TTDL-ZABTER-18-TSHA-025: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-025
(Imported new text files with Wyckibaat for processing)
 
No edit summary
 
(3 intermediate revisions by 2 users not shown)
Line 1: Line 1:
རྟོགས་ལྡན་ལ་གདམས་པ་བཞུགས་སོ། །སྐྱབས་བསླུ་མེད་དཀོན་མཆོག་རིན་པོ་ཆེ། །བདག་རྣམ་གསུམ་དད་པའི་རྟེན་བཅའ་འོ། །ལས་རྐྱེན་ངན་དབང་དུ་མ་བཏང་བར། །བློ་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབས། །ཚུར་ཉོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །དུས་ད་བར་ཁམས་གསུམ་འཁོར་བར་འཁྱམས། །ལམ་ཟབ་མོ་མིག་གིས་མཐོང་མ་མྱོང་། །ལུས་གཅེས་པར་བཟུང་ནས་ཟས་གོས་ཕྱིར། །འབད་རྩོལ་བཅས་སྡིག་པ་མི་དགེར་སྤྱོད། །དེས་འབྲས་བུ་ཟད་མེད་སྡུག་བསྔལ་མྱོང་། །མཐར་རོ་རུ་སོང་ཚེ་དུར་ཁྲོད་དུ། །བྱ་གཅན་གཟན་ཧབ་ཤ་བྱེད་པའི་དུས། །ལས་རྣམ་སྨིན་རྣམ་པར་ཤེས་པས་མྱོང་། །འབྱུང་སྒྱུ་ལུས་བསྐྱངས་པའི་ལེ་ལན་ཁུར། །མཐའ་མེད་པའི་སྡུག་བསྔལ་ཐོག་ཏུ་བབ། །ཚུལ་དེ་ལྟར་བསམ་ནས་གཅེས་འཛིན་ཆོད། །རྒྱུ་བསགས་བསགས་རྙེད་རྙེད་སྣང་བ་ལ། །ཞེན་ཆགས་ཤིང་འབད་རྩོལ་ཅི་བྱས་ཀྱང་། །དོན་སྙིང་པོ་མེད་པ་རྨི་ལམ་བཞིན། །ཚུལ་ཤེས་པར་གྱིས་ལ་སྒྲུབ་པ་མཛོད། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དུས་ལོ་ཟླ་ཞག་གིས་མི་ཚེ་བསྟུང་། །ནམ་འཆི་དུས་མི་ཤེས་ཚུལ་དྲན་ནས། །ད་མྱུར་དུ་དམ་པའི་ཆོས་ལ་འབད། །གཉེན་རྩ་ལག་བསྐྱང་བསྐྱང་བརྩེ་བརྩེ་ཡང་། །ཀུན་མགུ་དུས་མི་འོང་རང་ཚོད་ཟུངས། །རྒྱུ་བསགས་བསགས་ཆོག་ཤེས་འབྱུང་དུས་མེད། །སྲོག་འཚོ་བ་ཙམ་གྱིས་ཆོག་ཤེས་བརྟེན། །དགྲ་བཏུལ་བཏུལ་མཐའ་ལ་ཐུག་དུས་མེད། །ད་དགྲ་མེད་པ་རུ་བཞག་ན་ལེགས། །གཉེན་བསྐྱང་བསྐྱང་ཐམས་ཅད་ཚིམ་དུས་མེད། །རང་མགོ་འདོན་ཐབས་ལ་རེམ་མཛོད་ཅིག།གཞན་མི་ངོ་དཀར་ནག་འཚོས་འཚོས་ཀྱང་། །དོན་ཐོབ་ལེན་མེད་པའི་ཚུལ་ལ་ལྟོས། །ཡུལ་གཞན་ལ་རྙེད་ཚོལ་བྱས་བྱས་ཀྱང་། །ནོར་འབྱོར་པ་གསོག་དུས་མེད་ལ་ལྟོས། །ད་གཏན་གྱི་བདེ་བ་དོན་གཉེར་མཛོད། །ཟས་རི་རབ་ཙམ་ཞིག་སྤུང་ན་ཡང་། །འཆིའི་ནང་པར་ཁམ་གཅིག་ཟ་ལོངས་མེད། །སྐོམ་རྒྱ་མཚོ་ཙམ་ཞིག་བསྐྱིལ་ན་ཡང་། །འཆིའི་ནང་པར་ཧུབ་གཅིག་འཐུང་ལོངས་མེད། །གོས་ལྷོ་སྤྲིན་ཙམ་ཞིག་བསགས་ན་ཡང་། །འཆིའི་ནང་པར་གཅེར་བུར་འགྲོ་དགོས་འབྱུང་། །ནོར་བང་མཛོད་བརྒྱ་སྟོང་གང་ཡོད་ཀྱང་། །འཆིའི་ནང་པར་ལག་སྟོང་སོང་ལ་ལྟོས། །ཕྱུགས་གྲངས་མེད་ར་བ་བརྒྱ་གང་ཡང་། །འཆིའི་ནང་པར་སྟོང་པར་སོང་ལ་ལྟོས། །ངའི་གཅེས་ནོར་བསམ་ནས་འབད་བསགས་པ། །མི་གཞན་གྱིས་ཧབ་ཐོབ་བྱེད་ལ་ལྟོས། །ངའི་མཁར་ཁྱིམ་བསམ་ནས་བརྩིག་སྦྱངས་ཀྱང་། །དེ་ཤུལ་དུ་བོར་ནས་སོང་ལ་ལྟོས། །ངའི་བུ་ཚ་བསམ་ནས་གསོས་བསྐྱངས་པ། །ཀུན་ཤུལ་དུ་བོར་ནས་སོང་ལ་ལྟོས། །ངའི་ཉེ་འབྲེལ་གཉེན་བཟུང་བསྐྱང་བསྐྱང་ནས། །མཐར་མི་འཕྲད་ཡུལ་དུ་སོང་ལ་ལྟོས། །ངའི་བཟའ་མི་བསམ་ནས་བརྩེ་གདུང་ཡང་། །མཐར་ཚོང་དུས་བཞིན་དུ་གྱེས་ལ་ལྟོས། །ཚུལ་དེ་ལ་དཔྱོད་ཐོང་འཆི་བ་སོམས། །ངས་དང་པོ་འཆི་ཆོས་གཤའ་མ་བསྒྲུབ། །འཆིའི་དུས་སུ་འགྱོད་མེད་ཞིག་ལ་རེམ། །གནད་དེ་ལྟར་ལྡན་ན་ཕོ་རབ་ཡིན། །ཕ་དུས་གསུམ་རྒྱལ་བའི་ཞལ་གདམས་ཡིན། །འདི་སྙིང་དང་སྲོག་གི་གཏའ་རུ་ཟུངས། །ཁྱོད་ཚེ་འདིར་སངས་རྒྱས་ལ་ཐང་མེད། །གནད་དེ་ལས་ཟབ་པ་ང་ལ་མེད། །ཨཻ།སྣང་སྲིད་དང་སྣོད་བཅུད་ཆོས་ཀུན། །སྟོང་ཉིད་ཀྱི་རོལ་པར་ཨེ་གོ། །སངས་རྒྱས་དང་སེམས་ཅན་ཐམས་ཅད། །དག་མཉམ་གྱི་རོལ་པར་ཨེ་གོ། །རྒྱ་མཚོ་དང་གཟའ་སྐར་ཅི་བཞིན། །སྣང་བ་ཀུན་སྟོང་པར་ཨེ་གོ། །འཁོར་འདས་ཀུན་རིག་པའི་ཀློང་དུ། །གཉིས་མེད་ཀྱི་རོལ་པར་ཨེ་གོ། །ཡེ་གཞི་ཡི་རང་ངོར་སངས་ཚེ། །སངས་རྒྱས་ཀྱི་དགོངས་པར་ཨེ་གོ། །བདེན་གཉིས་ཀྱི་དམ་ཆོས་ཐམས་ཅད། །གཞི་ཉིད་དུ་གཅིག་པ་ཨེ་གོ། །གཞི་ལམ་དང་འབྲས་བུའི་ཆོས་ཀུན། །ལྷུན་གྲུབ་ཏུ་རྫོགས་པ་ཨེ་གོ། །སྣང་སྲིད་དང་སྣོད་བཅུད་སྣང་བ། །འོད་གསལ་གྱི་རོལ་པར་འཕོ་བའི། །འཕོ་ཆེན་གྱི་མྱུར་ལམ་ལ་ཞུགས། །འཇའ་ལུས་ཀྱི་རིག་འཛིན་ཐོབ་མཛོད། །མི་རྒན་གྱི་འཆོལ་གཏམ་དེ་ཡིན། །བུ་ཆུང་ལ་ཕན་ནོར་སྟེར་གཏོང་། །ཞེས་རང་སློབ་སྐྱེས་བུ་རྟོགས་ལྡན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སོ། །དགེའོ། །སརྦ་མངྒ་ལཾ། །། །[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=རྟོགས་ལྡན་ལ་གདམས་པ།
|fulltitle=rtogs ldan la gdams pa
|citation=Khrag 'thung [[Bdud 'joms gling pa]]. ''Rtogs ldan la gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 95-98. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|tibgenre=Advice - zhal gdams
|terma=No
|volumenumber=18
|volnumtib=༡༨
|volyigtib=ཚ
|totalvolumes=21
|textnuminvol=025
|pagenumbers=95-98
|totalpages=4
|beginfolioline=48a1
|endfolioline=49b3
|totalfolios=2
|multivolumework=No
|rectonotes=zhal gdams
|versonotes=bdud 'joms gsung mgur skor
|colophontib=ཞེས་རང་སློབ་སྐྱེས་བུ་རྟོགས་ལྡན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སོ། །དགེའོ། །སརྦ་མངྒ་ལཾ།།
|colophonwylie=zhes rang slob skyes bu rtogs ldan gyis bskul ngor mi rgan bdud 'joms rdo rjes so/_/dge'o/_/sarba mang+ga laM//
|pdflink=File:TTDL-ZABTER-18-TSHA-025.pdf
|authortib=བདུད་འཇོམས་གླིང་པ་
|volumeLetter=TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །རྟོགས་ལྡན་ལ་གདམས་པ་བཞུགས་སོ། །སྐྱབས་བསླུ་མེད་དཀོན་མཆོག་རིན་པོ་ཆེ། །བདག་རྣམ་གསུམ་དད་པའི་རྟེན་བཅའ་འོ། །ལས་རྐྱེན་ངན་དབང་དུ་མ་བཏང་བར། །བློ་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབས། །ཚུར་ཉོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །དུས་ད་བར་ཁམས་གསུམ་འཁོར་བར་འཁྱམས། །ལམ་ཟབ་མོ་མིག་གིས་མཐོང་མ་མྱོང་། །ལུས་གཅེས་པར་བཟུང་ནས་ཟས་གོས་ཕྱིར། །འབད་རྩོལ་བཅས་སྡིག་པ་མི་དགེར་སྤྱོད། །དེས་འབྲས་བུ་ཟད་མེད་སྡུག་བསྔལ་མྱོང་། །མཐར་རོ་རུ་སོང་ཚེ་དུར་ཁྲོད་དུ། །བྱ་གཅན་གཟན་ཧབ་ཤ་བྱེད་པའི་དུས། །ལས་རྣམ་སྨིན་རྣམ་པར་ཤེས་པས་མྱོང་། །འབྱུང་སྒྱུ་ལུས་བསྐྱངས་པའི་ལེ་ལན་ཁུར། །མཐའ་མེད་པའི་སྡུག་བསྔལ་ཐོག་ཏུ་བབ། །ཚུལ་དེ་ལྟར་བསམ་ནས་གཅེས་འཛིན་ཆོད། །རྒྱུ་བསགས་བསགས་རྙེད་རྙེད་སྣང་བ་ལ། །ཞེན་ཆགས་ཤིང་འབད་རྩོལ་ཅི་བྱས་ཀྱང་། །དོན་སྙིང་པོ་མེད་པ་རྨི་ལམ་བཞིན། །ཚུལ་ཤེས་པར་གྱིས་ལ་སྒྲུབ་པ་མཛོད། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དུས་ལོ་ཟླ་ཞག་གིས་མི་ཚེ་བསྟུང་། །ནམ་འཆི་དུས་མི་ཤེས་ཚུལ་དྲན་ནས། །ད་མྱུར་དུ་དམ་པའི་ཆོས་ལ་འབད། །གཉེན་རྩ་ལག་བསྐྱང་བསྐྱང་བརྩེ་བརྩེ་ཡང་། །ཀུན་མགུ་དུས་མི་འོང་རང་ཚོད་ཟུངས། །རྒྱུ་བསགས་བསགས་ཆོག་ཤེས་འབྱུང་དུས་མེད། །སྲོག་འཚོ་བ་ཙམ་གྱིས་ཆོག་ཤེས་བརྟེན། །དགྲ་བཏུལ་བཏུལ་མཐའ་ལ་ཐུག་དུས་མེད། །ད་དགྲ་མེད་པ་རུ་བཞག་ན་ལེགས། །གཉེན་བསྐྱང་བསྐྱང་ཐམས་ཅད་ཚིམ་དུས་མེད། །རང་མགོ་འདོན་ཐབས་ལ་རེམ་མཛོད་ཅིག །གཞན་མི་ངོ་དཀར་ནག་འཚོས་འཚོས་ཀྱང་། །དོན་ཐོབ་ལེན་མེད་པའི་ཚུལ་ལ་ལྟོས། །ཡུལ་གཞན་ལ་རྙེད་ཚོལ་བྱས་བྱས་ཀྱང་། །ནོར་འབྱོར་པ་གསོག་དུས་མེད་ལ་ལྟོས། །ད་གཏན་གྱི་བདེ་བ་དོན་གཉེར་མཛོད། །ཟས་རི་རབ་ཙམ་ཞིག་སྤུང་ན་ཡང་། །འཆིའི་ནང་པར་ཁམ་གཅིག་ཟ་ལོངས་མེད། །སྐོམ་རྒྱ་མཚོ་ཙམ་ཞིག་བསྐྱིལ་ན་ཡང་། །འཆིའི་ནང་པར་ཧུབ་གཅིག་འཐུང་ལོངས་མེད། །གོས་ལྷོ་སྤྲིན་ཙམ་ཞིག་བསགས་ན་ཡང་། །འཆིའི་ནང་པར་གཅེར་བུར་འགྲོ་དགོས་འབྱུང་། །ནོར་བང་མཛོད་བརྒྱ་སྟོང་གང་ཡོད་ཀྱང་། །འཆིའི་ནང་པར་ལག་སྟོང་སོང་ལ་ལྟོས། །ཕྱུགས་གྲངས་མེད་ར་བ་བརྒྱ་གང་ཡང་། །འཆིའི་ནང་པར་སྟོང་པར་སོང་ལ་ལྟོས། །ངའི་གཅེས་ནོར་བསམ་ནས་འབད་བསགས་པ། །མི་གཞན་གྱིས་ཧབ་ཐོབ་བྱེད་ལ་ལྟོས། །ངའི་མཁར་ཁྱིམ་བསམ་ནས་བརྩིག་སྦྱངས་ཀྱང་། །དེ་ཤུལ་དུ་བོར་ནས་སོང་ལ་ལྟོས། །ངའི་བུ་ཚ་བསམ་ནས་གསོས་བསྐྱངས་པ། །ཀུན་ཤུལ་དུ་བོར་ནས་སོང་ལ་ལྟོས། །ངའི་ཉེ་འབྲེལ་གཉེན་བཟུང་བསྐྱང་བསྐྱང་ནས། །མཐར་མི་འཕྲད་ཡུལ་དུ་སོང་ལ་ལྟོས། །ངའི་བཟའ་མི་བསམ་ནས་བརྩེ་གདུང་ཡང་། །མཐར་ཚོང་དུས་བཞིན་དུ་གྱེས་ལ་ལྟོས། །ཚུལ་དེ་ལ་དཔྱོད་ཐོང་འཆི་བ་སོམས། །ངས་དང་པོ་འཆི་ཆོས་གཤའ་མ་བསྒྲུབ། །འཆིའི་དུས་སུ་འགྱོད་མེད་ཞིག་ལ་རེམ། །གནད་དེ་ལྟར་ལྡན་ན་ཕོ་རབ་ཡིན། །ཕ་དུས་གསུམ་རྒྱལ་བའི་ཞལ་གདམས་ཡིན། །འདི་སྙིང་དང་སྲོག་གི་གཏའ་རུ་ཟུངས། །ཁྱོད་ཚེ་འདིར་སངས་རྒྱས་ལ་ཐང་མེད། །གནད་དེ་ལས་ཟབ་པ་ང་ལ་མེད། །ཨཻ།སྣང་སྲིད་དང་སྣོད་བཅུད་ཆོས་ཀུན། །སྟོང་ཉིད་ཀྱི་རོལ་པར་ཨེ་གོ། །སངས་རྒྱས་དང་སེམས་ཅན་ཐམས་ཅད། །དག་མཉམ་གྱི་རོལ་པར་ཨེ་གོ། །རྒྱ་མཚོ་དང་གཟའ་སྐར་ཅི་བཞིན། །སྣང་བ་ཀུན་སྟོང་པར་ཨེ་གོ། །འཁོར་འདས་ཀུན་རིག་པའི་ཀློང་དུ། །གཉིས་མེད་ཀྱི་རོལ་པར་ཨེ་གོ། །ཡེ་གཞི་ཡི་རང་ངོར་སངས་ཚེ། །སངས་རྒྱས་ཀྱི་དགོངས་པར་ཨེ་གོ། །བདེན་གཉིས་ཀྱི་དམ་ཆོས་ཐམས་ཅད། །གཞི་ཉིད་དུ་གཅིག་པ་ཨེ་གོ། །གཞི་ལམ་དང་འབྲས་བུའི་ཆོས་ཀུན། །ལྷུན་གྲུབ་ཏུ་རྫོགས་པ་ཨེ་གོ། །སྣང་སྲིད་དང་སྣོད་བཅུད་སྣང་བ། །འོད་གསལ་གྱི་རོལ་པར་འཕོ་བའི། །འཕོ་ཆེན་གྱི་མྱུར་ལམ་ལ་ཞུགས། །འཇའ་ལུས་ཀྱི་རིག་འཛིན་ཐོབ་མཛོད། །མི་རྒན་གྱི་འཆོལ་གཏམ་དེ་ཡིན། །བུ་ཆུང་ལ་ཕན་ནོར་སྟེར་གཏོང་། །ཞེས་རང་སློབ་སྐྱེས་བུ་རྟོགས་ལྡན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སོ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 08:22, 9 September 2024

Wylie title rtogs ldan la gdams pa TTDL-ZABTER-18-TSHA-025.pdf
Location bdud 'joms gling pa zab gter
Volume 18, Text 25, Pages 95-98 (Folios 48a1 to 49b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rtogs ldan la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 95-98. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཞེས་རང་སློབ་སྐྱེས་བུ་རྟོགས་ལྡན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes rang slob skyes bu rtogs ldan gyis bskul ngor mi rgan bdud 'joms rdo rjes so/_/dge'o/_/sarba mang+ga laM//

[edit]
༄༅། །རྟོགས་ལྡན་ལ་གདམས་པ་བཞུགས་སོ། །སྐྱབས་བསླུ་མེད་དཀོན་མཆོག་རིན་པོ་ཆེ། །བདག་རྣམ་གསུམ་དད་པའི་རྟེན་བཅའ་འོ། །ལས་རྐྱེན་ངན་དབང་དུ་མ་བཏང་བར། །བློ་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབས། །ཚུར་ཉོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །དུས་ད་བར་ཁམས་གསུམ་འཁོར་བར་འཁྱམས། །ལམ་ཟབ་མོ་མིག་གིས་མཐོང་མ་མྱོང་། །ལུས་གཅེས་པར་བཟུང་ནས་ཟས་གོས་ཕྱིར། །འབད་རྩོལ་བཅས་སྡིག་པ་མི་དགེར་སྤྱོད། །དེས་འབྲས་བུ་ཟད་མེད་སྡུག་བསྔལ་མྱོང་། །མཐར་རོ་རུ་སོང་ཚེ་དུར་ཁྲོད་དུ། །བྱ་གཅན་གཟན་ཧབ་ཤ་བྱེད་པའི་དུས། །ལས་རྣམ་སྨིན་རྣམ་པར་ཤེས་པས་མྱོང་། །འབྱུང་སྒྱུ་ལུས་བསྐྱངས་པའི་ལེ་ལན་ཁུར། །མཐའ་མེད་པའི་སྡུག་བསྔལ་ཐོག་ཏུ་བབ། །ཚུལ་དེ་ལྟར་བསམ་ནས་གཅེས་འཛིན་ཆོད། །རྒྱུ་བསགས་བསགས་རྙེད་རྙེད་སྣང་བ་ལ། །ཞེན་ཆགས་ཤིང་འབད་རྩོལ་ཅི་བྱས་ཀྱང་། །དོན་སྙིང་པོ་མེད་པ་རྨི་ལམ་བཞིན། །ཚུལ་ཤེས་པར་གྱིས་ལ་སྒྲུབ་པ་མཛོད། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དུས་ལོ་ཟླ་ཞག་གིས་མི་ཚེ་བསྟུང་། །ནམ་འཆི་དུས་མི་ཤེས་ཚུལ་དྲན་ནས། །ད་མྱུར་དུ་དམ་པའི་ཆོས་ལ་འབད། །གཉེན་རྩ་ལག་བསྐྱང་བསྐྱང་བརྩེ་བརྩེ་ཡང་། །ཀུན་མགུ་དུས་མི་འོང་རང་ཚོད་ཟུངས། །རྒྱུ་བསགས་བསགས་ཆོག་ཤེས་འབྱུང་དུས་མེད། །སྲོག་འཚོ་བ་ཙམ་གྱིས་ཆོག་ཤེས་བརྟེན། །དགྲ་བཏུལ་བཏུལ་མཐའ་ལ་ཐུག་དུས་མེད། །ད་དགྲ་མེད་པ་རུ་བཞག་ན་ལེགས། །གཉེན་བསྐྱང་བསྐྱང་ཐམས་ཅད་ཚིམ་དུས་མེད། །རང་མགོ་འདོན་ཐབས་ལ་རེམ་མཛོད་ཅིག །གཞན་མི་ངོ་དཀར་ནག་འཚོས་འཚོས་ཀྱང་། །དོན་ཐོབ་ལེན་མེད་པའི་ཚུལ་ལ་ལྟོས། །ཡུལ་གཞན་ལ་རྙེད་ཚོལ་བྱས་བྱས་ཀྱང་། །ནོར་འབྱོར་པ་གསོག་དུས་མེད་ལ་ལྟོས། །ད་གཏན་གྱི་བདེ་བ་དོན་གཉེར་མཛོད། །ཟས་རི་རབ་ཙམ་ཞིག་སྤུང་ན་ཡང་། །འཆིའི་ནང་པར་ཁམ་གཅིག་ཟ་ལོངས་མེད། །སྐོམ་རྒྱ་མཚོ་ཙམ་ཞིག་བསྐྱིལ་ན་ཡང་། །འཆིའི་ནང་པར་ཧུབ་གཅིག་འཐུང་ལོངས་མེད། །གོས་ལྷོ་སྤྲིན་ཙམ་ཞིག་བསགས་ན་ཡང་། །འཆིའི་ནང་པར་གཅེར་བུར་འགྲོ་དགོས་འབྱུང་། །ནོར་བང་མཛོད་བརྒྱ་སྟོང་གང་ཡོད་ཀྱང་། །འཆིའི་ནང་པར་ལག་སྟོང་སོང་ལ་ལྟོས། །ཕྱུགས་གྲངས་མེད་ར་བ་བརྒྱ་གང་ཡང་། །འཆིའི་ནང་པར་སྟོང་པར་སོང་ལ་ལྟོས། །ངའི་གཅེས་ནོར་བསམ་ནས་འབད་བསགས་པ། །མི་གཞན་གྱིས་ཧབ་ཐོབ་བྱེད་ལ་ལྟོས། །ངའི་མཁར་ཁྱིམ་བསམ་ནས་བརྩིག་སྦྱངས་ཀྱང་། །དེ་ཤུལ་དུ་བོར་ནས་སོང་ལ་ལྟོས། །ངའི་བུ་ཚ་བསམ་ནས་གསོས་བསྐྱངས་པ། །ཀུན་ཤུལ་དུ་བོར་ནས་སོང་ལ་ལྟོས། །ངའི་ཉེ་འབྲེལ་གཉེན་བཟུང་བསྐྱང་བསྐྱང་ནས། །མཐར་མི་འཕྲད་ཡུལ་དུ་སོང་ལ་ལྟོས། །ངའི་བཟའ་མི་བསམ་ནས་བརྩེ་གདུང་ཡང་། །མཐར་ཚོང་དུས་བཞིན་དུ་གྱེས་ལ་ལྟོས། །ཚུལ་དེ་ལ་དཔྱོད་ཐོང་འཆི་བ་སོམས། །ངས་དང་པོ་འཆི་ཆོས་གཤའ་མ་བསྒྲུབ། །འཆིའི་དུས་སུ་འགྱོད་མེད་ཞིག་ལ་རེམ། །གནད་དེ་ལྟར་ལྡན་ན་ཕོ་རབ་ཡིན། །ཕ་དུས་གསུམ་རྒྱལ་བའི་ཞལ་གདམས་ཡིན། །འདི་སྙིང་དང་སྲོག་གི་གཏའ་རུ་ཟུངས། །ཁྱོད་ཚེ་འདིར་སངས་རྒྱས་ལ་ཐང་མེད། །གནད་དེ་ལས་ཟབ་པ་ང་ལ་མེད། །ཨཻ།སྣང་སྲིད་དང་སྣོད་བཅུད་ཆོས་ཀུན། །སྟོང་ཉིད་ཀྱི་རོལ་པར་ཨེ་གོ། །སངས་རྒྱས་དང་སེམས་ཅན་ཐམས་ཅད། །དག་མཉམ་གྱི་རོལ་པར་ཨེ་གོ། །རྒྱ་མཚོ་དང་གཟའ་སྐར་ཅི་བཞིན། །སྣང་བ་ཀུན་སྟོང་པར་ཨེ་གོ། །འཁོར་འདས་ཀུན་རིག་པའི་ཀློང་དུ། །གཉིས་མེད་ཀྱི་རོལ་པར་ཨེ་གོ། །ཡེ་གཞི་ཡི་རང་ངོར་སངས་ཚེ། །སངས་རྒྱས་ཀྱི་དགོངས་པར་ཨེ་གོ། །བདེན་གཉིས་ཀྱི་དམ་ཆོས་ཐམས་ཅད། །གཞི་ཉིད་དུ་གཅིག་པ་ཨེ་གོ། །གཞི་ལམ་དང་འབྲས་བུའི་ཆོས་ཀུན། །ལྷུན་གྲུབ་ཏུ་རྫོགས་པ་ཨེ་གོ། །སྣང་སྲིད་དང་སྣོད་བཅུད་སྣང་བ། །འོད་གསལ་གྱི་རོལ་པར་འཕོ་བའི། །འཕོ་ཆེན་གྱི་མྱུར་ལམ་ལ་ཞུགས། །འཇའ་ལུས་ཀྱི་རིག་འཛིན་ཐོབ་མཛོད། །མི་རྒན་གྱི་འཆོལ་གཏམ་དེ་ཡིན། །བུ་ཆུང་ལ་ཕན་ནོར་སྟེར་གཏོང་། །ཞེས་རང་སློབ་སྐྱེས་བུ་རྟོགས་ལྡན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སོ། །དགེའོ། །སརྦ་མངྒ་ལཾ།། །།