TTDL-ZABTER-10-THA-048: Difference between revisions

From Dudjom Wiki
TTDL-ZABTER-10-THA-048
m (Text replacement - "༴" to "༴ ")
No edit summary
 
Line 12: Line 12:
|terma=Yes
|terma=Yes
|deity=khros ma nag mo
|deity=khros ma nag mo
|cycle=chos nyid nam mkha'i klong mdzod
|cycle=bdud 'joms khros ma
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|cycletib=བདུད་འཇོམས་ཁྲོས་མ་
|parentcycle=chos nyid nam mkha'i klong mdzod
|parentcycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|language=Tibetan
|language=Tibetan
|volumenumber=10
|volumenumber=10

Latest revision as of 01:21, 9 October 2025

Wylie title chos nyid nam mkha'i klong mdzod las: mkha' 'gro 'dus pa'i sri 'dul rdo rje'i tho lum: TTDL-ZABTER-10-THA-048.pdf
Location bdud 'joms gling pa zab gter
Volume 10, Text 48, Pages 391-430 (Folios 1a1 to 20b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las mkha' 'gro 'dus pa'i sri 'dul rdo rje'i tho lum. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: 391-430. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sri 'dul   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ཡང་སྤྲང་དྲེད་པོ་བདུད་འཇོམས་རྡོ་རྗེས་ཡིག་མེད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ། །ལེགས་སོ།།

zhes pa 'di yang sprang dred po bdud 'joms rdo rjes yig med nam mkha'i klong mdzod las dag par phab pa'i yi ge pa ni chos kyi rdo rje'o/_/dge'o/_/legs so//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་སྲི་འདུལ་རྡོ་རྗེའི་ཐོ་ལུམ་བཞུགས་སོ༔


ཕྚ༔ (བརྡ་ཡིག་) ན་མོ་གུ་རུ་ས་ར་ཧ་པ་ཡེ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ནག་ཕྱོགས་གདུག་པ་ཁ་དར་ནས༔ དཀར་ཕྱོགས་ཉམས་དམའ་ནུས་པ་ཆུང་༔ དེ་དུས་དུག་ལྔ་སྟོབས་བཙན་པས༔ ཤི་ཚད་སྲིར་ལངས་གསོན་ལ་འབེབས༔ མི་འདོད་ནད་ཀྱི་ན་བུན་འཐིབ༔ དུས་འཁྲུགས་མཚོན་གྱི་གཡུལ་ངོ་འགྱེད༔ དེ་དུས་མ་མོ་མཁའ་འགྲོ་འཁྲུགས༔ མི་འདོད་སྣ་ཚོགས་འཚུབས་མ་ལངས༔ དུས་དེར་མཁའ་འགྲོ་སྒྲུབ་པ་ཡི༔ རིམ་གཉིས་མཐར་ཕྱིན་རྣལ་འབྱོར་གྱིས༔ སྲི་འདུལ་རྡོ་རྗེ་ཕ་ལམ་བརྩོན༔ མདུན་དུ་མི་ལྤགས་གཡང་གཞིའི་སྟེང་༔ ལྕགས་ཁང་གྲུ་གསུམ་འབར་བའི་ནང་༔ ཨེཿ ཁཾཿ སུཿ རཾཿ ཡཾཿ ཕཊ་བྲིས༔ དེ་མཐར་ལྕགས་ཀྱུ་ཐོ་བ་དང་༔ མདའ་མདུང་གཡང་གཞི་ཐུན་མཚོན་བཀོད༔ སྟེང་དུ་རྐང་ཁྲིར་ཟོར་ཆ་དགུ༔ བྲུབ་ཁུང་རྩང་གི་ར་བ་ཅན༔ དེ་སྟེང་གཏོར་མ་བཅུ་དང་གསུམ༔ མཐའ་མར་རྩང་གི་ར་བས་བསྐོར༔ འབུལ་རྫས་ཤ་ཁྲག་གཏོར་མ་བཤམ༔ མི་ལྤགས་སྒྲོ་བ་རླུང་ཐུབ་ནང་༔ གཟུགས་བྱང་ཕོ་མོ་བཅུ་གཉིས་ལ༔ གྲི་སྲི་ཤི་སྲི་ཆུང་སྲི་དང་༔ གཞོན་སྲི་དར་སྲི་རྒན་སྲི་དང་༔ གོད་སྲི་དུར་སྲི་ཕོ་མོའི་སྲི༔ འགག་སྲི་དམ་སྲི་རེ་རེ་བཞིན༔ ཁུག་ཛཿ ཁྲམ་དང་སྲོག་ཏྲི་ཛཿ མཚན་བྱང་སྲོག་ཏུ་ནྲི་བྲི་ཞིང་༔ ཚེ་འདས་བླ་ཡིད་སེམས་གསུམ་ཁུག༔ ཕོ་ལ་མོ་བྱང་མོ་ལ་ཕོ༔ ལིང་ག་སྲི་ལིང་ཚང་བར་སྦྱར༔ ཕོ་མོ་ཁ་སྦུབས་གན་རྐྱལ་བབ༔ འགུགས་གཞུག་རྟགས་མཚན་མ་ནོར་གཅེས༔ སྲི་ཁུག་ལིང་ག་ལྕགས་སུ་བྲུབ༔ རྔ་མོང་ཐག་པས་ཁ་བསྡམས་ནས༔ ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་རྡེབ༔ ས་མ་ཡ༔ དེ་ནས་རང་ཉིད་ལྷར་གསལ་བའི༔ ང་རྒྱལ་ཤུགས་བསྐྱེད་འདི་བརྗོད་བྱ༔ ཕཊ་ཕཊ་ཕཊ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ བཟའ་བཏུང་ཐམས་ཅད་འཁོར་བའི་ཁྲག༔ ལས་ཀ་ཐམས་ཅད་བསྒྲལ་བའི་ལས༔ བསྒྲལ་ནས་གྲོལ་བའི་ས་ལ་འདེབས༔ ཉོན་མོངས་རཱུ་དྲ་བསྒྲལ་བའི་ཞིང་༔ སྣོད་བཅུད་ཐམས་ཅད་ང་ཡི་ཀློང་༔ སངས་རྒྱས་ཐམས་ཅད་ང་ཡི་ངང་༔ ཐམས་ཅད་ང་ཡི་ཀློང་དུ་རྫོགས༔ ཐམས་ཅད་ང་ཡི་འཁོར་དུ་འདུ༔ ང་ལས་ཆེ་བཙན་སུ་ཡང་མེད༔ ཕཊ་ཕཊ་ཕཊ༔ མདུན་གྱི་གཏོར་མ་རྣམས་མི་དམིགས་པའི་ངང་ལས༔ སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་སྨ་ར་དང་སྨིན་མར་མེ་ཡི་ཚྭ་ཚྭ་རབ་ཏུ་འཕྲོ་བ༔ སྤྱན་གསུམ་ཉི་མ་འབུམ་གྱི་འོད་ལྟར་གསལ་བས་འཁོར་འདས་ཐམས་ཅད་གཟིགས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོ་ན་མེ་ལྟར་འབར་བའི་ཁྲོད་དུ་ཕག་ཞལ་ནག་པོ་ངུར་བ༔ ཕྱག་གཡས་གྲི་གུག་གིས་ཁམས་གསུམ་འགུག་ཅིང་གཡོན་པས་ཕུར་པ་སྲིད་གསུམ་སྒྲོལ་ནུས་པ་འདྲིལ་བ༔ ཞབས་གཉིས་ཀྱིས་འཁོར་བའི་སྒོ་ཐམས་ཅད་གནོན་པ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་ན་མཁའ་འགྲོ་སྡེ་ལྔ་ལས་མཛད་མ་བཞི་ཁྲག་འཐུང་མ་བཞི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་མཁའ་འགྲོ་གྲངས་མེད་བསམ་གྱིས་མི་ཁྱབ་པས་བསྐོར་བའི་གནས་གསུམ་ལས་འོད་ཟེར་རབ་ཏུ་འཕྲོས་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྤྱན་དྲངས་ལ་བསྟིམ་མོ༔ བཛྲ་ས་མ་ཡ་ཛ་ཛཿ སྟྭཾ༔ ཤ་ཁྲག་དམར་གྱི་གཏོར་མ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་དུ་ནམ་མཁའི་མཐའ་ཀླས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕཊ་ཕཊ་ཕཊ༔ དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ མ་ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ ༈ འགུགས་བྱེད་ལྕགས་ཀྱུ་ཐོགས་པ་འབུམ༔ འཆིང་བྱེད་ཞགས་པ་ཐོགས་པ་འབུམ༔ སྡོམ་བྱེད་ལྕགས་སྒྲོག་ཐོགས་པ་འབུམ༔ འབེབས་བྱེད་དྲིལ་བུ་ཐོགས་པ་འབུམ༔ གསོད་བྱེད་གྲི་གུག་ཐོགས་པ་འབུམ༔ སྒྲོལ་བྱེད་ཕུར་བུ་ཐོགས་པ་འབུམ༔ རྡེག་བྱེད་མཚོན་ཆ་ཐོགས་པ་འབུམ༔ བརླག་བྱེད་ཐུན་རྫས་ཐོགས་པ་འབུམ༔ མ་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཤ་ཁྲག་དམར་གྱི་གཏོར་མར་རོལ༔ དམ་རྫས་རྒྱན་གྱི་གཏོར་མར་རོལ༔ འདོད་ཡོན་རྒྱན་གྱི་མཆོད་པ་བཞེས༔ སྡང་བའི་དགྲ་ལ་ཧུར་ཐུམ་རྦད༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཕཊ༔ དབུས་ཕྱོགས་ཆོས་དབྱིངས་དཀྱིལ་འཁོར་ནས༔ ནམ་མཁའི་ཁམས་ལ་དབང་མཛད་མ༔ སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ཕཊ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ འབྱུང་བ་ས་ལ་དབང་བསྒྱུར་མ༔ རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ཕཊ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་ནས༔ འབྱུང་བ་ཆུ་ལ་དབང་བསྒྱུར་མ༔ རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ཕཊ༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ འབྱུང་བ་མེ་ལ་དབང་བསྒྱུར་མ༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ཕཊ༔ བྱང་ཕྱོགས་ལས་རབ་ཞིང་ཁམས་ནས༔ འབྱུང་བ་རླུང་ལ་དབང་བསྒྱུར་མ༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ཕཊ༔ ཕྲིན་ལས་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཐོགས་མེད་ལས་ལ་དབང་བསྒྱུར་མ༔ ལས་མཛད་མ་བཞི་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ཕཊ༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་ནས༔ དགྲ་བགེགས་སྲོག་ལ་དབང་བསྒྱུར་མ༔ ཁྲག་འཐུང་མ་བཞི་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ཕཊ༔ དཀྱིལ་འཁོར་ཆེན་པོའི་མུ་རན་ནས༔ སྣང་སྲིད་ཁམས་ལ་དབང་བསྒྱུར་མ༔ དབང་ཕྱུག་ཉེར་བརྒྱད་གཤེགས་སུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་སོགས༔ ལས་མཛོད་ཅིག༔ ཕཊ་ཕཊ་ཕཊ༔ ཨེ་བཾ་ལཾ་རཾ་ཡཾ་ལས་སྐད་ཅིག་གིས་མདུན་དུ་དུག་ལྔ་འདུས་པའི་རཱུ་དྲ་ནག་པོ་གཏི་མུག་ཕག་གི་མགོ་བོ༔ འདོད་ཆགས་བྱ་ཡི་སྡེར་མོ༔ ཞེ་སྡང་སྦྲུལ་གྱི་མཇུག་མ༔ ང་རྒྱལ་རྟ་ཡི་སྤུ་ཅན༔ ཕྲག་དོག་ཁྱིའི་ངར་སྐད་ལྷང་ལྷང་བྱེད་པ་ལ་ཁམས་གསུམ་འཁོར་བའི་བག་ཆགས་ཐམས་ཅད་ཐིམ་པར་གྱུར༔ ཕཊ་ཕཊ་ཕཊ༔ བདག་མདུན་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མཚོན་ཐུན་སྣ་ཚོགས་ཀྱི་ཆར་ཕབ་པས་གདོན་དུག་ལྔ་འདུས་པའི་ཕུང་པོ་ཐར་གྱིས་བཤིགས་ནས་སྟོང་གསུམ་ཁེབས་པའི་ཞིང་ལྤགས་ཀྱི་སྟེང་དུ་ཤ་རུས་ཐམས་ཅད་བྲུབ་ཁུང་དང་མཚོན་ཐུན་རྣོ་ངར་ནུས་པ་དང་ལྡན་ཅིང་ཚྭ་ཚྭ་སྐར་ལྟར་འཁྲུགས་ཤིང་རླུང་ལྟར་འཚུབས་པས་དགྲ་བགེགས་སྲི་ངན་ཐམས་ཅད་དུག་ལྔ་རང་གཤེད་དུ་འབེབས་པའི་བདག་ཉིད་ཅན་དུ་གྱུར༔ ཕཊ་ཕཊ་ཕཊ༔ ཅེས་པས༔ བདུད་ཀྱི་ཕོ་བ་ལས་གྲུབ་པའི་བསྡུ་སྣོད་ནག་པོ་སྡིག་པ་རཱ་ཙའི་གཟུགས་སུ་འདུག་པའི་ལྟེ་བར་ཏྲི་ཡོངས་སུ་གྱུར་པ་ལས་དགྲ་བགེགས་སྲི་ངན་ཐམས་ཅད་འདུས་པའི་ངོ་བོ་ཤ་སྔོ་བ་ཧམ་པ་རིད་པ་མིག་གྲུ་གསུམ་ནས་ཁྲག་འབབ་ཅིང་ཁ་ནས་འོ་དོད་འབོད་པ་རྐང་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གའི་ཏྲི་ནག་པོ་ལས་འོད་འཕྲོས་པས་གནོད་བྱེད་ཐམས་ཅད་འུབ་ཀྱིས་རྔུབས་ཏེ་ཐིམ་པར་བསམ༔ ལས་བྱེད་ཀྱི་མཁའ་འགྲོ་མ་ཕག་དང་བྱ་རྒོད་དང་སྦྲུལ་གྱི་གདོང་པ་ཅན་རྣམས་ཀྱིས་ནམ་མཁའ་ལ་བཏེགས༔ བར་སྣང་ལ་གཡབ༔ ས་གཞི་ལ་བརྡབ་པ་ཙམ་གྱིས་གནོད་བྱེད་ཐམས་ཅད་མཐོ་སྲིད་པའི་རྩེ་མོ་མན་ཆད༔ དམའ་ན་རཀ་དམྱལ་བ་ཡན་ཆད༔ བར་སྟོང་གསུམ་སྲིད་པ་གང་ན་གནས་ཀྱང་རང་དབང་མེད་པར་འུབ་ཀྱིས་རྔུབ་ཅིང་སིབ་ཀྱིས་ལིངྒ་ལ་བསྟིམ་པར་གྱུར༔ ཕཊ་ཕཊ་ཕཊ༔ བདག་མདུན་ལས་སྤྲུལ་པའི་ཕོ་ཉ་མོ་གྲངས་མེད་དཔག་ཏུ་མེད་པ་འཕྲོས་པས་གནོད་བྱེད་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་གཉིས་མེད་དུ་ཐིམ་པར་བསམ༔ ཕཊ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་དང་བྱིན་རླབས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གྲི་སྲི་ཤི་སྲི་ཆུང་སྲི་གཞོན་སྲི་དར་སྲི་རྒན་སྲི་གོད་སྲི་དུར་སྲི་ཕོ་སྲི་མོ་སྲི་འགག་སྲི་དམ་སྲི་གནོད་བྱེད་ཐམས་ཅད་གཟུགས་ལིངྒ་མིང་བྱང་བུ་འདི་ལ་གཉིས་མེད་དུ་ཁུག་ཅིག༔ ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཅི་མང་བྱ༔ སླར་ཡང་ཕོ་ཉས་དབང་སྡུད་ནི༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའི་ཀློང་ཡངས་ནས༔ སྟོང་ཁམས་ཡོངས་ལ་དབང་བསྒྱུར་མ༔ ནམ་མཁའ་དབྱིངས་ཀྱི་དབྱིངས་ཕྱུག་མ༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ གཏི་མུག་དགྲ་བགེགས་དབང་དུ་སྡུས༔ ༈ གྲི་སྲི་ཤི་སྲི་ཆུང་སྲི་ཁུག༔ གཞོན་སྲི་དར་སྲི་རྒུན་སྲི་ཁུག༔ གོད་སྲི་དུར་སྲི་ཕོ་སྲི་ཁུག༔ མོ་སྲི་འགག་སྲི་དམ་སྲི་ཁུག༔ ཚེ་འདས་བླ་ཡིད་སེམས་གསུམ་ཁུག༔ སྲིད་པའི་རྩེ་མོ་མན་ཆད་ནས༔ མནར་མེད་དམྱལ་བ་ཡན་ཆད་དུ༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ དྲིལ་བུ་ཅན་གྱིས་གཟུགས་ལ་ཕོབ༔ མཚོན་ཆ་ཅན་གྱིས་ཚལ་པར་ཐོངས༔ ཐུན་རྫས་ཅན་གྱིས་ནུས་མཐུ་ཆོམས༔ ཉམ་ཐག་མགོན་དང་བྲལ་བར་གྱིས༔ འགུགས་འཆིང་སྡོམ་མྱོས་ཕྲིན་ལས་མཛོད༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿ ཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཡུམ༔ ས་ཡི་ཁམས་ལ་དབང་བསྒྱུར་མ༔ རྡོ་རྗེ་མཁའ་འགྲོ་དྲག་མོའི་སྐུ༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ ཞེ་སྡང་དགྲ་བགེགས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿ ཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ ཧཱུྃ༔ ལྷོ་ཕྱོགས་ནི་རིན་ཆེན་རིགས་ཀྱི་ཡུམ༔ ཆུ་ཡི་ཁམས་ལ་དབང་བསྒྱུར་མ༔ རིན་ཆེན་མཁའ་འགྲོ་དྲག་མོའི་སྐུ༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ ང་རྒྱལ་དགྲ་བགེགས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ ཕྲིན་ལས་མཛོད༔ ཨོཾ་རཏྣ་ཀྲོ་དྷི་ཤྭ་རི་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿ ཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་པདྨ་རིགས་ཀྱི་ཡུམ༔ མེ་ཡི་ཁམས་ལ་དབང་བསྒྱུར་མ༔ པདྨ་མཁའ་འགྲོ་དྲག་མོའི་སྐུ༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ལ༔ འདོད་ཆགས་དགྲ་བགེགས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ ཕྲིན་ལས་མཛོད༔ ཨོཾ་པདྨ་ཀྲོ་དྷི་ཤྭ་རི་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿ ཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ ཧཱུྃ༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཡུམ༔ རླུང་གི་ཁམས་ལ་དབང་བསྒྱུར་མ༔ ལས་ཀྱི་མཁའ་འགྲོ་དྲག་མོའི་སྐུ༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ལ༔ ཕྲག་དོག་དགྲ་བགེགས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ ཕྲིན་ལས་མཛོད༔ ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿ ཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ ཛཿ ཤར་ལྷོ་ཞི་བའི་དཀྱིལ་འཁོར་ནས༔ ཁམས་གསུམ་མ་ལུས་འགུགས་མཛད་མ༔ ལས་མཛད་དཀར་མོ་ལྕགས་ཀྱུ་མ༔ དཀར་མོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ཤིག༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷི་ཨཾ་ཀུ་ཤ་ཛཿ སརྦ་ཌཱ་ཀི་ནཱི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ ཧཱུྃ༔ ལྷོ་ནུབ་རྒྱས་པའི་དཀྱིལ་འཁོར་ནས༔ ཁམས་གསུམ་མ་ལུས་འཆིང་བྱེད་མ༔ ལས་མཛད་སེར་མོ་ཞགས་པ་མ༔ སེར་མོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ཤིག༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷི་པཱ་ཤ་ཧཱུྃ་སརྦ་ཌཱ་ཀི་ནཱི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ བཾ༔ ནུབ་བྱང་དབང་གི་དཀྱིལ་འཁོར་ནས༔ འཁོར་འདས་དབང་སྡུད་དྲག་མོའི་སྐུ༔ ལས་མཛད་དམར་མོ་ལྕགས་སྒྲོག་མ༔ དམར་མོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ཤིག༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷི་སྥོ་ཊ་བཾ་སརྦ་ཌཱ་ཀི་ནཱི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཏྲི་ཛཿཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ ཧོཿ བྱང་ཤར་དྲག་པོའི་དཀྱིལ་འཁོར་ནས༔ ཁམས་གསུམ་མ་ལུས་མྱོས་མཛད་མ༔ ལས་མཛད་ལྗང་མོ་དྲིལ་བུ་མ༔ ལྗང་མོ་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ལ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ གྲི་སྲི་ཤི་སྲི་ཆུང་སྲི་སོགས༔ འགུགས་འཆིང་སྡོམ་མྱོས་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷི་གྷཎྜེ་ཧོཿ སརྦ་ཌཱ་ཀི་ནཱི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཁུག་ཛཿ རྦད་ནན་ཛཿ ཏྲི་ཛཿ ཏྲི་ཧུར་ཐུམ་ཛ་ཛཿ ཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ༔ སརྦ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཌཱ་ཀི་ནཱི་ཀྲོ་དྷི་སརྦ་ས་མ་ཡ་གདོན་སྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་སརྦ་ཛཿཧཱུྃ་བཾ་ཧོཿ དེ་ནས་ཕྱོགས་བཞི་ཀུན་ཏུ་བསྐོར༔ གཡས་པས་མི་ལྤགས་རྡེབ༔ གཡོན་པས་མི་རྐང་འབུད་ཅིང་༔ ཐོ་ཕྱི་ནོར་རྫས་ཐམས་ཅད་ལ་ཕོ་ཉ་གཉིས་ཀྱིས་བསྡུ་སྣོད་རྡེབ་ཅིང་༔ ཡེ་ཤེས་མཁའ་འགྲོའི་ཏིང་ངེ་འཛིན་དང་མ་བྲལ་བའི་ངང་ནས༔ ཕཊ་ཕཊ་ཀྱིས་སྣང་སྲིད་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་རང་བཞིན་དུ་བསམ་ལ༔ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་སྐུ་ལས་སྤྲུལ་པའི་སྲས༔ སྟེང་ཕྱོགས་ནམ་མཁའི་ཀློང་དཀྱིལ་ནས༔ གཏི་མུག་འཇོམས་མཛད་ཕག་གདོང་མ༔ གཡས་ན་སྤུ་གྲིའི་འཁོར་ལོ་ཐོགས༔ གཡོན་ན་མེ་ཡི་ཞགས་པ་བསྣམས༔ སྤྲུལ་པའི་མཁའ་འགྲོས་ནམ་མཁའ་གང་༔ ཀུན་ཀྱང་དུར་ཕག་ནག་པོ་ཞོན༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ སྟེང་ཕྱོགས་ལྷ་ཁམས་མན་ཆད་ནས༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ གཟུགས་བྱང་རུ་པ་འདི་ལ་ཁུག༔ མིང་ཡིག་བྱང་བུ་འདི་ལ་ཁུག༔ ཛཿ ཧཱུྃ་བཾ་ཧོ་གཉིས་མེད་བསྟིམ༔ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་ཐུགས་ལས་སྤྲུལ་པའི་སྲས༔ ཤར་ཕྱོགས་མེ་འབར་ཀློང་ཡངས་ནས༔ དཀར་མོ་སྦྲུལ་གདོང་སྤྱང་ཞོན་མ༔ གཡས་པས་རྡོ་རྗེ་འབར་བ་བསྣམས༔ གཡོན་པས་དབང་སྡུད་གྲི་གུག་བསྣམས༔ སྤྲུལ་པའི་མཁའ་འགྲོས་སྣང་སྲིད་ཁྱབ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ ཤར་ཕྱོགས་དྲི་ཟའི་ཡུལ་ཁམས་ཚུན༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་ཡོན་ཏན་སྤྲུལ་པའི་སྲས༔ ལྷོ་ཕྱོགས་འཇའ་འོད་འཁྱིལ་ཀློང་ནས༔ སེང་གདོང་སེར་མོ་བོང་སེར་ཞོན༔ གཡས་པས་ནོར་བུ་གཡོན་ཐོ་བ༔ སྤྲུལ་པའི་མཁའ་འགྲོས་སྣང་སྲིད་ཁྱབ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ ལྷོ་ཕྱོགས་གཤིན་རྗེའི་གནས་ཚུན་ཆད༔ གང་ན་གནས་ཀྱང་༴ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་གསུང་ལས་སྤྲུལ་པའི་སྲས༔ ནུབ་ཕྱོགས་མེ་འབར་འོད་ཀློང་ནས༔ མཁའ་འགྲོ་དམར་མོ་རྨ་བྱའི་གདོང་༔ མྱུར་མགྱོགས་བྱ་རྒོད་ཆེན་མོ་ཞོན༔ གཡས་པས་ཟངས་འདྲེན་གཡོན་པདྨ༔ སྤྲུལ་པའི་མཁའ་འགྲོས་སྣང་སྲིད་ཁྱབ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ ནུབ་ཕྱོགས་ཀླུ་ཡི་ཡུལ་ཚུན་ཆད༔ གང་ན་གནས་ཀྱང་༴ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་ཕྲིན་ལས་སྤྲུལ་པའི་སྲས༔ བྱང་ཕྱོགས་མེ་རླུང་མཁྲིགས་ཀློང་ནས༔ མཁའ་འགྲོ་ལྗང་མོ་དྲེད་གདོང་མ༔ ཆིབས་སུ་ཟངས་འཕར་མགོ་དགུ་ཆིབས༔ གཡས་པས་རྒྱ་གྲམ་གཡོན་སྦྲུལ་ཞགས༔ སྤྲུལ་པའི་མཁའ་འགྲོས་སྣང་སྲིད་ཁྱབ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ བྱང་ཕྱོགས་གནོད་སྦྱིན་ཡུལ་ཚུན་ཆད༔ གང་ན་གནས་ཀྱང་༔ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་སྤྲུལ་པའི་ཕོ་ཉ་ནི༔ འོག་ཕྱོགས་རྒྱ་མཚོ་འཁྱིལ་ཀློང་ནས༔ ནག་མོ་གླང་གི་མགོ་བོ་ཅན༔ གཡས་པས་འགུགས་བྱེད་ལྕགས་ཀྱུ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས༔ སྤྲུལ་པའི་མཁའ་འགྲོས་སྟོང་གསུམ་ཁྱབ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ འོག་གཞི་རླུང་གི་དཀྱིལ་འཁོར་ཡན༔ གང་ན་གནས་ཀྱང་༴ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་སྤྲུལ་པའི་ཕོ་ཉ་ནི༔ ཤར་ལྷོ་ཞི་བའི་དཀྱིལ་འཁོར་ནས༔ མཁའ་འགྲོ་དཀར་མོ་པུ་ཤུད་མགོ༔ ཕྱག་ན་གཡང་གཞི་ལྕགས་ཀྱུ་བསྣམས༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ ཤར་ལྷོ་མེ་ལྷའི་ཡུལ་ཚུན་ཆད༔ གང་ན་གནས་ཀྱང་༴ མི་ལྤགས་གཡང་གཞིས་རྡོབ་ལ་ཤོག༔ ལྕགས་ཀྱུ་འབར་བས་ཟུངས་ལ་ཤོག༔ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་སྤྲུལ་པའི་ཕོ་ཉ་ནི༔ ལྷོ་ནུབ་རྒྱས་པའི་དཀྱིལ་འཁོར་ནས༔ མཁའ་འགྲོ་སེར་མོ་ཀང་ཀའི་མགོ༔ ཕྱག་ན་གཡང་གཞི་ཞགས་པ་བསྣམས༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ ལྷོ་ནུབ་སྲིན་པོའི་ཡུལ་ཚུན་ཆད༔ གང་ན་གནས་ཀྱང་༴ མི་ལྤགས་གཡང་གཞིས་རྡོབ་ལ་ཤོག༔ ཞགས་པ་འབར་བས་ཆིངས་ལ་ཤོག༔ གཟུགས་བྱག་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་སྤྲུལ་པའི་ཕོ་ཉ་ནི༔ ནུབ་བྱང་དབང་གི་དཀྱིལ་འཁོར་ནས༔ མཁའ་འགྲོ་དམར་མོ་སྲིན་བྱའི་མགོ༔ ཕྱག་ན་གཡང་གཞི་ལྕགས་སྒྲོག་བསྣམས༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ ནུབ་བྱང་རླུང་ལྷའི་ཡུལ་ཚུན་ཆད༔ གང་ན་གནས་ཀྱང་༴ མི་ལྤགས་གཡང་གཟིས་རྡོབ་ལ་ཤོག༔ ལྕགས་སྒྲོག་འབར་བས་སྡོམ་ལ་ཤོག༔ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ ཛཿ ཧཱུྃ་བཾ་ཧོ༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་སྤྲུལ་པའི་ཕོ་ཉ་ནི༔ བྱང་ཤར་དྲག་པོའི་དཀྱིལ་འཁོར་ནས༔ མཁའ་འགྲོ་ལྗང་མོ་ཁྲ་ཡི་གདོང་༔ གཡས་པས་གཡང་གཞི་གཡོན་དྲིལ་བུ༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ བྱང་ཤར་དབང་ལྡན་ཡུལ་ཚུན་ཆད༔ གང་ན་གནས་ཀྱང་༴ མི་ལྤགས་གཡང་གཞིས་རྡོབ་ལ་ཤོག༔ དྲིལ་བུ་འབར་བས་གཟུགས་ལ་ཕོབ༔ གཟུགས་བྱང་རུ་པ༴ མིང་ཡིག་བྱང་བུ༴ མ་བྷྱོ་ཛཿ ཧྲཱིཾ་ཛཿ ཧཱུྃ་བཾ་ཧོཿ གནོད་བྱེད་སྲི་གདོན་ཐམས་ཅད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁུག་ཛཿ རྦད་ཛཿ ཨཾ་ཀུ་ཤ་ཛ་ཛཿ གནོད་བྱེད་སྲི་གདོན་མ་ལུས་པ༔ མྱུར་དུ་འགུགས་པའི་ཕྲིན་ལས་མཛོད༔ བཀུག་ནས་གཟུགས་ལ་གཉིས་མེད་ཕོབ༔ ནུས་སྟོབས་མ་ལུས་བཅོམ་པར་གྱིས༔ གྲུ་གསུམ་འབར་བའི་ཧོམ་དུ་བྲུབ༔ མཚོན་ཐོགས་མཁའ་འགྲོས་མཐའ་ནས་བསྐོར༔ རྗེས་ཤུལ་མེད་པར་བརླག་མཛོད་ཅིག༔ ཕཊ་ཕཊ་ཕཊ༔ སྣང་སྲིད་མཁའ་འགྲོར་རྒྱས་གདབ་ནས༔ ལྷ་འདྲེའི་གབ་བརྐུང་དབྱུང་བ་ནི༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ སྣང་སྲིད་ཐམས་ཅད་ང་ཡི་ཀློང་༔ འབྱུང་བ་ལྔ་པོ་ང་ལས་བྱུང་༔ སྟེང་ཕྱོགས་ནམ་མཁའ་ཡངས་པ་ལ༔ ང་ལས་སྤྲུལ་པའི་ཕོ་ཉ་ནི༔ ནམ་མཁའ་དབྱིངས་ཀྱི་དབྱིངས་ཕྱུག་མ༔ དེ་ཡང་ང་ཡི་སྤྲུལ་པ་ཡིན༔ སྟོང་ཁམས་ཐམས་ཅད་མཁའ་འགྲོས་ཁྱབ༔ མ་ཁྱེན་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་མ་ལུས་དབང་དུ་སྡུས༔ བྲོས་ཤིང་ཐར་པའི་ཡུལ་མེད་མཛོད༔ དམ་ཚིག་གཉན་པོས་ཕྲིན་ལས་བཅོལ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ས་རྣམས་ཐམས་ཅད་ང་ཡི་ཀློང་༔ ས་ཁམས་དབྱིངས་ཕྱུག་སངས་རྒྱས་སྤྱན༔ དེ་ཡང་ང་ཡི་སྤྲུལ་པ་ཡིན༔ མཁའ་འགྲོ་ས་ཡི་ཁམས་ལྟར་གཡོ༔ མ་ཁྱེད་ཀྱི༴ གནོད་བྱེད༴ བྲོས་ཤིང་ཐར་པའི༴ དམ་ཚིག་གཉན་པོས༴ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ རྒྱ་མཚོའི་ཆུ་རྣམས་ང་ཡི་ཀློང་༔ ཆུ་ཁམས་དབང་ཕྱུག་མ་མཱ་ཀི༔ དེ་ཡང་ང་ཡི་སྤྲུལ་པ་ཡིན༔ མཁའ་འགྲོ་ཆུ་ཡི་ཁམས་ལྟར་འཁྲུགས༔ མ་ཁྱེད་ཀྱི༴ གནོད་བྱེད༴ བྲོས་ཤིང་ཐར་པའི༴ དམ་ཚིག་གཉན་པོས༴ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ མེ་རྣམས་ཐམས་ཅད་ང་ཡི་ཀློང་༔ མེ་ཁམས་དབྱིངས་ཕྱུག་གོས་དཀར་མོ༔ དེ་ཡང་ང་ཡི་སྤྲུལ་པ་ཡིན༔ མཁའ་འགྲོ་མེ་ཡི་ཁམས་ལྟར་འབར༔ མ་ཁྱེད་ཀྱི༴ གནོད་བྱེད༴ བྲོས་ཤིང་ཐར་པའི༴ དམ་ཚིག་གཉན་པོས༴ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ རླུང་རྣམས་ཐམས་ཅད་ང་ཡི་ཀློང་༔ རླུང་ཁམས་དབྱིངས་ཕྱུག་དམ་ཚིག་སྒྲོལ༔ དེ་ཡང་ང་ཡི་སྤྲུལ་པ་ཡིན༔ མཁའ་འགྲོ་རླུང་གི་ཁམས་ལྟར་འཚུབས༔ མ་ཁྱེད་ཀྱི༴ གནོད་བྱེད༴ བྲོས་ཤིང་ཐར་པའི༴ དམ་ཚིག་གཉན་པོས༴ ཕཊ་ཕཊ་ཕཊ༔ མ་ཁྲོས་མའི་སྤྲུལ་པ་ཡང་སྤྲུལ་དང་༔ ཉིང་སྤྲུལ་ཕོ་ཉ་བསམ་མི་ཁྱབ༔ ཤར་ཕྱོགས་དབང་ཕྱུག་མ་བདུན་གྱིས༔ དགྲ་བགེགས་འགུགས་པའི་ལས་མཛོད་ཅིག༔ ལྷོ་ཕྱོགས་དབང་ཕྱུག་མ་བདུན་གྱིས༔ དགྲ་བགེགས་འཆིང་བའི་ལས་མཛོད་ཅིག༔ ནུབ་ཕྱོགས་དབང་ཕྱུག་མ་བདུན་གྱིས༔ དགྲ་བགེགས་སྡོམ་པའི་ལས་མཛོད་ཅིག༔ བྱང་གི་དབང་ཕྱུག་མ་བདུན་གྱིས༔ དགྲ་བགེགས་གཟུགས་ལ་བསྟིམ་མཛོད་ཅིག༔ ཕཊ་ཕཊ་ཕཊ༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ གཞུགས་པའི་མཁའ་འགྲོ་མ་མོའི་ཚོགས༔ དམ་ཚིག་གཉན་པོས་རྒྱུད་བསྐུལ་ལོ༔ གནོད་བྱེད་སྲི་གདོན་མ་ལུས་པ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ རང་དབང་མེད་པར་ཁུག་ལ་ཤོག༔ གབ་བརྐུང་ཕྱུང་ལ་བྲོས་ལམ་ཆོད༔ འགུགས་འཆིང་སྡོམ་མྱོས་ཕྲིན་ལས་མཛོད༔ ཕཊ་ཕཊ་ཕཊ༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ དྲེགས་ཆེན་དཔལ་མགོན་དྲེགས་པའི་སྡེ༔ ལྷ་སྲིན་སྡེ་བརྒྱད་ལྷ་འདྲེ་དང་༔ བསྟན་སྲུང་དམ་ཅན་འཁོར་བཅས་རྣམས༔ ཁྱེད་ཅག་སྔོན་གྱི་ཐ་ཚིག་ཅན༔ དམ་ཚིག་གཉན་པོ་རྦད་བསྐུལ་ལོ༔ ཡིད་ལ་བརྣག་པའི་སྲི་གདོན་རྣམས༔ སྟེང་འོག་ཕྱོགས་མཚམས་ཁྱེད་ཀྱིས་འཁོར༔ ཁྱེད་ཀྱི་ཡུལ་གནས་སྐྱབས་འོག་སོགས༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ གབ་བརྐུང་ཕྱུང་ལ་བྲོས་ལམ་ཆོད༔ དམ་ལས་མ་འདའ་ས་མ་ཡ༔ ཀ་ཆ་དཀོར་ཆ་གཟུགས་འགྲོས་དང་༔ ཁང་ཁྱིམ་ས་ཆུ་མེ་རླུང་མཁའ༔ ཐམས་ཅད་ཕོ་ཉས་ཁྱབ་པར་མཛོད༔ གནོད་བྱེད་མ་ལུས་ཐམས་ཅད་ལ༔ རང་གཤེད་ཕོབ་ཅིག་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་ས་མ་ཡ་ཛ་ཛཿ གྲི་སྲི་འགག་སྲི་ཤི་སྲི་ཆུང་སྲི་གཞོན་སྲི་དར་སྲི་རྒན་སྲི་གོད་སྲི་གྱོད་སྲི་སྒབ་འདྲེ་དམ་སྲི་ཟ་འདྲེ་ཤི་གཤེད་ཐམས་ཅད་ཏྲི་ཛཿ སརྦ་ཤ་ཏྲུཾ་མཱ་ར་ཡ་ཁུག་ཛཿ རྦད་ཛཿ ཏྲི་ནྲྀ་ཛཿ མཱ་ར་ཡ་སྟྭཾ་བྷ་ཡ་ནན་སོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐུན་བཞི་གདབ་པ་ནི༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འཁོར་འདས་ཐམས་ཅད་ང་ཡི་དབང་༔ ང་ལས་སྤྲུལ་པའི་སྒྲོལ་བྱེད་ནི༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ མཐིང་ནག་ཕག་གི་མགོ་བོ་ཅན༔ གཡས་པས་འཁོར་ལོ་གཡོན་ཕུར་པ༔ གྲངས་མེད་མཁའ་འགྲོ་འབུམ་ཕྲག་བཅས༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མ་རིག་འཁྲུལ་པའི་སྲི་གདོན་ལ༔ འཁོར་ལོའི་རྩིབས་དང་ཕུར་དབལ་ཐོབ༔ གཏི་མུག་མུན་པའི་འཁྲུལ་འཁོར་ཤིག༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་སོད༔ ཨོཾ་བུདྡྷ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འཁོར་འདས་ཐམས་ཅད་ང་ཡི་དབང་༔ ང་ལས་སྤྲུལ་པའི་སྒྲོལ་བྱེད་ནི༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་སྦྲུལ་གྱི་མགོ་བོ་ཅན༔ དྲག་གཏུམ་རྔམས་པའི་མཁའ་འགྲོ་འབུམ༔ གཡས་པས་རི་རབ་གཡོན་ཐོད་ཁྲག༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ཞེ་སྡང་འཁྲུལ་པའི་སྲི་གདོན་ལ༔ རི་རབ་འབར་བའི་ས་ཐུན་ཐོབ༔ ཞེ་སྡང་འཁྲུལ་འཁོར་དབྱིངས་སུ་སྒྲོལ༔ མེ་ལོང་ཡེ་ཤེས་ཀློང་དུ་སོད༔ ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འཁོར་འདས་ཐམས་ཅད་ང་ཡི་དབང་༔ ང་ལས་སྤྲུལ་པའི་སྒྲོལ་བྱེད་ནི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་མོ་རྟ་ཡི་གདོང་པ་ཅན༔ གཏུམ་དྲག་རྔམས་པའི་མཁའ་འགྲོ་འབུམ༔ གཡས་པས་རྒྱ་མཚོ་གཡོན་ཐོད་ཁྲག༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ང་རྒྱལ་ཉོན་འཁྲུལ་སྲི་གདོན་ལ༔ རྒྱ་མཚོ་ཆེན་པོའི་ཆུ་ཐུན་ཐོབ༔ ང་རྒྱལ་འཁྲུལ་འཁོར་དབྱིངས་སུ་སྒྲོལ༔ མཉམ་ཉིད་ཡེ་ཤེས་ངང་དུ་སོད༔ ཨོཾ་རཏྣ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འཁོར་འདས་ཐམས་ཅད་ང་ཡི་དབང་༔ ང་ལས་སྤྲུལ་པའི་སྒྲོལ་བྱེད་ནི༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་མོ་རྨ་བྱའི་གདོང་པ་ཅན༔ གཏུམ་དྲག་རྔམས་པའི་མཁའ་འགྲོ་འབུམ༔ གཡས་པས་མེ་དཔུང་ཡོན་ཐོད་ཁྲག༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འདོད་ཆགས་ཉོན་འཁྲུལ་སྲི་གདོན་ལ༔ འབར་བའི་མེ་ཐུན་རབ་ཏུ་ཐོབ༔ འདོད་ཆགས་གཡོ་འཁྲུགས་དབྱིངས་སུ་ཤིག༔ སོར་རྟོག་ཡེ་ཤེས་ངང་དུ་སོད༔ ཨོཾ་པདྨ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འཁོར་འདས་ཐམས་ཅད་ང་ཡི་དབང་༔ ང་ལས་སྤྲུལ་པའི་སྒྲོལ་བྱེད་ནི༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་ཁྱི་ཡི་མགོ་བོ་ཅན༔ གཏུམ་དྲག་རྔམས་པའི་མཁའ་འགྲོ་འབུམ༔ གཡས་པས་རླུང་ཞགས་གཡོན་ཐོད་ཁྲག༔ མ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ཕྲག་དོག་ཉོན་འཁྲུལ་སྲི་གདོན་ལ༔ རབ་གཡོའི་རླུང་ཐུན་དྲག་པོ་ཐོབ༔ ཕྲག་དོག་གཡོ་འཁྲུགས་དབྱིངས་སུ་སྒྲོལ༔ བྱ་གྲུབ་ཡེ་ཤེས་ངང་དུ་སོད༔ ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ༔ ཕཊ་ཕཊ་ཕཊ༔ དེ་ནས་སྲི་གཤིན་དབྱེ་བ་ནི༔ ཕཊ་ཕཊ་ཕཊ༔ རང་ཉིད་ཁྲོས་མའི་ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཟེར་འཕྲོས་པས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཟེར་རབ་ཏུ་འཕྲོས་པས་ཚེ་ལས་འདས་པའི་བླ་ཡིད་སེམས་གསུམ་ཉོན་མོངས་དུག་ལྔ་དུག་གསུམ་བརྒྱད་ཁྲི་བཞི་སྟོང་དང་དེར་བྱུང་གི་བདུད་བགེགས་སྲི་གདོན་ཐམས་ཅད་དང་བྲལ་ཏེ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ནས་གང་དུའང་འཁྱུག་དབང་མེད་པར་ཡེ་ཤེས་འོད་ཀྱི་གྭའུར་ཚུད་པར་གྱུར༔ སླན་ཆད་བགེགས་དང་སྲི་གདོན་གང་གིས་ཀྱང་མི་མཐོང་བར་གྱུར༔ ཕཊ་ཕཊ་ཕཊ༔ དེ་ནས་མཚོན་ཆ་སྣ་ཚོགས་ཀྱིས་གདབ་ལ༔ ཧཱུྃ༔ ཕཊ༔ མ་ཁྲོས་མ་ནག་མོའི་དུས་ལ་བབ༔ མཁའ་འགྲོ་སྡེ་ལྔའི་དུས་ལ་བབ༔ ལས་བཞིའི་མཁའ་འགྲོའི༴ སྒྲོལ་བྱེད་མཁའ་འགྲོའི༴ དབང་ཕྱུག་མ་ཚོགས༴ འབུམ་ཕྲག་མཁའ་འགྲོའི༴ ཡེ་ཤེས་མཁའ་འགྲོའི༴ དམ་ཚིག་མཁའ་འགྲོའི༴ འཇིག་རྟེན་མཁའ་འགྲོའི་དུས་ལ་བབ༔ མ་དུས་ལ་བབ་བོ་ས་མ་ཡ༔ གླིང་གི་གླིང་མཆོག་འཛམ་བུའི་གླིང་༔ གནས་ཀྱི་མཆོག་གྱུར་ཧེ་རུའི་གནས༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ སྤྲུལ་པའི་དུར་ཁྲོད་བརྒྱད་རྣམས་ལ༔ དབང་མཛད་མ་མོ་མཁའ་འགྲོའི་ཚོགས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ འཇིགས་པའི་མཚོན་ཆ་སྣ་ཚོགས་དང་༔ གསོད་པའི་ཐུན་རྫས་སྣ་ཚོགས་ཐོགས༔ མ་རིག་འཁྲུལ་པའི་སྲི་གདོན་གྱི༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གཟུང་འཛིན་འཁྲུལ་པའི་འཁོར་ལོ་ཤིག༔ ཁམས་གསུམ་འཁོར་བའི་རྒྱུད་ཐག་ཆོད༔ ཧཱུྃ༔ རྡོ་རྗེ་འབར་བས་ཤ་རུས་གཏུབ༔ བེ་ཅོན་འབར་བས་ཁྲག་མཚོ་སྐོམ༔ རལ་གྲི་འབར་བས་མེ་ཁམས་གསོད༔ རྒྱ་གྲམ་འབར་བས་དབུགས་རྒྱུན་ཆོད༔ ཛཿ ལྕགས་ཀྱུས་དོན་སྙིང་ཚལ་པར་ཐོངས༔ ཞགས་པས་ཉོན་མོངས་དྲྭ་བ་ཆིངས༔ ལྕགས་སྒྲོག་འབར་བས་འཁྲུལ་སྒོ་སྡོམ༔ དྲིལ་བུས་ཆོས་ཀྱི་དབྱིངས་སུ་མྱོས༔ གནམ་ལྕགས་སྤུ་གིས་ཚལ་པར་ཐོངས༔ རྡོ་རྗེ་ཐོ་བས་རྐང་རུས་ཆོམ༔ ཟངས་འདྲེན་ཁྲག་དང་ཆུ་སེར་སྐོམ༔ དགྲ་སྟྭ་འབར་བས་སྲོག་རྩ་ཆོད༔ སྟོབས་ཤུགས་ནུས་རྩལ་མེད་པར་གྱིས༔ ཉོན་མོངས་འཁྲུལ་པའི་སྒོ་ཆིངས་ཤིག༔ བག་ཆགས་ལས་ངན་དྲི་མ་ཕྲོལ༔ འཁྲུལ་མེད་དབྱིངས་སུ་བསྒྲལ་དུ་གསོལ༔ གཡོ་མེད་ངང་དུ་གསོད་པར་གྱིས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཌཱ་ཀི་ནཱི་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་ཐུན་རྫས་སྣ་ཚོགས་གདབ་ལ༔ ཧཱུྃ༔ ཕུར་ཐུན་དྲག་པོས་དུག་གསུམ་སྒྲོལ༔ ཉུང་ཐུན་དྲག་པོས་རྡུལ་དུ་རློག༔ ཁྲག་ཐུན་ཁོལ་མས་ཧུར་ཐུམ་རྦད༔ མཚེ་ཐུན་འཚུབས་མས་ཚལ་པར་ཐོངས༔ དུག་ཐུན་དུག་ལྔ་རང་གཤེད་ཕོབ༔ གྲི་ཡིས་ཕུང་ཁམས་སྐྱེ་མཆེད་གཏུབ༔ མདའ་ཡིས་སྲོག་སྙིང་ཚལ་པར་རྦད༔ རྡོ་ཆར་དྲག་པོས་རྟེན་ཆ་རློག༔ དམར་གྱི་གཏོར་མས་དྲན་མེད་མྱོས༔ རྗེས་ཤུལ་ཙམ་ཡང་མ་ལུས་པར༔ རློག་ཅིག་ཐུལ་ཅིག་ཕུང་བར་གྱིས༔ སྟོབས་ཤུགས་ནུས་རྩལ་མེད་པར་གྱིས༔ ཉོན་མོངས་འཁྲུལ་པའི་སྒོ་ཆིངས་ཤིག༔ བག་ཆགས་ལས་ངན་དྲི་མ་ཕྲོལ༔ འཁྲུལ་མེད་དབྱིངས་སུ་བསྒྲལ་དུ་གསོལ༔ གཡོ་མེད་ངང་དུ་གསོད་པར་གྱིས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ཌཱ་ཀི་ནཱི་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ དེ་ནས་གཡས་ཐོ་བ་དང་གཡོན་པས་ལིངྒ་འཛིན་བྱེད་ཀྱིས་བཟུང་སྟེ་རྡོ་གདན་སྟེང་དུ་བཞག་ལ༔ ཕཊ་ཕཊ་ཕཊ༔ དབུས་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ གཡས་པས་རྡོ་རྗེ་ཐོ་བ་ཐོགས༔ གཡོས་པས་སྲི་གདོན་སྐེ་ནས་བཟུང་༔ མེ་འབར་གནམ་ལྕགས་གཏུན་དུ་བརྡུང་༔ རྡུལ་ཕྲན་ཕྱེ་མར་བརླག་པར་གྱིས༔ སེམས་ཉིད་ཆོས་སྐུའི་ཀློང་དུ་ཕཊ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཅེས་བརྡུང་༔ ཕཊ༔ ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་རཏྣ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་པདྨ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ བྱང་ཕྱོགས་ཕུར་པའི་དུར་ཁྲོད་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ ཤར་ལྷོ་མེ་འབར་དུར་ཁྲོད་ནས༔ ལས་མཛད་སྙིང་རྗེའི་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་བཛྲ་ཀྲོ་དྷི་ཨཾ་ཀུ་ཤ་ཛཿ སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ ལྷོ་ནུབ་རི་བསྙིལ་དུར་ཁྲོད་ནས༔ ལས་མཛད་བྱམས་པའི་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་རཏྣ་ཀྲོ་དྷི་པཱ་ཤ་ཧཱུྃ་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ ནུབ་བྱང་ཁྲག་མཚོའི་དུར་ཁྲོད་ནས༔ ལས་མཛད་དགའ་བའི་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་པདྨ་ཀྲོ་དྷི་སྥོ་ཊ་བཾ་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ བྱང་ཤར་རླུང་གཡོས་དུར་ཁྲོད་ནས༔ ལས་མཛད་བཏང་སྙོམས་མཁའ་འགྲོ་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་ཀརྨ་ཀྲོ་དྷི་གྷཎྜེ་ཧོཿ སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཕཊ༔ འོག་ཕྱོགས་གཡོ་འཁྲུགས་དུར་ཁྲོད་ནས༔ འཇིགས་བྱེད་མཁའ་འགྲོ་དྲེད་གདོང་མའི༔ གཡས་པས་རྡོ་རྗེ༴ གཡོན་པས་སྲི་གདོན༴ མེ་འབར་གནམ་ལྕགས༴ རྡུལ་ཕྲན་ཕྱེ་མར༴ སེམས་ཉིད་ཆོས་སྐུའི༴ ཨོཾ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་ཐམས་ཅད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ཕཊ༔ ཨོཾ༔ ཡེ་ཤེས་སྐུ་ཡི་རྡོ་རྗེ་ནི༔ འོད་ཕུང་དཀར་པོའི་རྣམ་པར་ཐིམ༔ སྐུ་ཡི་ནུས་པ་རྫོགས་པར་གྱུར༔ འགྲོ་དྲུག་གཟུགས་ཕུང་འཇིགས་པར་བྱེད༔ སརྦ་བུདྡྷ་བོ་དྷི་སཏྭ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ ཡེ་ཤེས་གསུང་གི་རྡོ་རྗེ་ནི༔ འོད་ཕུང་དམར་པོའི་རྣམ་པར་ཐིམ༔ གསུང་གི་ནུས་པ་རྫོགས་པར་གྱུར༔ འགྲོ་དྲུག་ངག་གི་འཛིན་ཞེན་བཤིག༔ སརྦ་བུདྡྷ་བོ་དྷི་སཏྭ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ཡེ་ཤེས་ཐུགས་ཀྱི་རྡོ་རྗེ་ནི༔ འོད་ཕུང་མཐིང་ནག་རྣམ་པར་ཐིམ༔ ཐུགས་ཀྱི་ནུས་པ་རྫོགས་པར་གྱུར༔ འགྲོ་དྲུག་ཡིད་ཀྱི་འཛིན་ཞེན་གཏོར༔ སརྦ་བུདྡྷ་བོ་དྷི་སཏྭ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ༔ ལྷུན་གྲུབ་ཡོན་ཏན་རྡོ་རྗེ་ནི༔ འོད་ཕུང་སེར་པོའི་རྣམ་པར་ཐིམ༔ ཡོན་ཏན་ནུས་པ་རྫོགས་པར་གྱུར༔ འགྲོ་དྲུག་སྣང་བ་དབྱིངས་སུ་འཇིག༔ སརྦ་བུདྡྷ་བོ་དྷི་སཏྭ་གུ་ཎ་ཨ་བྷི་ཥིཉྩ་ཏྲཾ༔ ཧཱ༔ ཐོགས་མེད་ཕྲིན་ལས་རྡོ་རྗེ་ནི༔ འོད་ཕུང་ལྗང་ནག་རྣམ་པར་ཐིམ༔ ཕྲིན་ལས་ནུས་མཐུ་ཡོངས་རྫོགས་གྱུར༔ ཁམས་གསུམ་སྒྲོལ་ནུས་མཐུ་ཐོབ་བོ༔ སརྦ་བུདྡྷ་བོ་དྷི་སཏྭ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་དབང་བསྐུར་མཐར་ཚེ་ལུང་བྱ་བ་ལ༔ སྐུ་གསུམ་ལྷུན་གྲུབ་ཀྱི་ངོ་བོ་ལ་རྡོ་རྗེ་གསུམ་རྫོགས་ཀྱི་རྣམ་པར་ཤར་བའི་ཕུར་པ་དེ་ཉིད་དགྲ་བགེགས་ཀྱི་སྙིང་གར་བསྐོར་ཞིང་གཟིར་བ་ཙམ་གྱིས་འོ་མ་ལས་མར་ཐོན་པ་བཞིན་དུ་ཚེ་དང་བསོད་ནམས་མཐུ་སྟོབས་ནུས་པ་ཐམས་ཅད་འདུས་པའི་ངོ་བོ་ནྲྀ་ཡིག་ལྗང་གུ་འོད་དང་བཅས་པ་ཞིག་ཏུ་གྱུར་ཏེ༔ ཕུར་པའི་ཁོང་གསེང་ནས་བརྒྱུད་མ་དག་པའི་ཉེས་སྐྱོན་དང་དྲི་མ་ཐམས་ཅད་སྦྱངས་ཤིང་དབུ་གཙུག་ནས་ཐོན་ཏེ་རང་གི་སྙིང་གར་ཐིམ་ཚེ་བསོད་མཐུ་ནུས་དཔག་ཏུ་མེད་པར་དང་ལྡན་པར་བསམ༔ ཡང་ཕུར་པ་སྙིང་གར་བསྐོར་ཞིང་གཟིར་བ་ཙམ་གྱིས་བླ་ཡི་ངོ་བོ་ནྲྀ་ཡིག་དཀར་པོ་འོད་དང་བཅས་པའི་རྣམ་པར་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་ཕུར་པ་དེ་ཉིད་མཐུ་སྟོབས་ནུས་པ་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ༔ སླར་ཡང་ཁྲུས་ལུང་བྱ་བ་ནི༔ ཡང་ཕུར་པའི་རྩེ་མོ་ནས་འོད་ཕུང་དཀར་པོ་སྤྲིན་ཕུང་ལྟ་བུ་ཞིག་ཆད་དེ་ཁོའི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དྲི་མའི་ཆ་ཙམ་ཡང་མ་ལུས་པར་སངས་ཀྱིས་དག་པར་བསམ༔ ཨོཾ་སརྦ་པཱ་པཾ་ཨ་པ་ན་ཡེ་སྭཱ་ཧཱ༔ དེ་ནས་གནས་ལུང་བྱ་བ་ནི༔ གྲི་སྲི་གནོད་བྱེད་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་ཨ་ཡིག་གིས་མཚན་པ་ཅན་ཞིག་ཏུ་གྱུར་ཏེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་ཡར་དྲངས་ཏེ་དུག་གསུམ་གྱི་སྒྲིབ་པ་སྦྱངས༔ སྐུ་གསུམ་གྱི་དགོངས་དོན་རྒྱུད་ལ་སྐྱེས་ཏེ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་ཆོས་ཉིད་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་དེ་སངས་རྒྱས་པར་བསམ༔ ཕཊ་ཕཊ་ཕཊ༔ དེ་ནས་ལིང་རོ་རྣམས་བྲུབ་ཁུང་དུ་བླུགས་ཏེ༔ ཕཊ༔ ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ཅིང་གཏིང་ཡངས་པ་སྲ་བ་བརྟན་པ་ལྕི་བ་འཐས་པ་བྲོས་ཐར་གབ་ཡུལ་བྲལ་བ༔ ནང་དུ་ཚུད་པ་ཙམ་གྱིས་ཡིད་ཀྱི་ལུས་ཅན་གང་ལའང་ཐོགས་པ་མེད་པ་རྣམས་ཀྱང་ཐོགས་ནས་འཐིབ་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར༔ ཕཊ་ཕཊ་ཕཊ༔ དེའི་ནང་དུ་གནོད་བྱེད་སྲི་གདོན་ཐམས་ཅད་བསྒྲལ་བའི་ཤ་ཁྲག་རུས་པའི་ཕུང་པོ་བག་ཆགས་དང་བཅས་པ་བྲུབ་པ་ལ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བག་ཆགས་ལས་ཉོན་ཐམས་ཅད་ཐིམ་པར་གྱུར༔ ཕཊ་ཕཊ་ཕཊ༔ དེའི་སྟེང་དུ་རི་རབ་བང་རིམ་སུམ་བརྩེགས་ཀྱི་སྟེང་དུ་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་དབལ་རྣོ་ངར་དང་ལྡན་པ་ཉོན་མོངས་ཕུང་སྲིའི་སྙིང་ལ་གཟིར་ཞིང་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་ན་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ༔ ཕཊ་ཕཊ་ཕཊ༔ བདག་ཉིད་ཁྲོས་མའི་ཕྱག་གཡས་ཟླ་བ་དང་གཡོན་ཉི་མའི་དཀྱིལ་འཁོར་ཁ་སྦྱོར་གྱི་མཚམས་སུ་ཧཱུྃ་མཐིང་ནག་ལས་སེང་ལྡེང་གི་ཕུར་པ་དམར་ཟང་ངེ་བ་སྟོད་ཆ་ཁྲོས་མ་དམར་ནག་སྨད་ཆ་ཁམས་གསུམ་ཡོངས་སུ་སྒྲོལ་བའི་དབལ་སོ་དང་ལྡན་པའི་གནས་ལྔ་ན་མཁའ་འགྲོ་སྡེ་ལྔ༔ གཙུག་ཏོར་གྱི་འཁོར་ལོར་མ་ཅིག་ཁྲོས་མ་ནག་མོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསམ༔ འོད་འཕྲོས་པས་མ་ལུས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ བཛྲ་ས་མ་ཡ་ཛཿ ས་མ་ཏི་སྟྭཾ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་པས་ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲིགས་ཤིང་གནོད་བྱེད་ཐམས་ཅད་ཀྱི་སྙིང་ལ་ཐོག་ལྟར་འབེབས་པར་བསམ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་ཧཱུྃ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་ནི༔ འགྲོ་དྲུག་དུག་གསུམ་ཕུར་པོར་གདབ༔ ཡུམ་ཆེན་ཆོས་སྐུའི་ཀློང་དུ་བསྒྲལ༔ སྐྱེ་མེད་སྤྲོས་བྲལ་ངང་དུ་བསད༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་ཧཱུྃ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ སྐུ་ལྔ་ལྷུན་གྲུབ་ཕུར་པ་ནི༔ འགྲོ་དྲུག་དུག་ལྔའི་ཕུང་པོར་གདབ༔ ཡེ་ཤེས་ལྔ་ཡི་ཀློང་དུ་བསྒྲལ༔ བདེ་ཆེན་འགྱུར་མེད་ངང་དུ་བསད༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་ཧཱུྃ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ ཆོས་ཕུང་ཡོངས་རྫོགས་ཕུར་པ་འདི༔ ཉོན་མོངས་བརྒྱད་ཁྲིའི་ཕུར་པོར་གདབ༔ འཁོར་བ་མྱང་འདས་དབྱིངས་སུ་བསྒྲལ༔ ཀུན་ཏུ་འོད་ཀྱི་ཀློང་དུ་བསད༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་ཧཱུྃ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཕཊ་ཕཊ་ཕཊ༔ མ་ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ༔ བརྡལ་ཁྱབ་དབྱིངས་ལས་དགོངས་པ་བསྐྱོད༔ མ་རིག་འཁྲུལ་པའི་སེམས་ཅན་འདི༔ གཞོན་ནུ་བུམ་སྐུའི་ཀློང་དུ་སྟོབ༔ མ་ལོངས་སྐུ་ཡེ་ཤེས་མཁའ་འགྲོ་མ༔ འགགས་མེད་དབྱིངས་ལས་དགོངས་པ་བསྐྱོད༔ མ་རིག་ཉོན་འཁྲུལ་སེམས་ཅན་འདི༔ འོད་གསལ་ཆེན་པོའི་ཀློང་དུ་སྟོབ༔ མ་སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་མ༔ ཀུན་ཁྱབ་དབྱིངས་ལས་དགོངས་པ་བསྐྱོད༔ མ་རིག་འཁྲུལ་པའི་ལས་ངན་འདི༔ བདེ་ཆེན་ཡེ་ཤེས་ཀློང་དུ་སྟོབ༔ མ་མཁྱེན་ནོ་ཡེ་ཤེས་མཁའ་འགྲོ་མ༔ གཟིགས་ཤིག་ཀུན་གཟིགས་སྤྱན་ལྡན་མ༔ དགོངས་ཤིག་བརྩེ་བའི་ཐུགས་རྗེ་ཅན༔ ཕྲིན་ལས་འགྲོ་འདུལ་མཐུ་ལྡན་མ༔ བདག་སོགས་སྐྱབས་བྲལ་སྐྱོབ་བྱེད་མ༔ མ་མཁྱེན་ནོ་མཁྱེན་ནོ་ཐུགས་རྗེ་ཅན༔ གསོལ་བ་འདེབས་སོ་བྱིན་རླབས་ཅན༔ སྐྱབས་སུ་མཆིའོ་མཐུ་ལྡན་མ༔ འབོད་དོ་མ་ཅིག་དྲིན་ལྡན་མ༔ བདག་གསོལ་འདེབས་ཐུགས་རྒྱུད་བསྐུལ་བའི་དོན༔ མ་ཐུགས་རྗེ་ནུས་པའི་སྟོབས་ཤུགས་བསྐྱེད༔ མ་རིག་འཐིབ་པའི་མུན་ཁང་འདི༔ ཡེ་ཤེས་ཆེན་པོའི་དགོངས་པས་ཤིག༔ དུག་གསུམ་འཐས་པའི་སྒོ་གསུམ་འདི༔ སྐུ་གསུམ་ཡེ་ཤེས་ཀློང་དུ་ཤིག༔ དུག་ལྔའི་བག་ཆགས་འབྱུང་བ་ལྔ༔ ཡེ་ཤེས་ལྔ་ཡི་དབྱིངས་སུ་ཤིག༔ ངར་འཛིན་བརྟན་པའི་རྣམ་རྟོག་འདི༔ བདག་མེད་ཆོས་སྐུའི་ཀློང་དུ་ཤིག༔ གཟུང་འཛིན་འཕྲུལ་གྱི་སྣང་བ་ཡུལ༔ གཉིས་མེད་ཀ་དག་རོལ་པར་ཤིག༔ འཁྲུལ་པའི་འཁོར་ལོར་ཁ་འབྱམས་པའི༔ སྡུག་བསྔལ་སེམས་ཅན་ལྷ་འདྲེ་རྣམས༔ ཡེ་ཤེས་མཁའ་འགྲོའི་དགོངས་པས་རློབས༔ བདེ་ཆེན་འགྱུར་མེད་ས་རུ་སྒྲོལ༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་རོལ༔ རྣམ་མཁྱེན་ཡེ་ཤེས་རྒྱ་ཡིས་ཐོབ༔ ཀུན་ཏུ་བཟང་པོའི་ས་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ དེ་ནས་འདུལ་ཆས་རྣམས་ཀྱིས་གདབ་པ་ནི༔ ཕཊ་ཕཊ་ཕཊ༔ མ་སྐུ་གསུམ་ཡེ་ཤེས་མཁའ་འགྲོ་རྣམས༔ དབྱིངས་ལས་སྐུར་བཞེངས་མངོན་སྤྱོད་མཛོད༔ སྲི་གདོན་འདུལ་བའི་མཚོན་ཆ་རྣམས༔ ད་ལྟ་ཉིད་དུ་གདབ་པར་མཛོད༔ གནམ་ལྕགས་ངར་མའི་རལ་གྲི་འདིས༔ གནོད་བྱེད་མགོ་ལུས་ཚལ་པར་གཏུབ༔ གནམ་ལྕགས་སྟྭ་རེ་ངར་མ་འདིས༔ དགྲ་བགེགས་ང་རྒྱལ་རུས་པ་འཐོག༔ གནམ་ལྕགས་ངར་མའི་ཟོར་བ་འདིས༔ དགྲ་བགེགས་བཟུང་ནས་སྟོད་ཆ་ཕྲོལ༔ གཟའ་བདུད་ནག་པོའི་མདའ་གཞུ་འདིས༔ དགྲ་བགེགས་སྲོག་གི་རྩ་ལ་ཐོབ༔ བཙན་གདུང་ངར་ལྡན་རྩེ་དམར་འདིས༔ དགྲ་བགེགས་སྙིང་གི་དཀྱིལ་དུ་རྒྱོབ༔ འཐིབ་བྱེད་རྔ་ཡབ་དཀར་ནག་འདིས༔ དགྲ་བགེགས་དྲན་མེད་ངང་དུ་སོད༔ གཡབ་བྱེད་གཡང་གཞི་དཀར་ནག་འདིས༔ དགྲ་བགེགས་ནུས་མཐུ་དྲག་རྩལ་སོད༔ ལྕགས་སླང་དམྱལ་གནས་ཁོལ་མ་འདིས༔ དགྲ་བགེགས་ལུས་ངག་ཡིད་ལ་སྦུབས༔ བློ་ཡི་དྲན་པ་མེད་པར་མྱོས༔ བསྒྲལ་གཞི་ནག་པོ་རླུང་ཐུབ་འདིས༔ མུན་པ་ནག་པོ་སྟེང་གྲིབ་ཁེབས༔ སྲི་གདོན་སྟེང་དུ་ད་ཁོབ་ཅིག༔ མུན་པ་སྒོ་མེད་ནག་པོས་གཡོགས༔ བྱང་ཆུབ་སེམས་དང་མ་ལྡན་བར༔ ནམ་ཡང་དྲན་ཞེན་མེད་པར་གྱུར༔ མེ་ཆུ་རླུང་དང་རི་རབ་དང་༔ དམྱལ་ཁམས་བཅོ་བརྒྱད་ར་བ་ནི༔ ཕྱི་ནང་རིམ་བསྐོར་ནང་དུ་བཙུད༔ སྡུག་བསྔལ་མྱོང་ཚོར་མེད་པ་ཡི༔ བདེ་བ་ཆེན་པོའི་ངང་དུ་བརྒྱལ༔ འཁོར་བར་ལྡོག་མེད་དགོངས་རྒྱས་ཐོབ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་ས་མ་ཡ་གནོད་བྱེད་སྲི་གདོན་སརྦ་ཏྲི་ཛཿ རྦད་ནན༔ བརྒྱ་བརྗོད་ཕྱེ་གསུམ་བསྔགས་ལ་བྲབ༔ ཕཊ་ཕཊ་ཕཊ༔ བདག་གི་རིག་པ་ཁྲོས་མ་ནག་མོ་སྤྱི་གཙུག་ནས་ཐོན་ཏེ་སྣང་སྲིད་གང་བ་ཞིག་ཏུ་གྱུར་ནས༔ གཡས་གྲི་གུག་བེམ་པོ་ལ་ཚད་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ཞིང་གི་པགས་པས་ཁེབས་པར་གྱུར༔ ཕཊ༔ དེའི་སྟེང་དུ་ཤ་ཁྲག་རུས་པའི་ཕུང་པོ་ཐར་གྱིས་ཞིག་ནས་གང་བར་གྱུར༔ ཕཊ༔ གནོད་བྱེད་གནས་གདོན་ལུས་གདོན་དགྲ་བགེགས་ཐམས་ཅད་ཀྱིས་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཧབ་ཐོབ་ཏུ་ཟོས་པར་གྱུར༔ ཕཊ་ཕཊ་ཕཊ༔ སླར་དགྲ་བོའི་མི་ནོར་ལོངས་སྤྱོད་སྲི་གདོན་ཟ་འདྲེ་ཤི་གཤེད་ཐམས་ཅད་གཡང་གཞིའི་དབུས་སུ་གནས་ཏེ་འདུས་པར་གྱུར༔ ཕཊ་ཕཊ་ཕཊ༔ བདག་ཉིད་ཁྲོས་མའི་ཕྱག་གཡས་ཀྱིས་གཡང་གཞི་མཐའ་ནས་བསྡུས་ཏེ་སྦྲུལ་དང་རྒྱུ་མའི་ཞགས་པས་ཁ་བསྡམས་ནས་ཀླད་ལ་ལན་གསུམ་བསྐོར་ཏེ་ཁམས་གསུམ་གྱི་སྡུག་བསྔལ་བསྟིམ༔ ས་ལ་ལན་གསུམ་བརྡབ་པས་འཁྲུལ་པའི་འཁོར་ལོ་བཅོམ་སླར་ཤར་གྱིས་འཕངས་པས་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་འོག་ཏུ་སོང་བར་བསམ༔ ཕཊ་ཕཊ་ཕཊ༔ དགྲ་བོའི་མི་ནོར་ལ་སྲི་གདོན་རྣམས་ཀྱིས་ལོངས་སྤྱོད་ནས་ཡོད་པའི་སྟེང་དུ་ཡཾ་ལས་རླུང་ཁམས་ལས་ཆུ་རཾ་ལས་མེ་སུཾ་ལས་སའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོ་ཆེན་སྟོབས་པོ་ཆེ༔ དེའི་སྟེང་དུ་དུར་ཁྲོད་རབ་འཇིགས་མེ་དཔུང་འབར་བའི་དབུས་སུ་བདག་གི་གནས་ཁང་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་གྱེན་དུ་ལངས་པ་སྲིད་པའི་རྩེ་མོར་ཟུག་པ༔ རྩ་བ་ཀླུ་རྒྱལ་འཇོག་པོས་ཐོད་དུ་བཅིངས་པ་ཕྱི་ནང་མེད་པར་འདོད་རྒུའི་ཆར་ཆེན་པོ་འབེབས་པ་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་ཀྱི་སྐུ་གསུང་ཐུགས་བཅུད་དངོས་གྲུབ་ཐམས་ཅད་ཡོངས་སུ་འདུས་ཤིང་རྫོགས་པར་གྱུར༔ ཕཊ་ཕཊ་ཕཊ༔ དེའི་དབུས་སུ་མ་ཆགས་པདྨ་ཉི་ཟླའི་གདན་སུམ་བརྩེགས་ཀྱི་སྟེང་དུ་རང་ཉིད་ཁྲོས་མ་ནག་མོ་སྒྱུ་འཕྲུལ་མཁའ་འགྲོ་འབུམ་སྡེའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འགྲོ་བ་རིགས་དྲུག་གི་རྒྱུ་ས་བོན་གནས་མལ་དང་བཅས་པ་ཐམས་ཅད་ཐུལ་གྱིས་བསྲེགས་ནས་སྣང་སྲིད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་བསྒོམ་ལ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཧྲཱིཾ་ཛཿ ཨ་ནྲྀ་སུ་ཏྲི་པྲེ་དུ༔ སརྦ་པཱ་པཾ་དུཿ ཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་སྟོང་ཅི་ནུས་བཟླའོ༔ སྲི་གདོན་བྱང་བུ་ལིངྒ་བཅས༔ མཁའ་འགྲོའི་མེ་ཧོམ་ཞལ་བསྟབ་བྱ༔ ཐལ་སོལ་མཆོད་རྟེན་འོག་ཏུ་མནན༔ ལས་ཀྱི་སྲུང་མར་གཏད་བཅོལ་བྱ༔ འདི་ཡིས་མི་འདུལ་གང་ཡང་མེད༔ ཕ་ལམ་རྡོ་རྗེའི་མཚོན་དང་མཚུངས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལས་ཀ་འདི་ལས་ལྷག་པ་མེད༔ ཉིན་ཕྱེད་མཚན་གྱི་ཕྱེད་དུ་བྱ༔ ལྷ་འདྲེ་གཞན་དུ་མི་དམིགས་ཏེ༔ གཉིས་སྣང་རྒྱུ་རྐྱེན་དག་ལ་བྱ༔ དངོས་ཅན་དངོས་མེད་རྟགས་མཚན་ལ༔ གཟུགས་དང་སྒྲ་དང་དྲི་རོ་རེག༔ བཟང་དང་ངན་དང་རེ་དོགས་སྤངས༔ དངོས་མེད་དག་ལ་བྲེད་དང་འཇིགས༔ དངོས་ཅན་གཅན་གཟན་མི་རྒོད་དང་༔ རོ་དང་གོས་དང་གཟུགས་ཅན་གྱིས༔ རྣམ་རྟོག་སློང་བྱེད་ཅི་བྱུང་ཡང་༔ ཡ་ང་བག་ཚ་འཁུ་འཁྲིགས་སྤངས༔ སྣང་སྲིད་རང་སེམས་འཁྲུལ་པར་ཤེས༔ གཙང་དམེ་འཇིགས་སྐྲག་ཐམས་ཅད་གཅོད༔ དེ་ནི་རང་སྲུང་གདམས་པའི་མཆོག༔ མདོར་ན་ཤ་ཁྲག་གཟན་དུ་བསྐྱུར༔ སེམས་ཉིད་སྟོང་པ་བདག་ཏུ་མེད༔ སྟོང་པས་སྟོང་པར་ཡ་མི་ང་༔ ལར་ནི་ལུས་དང་ལྡན་ན་ཡང་༔ གཟུགས་མེད་དག་གིས་ཅི་ལ་གནོད༔ བར་སྣང་སྟོང་པས་གཟུགས་མི་བཅོམ༔ ཐམས་ཅད་སེམས་ཀྱི་རྣམ་རྟོག་ཏུ༔ ཤེས་པ་ཙམ་གྱིས་ངེས་གྲོལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་གཤིན་ཀླུ་བཙན་གཟའ་ཡིས་སྲུངས༔ དམ་ལྡན་བུ་ལ་བརྩེ་གྲོགས་མཛོད༔ དམ་ཉམས་ལྟ་ལོག་སྲོག་རྩ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་དྲེད་པོ་བདུད་འཇོམས་རྡོ་རྗེས་ཡིག་མེད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ། །ལེགས་སོ།། །།