེར་རྒྱལ་པོ་གཡུ་ཕྲེང་ཅན༔ དམ་ཉམས་ལག་ཏུ་མ་ཤོར་ཅིག༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྒྱལ་པོ་གཡུ་ཕྲེང་ཅན་གྱི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=08
|volumeLetter=NYA
|textnuminvol=060
|pdflink=File:TTDL-ZABTER-08-NYA-060.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བསྐུལ་བ་རྡོ་རྗེའི་ཐོག་མདའ་བཞུགས་སོ༔  
བརྡ་ཡིག་༠༠༠༠༠༠༥༡༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ ལས་ཀ་མཐུ་ལ་བརྩོན་པའི་ཚེ༔ བསྐུལ་བ་རྡོ་རྗེའི་ཐོག་མདའ་དགོས༔ ལག་ཏུ་ལེན་པའི་རིམ་པ་ནི༔ དམར་གཏོར་ཤ་ཁྲག་གིས་བརྒྱན་ཅིང་༔ རཀྟས་བྲན་ཞིང་སྐྱེམས་བཅས་བཤམས༔ རང་གི་གདོང་ལ་ཁྲག་ཀྱང་བྱུག༔ སྐྲ་བཤིག་འཇིགས་པའི་ཆས་སུ་ཞུགས༔ ལྷ་ཡི་ང་རྒྱལ་བརྟན་པོས་འདི༔ ཧཱུྃ་ཛཿསྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷས༔ མི་མངོན་དབྱིངས་ནས་སྤྱན་གྱིས་གཟིགས༔ གསོན་ཅིག་དགོངས་ཤིག་དཔང་དགོངས་འཚལ༔ ཧྲཱིཿཀྵ༔ དབང་ཆེན་གསང་བའི་སྲས་མཆོག་དཔལ༔ གནོད་སྦྱིན་ཤན་པ་ཆེན་པོ་ཁྱོད༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཞིང་༔ ཞིང་བཅུའི་སྲོག་བདུད་ཤན་པ་རུ༔ དང་པོ་སྤྲུལ་ཞིང་བར་དམ་བཅས༔ ཐ་མ་དབང་བསྐུར་བྱིན་རླབས་ཐོབ༔ ཁྱོད་ཀྱི་དམ་ཚིག་དེ་ཡིན་ལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བརྒྱུད་ལྡན་བླ་མའི་རྗེས་སུ་ཞུགས༔ གདམས་པའི་མན་ངག་བརྒྱུད་པ་བཟུང་༔ སྐྱབས་སུ་དཀོན་མཆོག་གསུམ་པོ་ཁུར༔ གྲོགས་དང་དཔུང་དུ་ལྷ་ཁྱོད་བསྟེན༔ དང་པོ་དད་དམ་སྒོ་ནས་བསྟེན༔ བར་དུ་དཀའ་བ་དང་བླངས་བསྒྲུབ༔ ཐ་མ་བཀའ་དམ་ཁྲིམས་བཞིན་བསྐུལ༔ དེ་ལྟར་རྩེ་གཅིག་མཆོད་བསྙེན་ན༔ ལང་ཀའི་མི་སྲུན་ཕོ་མོ་ཡང་༔ ཕ་མ་སྲིང་བཞིན་བྱམས་བརྩེས་གདུང་༔ ལྷ་དང་སྲུང་མར་སྨོས་ཀྱང་ཅི༔ བསྙེན་བསྒྲུབ་དཀའ་སྤྱད་རྣལ་འབྱོར་ང་༔ བསླུའམ་མི་བསླུ་ཁྱོད་ཀྱིས་ཤེས༔ གལ་ཏེ་བསླུས་པར་གྱུར་ན་ནི༔ བདེན་པ་རྫུན་བསྒྱུར་བརྒྱུད་པ་བསླུས༔ བཀའ་དམ་ཁྲིམས་བཤིགས་བདག་ཡིད་བསད༔ རྡོ་རྗེ་དམྱལ་བར་ལྟུང་ཏ་རེ༔ དེ་བས་དམ་ཚིག་གཉན་ལ་འདུས༔ ང་ནི་མ་ཉེས་མ་ལེན་པར༔ དམ་ཉམས་དགྲ་བོས་དྲག་ཏུ་རྒོལ༔ བསམ་སྦྱོར་ངན་པའི་ལས་དབལ་བཏབ༔ སྲུང་མ་གཉན་པོ་མེད་དམ་ཅི༔ དྲག་རྩལ་མཐུ་ནུས་གང་དུ་མཆིས༔ ཛཿཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་དམར་ནག་ཡབ་ཡུམ་འཁོར༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ མ་གཡེལ་མ་འགྱངས་དགྲ་ལ་རྒྱུགས༔ ཤར་ཕྱོགས་སྟག་འདུ་ལྷ་ཁང་ནས༔ རྒྱལ་པོ་ཆེན་པོ་སྟག་གདོང་ཅན༔ དྲི་ཟའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ལྷོ་ཕྱོགས་འུབ་ཆུམ་བྲག་རི་ནས༔ གཤིན་རྗེའི་རྒྱལ་པོ་གཟིག་གདོང་ཅན༔ འཆི་བདག་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ནུབ་ཕྱོགས་བྲག་དམར་ཁྱུང་ཚང་ནས༔ བཙན་རྒྱལ་ཆེན་པོ་དོམ་གྱི་གདོང་༔ ཆུ་ལྷའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ བྱང་ཕྱོགས་བྲག་ནག་མུ་ལའི་ཚལ༔ བདུད་རྒྱལ་ཆེན་པོ་འབྲོང་གི་གདོང་༔ གནོད་སྦྱིན་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ཤར་ལྷོ་ཕུང་བྱའི་གྲོང་ཁྱེར་ནས༔ སྲིན་རྒྱལ་ཆེན་པོ་ནེ་ཙོའི་གདོང་༔ གྲུལ་བུམ་དམག་དང་དཔུང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ལྷོ་ནུབ་རོལ་གཏིང་མཚོ་ནག་ནས༔ ལྷ་མོ་ཆེན་པོ་རྨ་བྱའི་གདོང་༔ སྲིན་པོའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ནུབ་བྱང་ཡངས་པ་རིམ་ལུང་ནས༔ གཟའ་བདུད་རྒྱལ་པོ་ཤང་ཤང་གདོང་༔ རླུང་ལྷའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ བྱང་ཤར་གཏིང་ལོ་མཚོ་ཡི་གནས༔ ཀླུ་བདུད་རྒྱལ་པོ་ཉ་མོའི་གདོང་༔ དབང་ལྡན་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ དགའ་བདེ་འཕྲུལ་གྱི་ཕོ་བྲང་ནས༔ ལྷ་ཆེན་ཚངས་པ་འཁོར་བཅས་བསྐུལ༔ གནམ་ལྕགས་མེ་འབར་ཕོ་བྲང་ནས༔ འཆི་བདག་གཤིན་རྗེ་འཁོར་བཅས་བསྐུལ༔ ཁྲག་མཚོ་རྦ་ཀློང་འཁྲིགས་པ་ནས༔ སྲིད་རྒྱལ་མ་མོ་འཁོར་བཅས་བསྐུལ༔ ནག་པོ་ལྕགས་ཀྱི་སྐུ་མཁར་ནས༔ བདུད་པོ་བསྐོས་རྗེ་འཁོར་བཅས་བསྐུལ༔ བྲག་དམར་ལྗོན་ཤིང་འདུས་པའི་ཚལ༔ བཙན་རྒྱལ་ཡམ་ཤུད་འཁོར་བཅས་བསྐུལ༔ གཙུག་ལག་འཕྲུལ་གྱི་ལྡིང་ཁང་ནས༔ རྒྱལ་པོ་པེ་ཧར་འཁོར་བཅས་བསྐུལ༔ རོ་ཐང་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ནག་པོ་འཁོར་བཅས་བསྐུལ༔ རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་ནས༔ ཀླུ་བདུད་ནག་པོ་འཁོར་བཅས་བསྐུལ༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ གཟའ་བདུད་ནག་པོ་འཁོར་བཅས་བསྐུལ༔ འོག་ཕྱོགས་ས་ཡི་དཀྱིལ་འཁོར་ནས༔ ས་བདག་འཁོར་ལོས་སྒྱུར་རྒྱལ་བསྐུལ༔ བཀའ་སྲུང་གཉན་པོ་ཁྱེད་རྣམས་ནི༔ དམ་ཚིག་དཔང་དུ་བཙུགས་ནས་བསྐུལ༔ ལོ་ཟླ་ཞག་ཏུ་མ་འགྱང་བར༔ སྐད་ཅིག་ཉིད་དུ་དམག་ལ་ཆོས༔ ནམ་མཁར་ཁྲག་སྤྲིན་སྡུད་ཅིང་སོང་༔ བར་སྣང་གློག་དམར་འཁྱུག་ཅིང་སོང་༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས༔ གཟའ་དང་སྐར་མ་ཐང་ལ་ཕོབས༔ འདྲེ་ངན་སྐད་ངན་སྒྲོག་ཅིང་སོང་༔ མོ་བདུད་འོ་དོད་འབོད་ཅིང་སོང་༔ ཕོ་བདུད་མཚོན་ཆར་འབེབ་ཅིང་སོང་༔ བྱ་རོག་ཤ་སྐད་སྒྲོག་ཅིང་སོང་༔ འུག་པ་ལྷག་ལྷག་དགོད་ཅིང་སོང་༔ སྤྲེལ་དམར་རོ་ཁུར་གྲོང་རྒྱུག་སོང་༔ སྤྱང་མོ་ངུ་འདུར་བྱེད་ཅིང་སོང་༔ ཝ་མོ་ཉིན་བརྒྱལ་བྱེད་ཅིང་སོང་༔ དུད་འགྲོས་མི་གཏམ་བྱེད་ཅིང་སོང་༔ རྣོ་བའི་མཚོན་ཆ་ཐོགས་ལ་སོང་༔ མགྱོགས་པའི་བང་ཆེན་ཞོན་ལ་སོང་༔ བཙན་པའི་གོ་ཁྲབ་གྱོན་ལ་སོང་༔ ཀུ་སྒྲ་ཆོ་སྒྲ་སྒྲོག་ཅིང་སོང་༔ ས་གཡོ་འོད་འཁྱུག་བྱེད་ཅིང་སོང་༔ མྱུར་མགྱོགས་སྟོབས་ཤུགས་ཕྱུང་ལ་སོང་༔ དྲག་རྔམས་བརྣག་པའི་ཡུས་ཀྱིས་སོང་༔ མངོན་སྤྱོད་མཐུ་དང་རྩལ་གྱིས་སོང་༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ལ་མ་འདའ་ཞིག༔ བསྐུལ་བའི་ལྷ་སྲུང་ཐུགས་མ་གཡེལ༔ རྦད་པའི་ལས་མཁན་ལས་མ་འགྱང་༔ མངགས་པའི་ཕོ་ཉ་རྩལ་མ་ཞན༔ མགྱོགས་པའི་ཞོན་པ་བང་མ་བུལ༔ བརྡེག་པའི་མཚོན་ཆ་ངར་མ་ཆུང་༔ གསོད་བྱེད་ཤན་པ་ལག་མ་སྡུམ༔ མཐུ་རྩལ་བདག་པོ་ད་རེམ་ཞིག༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྣང་སྲིད་གང་གནས་གར་ཡོད་ཀྱང་༔ མ་ཤོར་མ་བཏང་དམ་དུ་ཟུང་༔ བླ་སྲོག་དོན་སྙིང་སྤར་གྱིས་ཐོབས༔ ཁོང་ཁྲག་དམར་པོ་ཁ་ནས་དྲོངས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ དབང་པོ་མིག་འབྲས་ཐང་ལ་འཕོངས༔ མགོ་ཁོས་ཀླད་ཁྲག་ཞོ་ལྟར་རོལ༔ ནང་འཁྲུགས་མཚོན་གྱི་ཡོ་ལངས་ཐོབ༔ དགྲ་བོའི་ཕོ་རྣམས་གྲི་རུ་སོད༔ དགྲ་བོའི་མོ་རྣམས་གཟེར་གྱིས་སོད༔ དགྲ་བོའི་ཕྲུ་གུ་བརྒྱལ་ནས་སོད༔ དགྲ་བོའི་ཟས་ནོར་ཧབ་ཐོབ་ཀྱིས༔ དགྲ་མཁར་ཤིག་ལ་ལོ་ཐོག་ཆོམས༔ དབུལ་ཕོངས་འབྱོར་རྒུད་ཉེས་པ་ཐོབ༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱི༔ དོ་ནུབ་ཉིད་ནས་བརླག་པར་མཛོད༔ ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ བླ་རྐུན་ཇག་པ་ལས་ལ་ཁྱེས༔ བླ་འཁྱམས་ཟུངས་ལ་ལིང་གར་ཕོབས༔ བསད་ཅིང་བརླག་པའི་ལས་མཛོད་ཅིག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ མནའ་ཐོ་གཏའ་འོ་མནའ་མ་ཟ༔ དགྲ་བོའི་དཔུང་གཉེན་ལྷག་མེད་ཐོངས༔ འགོ་བའི་ལྷ་སྲུང་བདུད་དུ་ཕོབས༔ ཤ་ཟོ་ཁྲག་འཐུང་རུས་པ་མུར༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ མཐུ་ནུས་ཕྱིར་ལ་མ་ལྡོག་ཅིག༔ སྡུག་ཡུས་རང་ལ་མ་འདྲེན་ཅིག༔ དམ་ཚིག་ཇི་བཞིན་ཕྲིན་ལས་མཛོད༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག༔ དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཅེས་སྔགས་དེ་བརྒྱ་རེ་བརྗོད་ཅིང་༔ སྐྲ་གསིག་དར་གཡབ་ཐལ་མོ་བརྡབ་བོ༔ དེ་ཡི་ཚེ་གཞུང་བཞིན་དུ་གནོད་སྦྱིན་འཁོར་དང་བཅས་པས་སོད་རྒྱོབ་ཀྱི་སྒྲ་དང་བཅས་ཏེ་དགྲ་བོའི་ཡུལ་དུ་སོང་བར་བསམ༔ དགྲ་ལ་མཐུ་བྱེད་པའི་ཚེ་འདི་ལ་དུས་བཞིར་འབད་པར་བྱའོ༔ འདི་ནི་གནད་ཀྱི་ཡང་གཅེས་ཏེ༔ བསྒྲུབ་པའི་སྔགས་པ་དམ་ལྡན་གྱིས༔ ཉམས་སུ་བླངས་པས་དགྲ་སྒྲོལ་ཞིང་༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ གཞན་གྱིས་མི་ཐུབ་དྲག་ཤུལ་འཐོབ༔ བཀྲ་ཤིས་དབང་ལྡན་ནོར་ཡང་འཕེལ༔ བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ དབང་ཆེན་ཐུགས་ཀྱི་སྤྲུལ་པར་ཤར༔ དེ་བསྒྲུབ་ཟབ་མོའི་ལས་ཀྱི་ཆ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ ཁམས་ཡུལ་སྲིན་མོའི་རྫོང་དུ་སྦོས༔ བཀའ་སྲུང་རྡོ་རྗེ་ལེགས་པས་སྲུངས༔ ཕྱི་གཉེར་རྒྱལ་པོ་གཡུ་ཕྲེང་ཅན༔ དམ་ཉམས་ལག་ཏུ་མ་ཤོར་ཅིག༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྒྱལ་པོ་གཡུ་ཕྲེང་ཅན་གྱི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:43, 4 June 2024

Wylie title TTDL-ZABTER-08-NYA-060.pdf
Location bdud 'joms gling pa zab gter
Volume 8, Text 60, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་བསྐུལ་བ་རྡོ་རྗེའི་ཐོག་མདའ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༥༡༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ ལས་ཀ་མཐུ་ལ་བརྩོན་པའི་ཚེ༔ བསྐུལ་བ་རྡོ་རྗེའི་ཐོག་མདའ་དགོས༔ ལག་ཏུ་ལེན་པའི་རིམ་པ་ནི༔ དམར་གཏོར་ཤ་ཁྲག་གིས་བརྒྱན་ཅིང་༔ རཀྟས་བྲན་ཞིང་སྐྱེམས་བཅས་བཤམས༔ རང་གི་གདོང་ལ་ཁྲག་ཀྱང་བྱུག༔ སྐྲ་བཤིག་འཇིགས་པའི་ཆས་སུ་ཞུགས༔ ལྷ་ཡི་ང་རྒྱལ་བརྟན་པོས་འདི༔ ཧཱུྃ་ཛཿསྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷས༔ མི་མངོན་དབྱིངས་ནས་སྤྱན་གྱིས་གཟིགས༔ གསོན་ཅིག་དགོངས་ཤིག་དཔང་དགོངས་འཚལ༔ ཧྲཱིཿཀྵ༔ དབང་ཆེན་གསང་བའི་སྲས་མཆོག་དཔལ༔ གནོད་སྦྱིན་ཤན་པ་ཆེན་པོ་ཁྱོད༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཞིང་༔ ཞིང་བཅུའི་སྲོག་བདུད་ཤན་པ་རུ༔ དང་པོ་སྤྲུལ་ཞིང་བར་དམ་བཅས༔ ཐ་མ་དབང་བསྐུར་བྱིན་རླབས་ཐོབ༔ ཁྱོད་ཀྱི་དམ་ཚིག་དེ་ཡིན་ལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བརྒྱུད་ལྡན་བླ་མའི་རྗེས་སུ་ཞུགས༔ གདམས་པའི་མན་ངག་བརྒྱུད་པ་བཟུང་༔ སྐྱབས་སུ་དཀོན་མཆོག་གསུམ་པོ་ཁུར༔ གྲོགས་དང་དཔུང་དུ་ལྷ་ཁྱོད་བསྟེན༔ དང་པོ་དད་དམ་སྒོ་ནས་བསྟེན༔ བར་དུ་དཀའ་བ་དང་བླངས་བསྒྲུབ༔ ཐ་མ་བཀའ་དམ་ཁྲིམས་བཞིན་བསྐུལ༔ དེ་ལྟར་རྩེ་གཅིག་མཆོད་བསྙེན་ན༔ ལང་ཀའི་མི་སྲུན་ཕོ་མོ་ཡང་༔ ཕ་མ་སྲིང་བཞིན་བྱམས་བརྩེས་གདུང་༔ ལྷ་དང་སྲུང་མར་སྨོས་ཀྱང་ཅི༔ བསྙེན་བསྒྲུབ་དཀའ་སྤྱད་རྣལ་འབྱོར་ང་༔ བསླུའམ་མི་བསླུ་ཁྱོད་ཀྱིས་ཤེས༔ གལ་ཏེ་བསླུས་པར་གྱུར་ན་ནི༔ བདེན་པ་རྫུན་བསྒྱུར་བརྒྱུད་པ་བསླུས༔ བཀའ་དམ་ཁྲིམས་བཤིགས་བདག་ཡིད་བསད༔ རྡོ་རྗེ་དམྱལ་བར་ལྟུང་ཏ་རེ༔ དེ་བས་དམ་ཚིག་གཉན་ལ་འདུས༔ ང་ནི་མ་ཉེས་མ་ལེན་པར༔ དམ་ཉམས་དགྲ་བོས་དྲག་ཏུ་རྒོལ༔ བསམ་སྦྱོར་ངན་པའི་ལས་དབལ་བཏབ༔ སྲུང་མ་གཉན་པོ་མེད་དམ་ཅི༔ དྲག་རྩལ་མཐུ་ནུས་གང་དུ་མཆིས༔ ཛཿཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་དམར་ནག་ཡབ་ཡུམ་འཁོར༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ མ་གཡེལ་མ་འགྱངས་དགྲ་ལ་རྒྱུགས༔ ཤར་ཕྱོགས་སྟག་འདུ་ལྷ་ཁང་ནས༔ རྒྱལ་པོ་ཆེན་པོ་སྟག་གདོང་ཅན༔ དྲི་ཟའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ལྷོ་ཕྱོགས་འུབ་ཆུམ་བྲག་རི་ནས༔ གཤིན་རྗེའི་རྒྱལ་པོ་གཟིག་གདོང་ཅན༔ འཆི་བདག་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ནུབ་ཕྱོགས་བྲག་དམར་ཁྱུང་ཚང་ནས༔ བཙན་རྒྱལ་ཆེན་པོ་དོམ་གྱི་གདོང་༔ ཆུ་ལྷའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ བྱང་ཕྱོགས་བྲག་ནག་མུ་ལའི་ཚལ༔ བདུད་རྒྱལ་ཆེན་པོ་འབྲོང་གི་གདོང་༔ གནོད་སྦྱིན་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ཤར་ལྷོ་ཕུང་བྱའི་གྲོང་ཁྱེར་ནས༔ སྲིན་རྒྱལ་ཆེན་པོ་ནེ་ཙོའི་གདོང་༔ གྲུལ་བུམ་དམག་དང་དཔུང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ལྷོ་ནུབ་རོལ་གཏིང་མཚོ་ནག་ནས༔ ལྷ་མོ་ཆེན་པོ་རྨ་བྱའི་གདོང་༔ སྲིན་པོའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ ནུབ་བྱང་ཡངས་པ་རིམ་ལུང་ནས༔ གཟའ་བདུད་རྒྱལ་པོ་ཤང་ཤང་གདོང་༔ རླུང་ལྷའི་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ བྱང་ཤར་གཏིང་ལོ་མཚོ་ཡི་གནས༔ ཀླུ་བདུད་རྒྱལ་པོ་ཉ་མོའི་གདོང་༔ དབང་ལྡན་དམག་དཔུང་དང་བཅས་བསྐུལ༔ མ་འགྱང་དགྲ་ལ་དྲག་ཏུ་རྒྱུགས༔ དགའ་བདེ་འཕྲུལ་གྱི་ཕོ་བྲང་ནས༔ ལྷ་ཆེན་ཚངས་པ་འཁོར་བཅས་བསྐུལ༔ གནམ་ལྕགས་མེ་འབར་ཕོ་བྲང་ནས༔ འཆི་བདག་གཤིན་རྗེ་འཁོར་བཅས་བསྐུལ༔ ཁྲག་མཚོ་རྦ་ཀློང་འཁྲིགས་པ་ནས༔ སྲིད་རྒྱལ་མ་མོ་འཁོར་བཅས་བསྐུལ༔ ནག་པོ་ལྕགས་ཀྱི་སྐུ་མཁར་ནས༔ བདུད་པོ་བསྐོས་རྗེ་འཁོར་བཅས་བསྐུལ༔ བྲག་དམར་ལྗོན་ཤིང་འདུས་པའི་ཚལ༔ བཙན་རྒྱལ་ཡམ་ཤུད་འཁོར་བཅས་བསྐུལ༔ གཙུག་ལག་འཕྲུལ་གྱི་ལྡིང་ཁང་ནས༔ རྒྱལ་པོ་པེ་ཧར་འཁོར་བཅས་བསྐུལ༔ རོ་ཐང་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ནག་པོ་འཁོར་བཅས་བསྐུལ༔ རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་ནས༔ ཀླུ་བདུད་ནག་པོ་འཁོར་བཅས་བསྐུལ༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ གཟའ་བདུད་ནག་པོ་འཁོར་བཅས་བསྐུལ༔ འོག་ཕྱོགས་ས་ཡི་དཀྱིལ་འཁོར་ནས༔ ས་བདག་འཁོར་ལོས་སྒྱུར་རྒྱལ་བསྐུལ༔ བཀའ་སྲུང་གཉན་པོ་ཁྱེད་རྣམས་ནི༔ དམ་ཚིག་དཔང་དུ་བཙུགས་ནས་བསྐུལ༔ ལོ་ཟླ་ཞག་ཏུ་མ་འགྱང་བར༔ སྐད་ཅིག་ཉིད་དུ་དམག་ལ་ཆོས༔ ནམ་མཁར་ཁྲག་སྤྲིན་སྡུད་ཅིང་སོང་༔ བར་སྣང་གློག་དམར་འཁྱུག་ཅིང་སོང་༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས༔ གཟའ་དང་སྐར་མ་ཐང་ལ་ཕོབས༔ འདྲེ་ངན་སྐད་ངན་སྒྲོག་ཅིང་སོང་༔ མོ་བདུད་འོ་དོད་འབོད་ཅིང་སོང་༔ ཕོ་བདུད་མཚོན་ཆར་འབེབ་ཅིང་སོང་༔ བྱ་རོག་ཤ་སྐད་སྒྲོག་ཅིང་སོང་༔ འུག་པ་ལྷག་ལྷག་དགོད་ཅིང་སོང་༔ སྤྲེལ་དམར་རོ་ཁུར་གྲོང་རྒྱུག་སོང་༔ སྤྱང་མོ་ངུ་འདུར་བྱེད་ཅིང་སོང་༔ ཝ་མོ་ཉིན་བརྒྱལ་བྱེད་ཅིང་སོང་༔ དུད་འགྲོས་མི་གཏམ་བྱེད་ཅིང་སོང་༔ རྣོ་བའི་མཚོན་ཆ་ཐོགས་ལ་སོང་༔ མགྱོགས་པའི་བང་ཆེན་ཞོན་ལ་སོང་༔ བཙན་པའི་གོ་ཁྲབ་གྱོན་ལ་སོང་༔ ཀུ་སྒྲ་ཆོ་སྒྲ་སྒྲོག་ཅིང་སོང་༔ ས་གཡོ་འོད་འཁྱུག་བྱེད་ཅིང་སོང་༔ མྱུར་མགྱོགས་སྟོབས་ཤུགས་ཕྱུང་ལ་སོང་༔ དྲག་རྔམས་བརྣག་པའི་ཡུས་ཀྱིས་སོང་༔ མངོན་སྤྱོད་མཐུ་དང་རྩལ་གྱིས་སོང་༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ དམ་ཅན་དམ་ལ་མ་འདའ་ཞིག༔ བསྐུལ་བའི་ལྷ་སྲུང་ཐུགས་མ་གཡེལ༔ རྦད་པའི་ལས་མཁན་ལས་མ་འགྱང་༔ མངགས་པའི་ཕོ་ཉ་རྩལ་མ་ཞན༔ མགྱོགས་པའི་ཞོན་པ་བང་མ་བུལ༔ བརྡེག་པའི་མཚོན་ཆ་ངར་མ་ཆུང་༔ གསོད་བྱེད་ཤན་པ་ལག་མ་སྡུམ༔ མཐུ་རྩལ་བདག་པོ་ད་རེམ་ཞིག༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྣང་སྲིད་གང་གནས་གར་ཡོད་ཀྱང་༔ མ་ཤོར་མ་བཏང་དམ་དུ་ཟུང་༔ བླ་སྲོག་དོན་སྙིང་སྤར་གྱིས་ཐོབས༔ ཁོང་ཁྲག་དམར་པོ་ཁ་ནས་དྲོངས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ དབང་པོ་མིག་འབྲས་ཐང་ལ་འཕོངས༔ མགོ་ཁོས་ཀླད་ཁྲག་ཞོ་ལྟར་རོལ༔ ནང་འཁྲུགས་མཚོན་གྱི་ཡོ་ལངས་ཐོབ༔ དགྲ་བོའི་ཕོ་རྣམས་གྲི་རུ་སོད༔ དགྲ་བོའི་མོ་རྣམས་གཟེར་གྱིས་སོད༔ དགྲ་བོའི་ཕྲུ་གུ་བརྒྱལ་ནས་སོད༔ དགྲ་བོའི་ཟས་ནོར་ཧབ་ཐོབ་ཀྱིས༔ དགྲ་མཁར་ཤིག་ལ་ལོ་ཐོག་ཆོམས༔ དབུལ་ཕོངས་འབྱོར་རྒུད་ཉེས་པ་ཐོབ༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱི༔ དོ་ནུབ་ཉིད་ནས་བརླག་པར་མཛོད༔ ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ བླ་རྐུན་ཇག་པ་ལས་ལ་ཁྱེས༔ བླ་འཁྱམས་ཟུངས་ལ་ལིང་གར་ཕོབས༔ བསད་ཅིང་བརླག་པའི་ལས་མཛོད་ཅིག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ མནའ་ཐོ་གཏའ་འོ་མནའ་མ་ཟ༔ དགྲ་བོའི་དཔུང་གཉེན་ལྷག་མེད་ཐོངས༔ འགོ་བའི་ལྷ་སྲུང་བདུད་དུ་ཕོབས༔ ཤ་ཟོ་ཁྲག་འཐུང་རུས་པ་མུར༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ མཐུ་ནུས་ཕྱིར་ལ་མ་ལྡོག་ཅིག༔ སྡུག་ཡུས་རང་ལ་མ་འདྲེན་ཅིག༔ དམ་ཚིག་ཇི་བཞིན་ཕྲིན་ལས་མཛོད༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག༔ དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཅེས་སྔགས་དེ་བརྒྱ་རེ་བརྗོད་ཅིང་༔ སྐྲ་གསིག་དར་གཡབ་ཐལ་མོ་བརྡབ་བོ༔ དེ་ཡི་ཚེ་གཞུང་བཞིན་དུ་གནོད་སྦྱིན་འཁོར་དང་བཅས་པས་སོད་རྒྱོབ་ཀྱི་སྒྲ་དང་བཅས་ཏེ་དགྲ་བོའི་ཡུལ་དུ་སོང་བར་བསམ༔ དགྲ་ལ་མཐུ་བྱེད་པའི་ཚེ་འདི་ལ་དུས་བཞིར་འབད་པར་བྱའོ༔ འདི་ནི་གནད་ཀྱི་ཡང་གཅེས་ཏེ༔ བསྒྲུབ་པའི་སྔགས་པ་དམ་ལྡན་གྱིས༔ ཉམས་སུ་བླངས་པས་དགྲ་སྒྲོལ་ཞིང་༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ གཞན་གྱིས་མི་ཐུབ་དྲག་ཤུལ་འཐོབ༔ བཀྲ་ཤིས་དབང་ལྡན་ནོར་ཡང་འཕེལ༔ བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ དབང་ཆེན་ཐུགས་ཀྱི་སྤྲུལ་པར་ཤར༔ དེ་བསྒྲུབ་ཟབ་མོའི་ལས་ཀྱི་ཆ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ ཁམས་ཡུལ་སྲིན་མོའི་རྫོང་དུ་སྦོས༔ བཀའ་སྲུང་རྡོ་རྗེ་ལེགས་པས་སྲུངས༔ ཕྱི་གཉེར་རྒྱལ་པོ་གཡུ་ཕྲེང་ཅན༔ དམ་ཉམས་ལག་ཏུ་མ་ཤོར་ཅིག༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྒྱལ་པོ་གཡུ་ཕྲེང་ཅན་གྱི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།