TTDL-ZABTER-16-MA-024: Difference between revisions
(Imported new text files with Wyckibaat for processing) |
m (Text replacement - "༴" to "༴ ") |
||
| (5 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཟངས་དོག་དཔལ་གྱི་རི་བོའི་སྨོན་ལམ་ཐར་བའི་སྒོ་འབྱེད༔ | |||
|fulltitle=dag snang ye shes drwa ba las: zangs dog dpal gyi ri bo'i smon lam thar ba'i sgo 'byed: | |||
|citation=Khrag 'thung [[Bdud 'joms gling pa]]. ''Dag snang ye shes drwa ba las zangs dog dpal gyi ri bo'i smon lam thar ba'i sgo 'byed''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 16: 79-86. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |||
|author=bdud 'joms gling pa | |||
|sourcerevealer=bdud 'joms gling pa | |||
|tibgenre=Prayers - smon lam | |||
|terma=Yes | |||
|cycle=dag snang ye shes drwa ba | |||
|cycletib=དག་སྣང་ཡེ་ཤེས་དྲྭ་བ་ | |||
|language=Tibetan | |||
|volumenumber=16 | |||
|volnumtib=༡༦ | |||
|volyigtib=མ | |||
|totalvolumes=21 | |||
|textnuminvol=024 | |||
|pagenumbers=79-86 | |||
|totalpages=8 | |||
|beginfolioline=1a1 | |||
|endfolioline=4b4 | |||
|totalfolios=4 | |||
|multivolumework=No | |||
|rectonotes=dpal ri'i smon lam | |||
|versonotes=bdud 'joms zab gter | |||
|colophontib=ཞེས་པ་འདི་ནི་སློབ་བུ་ཐུབ་པ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ཡང་ཡང་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པའང་ངག་ཕྲིན་གྱིས་བགྱིས་པ་བརྒྱུད་འཛིན་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |||
|colophonwylie=zhes pa 'di ni slob bu thub pa dang ngag dbang phrin las gnyis kyis yang yang bskul ngor bdud 'joms rdo rjes dag snang ye shes drwa ba las bsgyur ba'i yi ge pa'ang ngag phrin gyis bgyis pa brgyud 'dzin yongs la phan bde rgya chen po 'byung ba'i rgyur gyur cig_/dge'o/_/legs so/_/sarba mang+ga laM// | |||
|pdflink=File:TTDL-ZABTER-16-MA-024.pdf | |||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=MA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-16-MA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཟངས་དོག་དཔལ་གྱི་རི་བོའི་སྨོན་ལམ་ཐར་བའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ༔ | |||
༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྩ་བརྒྱུད་བླ་མ་ཡིད་ལ་བྱས་ནས་སུ༔ རྩེ་གཅིག་སྨོན་ལམ་རྣམ་དག་འདི་གདབ་བྱ༔ ཨེ་མ་ ཧོཿ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔ རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོ་ཡི༔ གྲོང་ཁྱེར་ཆེན་པོ་བཅོ་བརྒྱད་ཀྱིས་བསྐོར་བའི༔ ཕྱོགས་བཞིར་འདོད་འབྱུང་ལྷུན་པོ་བཞི་ཡི་དབུས༔ ཀླུ་ཆེན་བརྒྱད་ཀྱི་གྲོང་ཁྱེར་གནས་པ་ཡི༔ རྒྱ་མཚོའི་ལྟེ་བར་ཟངས་མདོག་དཔལ་གྱི་རི༔ རྩ་བ་ཀླུ་རྒྱལ་འཇོག་པོའི་གནས་སུ་ཟུག༔ སྐེད་པར་ལུས་མེད་མཁའ་འགྲོ་འདུ་བའི་གནས༔ རྩེ་མོ་དག་པ་མཁའ་སྤྱོད་ཞིང་དུ་སླེབས༔ རི་རྒྱལ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ རི་དེའི་རྩ་བ་རྒྱ་མཚོའི་འགྲམ་འཁོར་ཡུག༔ བྲག་རི་མཚོན་ཆ་གནམ་དུ་གཟིངས་འདྲས་བསྐོར༔ འདབས་འཁོར་སྤྲུལ་པ་སྐུ་ཡི་ཞིང་ཁམས་སུ༔ དཔག་བསམ་ཤིང་དང་བདུད་རྩིའི་ཆུ་མིག་དང་༔ སྨན་གྱི་སྤང་རིར་དྲི་བཟང་ན་བུན་འཐུལ༔ ཁ་དོག་སྣ་ཚོགས་འབར་བའི་པདྨོ་བཞད༔ རིག་འཛིན་དཔའ་བོ་མཁའ་འགྲོ་འདུ་བའི་གླིང་༔ གླིང་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ སྐེད་པར་དཔག་བསམ་ཤིང་གི་ནགས་ཚལ་ལ༔ འཇའ་ཚོན་འོད་ཀྱི་དྲྭ་མིག་རིས་སུ་བྲེས༔ དྲིལ་བུ་གཡེར་ཁས་སྙན་པའི་ཆོས་སྒྲ་སྒྲོགས༔ དཔའ་བོ་མཁའ་འགྲོས་གླུ་གར་རོལ་མོ་འཁྲོལ༔ ལོགས་བཞིར་ཁ་དོག་སྣ་ཚོགས་འོད་ཕུང་འཁྲིགས༔ རིག་འཛིན་འདུས་པའི་ཚོགས་ལ་གསོལ་བ་འདེབས༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ རྩེ་མོ་མཁའ་སྤྱོད་དག་པའི་ཞིང་ཁམས་མཆོག༔ ཤར་ཕྱོགས་ཤེལ་དང་ལྷོ་ཕྱོགས་བཻཌཱུརྱ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་ཨིནྡྲ་ཡི༔ རྣམ་པའི་འོད་ཀྱི་ས་གཞི་རྒྱ་ཆེ་ཞིང་༔ བཀོད་ལེགས་མཛེས་ལྡན་བདེ་འཇམ་ཡིད་དུ་འོང་༔ སྨན་གྱི་སྤངས་རིར་མེ་ཏོག་སྣ་ཚོགས་འཁྲུངས༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པའི༔ ཞིང་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ སྲ་བརྟན་སྣ་ཚོགས་རྡོ་རྗེའི་གདན་སྟེང་དུ༔ བཀོད་པ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་༔ ཡེ་ཤེས་ལྔ་ཡི་ངོ་བོར་ཤར་བ་ལ༔ རྣམ་པ་རིན་ཆེན་སྣ་ལྔ་ལས་གྲུབ་ཅིང་༔ རྩིག་པ་འདོད་སྣམ་ཕ་གུ་དྲྭ་བ་དང་༔ དྲྭ་ཕྱེད་མདའ་ཡབ་རིན་ཆེན་མིག་ཚག་དང་༔ གྲུ་བཞི་སྒོ་བཞི་རྟ་བབ་ཀྱིས་མཛེས་ཤིང་༔ སྤྲུལ་པའི་བྱ་ཚོགས་སྙན་པའི་ཆོས་སྒྲ་སྒྲོགས༔ རི་དྭགས་ཆོས་ཉན་མཛེས་པའི་གཟུགས་བྱད་ངོམས༔ སུམ་ཐོག་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ བུམ་པ་བྲེ་དང་ཆོས་འཁོར་གདུགས་ཏོག་མཛེས༔ ཚད་དང་མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི༔ ལྷུན་གྲུབ་གཞལ་ཡས་ཁང་ལ༴ དཔལ་རི་པདྨ་འོད་དུ་སྐྱེ་བར་ཤོག༔ དེ་དབུས་རིན་ཆེན་ཁྲི་སྟེང་པད་ཟླ་དང་༔ ཉི་མའི་གདན་སྟེང་རྣམ་འདྲེན་སྤྲུལ་པའི་སྐུ༔ དཀར་དམར་མདངས་ལྡན་འོད་དང་འོད་ཟེར་འབར༔ ཕྱག་གཡས་རྡོ་རྗེ་གཡོན་པས་བྷན་ཐོད་བསྣམས༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་༔ དཔའ་བོ་དང་ནི་དཔའ་མོ་མཁའ་འགྲོའི་ཚོགས༔ གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་དབུས་ན་ངོམས༔ ཡ་མཚན་སྤྲུལ་པའི་སྐུ་ལ༴ དཔལ་རི་པདྨ་འོད་དུ༴ སྟེང་ཕྱོགས་འོག་མིན་ལྷུན་གྲུབ་གཞལ་ཡས་སུ༔ འགྲོ་བའི་མགོན་པོ་འཕགས་མཆོག་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུགས་པའི་ཆ་ལུགས་ཅན༔ བྱང་ཆུབ་སེམས་དཔའ་དང་ནི་སེམས་མའི་ཚོགས༔ ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་ན་ངོམས༔ མགོན་པོ་ཐུགས་རྗེའི་དབང་ཕྱུག་འཁོར་བཅས་ལ༔ མོས་གུས་གདུང་ཤུགས་དྲག་པོས༴ དཔལ་རི་པདྨ་འོད་དུ༴ ཡང་ཐོག་བདེ་ཆེན་ཆོས་སྐུའི་གཞལ་ཡས་སུ༔ པདྨ་དང་ནི་ཟླ་རྒྱས་གདན་སྟེང་དུ༔ ཆོས་སྐུའི་སྟོན་པ་འོད་དཔག་མེད་མགོན་ལ༔ སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་ཀྱིས་བསྐོར༔ བཟོད་མེད་གདུང་ཤུགས་དྲག་པོས༴ དཔལ་རི་པདྨ་འོད་དུ༴ ཤར་ཕྱོགས་རི་བོ་གསལ་བྱེད་ཅེས་བྱ་བ༔ མདུང་རྩེ་ལྟ་བུའི་སྐེད་པར་འཇའ་ཤེལ་གྱི༔ མེ་ལོང་དབྱིབས་འདྲའི་འཇའ་དང་འོད་ཟེར་ལས༔ གཟུགས་དང་མཆོད་པ་སྣ་ཚོགས་སྤྲིན་ལྟར་གཏིབས༔ རྩེ་མོར་རིན་ཆེན་ཤེལ་གྱི་གཞལ་ཡས་སུ༔ ཨོ་རྒྱན་རྡོ་རྗེ་རྣམ་པར་རྒྱལ་བ་ལ༔ རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དཔལ་རི་པདྨ་འོད་དུ༴ ལྷོ་ཕྱོགས་རི་བོ་འདོད་འབྱུང་ཞེས་བྱ་བ༔ དཔག་བསམ་ཤིང་དང་ནོར་བུ་རིན་ཆེན་ལྟར༔ དགོས་འདོད་མཆོད་སྤྲིན་རྒྱ་མཚོ་འཕྱོ་ཞིང་སྤེལ༔ རི་དེའི་རྩེ་མོར་གསེར་གྱི་གཞལ་ཡས་སུ༔ ཨོ་རྒྱན་གཏེར་བདག་རྒྱལ་པོ་ཞེས་བྱ་བར༔ རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ གསོལ་བ་འདེབས་སོ་བདག་རྒྱུད༴ དཔལ་རི་པདྨ་འོད་དུ༴ ནུབ་ཕྱོགས་རི་བོ་དྲི་ལྡན་ཞེས་བྱ་བར༔ ཟངས་མདོག་དྲི་ཞིམ་འོད་ཀྱིས་ས་གསུམ་འགེངས༔ རི་རྩེར་པདྨ་རཱ་གའི་གཞལ་ཡས་སུ༔ ཨོ་རྒྱན་བདེ་ཆེན་རྒྱལ་པོ་ཞེས་བྱ་བར༔ པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ གསོལ་བ་འདེབས་སོ་བདག་རྒྱུད༴ དཔལ་རི་པདྨ་འོད་དུ༴ བྱང་ཕྱོགས་རི་བོ་འབིག་བྱེད་ཅེས་བྱ་བ༔ ལྗང་གསལ་འོད་འབར་ཉིན་མཚན་མེད་པ་རུ༔ དུས་ཀུན་འོད་ཀྱིས་གསལ་ཁྱབ་ཉིན་མོར་བྱེད༔ རི་རྩེར་ཨིནྡྲ་ནཱི་ལའི་གཞལ་ཡས་སུ༔ ཨོ་རྒྱན་པདྨ་བདུད་འདུལ་ཞེས་བྱ་བ༔ ལས་ཀྱི་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ གསོལ་བ་འདེབས་སོ་བདག་རྒྱུད༴ དཔལ་རི་པདྨ་འོད་དུ༴ རབ་འཇིགས་ལངྐའི་གྲོང་ཁྱེར་ཆེན་པོའི་དབུས༔ རྔམས་བརྗིད་ཐོད་མཁར་དྲག་པོའི་གཞལ་ཡས་སུ༔ ཟ་བྱེད་མི་སྲུན་སྲིན་པོ་འདུལ་མཛད་ཕྱིར༔ སྣང་བ་དབང་བསྒྱུར་ཡང་དག་ལམ་དུ་གཟུད༔ གར་དབང་པདྨ་ཐོད་ཕྲེང་རྩལ་ཉིད་ལ༔ ལས་བྱེད་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དཔལ་རི་པདྨ་འོད་དུ་སྐྱེ་བར་ཤོག༔ བདག་ནི་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ འཇིགས་རུང་བར་དོའི་སྣང་བར་མི་ལྟོས་ཤིང་༔ དཔལ་རི་པདྨ་འོད་དེར་སྐྱེས་ནས་སུ༔ གང་འདུལ་སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ ཨོ་རྒྱན་ཆེན་པོས་འབྲལ་མེད་རྗེས་བཟུང་ནས༔ ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ཏེ༔ འགྲོ་བའི་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག༔ སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་༔ རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པ་དང་༔ ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་སྟོབས་ཀྱིས༔ ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་པར་ཤོག༔ དེ་ལྟར་རྣམ་དག་ཞིང་ཁམས་ཡིད་བྱེད་ཅིང་༔ སྨོན་ལམ་བཏབ་ཅིང་འགྲུབ་སྔགས་བདེན་ཚིག་བརྗོད༔ གནད་དེས་རྣམ་དག་ཞིང་ཁམས་དེར་འཕོ་བྱེད༔ ས་མ་ཡ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ནི་སློབ་བུ་ཐུབ་པ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ཡང་ཡང་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པའང་ངག་ཕྲིན་གྱིས་བགྱིས་པ་བརྒྱུད་འཛིན་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Latest revision as of 10:20, 4 September 2025
| Wylie title | dag snang ye shes drwa ba las: zangs dog dpal gyi ri bo'i smon lam thar ba'i sgo 'byed: | |
|---|---|---|
| Location | bdud 'joms gling pa zab gter Volume 16, Text 24, Pages 79-86 (Folios 1a1 to 4b4) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Dag snang ye shes drwa ba las zangs dog dpal gyi ri bo'i smon lam thar ba'i sgo 'byed. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: 79-86. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: dpal ri'i smon lam Verso: bdud 'joms zab gter | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Prayers - smon lam | |
| Cycle | དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba) | |
| Colophon |
ཞེས་པ་འདི་ནི་སློབ་བུ་ཐུབ་པ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ཡང་ཡང་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའི་ཡི་གེ་པའང་ངག་ཕྲིན་གྱིས་བགྱིས་པ་བརྒྱུད་འཛིན་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |
|
zhes pa 'di ni slob bu thub pa dang ngag dbang phrin las gnyis kyis yang yang bskul ngor bdud 'joms rdo rjes dag snang ye shes drwa ba las bsgyur ba'i yi ge pa'ang ngag phrin gyis bgyis pa brgyud 'dzin yongs la phan bde rgya chen po 'byung ba'i rgyur gyur cig_/dge'o/_/legs so/_/sarba mang+ga laM// | ||