DJYD-KABUM-21-ZHA-012: Difference between revisions
From Dudjom Wiki
DJYD-KABUM-21-ZHA-012
No edit summary |
No edit summary |
||
| Line 33: | Line 33: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། ། {{TibChung|[271a]}} གཞན་ཡང་རྗེ་བླ་མ་ཆོས་འབྱོར་རྒྱ་མཚོ་ལས། ཀློང་གསལ་གཏེར་ཆོས་ཕལ་ཆེར་གྱི་དབང་ལུང་། མགོན་པོ་ཚོགས་བདག་ཁམས་བྱོན་མའི་སྲོག་དབང་དང་། གཞུང་པོད་ཡོངས་རྫོགས་ཀྱི་ལུང་། མ་ཏི་རཏྣའི་སེང་གདོང་མའི་གཞུང་པོད་སོགས་ལུང་སྣེ་མང་། སྤོ་བོ་སྐུ་ཐང་བླ་མ་པདྨ་དབང་དྲག་ལས། ཆོས་རྗེ་གླིང་པའི་གཏེར་ཆོས་གཞུང་པོད་ཡོངས་རྫོགས་ཀྱི་ལུང་། ཀོང་ལོང་པོ་སློབ་དཔོན་གསང་སྔགས་བསྟན་འཛིན་ལས། འཇའ་ཛོན་ཧཱུྃ་ནག་སྙིང་ཐིག་གི་སྐོར། སླེའུ་ལུང་བཞད་པའི་རྡོ་རྗེའི་གསུང་འབུམ་ཕལ་ཆེར་དང་། གཡུང་མགོན་རྡོ་རྗེའི་རྣམ་ཐར། གཏད་ཧྲུལ་དང་འདུན་བཤིག་གི་མན་ངག་གབ་རྒྱ་ཅན། མན་ངག་སྙིང་གཟེར་ནག་པོའི་སྔགས་སྡེབས་སོགས་དྲག་སྔགས་སྐོར་མང་པོའི་ཁྲིད་ལུང་ལག་ལེན་བཅས། གླིང་ཚང་རྗེ་བཙུན་འཇམ་དབྱངས་ཚུལ་ཁྲིམས་དཔལ་མོ་ལས། འཆི་མེད་འཕགས་མའི་སྙིང་ཐིག་སོགས་རྗེ་མཁྱེན་བརྩེ་གོང་མའི་ཟབ་ཆོས་སྐོར་མང་པོའི་དབང་ལུང་། རྟོགས་ལྡན་ཡེ་ཤེས་དོན་ལྡན་ལས། ཀློང་ཆེན་སྙིང་ཐིག་གི་རྩ་རླུང་འཁྲུལ་འཁོར་སོགས་མན་ངག་སྙན་བརྒྱུད་ཁ་ཤས། རྟོགས་ {{TibChung|[271b]}} ལྡན་ཨ་ཚང་རྡོ་རྗེ་ལས། ཆགས་མེད་རི་ཆོས་ཐེམ་ཅན་ཐེམ་མེད། གནམ་ཆོས་སྐོར་ཕལ་ཆེར་དང་། མདོས་ཆོག་སྐོར་མང་པོའི་ལུང་དང་ཕྱག་ལེན། ནང་ཆེན་གཏེར་སྟོན་དང་དགེ་བདུད་འདུལ་དྲག་སྔགས་གླིང་པ་ལས། ཉིད་ཀྱི་གཏེར་ཆོས་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་དབང་ལུང་དང་། ལུང་བསྟན་སྐོར་མང་པོ་ཞིག་གི་ལུང་བཅས། གླིང་གཏེར་པདྨ་བཞད་པ་ལས། ཉིད་ཀྱི་དགོངས་གཏེར་ཚེ་ཡུམ་ཙཎྜ་ལིའི་དབང་ཁྲིད་ལུང་བཅས་ཡོངས་རྫོགས་དང་། མཁྱེན་བརྩེ་གོང་མའི་ཡང་གཏེར་སྐོར་མང་པོའི་དབང་ལུང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས། རྗེ་གོང་མའི་དག་སྣང་ཁྲི་སྲོང་བླ་སྒྲུབ་ཀྱི་དབང་ལུང་དང་། ཡང་གཏེར་སྐོར་ཕལ་ཆེར་གྱི་དབང་བཀའ། མཁྱེན་སྤྲུལ་རབ་གསལ་ཟླ་བ་ལས། ཉིད་ཀྱི་དགོངས་གཏེར་ཚེ་སྒྲུབ་ཀྱི་ཟབ་དབང་བཀའ་ལུང་། རྭ་སྒྲེང་རི་ཁྲོད་པ་བླ་མ་ངག་དབང་བྱམས་པ་སྐལ་བཟང་ལས། བཀའ་གདམས་ཕ་ཆོས་བུ་ཆོས་ཡོངས་རྫོགས། ཇོ་བོ་རྗེའི་རྣམ་ཐར་དང་། བྱང་ཆུབ་ལམ་རིམ། བློ་སྦྱོང་སྐོར་སོགས་བཀའ་གདམས་དགེ་བའི་བཤེས་གཉེན་མང་པོའི་གསུང་སྒྲོས་ཞལ་གདམས་སྐོར་ཤིན་ཏུ་མང་པོའི་ལུང་དང་། བློ་སྦྱོང་ {{TibChung|[272a]}} དོན་བདུན་མ་དང་། མཚོན་ཆ་འཁོར་ལོའི་ཁྲིད་བཀའ་བཅས། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་ལས་{{TibChung|འདིའི་མཚན་མ་ཤེས། རྒྱལ་དབང་བཅུ་གསུམ་པ་ལ་རྟག་པར་སྐུ་ཁྲུས་འབུལ་མཁན་དེ་ཡིན། }} སྒྲོལ་དཀར་ཚེ་དབང་། རྗེ་ཙོང་ཁ་པའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་བཀའ་བཅས། ངོར་པ་བླ་མ་ཀུན་དགའ་རིན་ཆེན་ལས། སྤྱོད་འཇུག་ས་བཟང་འགྲེལ་པའི་བཤད་ཁྲིད། ས་སྐྱའི་ལེགས་བཤད་དང་། སྡོམ་གསུམ་རབ་དབྱེ་བཅས་ཀྱི་ལུང་། མཚུར་ཕུའི་སྒྲུབ་བླ་མཁན་ལེགས་བཤད་རྒྱ་མཚོ་ལས། ཀར་ལུགས་ཐུན་མིན་སྙན་བརྒྱུད་བདེ་མཆོག་དང་ཕག་མོ་གཉིས་ཀྱི་དབང་ཁྲིད་ལུང་བཅས་དང་། བཀའ་བརྒྱུད་མགུར་མཚོའི་ལུང་སོགས། རི་ཆེ་བླ་མ་རིན་ཆེན་ནོར་བུ་ལས། མར་མི་དྭགས་གསུམ་གྱི་རྣམ་ཐར། མི་ལའི་མགུར་འབུམ། དྭགས་པོའི་ཐར་རྒྱན། མ་གཅིག་གི་གཅོད་ཀྱི་རྣམ་བཤད། ཚ་བ་རིན་ཆེན་རྣམ་རྒྱལ་གྱི་གསུང་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་བཅས་ཀྱི་ལུང་། འབྲུག་གསང་གླིང་བླ་མ་མཁྱེན་རབ་ནོར་བུ་ལས། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་བཀའ་འབུམ་ཐོར་བུ། ཀུན་མཁྱེན་པད་དཀར་གྱི་བཀའ་འབུམ་ཕལ་མོ་ཆེ། འབྲུག་པ་ {{TibChung|[272b]}} ཀུན་ལེགས་ཀྱི་རྣམ་ཐར་སོགས་ཀྱི་ལུང་། གྲུབ་དབང་སངས་རྒྱས་ཐོགས་མེད་ཀྱི་དངོས་སློབ་རྟོགས་ལྡན་བསྟན་པ་རྒྱ་མཚོ་ལས། གྲུབ་དབང་སྙན་བརྒྱུད་སྙིང་ཐིག་རྩ་རླུང་ཟབ་ཁྲིད་བཀའ་རྒྱ་མ། འཇིགས་གླིང་བཀའ་འབུམ་པོད་དགུ་ཕལ་ཆེར་གྱི་ལུང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་སྐུ་མཆེད་སྤྲུལ་སྐུ་ཀུན་བཟང་ལས། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་དཔག་བསམ་སྙེ་མའི་སྟེང་ནས་བཤད་ཁྲིད་ཞིབ་རྒྱས། མི་ཕམ་གསུང་བཤེས་སྤྲིངས་འགྲེལ་པ་དང་། དཀོན་མཆོག་རྗེས་དྲན་གྱི་འགྲེལ་པའི་བཤད་ལུང་སོགས་སྣེ་མང་། བླ་མ་ཨོ་རྒྱན་རིག་འཛིན་ལས། ཞི་འཚོའི་དབུ་མ་རྒྱན་འགྲེལ་མི་ཕམ་གསུང་གི་སྟེང་ནས་བཤད་ལུང་ཞིབ་རྒྱས། རྡོར་འཇིན་བདེ་ཆེན་ཆོས་འཛིན་ལས། སློབ་དཔོན་བི་མ་ལས་མཛད་པའི་སྐྱབས་འགྲོ་ཡན་དྲུག་པའི་ཟིན་མ་ཊཱིཀ་ལོ་ཆེན་གསུང་གི་སྟེང་ནས་བཤད་ལུང་དང་། སློབ་དཔོན་ཆེན་པོའི་གསུང་ཕུར་པ་དང་མཚན་བརྗོད་ཀྱི་འགྲེལ་པ། གསང་སྔགས་ལམ་རིམ་ཆེན་མོ། སྔ་འགྱུར་བཀའ་མའི་སྐོར་ལས་སོ་དང་རོག་གི་ཡིག་ཆ་ཕལ་ཆེར་གྱི་ལུང་བཅས། བླ་སྨན་པ་དགེ་འདུན་རབ་རྒྱས་ལས། སྨན་གྱི་རྒྱུད་བཞི། {{TibChung|[273a]}} དེའི་འགྲེལ་པ་བཻཌཱུར་སྔོན་པོ། མན་ངག་ལྷན་ཐབས། དེའི་ལྡེ་མིག །ཆ་ལག་བཅོ་བརྒྱད། ཤེལ་གོང་ཕྲེང་སོགས་སྨན་དཔེ་མང་པོའི་བཤད་ལུང་དང་ལག་ཁྲིད། སྔགས་སྟོན་པདྨ་བསྟན་འཛིན་ལས། རྩིས་གཞུང་བཻཌཱུར་དཀར་པོ། ཉིན་བྱེད་སྣང་བ་བུ་ཡིག་བཅས། འབྱུང་རྩིས་ཟླ་བའི་འོད་ཟེར་སོགས་ལོ་ཆེན་དྷརྨ་ཤྲཱིའི་གསུང་རབ་རྩིས་ཀྱི་སྐོར་ཕལ་ཆེ་བའི་བཤད་ལུང་། བླ་མ་དཀོན་མཆོག་རབ་བརྟན་ལས། ལྷ་སྐུ་དང་། བདེ་གཤེགས་མཆོད་རྟེན་བརྒྱད། དཀྱིལ་འཁོར་ཁག་གི་ཐིག་ཚད་ཀྱི་རྣམ་བཞག་བཅས་རྩེ་ལེ་སོགས་ཡིག་ཆ་མང་པོའི་སྟེང་ནས་ལུང་དང་ལག་ཁྲིད་ཞིབ་པར་ནོས། གཞན་ཡང་ཆོས་འབྱུང་། རྒྱལ་རབས། སྨན་རྩིས་བཟོ་གསུམ་གྱི་ཟིན་ཏིག་རིགས། ཐ་ན་མོ་དཔེ་ཚུན་གྱི་ལུང་ཐོར་ཞུས་པའི་རྣམ་གྲངས་མང་ཡང་ཡིག་ཚོགས་ཀྱི་རྒྱུ་ལས་དགོས་པ་དེ་ཙམ་ཆེ་བར་མ་མཐོང་ནས་བཏང་སྙོམས་སུ་བཞག །ཇི་ལྟར་ཐོབ་པ་རྣམས་ཀྱི་བརྒྱུད་རིམ་རྣམ་གྲངས་ཡང་གསལ་བར་འགོད་འོས་ཀྱང་། ཞུ་ཡུལ་བླ་མ་བྱ་བཏང་གི་བརྟུལ་ཞུགས་འཛིན་པ་ཁ་ཅིག་ {{TibChung|[273b]}} གསན་ཡིག་གི་ཐུགས་རྩོལ་མ་གནང་བས་གཞན་ལ་ལྟོས་དགོས་པ་མང་བས་ཡེངས་མ་ལམ་དུ་ལུས། ལུང་ཐོ་ཤོག་དྲིལ་མང་བ་ཞིག་ནི་རང་ཉིད་ཡུལ་ནས་ཡུལ་དུ་སྐྱས་འདེགས་འཕོ་བགྲོད་མང་བའི་ཞར་བ་བོར་ཟགས་སུ་སོང་ནས་དཔེ་མ་རྙེད། གྲུབ་མཐའ་གཞན་ཁག་གི་གསུང་རབ་རྣམས་ནི་རང་ཉིད་སྐལ་བ་བཟང་པོའི་བག་ཆགས་འཇོག་ཆེད་ཙམ་ལས་སོ་སོའི་བསྟན་པ་ཉིན་མོར་བརྡལ་བཞིན་པ་ལགས་ན་རྨོངས་པ་བདག་ལྟའི་ཁུར་དུ་མི་ཆེ་སྙམ་པའི་ངན་རྟོག་གིས་ནོངས་ཏེ། ཆོས་ཚན་གྱི་རྣམ་གྲངས་དང་། བརྒྱུད་པའི་གོ་རིམ་སོགས་ཕྱག་དཔེ་བཤུ་རྩོལ་མ་ནུས་པས་ད་ལྟ་འདིར་ཐོབ་ཡིག་དཀྱུས་སུ་བསྒྲིགས་པར་རྔོ་མ་ཐོགས་སོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 08:29, 21 August 2025
| Wylie title | dam pa'i chos sna tshogs pa ji ltar thob pa'i tshul | |
|---|---|---|
| Location | bdud 'joms rin po che bka' 'bum Volume 21, Text 12, Pages 541-546 (Folios 271a1 to 273b4) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Dam pa'i chos sna tshogs pa ji ltar thob pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 21: 541-546. Kalimpong: Dupjung Lama, 1979-1985. | |
| Side notes | Recto: thob yig Verso: sna tshogs skor | |
| More details More details | ||
| Genre | Records of Teachings Received - thob yig - gsan yig | |
| Cycle | ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me) | |