DJYD-KABUM-09-TA-023: Difference between revisions
No edit summary |
m (Text replacement - "༴" to "༴ ") |
||
| (6 intermediate revisions by the same user not shown) | |||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་སྨད་ལས་ཁྲག་འཐུང་རྔམས་པའི་དགའ་སྟོན། | |||
|fulltitle=dpal rdo rje phur bu yang gsang bde gshegs snying po'i smad las khrag 'thung rngams pa'i dga' ston | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Dpal rdo rje phur bu yang gsang bde gshegs snying po'i smad las khrag 'thung rngams pa'i dga' ston''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 9: 627-652. Kalimpong: Dupjung Lama, 1979-1985. | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|collectiontitle=bdud 'joms rin po che bka' 'bum | |collectiontitle=bdud 'joms rin po che bka' 'bum | ||
|author=Dudjom Rinpoche | |author=Dudjom Rinpoche | ||
| | |sourcerevealer=Dudjom Rinpoche; Bdud 'joms gling pa | ||
|tibgenre=Activity Practices - las tshogs | |||
| | |||
|terma=Yes | |terma=Yes | ||
|deity=rdo rje phur pa | |deity=rdo rje phur pa | ||
|cycle=dpal rdo rje phur bu yang gsang bde gshegs snying po | |cycle=dpal rdo rje phur bu yang gsang bde gshegs snying po | ||
|cycletib=དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོ་ | |cycletib=དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོ་ | ||
|language=Tibetan | |language=Tibetan | ||
|volumenumber=09 | |||
|volnumtib=༩ | |volnumtib=༩ | ||
|volyigtib=ཏ་ | |volyigtib=ཏ་ | ||
| | |totalvolumes=25 | ||
|textnuminvol=023 | |textnuminvol=023 | ||
|pagenumbers=627-652 | |||
|totalpages=26 | |||
|beginfolioline=1a1 | |||
|endfolioline=13b1 | |||
|totalfolios=13 | |||
|multivolumework=No | |||
|rectonotes=smad las | |||
|versonotes=bdud 'joms phur pa | |||
|colophontib=།དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདེ་གཤེགས་སྙིང་པོའི་སྨད་ལས་ཁྲག་འཐུང་རྔམས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི་དོན་དུ་གཉེར་ཅན་དུ་མའི་གསུང་གི་ནན་ཏན་ཆེན་པོས་བསྐུལ་བའི་ངོར། དགེ་བསྙེན་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་དོན་མན་ངག་གནད་ཀྱི་ངེས་པས་གསལ་བར་བྱས་ཏེ་རང་ལོ་ཉེར་གཉིས་པ་ཁྲོ་བོའི་ལོ་རྒྱལ་གྱི་ཉ་བའི་དམར་པོའི་ཕྱོགས་ལ་བདེ་ཆེན་ཆོས་འཁོར་གླིང་གི་སྒྲུབ་ཁང་བདུད་ལས་རྣལ་རྒྱལ་དུ་སྦྱར་བ་སྟེ། འདིས་ཀྱང་བསྟན་དགྲའི་སྡེ་དཔུང་མིང་མཐར་བརླག་པའི་རྒྱུར་གྱུར་ཅིག དགེའོ།། | |||
|colophonwylie=/de ltar dpal rdo rje phur bu bde gshegs snying po'i smad las khrag 'thung rngams pa'i dga' ston zhes bya ba 'di ni don du gnyer can du ma'i gsung gi nan tan chen pos bskul ba'i ngor/___dge bsnyen rnal 'byor spyod pa 'jigs bral ye shes rdo rjes gter gzhung rtsa ba'i dgongs don man ngag gnad kyi nges pas gsal bar byas te rang lo nyer gnyis pa khro bo'i lo rgyal gyi nya ba'i dmar po'i phyogs la bde chen chos 'khor gling gi sgrub khang bdud las rnal rgyal du sbyar ba ste/___'dis kyang bstan dgra'i sde dpung ming mthar brlag pa'i rgyur gyur cig_dge'o// | |||
|pdflink=File:DJYD-KABUM-09-TA-023.pdf | |pdflink=File:DJYD-KABUM-09-TA-023.pdf | ||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|sourcerevealertib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|volumeLetter=TA | |||
|InitCategories=Dudjom Tersar Project; DJYD-KABUM-Volume-09-TA | |InitCategories=Dudjom Tersar Project; DJYD-KABUM-Volume-09-TA | ||
}} | }} | ||
| Line 27: | Line 40: | ||
{{TibP|༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་སྨད་ལས་ཁྲག་འཐུང་རྔམས་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། | {{TibP|༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་སྨད་ལས་ཁྲག་འཐུང་རྔམས་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། | ||
༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་སྨད་ལས་ཁྲག་འཐུང་རྔམས་པའི་དགའ་སྟོན་ཅེས་བྱ་བ། སྒྲོལ་བྱེད་ཐུགས་རྗེའི་བདག་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ། །རྔམས་བརྗིད་དུས་མཐའི་ཞུགས་ཀྱིས་ཕས་རྒོལ་སྡེ། །མིང་མཐར་བསྲེག་མཛད་ཁྲོ་བོའི་རྒྱལ་པོ་དེར། །འདུད་དོ་དངོས་གྲུབ་གནས་ལ་གེགས་མེད་མཛོད། །མངོན་སྤྱོད་ལས་རིམ་སྣོ་ངར་སྤུ་གྲིའི་སོས། །ཕ་རོལ་མི་སྲུན་ཉམས་པ་དཔུང་བཅས་ཀྱི། །དོན་སྙིང་ཐལ་བར་འཐག་བྱེད་ཆོ་གའི་ཁྲིགས། ཁྲག་འཐུང་རྔམས་པའི་དགའ་སྟོན་འགྱེད་ལ་སྤྲོ། །{{TibChung|དེ་ཡང་དབང་ཐོབ་ {{TibChung|[2a]}} དམ་ཚིགས་ལ་གནས་ཤིང་བསྙེན་སྒྲུབ་ཚུལ་བཞིན་ཐེམས་པའི་སྔགས་པས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ལས་བརྩམ་པ་ལ་གསུམ། སྦྱོར་བ་བཅས་གཤོམ། དངོས་གཞི་ལས་ཁྲིགས། རྗེས་མཐའ་སྡུད་ཀྱི་རིམ་པའོ། །དང་པོ་ནི། དྲག་པོའི་ལས་ལ་ཤིས་པའི་དུས་སུ་གང་དུ་བྱ་བའི་གནས་ཁང་གི་ལོགས་སུ་བྲིས་སྐུ་སོགས་དམ་ཚིག་གི་རྟེན་བཀྲམ་པའི་མདུན་སྟེགས་རིམ་པ་དང་པོར་ཡི་དམ་ལྷའི་དཔལ་གྱི་གཏོར་མ། གཡས་གཡོན་དུ་ཆོས་སྐྱོང་སྤྱི་སྒོས་ཀྱི་མཆོད་གཏོར་དང་སྨན་རཀ། རིམ་གཉིས་པར་ཞི་དྲག་གི་མཆོད་པ་མཇུག་སྤྲོད་དུ་བཤམ། དེའི་མདུན་དུ་ལས་དཀྱིལ་གྲུ་བཞི་རྒྱ་ཆེ་ཆུང་སྤྱོད་ཡུལ་དང་མཉམ་པའི་གཞི་ལ་དུག་ཁྲག་གིས་ཆག་ཆག་གདབ་ཅིང་རོ་སོལ་ཀྱིས་ནག་པོར་བྱུགས་པ་ལ། ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་པའི་དབུས་སུ་ {{TibChung|[2b]}} འགྱིང་ཕུར་བཞག་པས་ལྟེ་བ་ཆ་ཆེན་གཉིས་མུ་ཁྱུད་ཆ་ཕྲན་གཅིག འཁོར་རྩིབས་ཆ་ཆེན་གཅིག རྡོ་ར་ཆ་ཕྲན་གཅིག མེ་རི་ཆ་ཆེན་གཅིག་བཅས་བསྐོར་བའི་ལྟེ་བར་ཆོས་འབྱུང་མཐིང་ག་རྩེ་མོ་མདུན་བསྟན། ཟླ་གམ་ཁྲག་མཚོ། མུ་ཁྱུད་ཐོད་སྐམ་གྱི་ཕྲེང་བ། འཁོར་ལོ་རྩིབས་བརྒྱད་སྔོན་པོ། །རྩིབས་མཆན་དམར་པོ། རྡོར་གཞི་ནག་པོ་ལ་རྡོར་ཕྲེང་སེར་པོ་མེ་རི་དམར་སེར་འབར་བ། དེ་རྒྱབ་མ་ཏྲཾ་སྔོ་སྐྱ་ཁྲོ་བོའི་བཞིན་རས་ཅན། ལྟེ་བ་དང་འཁོར་ལོའི་རྩིབས་ཏེ་ལྷ་གནས་སུ་ས་བོན་དང་ཕྱག་མཚན་ནམ་མེ་ཏོག་ནག་པོའི་ཚོམ་བུ་འགོད། གལ་ཏེ་རྡུལ་ཚོན་གྱི་བྱ་བ་མ་འགྲུབ་ན་ཞིང་ལྤགས་ལ་ཁྲག་གིས་སྦགས་པའི་འབྲུ་ཚོམ་ལྷ་གྲངས་བཀོད་པས་ཀྱང་རུང་ངོ་། །གང་ལྟར་ཡང་དེའི་སྟེང་དུ་མཉྫིའམ་དྲག་ཤིང་གི་ཁྲིའུར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་ཆང་གིས་སྦྲུས་པའི་དམར་གཏོར་ཟུར་གསུམ་རྣོ་དབལ་ཅན་ལ་འཁོར་དུ་བཤོས་ཕྲན་བཞི། དེ་རྒྱབ་བཅུ། དེ་རྒྱབ་བཞིས་བསྐོར་བའི་རྩེ་མོར་སྐུ་རྟེན་ཙཀླི་སྲུང་ཟློག་གི་ཙཀྲ་དར་ནག་གི་འཕུར་ལྡིང་གཡོ་བ་དང་། ཁྲག་ཀོང་མཚེ་ཡུངས་རྩང་དམར་རྒྱུ་རློན་གྱི་ལྡ་ལྡིས་བརྒྱན་པ་བཀོད། མཐར་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་མཆོད་པས་གཡས་སུ་བསྐོར། ཕྱོགས་ཅི་བདེར་བྲུབ་ཁུང་དུ་ལིངྒ་གནད་ཡིག་ལག་ལེན་ལྟར་བྲིས་པ་སྦྱོང་ཁྲུས་བྱས་ལ་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིངས་ཏེ་བཅུག་པ་དང་། སྤྱི་ལྟར་ཟན་ལིང་ཀྱང་བཤམས། ཉེ་འཁོར་དུ་ཐོད་ངན་ནང་ཡུངས་དཀར་ནག་ལྕགས་ཟངས་རྡོའི་ཕྱེ་མ་རྣམས་དྲུག་ཁྲག་གིས་སྦོལ་བའི་ཐུན་རྫས། གུ་གུལ། བྱ་འུག་གི་དང་རུ། ཤི་སྐྲའི་བྱད་ཐག མྱོས་བྱེད་ཀྱི་རཀྟ། ཕུར་ {{TibChung|[3a]}} བུ། སྒྲོལ་གྲི། ཐོ་བ། ཧོམ་གཟང་རྣམས་དར་ནག་གི་ཁེབས་ཀྱིས་གཡོགས་པ་བཀོད། ཟོར་ཀོང་གྲུ་གསུམ་དུ། སྐྱེར་ཕུར། ཡུངས་ཀར་གྱི་གོང་བུ། ཁྲག། མཚེ། དུག་གྲི་བཅས་བཙུགས་པ་དང་། མདའ་གཞུ། རྡོ་ནག་གྲུ་གསུམ་ལ་བྷྱོ་ཟློག་བྲིས་པ། དམར་གཏོར་གྲུ་གསུམ་རྣམས་བཟློག་གཏོར་གྱི་མཐའ་བསྐོར་དུ་བཀོད། གཞན་ཡང་ཕྱི་ནང་གི་མཆོད་རྫས། ཚོགས་ཀྱི་ལོངས་སྤྱོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལས་རིམ་ལ་གཉིས། ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང་། ལས་སྦྱོར་གྱི་དཔུང་བསྡུ་བའོ། །དང་པོ་ལའང་གཞི་བཟུང་བ་དང་། རྒྱབ་བརྟེན་བཅོལ་བ་གཉིས་ཀྱི། དང་པོ་ནི། བརྒྱུད་འདེབས་ནས་བརྩམ་ལས་བྱང་གི་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྒོམ་ལ་བཟླས་པ་ཡན་གྲུབ་རྗེས། བསྲུང་བའི་དམིགས་བཟླས་ནི།}} སྲུང་འཁོར་གྱི་མེ་རིའི་ནང་དུ་མཚོན་ཆ་ལྔའི་གུར་ཁང་དེའི་ནང་དུ་ཐབས་ཤེས་ཏིང་འཛིན་སེམས་དཔའ་ཧཱུྃ་གི་ཐིག་ལེར་བླ་མ་སློབ་དཔོན་ཁོག་པར་རང་གཞན་བསྲུང་བྱ་མཐའ་དག་ཚུད་པར་{{TibChung|མོས་ལ། རྩ་སྔགས་མཐར།}} མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ། {{TibChung|ཞེས་བཏགས་པ་ཅི་ནུས་བཟླ། བཟློག་བསད་ནི།}} རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་ལྷག་པར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་འབྲུག་ལྟར་སྒྲོག་ཅིང་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱི་རོལ་སྲུང་བའི་འཁོར་ལོ་དང་བ་ཅས་པ་ {{TibChung|[3b]}} ལས་མེ་འོད་དང་མཚོན་ཆའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་{{TibChung|བསམ་ལ། སྤུ་གྲིའི་དྲག་སྔགས་མང་དུ་བཟླ་ཞིང་ཐུན་རྫས་རྣམས་ལ་ཧས་བཏབ་སྟེ་ངར་འདོགས། གཉིས་པ་ནི། རྡོ་རྗེའི་ཆོས་སྲུང་སྤྱི་དང་བྱེ་བྲག་ཕུར་སྲུང་དམ་ཅན་རྣམས་ཀྱི་གཏོར་ཆོག་སོ་སོའི་གཞུང་བཞིན་དང་། ཚོགས་བྱིན་བརླབས་ནས་བར་པ་བཤགས་པའི་བར་དུ་བྱའོ། །གཉིས་པ་ལས་སྦྱོར་གྱི་དཔུང་བསྡུ་བ་ལ་གཉིས། གདབ་པའི་འབེན་གཟུག་པ་དང་། བཟློག་པའི་གཡུལ་འགྱེད་པའོ། །དང་པོ་ལ་དྲུག་ལས། ཐོག་མར་ཐུགས་དམ་བསྐུལ་བ་ནུ།}} སྣོད་བཅུད་དཀྱིལ་འཁོར་དུ་གསལ་བ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ་རྔམས་པའི་ཧཱུྃ་སྒྲ་དིར་གྱིས་ལས་ལ་ཆས་པར་{{TibChung|བསམ་ལ།}} ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ བཀའ་སྡོད་སྤྲུལ་པའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ ཆོས་ཤིག་མངོན་སྤྱོད་ལས་ལ་ཆོས༔ རྡོ་རྗེ་གཞོན་ནུ་སྐུར་བཞེངས་ཤིག༔ ཞིང་བཅུའི་དགྲ་བགེགས་ཁུག་ལ་སྒྲོལ༔ འཁོར་ལོ་རྒྱས་འདེབས་སྐུར་བཞེངས་ཤིག༔ {{TibChung|[4a]}} འཁོར་བ་མྱང་འདས་ཆེན་པོར་ཆོམས༔ ཨེ་ཀ་ཙ་ཏི་སྐུར་བཞེངས༴ བདག་ལྷའི་རཱུ་ཏྲ་ཆམ་ལ་ཕོབ༔ བུདྡྷ་ཀཱི་ལ་སྐུར༴ གཏི་མུག་རང་གཟུགས་དགྲ་བགེགས་སྒྲོལ༔ རྡོ་རྗེ་ཀཱི་ལ་སྐུར༴ ཞེ་སྡང་རང་གཟུགས་དགྲ༴ རཏྣ་ཀཱི་ལ་སྐུར༴ ང་རྒྱལ་རང་གཟུགས་དགྲ༴ པདྨ་ཀཱི་ལ་སྐུར༴ འདོད་ཆགས་རང་གཟུགས་དགྲ༴ ཀརྨ་ཀཱི་ལ་སྐུར༴ ཕྲག་དོག་རང་གཟུགས་དགྲ༴ སྟེང་གི་ཁྲོ་བོ་ཧཱུྃ་ཀཱ་ར༔ ལྷ་གདོན་འདུལ་ཕྱིར་སྐུར་བཞེངས་ཤིག༔ ཤར་ཕྱོགས་ཁྲོ་ཆེན་རྣམ་པར་རྒྱལ༔ དྲི་ཟ་འདུལ་ཕྱིར་སྐུར༴ ལྷོ་ཕྱོགས་ཁྲོ་ཆེན་གཤིན་རྗེའི་གཤེད༔ གཤིན་རྗེ་འདུལ་ཕྱིར་སྐུར༔ ནུབ་ཕྱོགས་ཁྲོ་ཆེན་རྟ་མགྲིན་རྒྱལ༔ ཀླུ་གདོན་འདུལ་ཕྱིར་སྐུར༴ བྱང་ཕྱོགས་ཁྲོ་ཆེན་བདུད་རྩི་འཁྱིལ༔ གནོད་སྦྱིན་འདུལ་ཕྱིར་སྐུར༴ ཤར་ལྷོར་ཁྲོ་ཆེན་དབྱུག་སྔོན་ཅན༔ མེ་ལྷ་འདུལ་ཕྱིར་སྐུར༴ ལྷོ་ནུབ་ཁྲོ་ཆེན་མི་གཡོ་མགོན༔ སྲིན་པོ་འདུལ་ཕྱིར་སྐུར༴ ནུབ་བྱང་ཁྲོ་ཆེན་འདོད་པའི་རྒྱལ༔ རླུང་ལྷ་འདུལ་ཕྱིར༴ བྱང་ཤར་ཁྲོ་ཆེན་ཁམས་གསུམ་རྒྱལ༔ དབང་ལྡན་འདུལ་ཕྱིར༴ འོག་ཕྱོགས་ཁྲོ་ཆེན་སྟོབས་པོ་ཆེ༔ ས་བདག་འདུལ་ཕྱིར་སྐུར༴ སྤྲུལ་ {{TibChung|[4b]}} པ་ཟ་གསོད་ཕོ་མོའི་ཚོགས༔ དགྲ་བགེགས་གཤེད་དུ་སྐུར་བཞེངས་ཤིག༔ དབང་ཕྱུག་ཕུར་སྲུང་བཀའ་སྡོད་ཚོགས༔ ཞིང་བཅུའི་སྲོག་གི་གཤེད་དུ་བཞེངས༔ འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ {{TibChung|ཞེས་གདུང་ཤུགས་དྲག་པོས་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་འབུལ་བ་ནི། ཕུད་སྐྱེམས་འཐོར་ལ།}} ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཕུར་སྲུང་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག ལོ་ཟླ་ག་དུས་ཚེས་ལ་དབང་བའི་ལྷས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། {{TibChung|གསུམ་པ་གཟུ་དཔང་གསོལ་བ་ནི།}} ཧཱུྃ༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ མ་ལུས་གཟུ་དང་དཔང་ལ་དགོངས༔ ཐོག་མཐའ་ {{TibChung|[5a]}} བར་གསུམ་ཐམས་ཅད་དུ༔ བདག་ནི་མ་ཉེས་མ་ལན་ཏེ༔ དགྲ་བགེགས་གདུག་པས་ངན་སྦྱོར་བྱས༔ དམ་ཉམས་དགྲ་བགེགས་སྡིག་ཅན་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཉེས་མེད་སེམས་ཅན་ཡོངས་ལ་འཚེ༔ རྣལ་འབྱོར་སྲོག་གི་གཤེད་དུ་བབ༔ ཉོན་མོངས་དུག་ལྔ་མེ་བཞིན་འབར༔ ངན་སོང་གསུམ་གྱི་གནས་སུ་ཁྲིད༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི༔ ལོ་ཟླར་མ་བཞག་བསྟན་པ་འཇིག༔ དོ་ནུབ་ཉིད་དུ་ཁུག་ལ་སྒྲོལ༔ མ་གཡེལ་མ་འགྱང་ཐུགས་དམ་ཅན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ {{TibChung|ཅེས་གསོལ་བས་རང་ལ་གནང་བ་སྩལ་ཞིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་མངོན་དུ་ཕྱོགས་པས་བཞུགས་པར་བསམ་མོ། །བཞི་པ་དམིགས་བྱ་བསྐྱེད་པ་ནི།}} སྟོང་པའི་ངང་ལས་མདུན་དུ་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་དཔུང་འབར་བ། སྟེང་ན་གཏི་མུག་གི་མུན་པ་གཏིབས་པ། ཟུར་ན་ང་རྒྱལ་གྱི་བྲག་རི་ཉིལ་བ། ཕྱི་ནང་ཀུན་ཏུ་ཕྲག་དོག་གི་རླུང་དམར་འཚུབས་ཤིང་ནད་དུག་མཚོན་གྱི་ཆར་པ་འབེབས་པ། ཐན་ {{TibChung|[5b]}} དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀའམ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲའམ་བགེགས་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་{{TibChung|བསམ་མོ། །ལྔ་པ་རྣམ་ཤེས་དགུག་པ་ནི། །ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ།}} ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། །སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ། དགེ་འདུན༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིག་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ {{TibChung|[6a]}} ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་གཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། །ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟ་འདི་ལ་ཁུག་ཅིག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ {{TibChung|ཅེས་དགུག་གཞུག་བྱའོ། །དྲུག་པ་ཕོ་ཉ་འགྱེད་པ་ནི།}} ཛཿདཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ འགུགས་བྱེད་ཆེན་མོ་ལྕགས་ཀྱུ་དཀར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿཧཱུྃ༔ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ འཆིངས་བྱེད་ཆེན་མོ་ཞགས་པ་སེར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ མགུལ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ བཾ༔ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་དམར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ ཧོ་དཔལ་གྱི་བཀའ་སྡོད་གཏུམ་རྔམས་ {{TibChung|[6b]}} འཇིགས་པའི་གཟུགས༔ མྱོས་བྱེད་ཆེན་མོ་དྲིལ་བུ་ལྗང་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ མྱོས་སུ་ཆུག་ཅིག་བཛྲ་གཎྜ་ཧོཿ {{TibChung|ཞེས་འགུག་འཆིང་སྡོམ་མྱོས་ཀྱི་ལས་ལ་བསྐུལ་ལོ། །བདུན་པ་གདབ་པའི་ལས་ལ་དྲུག་གི༔ དང་པོ་ལྷ་དང་དབྱེ་བ་ནི། དབྱེ་རྫས་ཀྱིས་བདུག་ཅིང་སྒྲོ་གཉིས་ཀྱིས་ཕྱིར་འབྱེད་པའི་ཚུལ་བྱས་ལ།}} ཧཱུྃ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་སྡིག་ཅན་འདི༔ མགོན་སྐྱབས་བྱེད་པའི་ལྷ་སྲུང་ཀུན་དང་ཕྲོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ནྲི་ཏྲ་ག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ {{TibChung|གཉིས་པ་གཟུགས་ལ་དབབ་པ་ནི། ཡུངས་ཀར་གྱིས་བྲབ་ཅིང་ཐལ་མོ་གཉིས་སྦུབས་ལ་འབེབས་ཚུལ་བྱ་ཞིང་།}} ཧཱུྃ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས༴ དམ་ཚིག་ཐུགས་དམ་ཆེན་པོའི༴ ཡིད་ལ་བརྣག་པའི༴ བླ་ཚེ་སྲོག་གསུམ་ལིངྒ་འདི་ལ་ཕོབས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ {{TibChung|གསུམ་པ་བྱད་དུ་གཞུག་པ་ནི། ཚོན་སྐུད་དང་ {{TibChung|[7a]}} ཤི་སྐྲའི་བྱད་ཐག་གིས་ཡན་ལག་རྣམས་བཅིངས་པའི་ཚུལ་བྱ་ཞིང་།}} ཧཱུྃ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་ཆེན༴ ཡིད་ལ་བརྣག་པའི༴ ཁྲོལ་མེད་ལས་ཀྱི་བྱད་དུ་བཅུག་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་མཱ་ར་ཡ་ཆིང་ཆིངས༔ {{TibChung|བཞི་པ་སྨྱོ་རུ་གཞུག་པ་ནི། དུག་ཁྲག་དང་དྷ་དུ་རའི་ཁུ་བས་བྲན་ལ།}} ཧཱུྃ། རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར༴ དམ་ཚིག་ཐུགས་དམ༴ ཡིད་ལ་བརྣག་པའི༴ སྨྱོ་འབོག་བརྒྱལ་ནས་ཞ་གྲུམ་རེངས་སུ་ཆུག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆྒཻ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ༔ {{TibChung|ལྔ་པ་རྡུལ་དུ་བརླགཔའི་ཐོག་མར་སྤུ་གྲི་གཅིག་ཤུར་གྱི་གདབ་ཁ་ལ་གཉིས་ཀྱི། དང་པོ་ཐུགས་རྗེས་རྗེས་འཛིན་ཕུར་བུས་བརྟེན་པ་དབྱིངས་སུ་བསྒྲལ་བ་ནི། བསྙེན་ཕུར་ཐལ་མོའི་བར་དུ་བཟུང་ལ།}} བདག་ཉིད་དཔལ་ཆེན་པོར་གསལ་བོའི་ཐལ་མོ་གཉིས་ཐབས་ཤེས་ཀྱི་རང་བཞིན་ཉི་ཟླས་མཚན་པའི་བར་དུ་བསྙེན་ཕུར་ཡཀྵ་ཀྲོ་དྷ་དུས་མེའི་ཚྭ་ཚྭ་འཕྲོ་ཞིང་ཁམས་གསུམ་དུས་གཅིག་སྒྲོལ་བའི་མཐུ་དང་ལྡན་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ {{TibChung|ཅེས་ཉེར་གཅིག་བཟླ་ཞིང་གསལ་བ་གསུམ་ལྡན་གྱི་ངང་ནས།}} ཧཱུྃ༔ རྡོ་རྗེ་ཕུར་པ་མཚོན་གྱི་རྒྱལ༔ དགྲ་བགེགས་སྙིང་ལ་ཀཱི་ལ་ཡ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་གི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་ལྔ་བསྒྲལ་བའི་ཞིང་དུ་བྱ་ {{TibChung|[7b]}} དུག་ལྔ་ཡེ་ཤེས་ལྔ་རུ་སྦྱོར༔ སྒོ་གསུམ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ མཐའ་ངན་འཁོར་བ་རྒྱུན་བཅད་དེ༔ ཟག་མེད་བདེ་བའི་ས་ལ་སྦྱོར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱན་བཾ་ཧཱུྃ་ཨ་ཕཊ༔ {{TibChung|ཅེས་ཕུར་བུ་དམིགས་བྱའི་སྙིང་དཀར་ནག་གི་མཚམས་སུ་བསྒྲིལ་ཞིང་གདབ་པས་ཁོའི་གཟུགས་ཕུང་གི་འབྱུང་བཞིའི་དྭངས་མ་རིམ་བཞིན་འདུས་ནས་ཡལ། སྙིང་གར་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་ཐིག་ལེའི་དབུས་སུ་ནྲྀ་ལྗང་གུའི་གཟུགས་སུ་འདུས་པར་ཕུར་རྩེ་ཧཱུྃ་ལྡན་བཏབ་པས་བསྡུས་ནས་རང་གི་སྙིང་གར་ཐིམ་པས་ཚེ་དཔལ་གཟི་བརྗིད་འབར། སླར་ཡང་ཧཱུྃ་ལས་འཕྲོས་པའི་འོད་ཀྱི་རྩེ་ལས་གཟས་པོའི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པར་གྱུར་པ་ཁོངས་གསེང་ནས་དྲངས་ཏེ་ཕཊ་ཅེས་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་སྤར། ཀཱི་ལ་ཡ་བརྗོད་པས་སྲས་སུ་སྐྱེས་པར་བསམ་མོ། །གཉིས་པ་ལས་ཕུར་གྱིས་བག་ཆགས་རྟེན་གཞིའི་ཕུང་པོ་བསྒྲལ་བ་ནི། གདབ་ཕུར་ཐོགས་ལ།}} ཧཱུྃ། དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ དགྲ་བགེགས་གདུག་པའི་ལྔ་ཕུང་ལ༔ རྣོ་མྱུར་ཤུགས་དྲག་ཕུར་བུ་ཐོབ༔ ཐལ་བའི་རྡུལ་དུ་བརླག་ནས་ཀྱང་༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ {{TibChung|ཅེས་གདབ་ཅིང་སྒྲོལ་གྲིས་དུམ་བུར་གཏུབ་བོ། །དེ་ནས་རྡུལ་དུ་བརླག་པ་དངོས་ནི། རྡོ་རྗེའི་ཐོ་བས་གཏུན་ {{TibChung|[8a]}} ཁུང་གྲུ་གསུམ་བར་དུ་བརྡུང་ཚུལ་བྱ་ཞིང་།}} ཧཱུྃ༔ རྡོ་རྗེ་ཕུར་བུའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོའི་གཟུགས་ཕུང་འདི༔ རྡོ་རྗེའི་ཐོ་ཆེན་འབར་བས་གཏུན་དུ་བརྡུང་༔ རྡུལ་ཕྲན་ཕྱེ་མར་ཐུལ་ཅིང་མཱ་ར་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་རྦད་རྦད་སོད༔ {{TibChung|དྲུག་པ་ཞལ་དུ་སྟོབ་པ་ནི། ལིང་རོའི་ཆ་ཤས་ལྷག་མ་དང་བཟློག་པའི་སྐབས་སུ་འབུལ་རྒྱུར་བཞག༔ གཞན་རྣམས་ཧོམ་གཟར་དུ་ཁྱེར་བ་རཀྟས་བྲན་ལ་བདུད་རྩིར་སྤར་ཏེ།}} ཧཱུྃ༔ རྡོ་རྗེ་ཕུར་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་གདུག་པ་བསྒྲལ་བའི་ཤ་ཁྲག་རུས༔ དྲོད་དབུགས་ཕུང་ཁམས་སྐྱེ་མཆེད་མ་ལུས་པ༔ མཉམ་ཉིད་ཧོམ་ཁུང་རབ་འབར་བའི་ཞལ་དུ་བསྟབ༔ འགགས་མེད་ཟང་ཐལ་ཆེན་པོའི་མགྲིན་པར་བརྒྱུད༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ལྟོ་བར་བྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀེཾ་ནི་རི་ཏི་ཁཱ་ཧི། {{TibChung|ཞེས་བསྟབ་པས་དགྱེས་པར་བསམ་མོ། སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མའི་ཆོ་ག་བྱའོ། །གཉིས་པ་བཟློག་པའི་གཡུལ་འགྱེད་པ་ལ་གསུམ་གྱི། དང་པོ་དཔུང་བསྐྱེད་ཕྱིར་སླར་ཡང་བསྐུལ་བ་ནི།}} ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ཆོས་ཉིད་སྐྱེ་མེད་ངང་ {{TibChung|[8b]}} ལས་སྐུར་བཞེངས་ཤིག༔ སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཟ་གསོད་དང་༔ སྦྱོར་སྒྲོལ་ཡུམ་ཆེན་ཁྲོ་མོ་སྐུར་བཞེངས་ཤིག༔ ཤྭ་ན་མཆེད་བཞི་བདག་ཉིད་མ་བཞི་དང་༔ ས་བདག་མ་བཞི་གིང་དང་དབང་ཕྱུག་སོགས༔ སྤྱི་དང་སྒོ་སྐྱོང་སྤྲུལ་པ་ཡང་སྤྲུལ་བཅས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཤིག༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར་ལ་རོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ་པར་མཛོད༔ བསྐུལ་ལོ་བསྐུལ་ལོ་ཡེ་ཤེས་རོལ་པའི་ལྷ༔ མཛོད་ཅིག་མཐའ་དམག་གདུག་པ་ཚར་གཅོད་མཛོད༔ སོད་ཅིག་སྒྲོལ་ཅིག་དག་བགེགས་འབྱུང་པོ་ཐུལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ {{TibChung|ཞེས་བསྐུལ་ལོ། གཉིས་པ་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ལིང་རོ་ཁྲག་སྐྱེམས་དང་སྦྱར་བ་ཟོར་གཏོར་ལ་རིམ་པར་བསྟབ་ཅིང་།}} ཧཱུྃ༔ གཞོམ་བྲལ་དོན་གྱི་འོག་མིན་ཆེན་པོའི་ཞིང་༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ སྐྱེ་འགགས་འགྱུར་མེད་གདོད་མའི་ཡེ་གདངས་ལས༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུར་ཤར༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་ཞལ་རབ་དཀར་གྱེན་ལ་གཟིགས་པ་ཡིས༔ ལྷ་ཡི་གདོན་ཚོགས་ {{TibChung|[9a]}} སྡང་བའི་དགྲ་ལ་ཟློག༔ གཡོན་ཞལ་དམར་ནག་ཐུར་དུ་གཟིགས་པ་ཡིས༔ ས་བདག་ཀླུ་གཉན་གདོན་ཚོགས་དགྲ་ལ༴ དབུས་ཞལ་མཐིང་ནག་ཕྱོགས་བཅུར་གཟིགས་པ་ཡིས༔ ཕྱོགས་སྐྱོང་སྡེ་བརྒྱད་གདོན་ཚོགས༴ དབུ་སྐྲ་དམར་སེར་སྲིད་རྩེར་འབར་བ་ཡིས༔ སྣང་སྲིད་གཡོ་འཁྲུགས་སྡང་བའི༴ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས༔ ཆོས་ཀྱི་བདེན་པ་སྡང་བའི༴ བར་མས་རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས༔ ཉོན་མོངས་དུག་ལྔ་སྡང་བའི༴ གཡོན་གྱི་དང་པོས་མེ་དཔུང་བསྣམས་པ་ཡིས༔ སྒྲིབ་གཉིས་བག་ཆགས་སྡང་༔ བར་མས་ཁ་ཊྭཱཾ་རྩེ་གསུམ་བསྣམས་པ་ཡིས༔ དུག་གསུམ་གཡོ་འཁྲུགས་སྡང་༴ ཐ་གཉིས་རི་རབ་ཕུར་བུ་འདྲིལ་བ་ཡིས༔ ཁམས་གསུམ་འཁྲུལ་འཁོར་སྡང་༴ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད་པ་ཡིས༔ བདུད་དང་རཱུ་ཏྲ་སྡང་བའི༴ རྡོ་རྗེའི་གཤོག་པས་བར་སྣང་ཁེངས་པ་ཡིས༔ གཟའ་དང་རྒྱུ་སྐར་དམག་དཔུང་དགྲ་ལ༴ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ་ཡིས༴ དཔའ་བོ་མཁའ་འགྲོའི་བཀའ་ཆད་དགྲ༴ སྦྱོར་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མས༔ འཁོར་འདས་ཡོངས་ཀྱི་རྒོལ་ངན་དགྲ༴ སྒྲོལ་བའི་ {{TibChung|[9b]}} ཡུམ་ཆེན་ཨེ་ཀ་ཙ་ཏི་མས༔ སྲིད་པ་མ་མོའི་འཁྲུགས་རྒོལ་དགྲ༴ སྲས་མཆོག་དཔལ་ཆེན་བུདྡྷ་ཀཱི་ལ་ཡས༔ སྟེང་འོག་དབུས་ཀྱི་དག་བགེགས་གནོད་བྱེད༴ སྲས་མཆོག་དཔལ་ཆེན་བཛྲ་ཀཱི་ལ་ཡས༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད༴ སྲས་མཆོག་དཔལ་ཆེན་རཏྣ་ཀཱི་ལ་ཡས༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད༴ སྲས་མཆོག་དཔལ་ཆེན་པདྨ་ཀཱི་ལ་ཡས༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད༴ སྲས་མཆོག་དཔལ་ཆེན་ཀརྨ་ཀཱི་ལ་ཡས༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་གནོད་བྱེད༴ ཁྲོ་ཆེན་ཧཱུྃ་ཀར་ཡབ་ཡུམ་འཁོར་བཅས་ཀྱིས༔ སྟེང་གི་ཕྱོགས་ཀྱི༴ ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་འཁོར་བཅས་ཀྱིས༔ དྲི་ཟའི་ཕྱོགས་ཀྱི༴ ཁྲོ་ཆེན་དབྱུག་པ་སྔོན་པོ་འཁོར་བཅས་ཀྱིས༔ མེ་ལྷའི་ཕྱོགས་ཀྱི༴ ཁྲོ་ཆེན་གཤིན་རྗེའི་གཤེད་པོ་འཁོར་བཅས་ཀྱིས༔ གཤིན་རྗེའི་ཕྱོགས་ཀྱི༴ ཁྲོ་ཆེན་གཡོ་མགོན་པོ་འཁོར་བཅས་ཀྱིས༔ སྲིན་པོའི་ཕྱོགས་ཀྱི༴ ཁྲོ་ཆེན་རྟ་མགྲིན་རྒྱལ་པོ་འཁོར་བཅས་ཀྱིས༔ ཆུ་ལྷའི་ཕྱོགས་ཀྱི༔ ཁྲོ་ཆེན་འདོད་པའི་རྒྱལ་པོ་འཁོར་བཅས་ཀྱིས༔ རླུང་ལྷའི་ཕྱོགས༴ ཁྲོ་ཆེན་བདུད་རྩི་འཁྱིལ་བ་འཁོར་བཅས་ཀྱིས༔ གནོད་སྦྱིན་ཕྱོགས༴ {{TibChung|[10a]}} ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་འཁོར་བཅས་ཀྱིས༔ དབང་ལྡན་ཕྱོགས༴ ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་འཁོར་བཅས་ཀྱིས༔ འོག་གི་ཕྱོགས་ཀྱི༴ ཤར་གྱི་སྒོ་མས་ཞེ་སྡང་དགྲ་བགེགས་ཟློག༔ ལྷོ་ཡི་སྒོ་མས་ང་རྒྱལ་དགྲ༴ ནུབ་ཀྱི་སྒོ་མས་འདོད་ཆགས༴ བྱང་གི་སྒོ་མས་ཕྲག་དོག༴ ཤྭ་ན་མ་བཞི་བདག་ཉིད་ཆེན་མོ་བཞི༔ ས་བདག་མ་བཞི་སྐྱེས་བུ་ཆེན་པོ་བཞི༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་ཕོ་མོ་དང་༔ དབང་ཕྱུག་མ་དང་འབར་མ་ཆེན་མོ་སོགས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་མ་ལུས་བཟློག་བསྒྱུར་ཕྲིན་ལས་མཛོད༔ བཞི་བརྒྱ་རྩ་བཞི་ནད་རྣམས་དགྲ༴ སྟོང་ཕྲག་བརྒྱད་བཅུའི་བགེགས་དཔུང་དགྲ༴ འཇིགས་ཆེན་བརྒྱད་དང་བཅུ་དྲུག༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ དུས་མིན་འཆི་བ་མ་ལུས༴ ཀེག་བདུད་གཤེད་གསུམ་བབ་པ༴ སྲི་དང་གྲི་ཁ་མཚོན་དབལ༴ ཐན་ལྟས་མཚན་མ་ངན་པ༴ མཐུ་གཏད་ཧོམ་ཟོར་རྦོད་གཏོང་༴ ལྷ་དང་སྲུང་མའི་བཀའ་ཆད༴ སྣང་སྲིད་ལྷ་འདྲེ་རྒོལ་ངན༴ ཟ་འདྲེ་ཕུང་སྲི་ཐམས་ཅད༴ ནད་མཚོན་མུ་གེའི་བསྐལ་ངན༴ དུས་ངན་ཡོ་ལང་འཁྲུགས་རྩོད༴ {{TibChung|[10b]}} ས་དང་ལམ་གྱི་བར་ཆད༴ མདོར་ན་སྔོན་ལས་འཕྲལ་རྐྱེན་ངན་པ་ལས༔ བྱུང་བའི་མི་མཐུན་མི་འདོད་ཐམས་ཅད་ཀུན༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་ཟློག༔ རྗེས་ཤུལ་ལྷག་མ་མེད་པར་བཟློག་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ས་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ {{TibChung|ཅེས་བཟློག་པའི་ཕྲིན་ལས་བཅོལ་ལོ། །གསུམ་པ་ཐུན་གཏོར་ནི། དམར་གྱི་གཏོར་མ་རཀྟས་བྲན་པར་དམིགས་བྱ་དགུག་བསྟིམ་བྱས་ལ། བདུད་རྩིས་བྲན་ནས།}} རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་ཝུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་{{TibChung|གིས་བྱིན་བརླབ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་སོགས་ཀྱིས་ཕུལ་ལ།}} ཧཱུྃ༔ དམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས༔ སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས༔ དགྲ་དང་བགེགས་ཀྱི་སྟེང་དུ་རྦད༔ སྲིད་པ་གཡོ་ཞིང་འཁྲུག་བྱེད་པའི༔ {{TibChung|[11a]}} དམག་དཔུང་དེར་སྐྱེད་གཡུལ་ངོ་སྤྲོད༔ དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ དུས་ལ་བབ་བོ་མཐུ་རྩལ་སྐྱེད༔ {{TibChung|ཅེས་ཐལ་བརྡེབ་དང་བཅས་པས་དགྲ་ཕྱོགས་སུ་འཕང་ངོ་༔ དེ་ནས་རྒྱུན་གྱི་རྗེས་ཆོག་རྣམས་ནི་དཀྱུས་བཞིན་བྱའོ། །གསུམ་པ་རྗེས་མཐའ་སྡུད་ཀྱི་རིམ་པ་ལ་དྲུག་ལས། དང་པོ་ཟོར་བསྒྲུབ་པ་ནི། སྒྲུབ་ཞག་རྫོགས་པའི་ཉིན་རྗེས་མ་ལ། གཏོར་མའི་ལྷ་ཚོགས་ལ་མཆོད་ཅིང་བསྟོད་ནས་ནོངས་པ་བཟོད་པར་གསོལ།}} སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་གཤེགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་ནས་རང་ལ་ཐིམ་པར་{{TibChung|མོས།}} སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར་{{TibChung|པས་བསམ་ཞིང་དྲག་སྔགས་སྤུ་གྲིའི་འཕྲུལ་འཁོར་མང་དུ་བཟླ། དམར་གཏོར་ཁྲག་སྐྱེམས་དང་བཅས་པར་དམིགས་བྱ་དགུག་བསྟིམ་བདུད་རྩིར་སྤེལ་བ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་དམག་ལྟོའི་ཚུལ་དུ་ཕུལ་ཞིང་།}} ཧཱུྃ༔ དཔལ་ཆེན་ཁྲག་འཐུང་འཇིགས་བྱེད་ཀཱི་ལ་ཡ། །བདུད་འདུལ་ཡེ་ཤེས་ཁྲོ་བོ་འཁོར་བཅས་ལ། །དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །འདོད་ཡོན་ {{TibChung|[11b]}} ལྔ་ལྡན་སྨན་རཀ་བ་ལིང་ཏ། །འབུལ་ལོ་བཞེས་ལ་བདག་ཅག་འཁོར་བཅས་ཀྱིས། །ཇི་ལྟར་གསོལབའི་ལས་རྣམས་འགྲུབ་པ་དང་། །གཏོར་ཟོར་དྲག་པོའི་རྫས་ཀྱི་དཔུང་བསྐྱེད་ཅིག དགྲ་བགེགས་དམ་སྲི་བྱད་མ་བདུད་སྡེའི་དཔུང་། །ཤུགས་སྒྲོལ་སྟོབས་ཀྱིས་རྗེས་ཤུལ་མེད་པར་མཛོད། །ཆག་ཆེ་ཉམ་ང་ཕས་རྒོལ་མི་མཐུན་ཕྱོགས། །བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །{{TibChung|ཞེས་ཕྱིར་བཟློག་གི་ཕྲིན་ལས་གསོལ་ལོ། །གཉིས་པ་ཟོར་སྒོ་དབྱེ་བ་ནི། ཕུད་སྐྱེམས་འཐོར་ཞིང་བདེན་པའི་ཡུས་ཀྱིས།}} ཧཱུྃ༔ ཕྱོགས་མཚམས་སྟེང་འོག་ལ་གནས་པའི༔ སྣང་སྲིད་ལྷ་འདྲེ་གཞི་བདག་ཚོགས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ དོ་ནུབ་ཟོར་གྱི་སྒོ་ཕྱེས་ཤིག༔ བདག་ནི་མ་ཉེས་མ་ལན་ཏེ༔ གལ་ཏེ་གདོང་ལ་ཐུག་གྱུར་ཀྱང་༔ ཆད་པ་དགྲ་དང་བགེགས་ལ་ཕོབ༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ {{TibChung|ཅེས་བརྗོད། གསུམ་པ་བསྐུལ་བྱ་བ་ནི། །གཏོར་ཟོར་སོགས་སྟེགས་ལས་བསྒུལ་ཞིང་སྒྲུབ་ཁང་གི་སྒོའི་ནང་རོལ་ཙམ་དུ་བཀོད་ལ་སྨན་རཀ་སྦྲན། ལས་བྱང་གི་བསྐུལ་དང་ཆད་ཐོ་བསྒྲག་གོ། བཞི་པ་ཟོར་བསྐུལ་ཞིང་འཕང་བ་ནི། ཕུད་དང་རུ་མཚོན་གྱིས་སྣ་དྲངས་ཏེ་ཟོར་རྫས་གཏོར་ཆེན་རྣམས་རིམ་པར་ཁྱེར། རྣལ་འབྱོར་པ་ལྟ་བའི་གདིང་བསྐྱེད། སྒོམ་པའི་གཟེངས་བསྟོད། རིག་པ་ཧུར་ཕྱུངས་ཏེ་ {{TibChung|[12a]}} དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་དེ་དག་གི་ཕྱི་བཞིན་དུ་གཟའ་རྒོད་དྲག་པོ་རྒྱུ་ཕྱོགས་སོགས་གང་དུ་འཕང་པའི་སར་སོང་སྟེ་གཏོར་ཟོར་རྣམས་སྟེགས་ལ་འགོད། གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས།}} ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་འཁོར་འདས་ཡོངས་ཀྱི་བདག༔ ང་ལས་ཆེ་བཙན་སུ་ཡང་མེད༔ ངས་ནི་དྲག་པོའི་གཏོར་ཟོར་འཕེན༔ ཕྱོགས་མཚམས་སྟེང་འོག་གནས་རྒྱུ་བའི༔ སྡེ་བརྒྱད་ལྷ་ཀླུ་བཞི་བདག་རྣམས༔ གཏོར་ཆེན་མཚོན་ཐུན་ཟེར་འཕྲོས་པས༔ ལུས་སེམས་མ་ལུས་བརླག་པར་མཆིས༔ ང་ནི་མ་ཉེས་དགྲ་བགེགས་གཉེས༔ ཟོར་ལམ་ཕྱེས་ལ་སྐུ་བཟུར་ཅིག༔ བརྣག་པའི་དགྲ་བགེགས་མ་གཏོགས་པ༔ ཉེས་མེད་རྣམས་ལ་ཟོར་མི་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་བསྐྱེད༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ ཉམས་པའི་དགྲ་བགེགས་སྡིག་ཅན་འདི༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ {{TibChung|ཅེས་རིག་པ་ངར་དང་ལྡན་པས་བརྗོད་ལ། ཟོར་འཕང་བ་ནི།}} ཧཱུྃ༔ ཁྲག་འཐུང་བཛྲ་ཀཱི་ལ་ཡའི༔ ཕོ་ཉར་རབ་བསྔགས་ཟོར་གྱི་ཐོག༔ ཕུང་པའི་དབལ་ཟོར་ཐོག་ལྟར་འཕེན༔ དགྲ་བགེགས་ལུས་ངག་ཡིད་ལ་ཕོབ༔ རྡུལ་ཕྲན་བཞིན་དུ་མཱ་ར་ཡ༔ {{TibChung|ཞེས་དང་དྲག་སྔགས་སྤུ་གྲི་བརྗོད་བཞིན་པར་བརྡེག དེ་བཞིན་དུ་ཐོག་མཐའ་ {{TibChung|[12b]}} གཞན་འདྲ་བ་ལས། ཕུར་ཟོར་གྱི་ཚབ་ཏུ།}} ཡུངས་དཀར་རྦ་བརྒོད་སེར་ལྟར་འདྲིལ༔ ཁྲག་ཐུན་དམར་པ་ཆར་ལྟར་འབེབས༔ མཚེ་མདའ་དྲག་པོ་རླུང་ལྟར་འཚུབས༔ དུག་ཐུན་དྲག་པོ་མུན་ལྟར་གཏིབས༔ མཚོན་ཆའི་བུ་ཡུག་སྐར་ལྟར་འཁྲིགས༔ མདའ་ཐུན་དྲག་པོ་བུན་ལྟར་འཕྲོ༔ རྡོ་ཐུན་ཆར་པ་བརྡུལ་ལྟར་འབེབས༔ དམར་གྱི་གཏོར་མ་རྫ་ལྟར་ཉིལ༔ {{TibChung|ཞེས་བསྒྱུར་ལ་རིམ་པར་འཕང་། དེ་ནས་གཏོར་མའི་དམ་ཚིག་པ་ནམ་མཁར་བཞུགས། གཏོར་མ་ནད་མཚོན་དུག་གི་རང་བཞིན་དུ་གྱུར་པར་བསམ་ལ།}} ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཕོ་ཉ་ལས་མཁན་ཟགས་སོད་ཚོགས༔ ཕོ་རྒྱུད་ཟོར་འཕེན་ཤ་ར་ར༔ མོ་རྒྱུད་ཐུན་འདེབས་ཉི་ལི་ལི༔ སྡང་བའི་དགྲ་ལ་ཐུན་ཟོར་རྒྱོབ༔ གནོད་པའི་བགེགས་ལ་ཐུན༴ ཟ་བའི་འདྲེས་ལ༴ ཕུང་བའི་སྲི་ལ༴ སྨོམ་ལོག་ལྟ་ལོག་སྲོག་ལ་ཕོབ༔ སྲིད་པ་ཡོ་ལོག་བྱེད་པའི་ཟོར༔ ཐོབ་ཅིག་སོད་ཅིག་བརླག་པར་གྱིས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ {{TibChung|ཅེས་དང་དྲག་སྔགས་བརྗོད་བཞིན་པར་གཏོར་ཆེན་རྔམས་སྟབས་སུ་འཕང་བས་དགྲ་བོའི་གཟུགས་ཕུང་ཤིག །རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་ཐམས་ཅད་རྗེས་མེད་དུ་བརླག་པར་བསམ་ཞིང་ཐལ་མོ་དང་དུལ་མོད་གདབ་བོ། ལྔ་པ་ཟོར་རྗེས་གཅོད་པ་ནི། ནམ་མཁར་བཞུགས་པའི་ལྷ་རང་ལ་ {{TibChung|[13a]}} བསྟིམས་ནས་བསྲུང་འཁོར་བསྒོམ་ལ་སློབ་དཔོན་གྱིས་རྟིང་མནན་ཏེ་ལོ། སྒྲུབ་ཁང་གི་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་བསྐྱང་། དེ་ཉིད་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ་བྲོ་བརྡུང་བྱའོ། དྲུག་པ་རྗེས་ཆོག་ནི། ནང་དུ་ལོག་ནས་མཆོད་པ་རྣམས་ཁ་གསོས་ལ་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་བླང་། གཏང་རག་གི་དོན་དུ་མཆོད་ཅིང་བསྟོད་དེ་ནོངས་པ་བཤགས། ནམ་མཁར་བཞུགས་པའི་ཡེ་ཤེས་བརྟེན་ལ་བརྟན་པར་བཞུགས་སུ་གསོལ། བདག་བསྐྱེད་ཀྱི་རྣལ་འབྱོར་བསྡུ་ལྡང་བྱས་ལ་རྡུལ་ཚོན་ཨ་ཀཱ་རོས་བསྡུས་ཏེ་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། ཚུལ་མིན་ངན་རྟོག་དུག་ཆུས་མ་ཟིན་པའི། །ལྟ་སྤྱོད་རང་བྱན་ཚུད་པ་འགའ་མཆིས་ན། །འཁྲུལ་མེད་མངོན་སྤྱོད་ལས་ཀྱི་གཟེར་ཁའི་ཁྲིགས། །བདུད་རྩིའི་སྙིང་ཁུ་འདི་ཀོ་སྤྲོ་བས་ལོངས། །མི་བཟད་དྲག་པོའི་ལས་རིམ་གནམ་ལྕགས་ཐོག བདུད་སྡེའི་ཀླད་པ་འགེམས་ལ་ཆེར་བརྣག་པ། །དཔའ་ངར་གདིང་གིས་མྱོང་པའི་སྔགས་འཆང་གི། ཕྱག་མཚན་ཉིད་གྱུར་རྒྱལ་བསྟན་བཙས་སུ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདེ་གཤེགས་སྙིང་པོའི་སྨད་ལས་ཁྲག་འཐུང་རྔམས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི་དོན་དུ་གཉེར་ཅན་དུ་མའི་གསུང་གི་ནན་ཏན་ཆེན་པོས་བསྐུལ་བའི་ངོར། དགེ་བསྙེན་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་དོན་མན་ངག་གནད་ཀྱི་ངེས་པས་གསལ་བར་བྱས་ཏེ་རང་ལོ་ཉེར་གཉིས་པ་ཁྲོ་བོའི་ལོ་རྒྱལ་གྱི་ཉ་བའི་དམར་པོའི་ཕྱོགས་ལ་བདེ་ཆེན་ཆོས་འཁོར་གླིང་གི་ {{TibChung|[13b]}} སྒྲུབ་ཁང་བདུད་ལས་རྣལ་རྒྱལ་དུ་སྦྱར་བ་སྟེ། འདིས་ཀྱང་བསྟན་དགྲའི་སྡེ་དཔུང་མིང་མཐར་བརླག་པའི་རྒྱུར་གྱུར་ཅིག དགེའོ།། །།}} }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 10:00, 4 September 2025
| Wylie title | dpal rdo rje phur bu yang gsang bde gshegs snying po'i smad las khrag 'thung rngams pa'i dga' ston | |
|---|---|---|
| Location | bdud 'joms rin po che bka' 'bum Volume 9, Text 23, Pages 627-652 (Folios 1a1 to 13b1) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu yang gsang bde gshegs snying po'i smad las khrag 'thung rngams pa'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 627-652. Kalimpong: Dupjung Lama, 1979-1985. | |
| Side notes | Recto: smad las Verso: bdud 'joms phur pa | |
| More details More details | ||
| Tertön | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche, Bdud 'joms gling pa) | |
| Genre | Activity Practices - las tshogs | |
| Cycle | དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོ་ (dpal rdo rje phur bu yang gsang bde gshegs snying po) | |
| Deity | rdo rje phur pa | |
| Colophon |
།དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདེ་གཤེགས་སྙིང་པོའི་སྨད་ལས་ཁྲག་འཐུང་རྔམས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི་དོན་དུ་གཉེར་ཅན་དུ་མའི་གསུང་གི་ནན་ཏན་ཆེན་པོས་བསྐུལ་བའི་ངོར། དགེ་བསྙེན་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་དོན་མན་ངག་གནད་ཀྱི་ངེས་པས་གསལ་བར་བྱས་ཏེ་རང་ལོ་ཉེར་གཉིས་པ་ཁྲོ་བོའི་ལོ་རྒྱལ་གྱི་ཉ་བའི་དམར་པོའི་ཕྱོགས་ལ་བདེ་ཆེན་ཆོས་འཁོར་གླིང་གི་སྒྲུབ་ཁང་བདུད་ལས་རྣལ་རྒྱལ་དུ་སྦྱར་བ་སྟེ། འདིས་ཀྱང་བསྟན་དགྲའི་སྡེ་དཔུང་མིང་མཐར་བརླག་པའི་རྒྱུར་གྱུར་ཅིག དགེའོ།། | |
|
/de ltar dpal rdo rje phur bu bde gshegs snying po'i smad las khrag 'thung rngams pa'i dga' ston zhes bya ba 'di ni don du gnyer can du ma'i gsung gi nan tan chen pos bskul ba'i ngor/___dge bsnyen rnal 'byor spyod pa 'jigs bral ye shes rdo rjes gter gzhung rtsa ba'i dgongs don man ngag gnad kyi nges pas gsal bar byas te rang lo nyer gnyis pa khro bo'i lo rgyal gyi nya ba'i dmar po'i phyogs la bde chen chos 'khor gling gi sgrub khang bdud las rnal rgyal du sbyar ba ste/___'dis kyang bstan dgra'i sde dpung ming mthar brlag pa'i rgyur gyur cig_dge'o// | ||