DJYD-KABUM-23-A-027: Difference between revisions
m Text replacement - "༴" to "༴ " |
m Text replacement - "\{\{TibChung\|\s*(\[?\d+[ab]\]?)\s*\}\}" to "{{FolioNumber|$1}}" |
||
| (2 intermediate revisions by the same user not shown) | |||
| Line 5: | Line 5: | ||
|fulltitle=dag snang tshig bdun bla sgrub dngos grub snying po'i phrin las khrigs su bsdebs pa byin rlabs dod 'jo | |fulltitle=dag snang tshig bdun bla sgrub dngos grub snying po'i phrin las khrigs su bsdebs pa byin rlabs dod 'jo | ||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Dag snang tshig bdun bla sgrub dngos grub snying po'i phrin las khrigs su bsdebs pa byin rlabs dod 'jo''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 23: 491-503. Kalimpong: Dupjung Lama, 1979-1985. | |citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Dag snang tshig bdun bla sgrub dngos grub snying po'i phrin las khrigs su bsdebs pa byin rlabs dod 'jo''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 23: 491-503. Kalimpong: Dupjung Lama, 1979-1985. | ||
|collectiontitletib= | |collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ། | ||
|collectiontitle=bdud 'joms rin po che bka' 'bum | |collectiontitle=bdud 'joms rin po che'i bka' 'bum | ||
|author=Dudjom Rinpoche | |author=Dudjom Rinpoche | ||
|sourcerevealer=pad rgyal gling pa | |sourcerevealer=pad rgyal gling pa | ||
| Line 40: | Line 40: | ||
༄༅། །ཨོཾ་སྭསྟི། {{TibChung|དག་སྣང་ཚིག་བདུན་བླ་སྒྲུབ་ཉམས་སུ་ལེན་པར་འདོད་པས། དབེན་ཅིང་གཙང་བའི་གནས་སུ་བྱིན་རླབས་ཅན་གྱི་སྐུ་ཚབས་སོགས་བཞུགས་སུ་གསོལ་བའི་སྤྱན་སྔར་གཏོར་མ་རིན་ཆེན་འབར་བ་སོགས་ཕྱི་ནང་གི་མཆོད་ཚོགས་ཅི་འབྱོར་བ་ལེགས་པར་བཤམས་ལ། བདེ་བའི་སྟན་ལ་འཁོད་དེ་སྦྱོར་བའི་ཆོས་ལས། ཐོག་མར་སྐྱབས་འགྲོ་ནི།}} རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་མདུན་གྱི་ནམ་མཁར་གུ་རུ་ཡིད་བཞིན་ནོར་བུ་སྐྱབས་གནས་རྒྱ་མཚོའི་ངོ་བོར་བཞུགས་པར་{{TibChung|མོས་ལ།}} ན་མོ། སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །རྩ་བའི་བླ་མ་པདྨ་འབྱུང་། །ཁྱོད་ལ་བདག་ནི་བྱང་ཆུབ་བར། ། {{ | ༄༅། །ཨོཾ་སྭསྟི། {{TibChung|དག་སྣང་ཚིག་བདུན་བླ་སྒྲུབ་ཉམས་སུ་ལེན་པར་འདོད་པས། དབེན་ཅིང་གཙང་བའི་གནས་སུ་བྱིན་རླབས་ཅན་གྱི་སྐུ་ཚབས་སོགས་བཞུགས་སུ་གསོལ་བའི་སྤྱན་སྔར་གཏོར་མ་རིན་ཆེན་འབར་བ་སོགས་ཕྱི་ནང་གི་མཆོད་ཚོགས་ཅི་འབྱོར་བ་ལེགས་པར་བཤམས་ལ། བདེ་བའི་སྟན་ལ་འཁོད་དེ་སྦྱོར་བའི་ཆོས་ལས། ཐོག་མར་སྐྱབས་འགྲོ་ནི།}} རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་མདུན་གྱི་ནམ་མཁར་གུ་རུ་ཡིད་བཞིན་ནོར་བུ་སྐྱབས་གནས་རྒྱ་མཚོའི་ངོ་བོར་བཞུགས་པར་{{TibChung|མོས་ལ།}} ན་མོ། སྐྱབས་ཀུན་འདུས་པའི་ངོ་བོ་ཉིད། །རྩ་བའི་བླ་མ་པདྨ་འབྱུང་། །ཁྱོད་ལ་བདག་ནི་བྱང་ཆུབ་བར། ། {{FolioNumber|[2a]}} རྩེ་གཅིག་གུས་པས་སྐྱབས་སུ་མཆི། །{{TibChung|ལན་གསུམ། སེམས་བསྐྱེད་ནི།}} ཀྱེ་ཧོཿ མཐའ་མེད་འཁོར་བའི་སེམས་ཅན་རྣམས། །བླ་མ་ཁྱེད་ཀྱི་གོ་འཕང་དུ། །སྨོན་དང་འཇུག་པའི་སེམས་བསྐྱེད་དེ། །མྱུར་དུ་བསྒྲལ་བར་དམ་བཅའོ། །{{TibChung|ལན་གསུམ། ཚོགས་བསགས་ནི།}} ཧོཿ བླ་མ་རིག་འཛིན་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་སྨིན་གྲོལ་གྱི། །ཆོས་འཁོར་བསྐོར་བཞིན་བཞུགས་གསོལ་འདེབས། །དགེ་ཚོགས་ལ་བརྟེན་སངས་རྒྱས་ཤོག །ཛཿཧཱུྃ་བྃ་ཧོཿ {{TibChung|ས། {{FolioNumber|[2b]}} ཚོགས་ཞིང་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། བགེགས་བསྐྲད་པ་ནི།}} རང་ཉིད་སྐད་ཅིག་གིས་དབང་ཆེན་འབར་བའི་སྐུར་གྱུར། གཏོར་མ། རྃ་ཁྃ་ཡྃ། ཨོཾ་ཨཱཿཧཱུྃ་ཧོཿ {{TibChung|ས་བྱིན་བརླབ།}} སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་མགྲོན་བཀུག །}} སརྦ་བིཾགྷྣཱན་བ་ལིཾ་ཏ་ཁཱ་ཧི། {{TibChung|ལན་གསུམ་གྱིས་བསྔོས་ལ།}} ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚེགས༔ སྦྱིན་པའི་ཟས་ཟོ་བདེན་པའི་བཀའ་ལ་ཉོན༔ སོ་སོ་རང་རང་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན༔ ལུས་ངག་ཡིད་གསུམ་རྡོ་རྗེས་གཞོམ་པར་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ་ཨུཙྪ་ཊ་ཡ་ཕཊ༔ {{TibChung|མཚམས་བཅད་པ་ནི།}} ཨཿ སྣང་སྲིད་འཁོར་འདས་ཉག་གཅིག་སེམས་ཀྱི་ཀློང་༔ བློ་འདས་མཐའ་བྲལ་ཡེ་ཤེས་དཀྱིལ་འཁོར་ལ༔ གཉིས་འཛིན་བགེགས་ཀྱི་བར་ཆད་ག་ལ་སྲིད༔ མ་བཅོས་ཆོས་དབྱིངས་ཀློང་དུ་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་ཛྭ་ལ་རྃ༔ {{TibChung|མཆོད་རྫས་བརླབ་པ་ནི།}} སྣོད་བཅུད་སྣང་སྲིད་པདྨ་འོད༔ རབ་འབྱམས་མཆོད་སྤྲིན་འཕྲོ་བའོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བཛྲ་སྥ་ར་ཎ་ཁཾ༔ {{TibChung|དངོས་གཞི་ལྷ་བསྐྱེད་པ་ནི།}} ཨེ༔ ཆོས་རྣམས་ཐམས་ཅད་གདོད་མ་ནས༔ {{FolioNumber|[3a]}} མ་བཅོས་ཀུན་ཁྱབ་བདེ་བ་ཆེ༔ གཟུང་བའི་ཡུལ་སྣང་རྣམ་པར་དག༔ རང་སྣང་བདེ་ཆེན་ཞིང་ཁམས་སུ༔ བཀོད་པ་ལྷུན་གྲུབ་གཞལ་མེད་ཁང་༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས༔ མཚོ་སྐྱེས་གེ་སར་བཞད་པའི་སྟེང་༔ འཇའ་འོད་ཐིག་ལེ་འཁྱིལ་བའི་ཀློང་༔ ཧཱུྃ་ཡིག་འཕྲོ་འདུས་ཡོངས་གྱུར་པ༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་པདྨ་ཐོད་ཕྲེང་སྐུ༔ དམར་ནག་ཁྲོ་རྒྱལ་ལངྐའི་ཆས༔ ཁ་ཊྭཱྃ་དང་ནི་ཐོད་ཁྲག་འཛིན༔ ཞབས་ཟུང་འདོར་སྟབས་རུ་དྲ་གནོན། །འཇའ་འོད་ཐོག་ཕྲན་མེ་དཔུང་འབར༔ ཐུགས་ཀར་འོད་ཀྱི་གུར་ཆེན་དབུས༔ བླ་མ་རིག་འཛིན་པདྨ་འབྱུང་༔ དཀར་དམར་ལང་ཚོས་མཛེས་པའི་སྐུ༔ རྡོ་རྗེ་ཐོད་པ་ཚེ་བུམ་བསྣམས༔ གཅེར་བུ་རུས་པའི་རྒྱན་དྲུག་གསོལ༔ མཚོ་རྒྱལ་ཡུམ་དང་གཉིས་མེད་སྦྱོར༔ བདེ་དྲོད་ཡེ་ཤེས་མེ་དཔུང་འབར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། །{{TibChung|སྤྱན་འདྲེན་པ་ནི།}} ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ {{FolioNumber|[3b]}} པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛཿཛཿ {{TibChung|བཞུགས་གསོལ་ནི།}} ཧྲཱིཿ རིན་ཆེན་ཕོ་བྲང་མཛེས་པ་འདི། །བཞུགས་པའི་གནས་སུ་དང་རེ་སྤྲོད། །བླ་མ་རིག་འཛིན་ཀུན་འདུས་ལྷ། །བྱིན་གྱིས་བརླབ་ཕྱིར་དགྱེས་བཞུགས་འཚལ། །ས་མ་ཡ་ཏིཥྚ་ལྷན། {{TibChung|ཕྱག་འཚལ་ནི།}} ན་མོ། སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ། །གུ་རུ་ཡིད་བཞིན་ནོར་བུ་ལ། །རྩེ་གཅིག་གུས་པས་ཕྱག་བགྱིའོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ {{TibChung|མཆོད་པ་ནི།}} ཧྲཱིཿ བླ་མ་རིགས་འདུས་ལྷ་ཚོགས་ལ། །དངོས་དང་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བའི་མཆོད་ཚོགས་འབལ། །དགྱེས་པས་དགོངས་ཏེ་བཞེས་སུ་གསོལ། །མ་ཧཱ་སརྦ་པཱུ་ཛ་ཧོཿ {{TibChung|བསྟོད་པ་ནི།}} ཧཱུྃ་ཧྲཱིཿ མ་ {{FolioNumber|[4a]}} བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་མཆོག་ལ་ཕྱག་འཚལ་བསྟོད། {{TibChung|བཟླས་པས་བསྙེན་པ་ནི།}} སྙིང་གའི་རིག་འཛིན་བླ་མ་ཡི༔ ཐུགས་ཀར་འོད་ལྔའི་ཐིག་ཀློང་དུ༔ ཉི་ཟླའི་གའུ་ཁ་སྦྱོར་སྦུབས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧཱུྃ་ཡིག་དཀར་དམར་མདངས༔ མཐའ་སྐོར་རྡོ་རྗེའི་ཚིག་རྐང་བདུན༔ ལུ་གུ་རྒྱུད་དུ་འཁོར་བ་ལས༔ འོད་ཟེར་དཔག་མེད་འཕྲོས་པ་ཡིས༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་༔ པདྨ་འོད་ཀྱི་གཞལ་ཡས་ནས༔ གུ་རུ་པདྨ་འབྱུང་གནས་ཀྱི༔ སྐུ་དང་ཡིག་འབྲུ་ཕྱག་མཚན་ཚོགས༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རང་ཉིད་ལྷ་ཡི་གནས་ལྔ་རུ༔ ཆུ་ཉིད་ལ་ནི་ཆར་བབས་བཞིན༔ རྒྱུན་ཆད་མེད་པས་སིབ་སིབ་ཐིམ༔ དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར༔ {{TibChung|ཅེས་དམིགས་ལ།}} ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་ {{FolioNumber|[4b]}} འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ {{TibChung|ཞེས་བསྙེན་སྒྲུབ་ཆིག་དྲིལ་ཅི་འགྲུབ་བཟླ། མཐར་ལས་སྦྱོར་ནི།}} སླར་ཡང་ཐུགས་ལས་འོད་ཟེར་ནི༔ དཀར་སེར་དམར་ལྗང་རིམ་བཞིན་འཕྲོས༔ བརྟན་གཡོ་སྣོད་བཅུད་ཀུན་ལ་ཕོག༔ ནད་གདོན་འཇིགས་བརྒྱད་ལྷག་མེད་བཅོམ༔ ཚེ་བསོད་དཔལ་འབྱོར་ཟླ་བཞིན་རྒྱས༔ འཁོར་འདས་མོས་བཞིས་དབང་དུ་བསྡུས༔ དགྲ་བགེགས་དུག་ལྔ་ཐལ་བར་བརླག༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་གྱུར༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི༴ {{TibChung|སོགས}} བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བྷྲཱུཾ་ཧྲཱིཿཧཱུྃ་ཕཊ༔ {{TibChung|ཅེས་བསྙེན་པའི་འགྲོས་དང་སྦྱར་ཏེ་བཟླ་ཞིང་། གཞན་ཡང་གཏེར་སྒྲུབ། ཚེ་སྒྲུབ། ནོར་སྒྲུབ་སོགས་གང་བྱ་བར་འདོད་ན་ཡང་རྩ་གཞུང་བཞིན་འདིར་སྦྱར་རོ། །ཚོགས་མཆོད་འབུལ་བར་སྤྲོ་ན། ཚོགས་རྫས་བཤམས་པ་བྲན་ལ།}} ཧཱུྃ། བདག་ཉིད་ཐུགས་ལས་རྃ་ཡྃ་ཁྃ། །འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་ཀྱི། ། {{FolioNumber|[5a]}} ཡེ་ཤེས་བདུད་རྩིའི་ཕུང་པོར་གྱུར། །{{TibChung|ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི།}} ཧཱུྃ༔ ཨོ་རྒྱན་ཡུལ་གྱི༴ {{TibChung|སོགས་ཚིག་བདུན་མཐར།}} ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོར་བཞེས་ནས་ཀྱང་། །རྗེས་འཇུག་རྣལ་འབྱོར་མཆེད་ལྕམ་རྣམས། །རྗེས་སུ་འཛིན་པའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མཎྜལ་ས་པ་རི་ཝཱ་ར་མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། {{TibChung|བར་པ་བཤགས་པ་ནི།}} ཧོཿ བདག་ཅག་མ་རིག་ལུས་ངག་སེམས། །བྱང་ཆུབ་ལམ་ལས་འགལ་བ་ཀུན། །མ་ཧཱ་གུ་རུའི་སྤྱན་སྔར་བཤགས། །ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །{{TibChung|ཡིག་བརྒྱ་བརྗོད། བསྐང་བ་ནི།}} ཧཱུྃ༔ ཨོ་རྒྱན་ཡུལ་གྱི་{{TibChung|སོགས།}} བླ་མ་ཨོ་རྒྱན་ཆེན་པོ་ཡི། །སྐུ་དང་ཞིང་ཁམས་མ་ལུས་པ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་བསྐང་། །བསྐང་འགྱུར་དབང་དང་དངོས་གྲུབ་སྩོལ། །{{TibChung|ཐ་མ་བསྒྲལ་བསྟབ་ནི།}} ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བྃ་ཧོཿ ཧཱུྃ། དབང་དྲག་ཁྲོས་པ་འབར་བའི་མཚོན། །གཟིར་ཅིག་བསྟན་དགྲའི་སྙིང་རྩ་ལ། །ཕྱི་ནང་གསང་བའི་བར་ཆད་རྣམས། །ཆོས་ཀྱི་དབྱིངས་སུ་བསྒྲལ་བྱས་ཏེ། ། {{FolioNumber|[5b]}} རྣམ་རྟོག་དུག་ལྔ་དུག་གསུམ་ཀུན། ཡེ་ཤེས་དབྱིངས་སུ་བསྟབ་པར་བྱ། །སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཁ་ཁ་ཁཱ་ཧི། {{TibChung|དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་ལོངས་སྤྱད། ལྷག་མ་བསྔོ་བ་ནི།}} ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃ། དུས་གསུམ་སངས་རྒྱས་པད་འབྱུང་གི། །དཀྱིལ་འཁོར་ཕྱི་ཐུལ་ལྷག་བདག་ཚོགས། །འདིར་གཤེགས་ཚོགས་ལྷག་འདི་བཞེས་ལ། །གང་བཅོལ་ལས་ཀུན་ཐོགས་མེད་སྒྲུབས། །ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ {{TibChung|རྗེས་དབང་བླང་བ་ནི།}} སྙིང་གའི་བླ་མ་དབུ་མའི་ལམ་བརྒྱུད་དེ། །མདུན་མཁར་འོད་ལྔའི་དྲྭ་བ་འཁྲིགས་པའི་ཀློང་། །དགྱེས་པས་དགོངས་ཏེ་མངོན་སུམ་བཞུགས་པར་གྱུར། །{{TibChung|ཚིག་བདུན་མ་དང་ཐོད་ཕྲེང་རྩལ་གྱི་ཛཔྲ་དབྱངས་ཅི་འགྲུབ་བཟླས་པས་ཐུགས་རྒྱུད་བསྐུལ་ལ།}} བླ་མ་ཨོ་རྒྱན་ཆེན་པོ་ཡི༔ སྐུ་ཡི་འོད་ཟེར་ཨོཾ་ཡིག་དཀར༔ འཕྲོས་ཏེ་དཔྲལ་བའི་ཨོཾ་ལ་ཐིམ། །ལུས་ཀྱི་སྒྲིབ་པ་ཡོངས་སུ་སྦྱངས༔ བུམ་པ་སྐུ་ཡི་དབང་ཐོབ་སྟེ༔ འབྲས་བུ་སྤྲུལ་པའི་སྐུ་རུ་སྨིན༔ ཀཱ་ཡ་སིདྡྷི་ཨོཾ༔ བླ་མ་ཨོ་རྒྱན་ཆེན་པོ་ཡི༔ གསུང་གི་འོད་ཟེར་ཨཱཿཡིག་དམར༔ འཕྲོས་ཏེ་མགྲིན་པའི་ཨཱཿལ་ཐིམ༔ ངག་གི་སྒྲིབ་ {{FolioNumber|[6a]}} པ་ཡོངས་སུ་སྦྱངས༔ གསང་བ་གསུང་གི་དབང་ཐོབ་སྟེ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུར་སྨིན༔ ཝཱ་ཀ་སིདྡྷི་ཨཱཿ བླ་མ་ཨོ་རྒྱན་ཆེན་པོ་ཡི༔ ཐུགས་ཀྱི་འོད་ཟེར་ཧཱུྃ་ཡིག་མཐིང༔ འཕྲོས་ཏེ་སྙིང་གའི་ཧཱུྃ་ལ་ཐིམ༔ ཡིད་ཀྱི་སྒྲིབ་པ་ཡོངས་སུ་སྦྱངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་སྟེ༔ འབྲས་བུ་ཆོས་ཀྱི་སུ་རུ་སྨིན༔ ཙིཏྟ་སིདྡྷི་ཧཱུྃ༔ བླ་མ་ཨོ་རྒྱན་ཆེན་པོ་ཡི༔ སྐུ་ཡི་ཆ་རྣམས་ཐམས་ཅད་ནས༔ འོད་ཟེར་ཁ་དོག་སྣ་ལྔའི་འཕྲོས༔ རང་གི་གནས་ལྔར་ཐིམ་པ་ཡིས༔ བསགས་པ་ཆ་སྙོམས་སྒྲིབ་པ་སྦྱངས༔ ཀ་དག་ཚིག་དབང་རིན་ཆེན་ཐོབ༔ འབྲས་བུ་ངོ་བོ་ཉིད་སྐུར་སྨིན༔ སརྦ་སིདྡྷི་ཧྲཱིཿ བླ་མ་དགྱེས་པའི་གར་གྱིས་སྤྱི་བོར་བྱོན། །དབུ་མའི་ལམ་བརྒྱུད་སྙིང་དབུས་བཞུགས་པར་གྱུར། །{{TibChung|བསྡུ་ལྡང་ནི།}} སྣོད་བཅུད་ལྷ་སྔགས་རིམ་གྱིས་འོད་དུ་ཞུ༔ རང་ཐིམ་རང་ཡང་སྙིང་གའི་བླ་མར་ཐིམ༔ བླ་མ་འོད་ཞུ་ཐུགས་སྲོག་ཧཱུྃ་ཡིག་བར༔ རིམ་གྱིས་འདུས་ཏེ་ཧཱུྃ་ཡང་ནཱ་དར་ཡལ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས་པའི་དོན༔ སེམས་ཉིད་འགྱུར་མེད་ཀ་དག་ཟང་ཐལ་ཆེ༔ {{FolioNumber|[6b]}} མ་བཅོས་ཐ་མལ་ཤེས་རིག་ས་ལེ་བ༔ འདི་ཡིན་འདི་མིན་སྨྲ་བའི་ཡུལ་ལས་འདས༔ རིག་སྟོང་འགྱུར་མེད་ཆོས་སྐུའི་རྒྱལ་ས་ཟིན༔ ཨ་ཨ་ཨ༔ དེ་ཡི་ངང་ལས་ལྷ་སྔགས་དབྱིངས་སུ་གསལ༔ སྣང་སྟོང་སྒྱུ་མ་ཙམ་དུ་ཆས་རྣམས་ཀུན༔ བདེན་གཉིས་ཟུང་འཇུག་ངང་དུ་སྤྱོད་ལམ་རྣམས༔ རྒྱུན་དུ་འགྲོ་བའི་དོན་དང་བྲལ་མི་བྱ༔ {{TibChung|བསྔོ་སྨོན་ནི།}} ཧཱུྃ། བླ་མ་ཨོ་རྒྱན་ཆེན་པོ་ཡི། །གོ་འཕང་མྱུར་དུ་འཐོབ་བྱའི་ཕྱིར། །དུས་གསུམ་དགེ་ཚོགས་ཇི་སྙེད་ཀུན། །མཁའ་ཁྱབ་འགྲོ་བའི་རྒྱུད་ལ་བསྔོ། །བླ་མ་ཨོ་རྒྱན་པདྨ་འབྱུང་། །བདག་གིས་མྱུར་དུ་འགྲུབ་གྱུར་ནས། །མཐའ་མེད་འཁོར་བའི་སེམས་ཅན་ཀུན། །དེ་ཡི་ས་ལ་འགོད་པར་ཤོག །{{TibChung|བཀྲ་ཤིས་ནི།}} ཨོཾ། བླ་མ་ཨོ་རྒྱན་ཆེན་པོ་ཡི། །སྐུ་གསུང་ཐུགས་དང་དབྱེར་མེད་པར། །ཆོས་ཀྱི་དབྱིངས་སུ་མངོན་སངས་རྒྱས། །འཁོར་བ་དོང་སྤྲུགས་བཀྲ་ཤིས་ཤོག །ཨོ་རྒྱན་བླ་མའི་ཐུགས་བསྐྱེད་བཞིན། །བསྐལ་པ་དུས་མཐའི་སེམས་ཅན་ཀུན། །སྣ་ཚོགས་ཐབས་ཀྱིས་བསྒྲལ་ཕྱིར་དུ། །མཛད་ཕྲིན་རྒྱས་པའི་བཀྲ་ཤིས་ཤོག །དེང་བཟུང་བླ་མེད་བྱང་ཆུབ་ {{FolioNumber|[7a]}} བར། །བླ་མ་མཆེད་དང་ལྕམ་དྲལ་བཅས། །སྐད་ཅིག་ཙམ་ཡང་མི་འབྲལ་བར། །དམ་ཚིག་མཐར་ཕྱིན་བཀྲ་ཤིས་ཤོག །སྐྱེ་དང་ཚེ་རབས་ཀུན་ཏུ་ཡང་། །རྩ་བའི་བླ་མ་པདྨ་འབྱུང་། །རངསེམས་ཆོས་སྐུའི་ཀློང་ཡངས་ངང་། །གཉིས་སུ་མེད་པའི་བཀྲ་ཤིས་ཤོག ། {{TibChung|ཅེས་མེ་ཏོག་གི་ཆར་དབབ་པས་བདེ་ལེགས་སུ་བྱའོ། །ཞེས་གཏེར་འབྱིན་སྤྲུལ་སྐུ་པད་རྒྱལ་གླིང་པའི་དག་སྣང་གི་ཆོས་སྡེ་ཚིག་བདུན་བླ་སྒྲུབ་ཀྱི་ཕྲིན་ལས་འདི་ནི། ཉིད་ཀྱི་གཏེར་གྲོགས་སྐལ་བཟང་ལྷ་མོ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་བུ་ཆུ་རིག་འཛིན་དགའ་ཚལ་གྱི་བསྟི་གནས་སུ་ངག་ཁྲིགས་འཇུག་བདེར་བསྡེབས་པ་སིདྡྷི་རསྟུ༎ །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 17:46, 24 February 2026
| Wylie title | dag snang tshig bdun bla sgrub dngos grub snying po'i phrin las khrigs su bsdebs pa byin rlabs dod 'jo | |
|---|---|---|
| Location | bdud 'joms rin po che'i bka' 'bum Volume 23, Text 27, Pages 491-503 (Folios 1a1 to 7a4) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dag snang tshig bdun bla sgrub dngos grub snying po'i phrin las khrigs su bsdebs pa byin rlabs dod 'jo. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 491-503. Kalimpong: Dupjung Lama, 1979-1985. | |
| Side notes | Recto: phrin las Verso: pad rgyal dag snang tshig bdun bla sgrub | |
| More details More details | ||
| Tertön | པད་རྒྱལ་གླིང་པ་ (pad rgyal gling pa) | |
| Genre | Activity Manual - las byang | |
| Cycle | དག་སྣང་ཚིག་བདུན་བླ་སྒྲུབ་དངོས་གྲུབ་སྙིང་པོ་ (dag snang tshig bdun bla sgrub dngos grub snying po) | |
| Colophon |
།ཞེས་གཏེར་འབྱིན་སྤྲུལ་སྐུ་པད་རྒྱལ་གླིང་པའི་དག་སྣང་གི་ཆོས་སྡེ་ཚིག་བདུན་བླ་སྒྲུབ་ཀྱི་ཕྲིན་ལས་འདི་ནི། ཉིད་ཀྱི་གཏེར་གྲོགས་སྐལ་བཟང་ལྷ་མོ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་བུ་ཆུ་རིག་འཛིན་དགའ་ཚལ་གྱི་བསྟི་གནས་སུ་ངག་ཁྲིགས་འཇུག་བདེར་བསྡེབས་པ་སིདྡྷི་རསྟུ༎ | |
|
zhes gter 'byin sprul sku pad rgyal gling pa'i dag snang gi chos sde tshig bdun bla sgrub kyi phrin las 'di ni/___nyid kyi gter grogs skal bzang lha mo nas lha rdzas rin po che'i skyes dang bcas te bskul ba'i ngor/___'jigs bral ye shes rdo rjes lcags stag cho 'phrul zla ba'i yar ngo'i tshes brgyad la bu chu rig 'dzin dga' tshal gyi bsti gnas su ngag khrigs 'jug bder bsdebs pa sid+d+hi rastu// | ||