DUDJOM-THROMA-013: Difference between revisions
No edit summary |
No edit summary |
||
| Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཁྲོས་མ་ནག་མོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་༔ | |||
|fulltitle=chos nyid nam mkha'i klong mdzod las: ma cig khros ma nag mo'i rtsa sgrub zla ba'i 'od phreng: | |||
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las ma cig khros ma nag mo'i rtsa sgrub zla ba'i 'od phreng''. In ''Khros ma'i sgrub skor'': 93-141. Kalimpong: Mani Dorji, 1979. | |||
|collectiontitletib=ཁྲོས་མའི་སྒྲུབ་སྐོར་ | |||
|collectiontitle=khros ma'i sgrub skor | |collectiontitle=khros ma'i sgrub skor | ||
|author=bdud 'joms gling pa | |author=bdud 'joms gling pa | ||
|sourcerevealer=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |authortib=བདུད་འཇོམས་གླིང་པ་ | ||
| | |sourcerevealertib=བདུད་འཇོམས་གླིང་པ་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|deity=khros ma nag mo | |||
|cycle=chos nyid nam mkha'i klong mdzod | |||
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ | |||
|language=Tibetan | |language=Tibetan | ||
|volumenumber=1 | |volumenumber=1 | ||
|textnuminvol=013 | |textnuminvol=013 | ||
|pagenumbers=93-141 | |||
|totalpages=49 | |||
|beginfolioline=1a1 | |||
|endfolioline=25a6 | |||
|totalfolios=25 | |||
|multivolumework=No | |||
|rectonotes=rtsa sgrub | |||
|versonotes=khros ma | |||
|colophontib=འཁོར་འདས་འུབ་ཆུབ་རོལ་པ་ཡི། །ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས། །ཆོས་ཉིད་ཀློང་མཛོད་སྒོ་ཕྱེས་ནས། །གཏེར་གྱི་ཡང་སྙིང་བཅུད་དུ་རོལ། །སུ་མ་མགུ་ཡང་ཞེ་བློ་བདེ། །སྦས་པའི་རྣལ་འབྱོར་བདུད་འཇོམས་པས། །ས་ར་ཧ་པའི་ལག་མཐིལ་རིས། །རང་གི་བུ་སློབ་ཨ་བྷའི་མིང༌། །དྷརྨ་བཛྲ་པུཥྱེ་ཤྲཱི། །དེ་གསུམ་ནན་དུ་བསྐུལ་ངོར་ཕབ། །ཡིག་བྲིས་ཀློང་ཆེན་རྡོ་རྗེ་ཡི། །སྤྲུལ་པར་ལུང་ཟིན་དྷརྨའི་མིང༌། །དགེའོ། །མངྒ་ལཾ།། | |||
|colophonwylie='khor 'das 'ub chub rol pa yi/_/ye shes sgyu ma'i rnal 'byor gyis/_/chos nyid klong mdzod sgo phyes nas/_/gter gyi yang snying bcud du rol/_/su ma mgu yang zhe blo bde/_/sbas pa'i rnal 'byor bdud 'joms pas/_/sa ra ha pa'i lag mthil ris/_/rang gi bu slob a b+ha'i ming /_/d+harma badz+ra puSh+ye shrI/_/de gsum nan du bskul ngor phab/_/yig bris klong chen rdo rje yi/_/sprul par lung zin d+harma'i ming /_/dge'o/_/mang+ga laM// | |||
|pdflink=File:DUDJOM-THROMA-013.pdf | |pdflink=File:DUDJOM-THROMA-013.pdf | ||
|InitCategories=Dudjom Tersar Project; DUDJOM-THROMA | |InitCategories=Dudjom Tersar Project; DUDJOM-THROMA | ||
| Line 18: | Line 34: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཁྲོས་མ་ནག་མོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་བཞུགས་སོ༔ | ||
ཕྚ༔ ({{TibChung|བརྡ་ཡིག་}}) སངས་རྒྱས་པདྨ་འབྱུང་གནས་ངས༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ གསང་བའི་མྱུར་ལམ་ཐབས་མཆོག་གིས༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བའི༔ གདམས་པ་ཟླ་བའི་འོད་ཕྲེང་འགྱེད༔ ད་ལ་མདའ་གང་ཟླ་གམ་དམར༔ ཚོམ་བུ་དཀྱིལ་འཁོར་ལྷ་གྲངས་བཀོད༔ ཡང་ན་རྐང་ཁྲིར་གཏོར་མ་གྲངས༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔ འབྱོར་ཚོགས་ག་ཎའི་ལོངས་སྤྱོད་བསགས༔ གཟུང་འཛིན་རྣམ་པར་རྟོག་པའི་འཕྲུལ༔ ཐབས་ཤེས་ཡི་གེ་ཕཊ་ཀྱིས་གཏོར༔ སྣང་བ་གནས་འགྱུར་མཁའ་འགྲོའི་དལ༔ ཡོངས་གྲུབ་ཆེན་པོར་ལྷུན་རྫོགས་རིག༔ ཕཊ༔ ཨ༔ ངོ་བོ་ཀ་དག་ཀུན་བཟང་མོ༔ རང་བཞིན་འགགས་མེད་རྣལ་འབྱོར་མ༔ ཐུགས་རྗེས་འགྲོ་འདུལ་ཁྲོས་མའི་སྐུར༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ནས་བྱང་སེམས་བསྐྱེད༔ ཕཊ༔ ཀྱཻ༔ སྡུག་བསྔལ་གསུམ་གྱི་ཁྲི་མུན་དུ༔ ཉོན་མོངས་སེམས་ཅན་སྙིང་རེ་རྗེ༔ རྣམ་མཁྱེན་གདོད་མའི་གོ་འཕང་དུ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་བསྒྲུབ༔ ལན་གསུམ་སླར་ཡང་བྱིན་འབེབས་ལ༔ ཕཊ༔ སྐྱེ་མེད་ཡེ་ཤེས་ཀུན་བཟང་མོ༔ འགགས་མེད་ཡེ་ཤེས་རྣལ་འབྱོར་མ༔ ཀུན་ཁྱབ་ཡེ་ཤེས་ཁྲོས་མའི་སྐུ༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ སྣང་སྲིད་དག་པ་མཁའ་སྤྱོད་དུ༔ ཡོངས་གྲུབ་ཆེན་པོར་བྱིན་ཕོབ་ཅིག༔ ཕཊ༔ བྃ༔ ནམ་མཁའ་རྣམ་དག་དབྱིངས་ཕྱུག་མ༔ སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ༔ སྣང་སྲིད་དག་པ༴ ཡོངས་གྲུབ་ཆེན་པོར༴ ཕཊ༔ ཧ༔ ས་ཁམས་གནས་དག་སངས་རྒྱས་སྤྱན༔ རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔ སྣང་སྲིད་དག་པ་༴ ཡོངས་གྲུབ་ཆེན་པོར༴ ཕཊ༔ རི༔ ཆུ་ཁམས་གནས་དག་མ་མཱ་ཀི༔ རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ སྣང་སྲིད་དག་པ༴ ཡོངས་གྲུབ་ཆེན་པོར༴ ཕཊ༔ ནི༔ མེ་ཁམས་གནས་དག་གོས་དཀར་མོ༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ སྣང་སྲིད་དག་པ༴ ཡོངས་གྲུབ་ཆེན་པོར༴ ཕཊ༔ ས༔ རླུང་ཁམས་གནས་དག་དམ་ཚིག་སྒྲོལ༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ སྣང་སྲིད་དག་པ༴ ཡོངས་གྲུབ་ཆེན་པོར༴ ཕཊ༔ གདོད་ནས་འབྱུང་བ་ཆེན་པོ་ལྔ༔ ཐབས་ཀྱི་རང་བཞིན་རྫོགས་སངས་རྒྱས༔ ངོ་བོ་ཡེ་སྟོང་དག་པའི་མཁའ༔ ཤེས་རབ་རང་བཞིན་ཡུམ་ཆེན་ལྔ༔ བདེ་སྟོང་གཉིས་སུ་མེད་པར་སྦྱོར༔ ཡེ་གནས་ཡེ་ཤེས་རང་ཞལ་སྤྲོད༔ ཨོཾ་ཨཱཿཧཱུྃ་ཤྲཱི་བཛྲ་ཀྲོ་དྡྷི་ཀ་ལི་བྃ་ཧ་རི་ནི་ས་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ ལན་གསུམ་སླར་ཡང་མཆོད་རྫས་སྤེལ༔ ཕཊ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་རྣམས་ཆོས་ཉིད་མཁའ་རུ་སངས༔ ཡེ་ཤེས་ཆེན་པོས་རྒྱས་འདེབས་ཀྱི༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་སླར་ཡང་ལྷ་བསྐྱེད་ནི༔ དེ་བཞིན་ཉིད་ཀྱི་ཕཊ༔ ཀུན་ཏུ་སྣང་བའི་ཕཊ༔ རྒྱུ་ཡི་ཏིང་ངེ་འཛིན་གྱི་ཕཊ༔ ཧཱུྃ༔ སྣང་སྲིད་དངོས་པོར་འཛིན་པའི་ཆོས༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཡུམ་ཆེན་ལྔ་ཡི་མཁའ་ཀློང་ཡངས༔ སྐུ་དང་ཡེ་ཤེས་རྣམ་པར་རོལ༔ དོན་གྱི་འོག་མིན་གཞལ་ཡས་དེར༔ ཆོས་ཉིད་སྒྱུ་མར་རོལ་པའི་ཀློང་༔ མ་ཆགས་པདྨ་གེ་སར་དབུས༔ ཐབས་ཤེས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་རང་ཉིད་ཁྲོས་མའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་བགྲད༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ ཞབས་གཉིས་གར་སྟབས་ཁ་ཊྭཱྃ་ཀ༔ སྟག་ཤམ་རུས་རྒྱན་མེ་དཔུང་འབར༔ ཞབས་གཡས་གཟུགས་མེད་གཟུགས་ཁམས་གནོན༔ ཞབས་གཡོན་འདོད་ཁམས་སྲིད་པ་གནོན༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ཡེ་ཤེས་སྒྱུ་མའི་རང་མདངས་ལས༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ ལྷོ་རུ་རིན་ཆེན་མཁའ་འགྲོ་མ༔ སེར་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ ནུབ་ཏུ་པདྨ་མཁའ་འགྲོ་མ༔ དམར་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ༔ ལྗང་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ ཀུན་ཀྱང་གར་སྟབས་རུས་རྒྱན་སྤྲས༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ རང་འདྲ་འབུམ་ཕྲག་མཁའ་འགྲོས་བསྐོར༔ ཤར་ལྷོར་ཞི་བའི་ལས་མཛད་མ༔ དཀར་མོ་ལྕགས་ཀྱུ་ཐོད་ཁྲག་བསྣམས༔ ལྷོ་ནུབ་རྒྱས་པའི་ལས་མཛད་མ༔ སེར་མོ་ཞགས་པ་ཐོད་ཁྲག་བསྣམས༔ ནུབ་བྱང་དབང་གི་ལས་མཛད་མ༔ དམར་མོ་ལྕགས་སྒྲོག་ཐོད་ཁྲག་བསྣམས༔ བྱང་ཤར་དྲག་པོའི་ལས་མཛད་མ༔ ལྗང་མོ་དྲིལ་བུ་ཐོད་ཁྲག་བསྣམས༔ ཀུན་ཀྱང་གར་སྟབས་ཁ་ཊྭཱྃ་ཀ༔ སྤྲུལ་པ་ལས་ནི་ཡང་སྤྲུལ་ཚོགས༔ རང་རང་ལས་མདོག་ཆས་མཐུན་པའི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔ ཕྱི་རིམ་ཉིང་སྤྲུལ་མཁའ་འགྲོའི་སྡེ༔ ཤར་དུ་སྦྲུལ་གདོང་སྤྱང་ཞོན་དཀར༔ ལག་ན་རྡོ་རྗེ་གྲི་གུག་བསྣམས༔ ཤ་ལ་རོལ་པའི་མཁའ་འགྲོ་འབུམ༔ ལྷོ་རུ་སེང་གདོང་བོང་ཞོན་སེར༔ ལག་ན་ཐོ་བ་ནོར་བུ་ཐོགས༔ རྐང་རུས་རོལ་པའི་མཁའ་འགྲོ་འབུམ༔ ནུབ་ཏུ་བྱ་གདོང་བྱ་རྒོད་ཞོན༔ དམར་མོ་ཟངས་འདྲེན་པདྨ་བསྣམས༔ ཁྲག་ལ་རོལ་པའི་མཁའ་འགྲོ་འབུམ༔ བྱང་དུ་དྲེད་གདོང་འཕར་ཞོན་ལྗང་༔ ལག་ན་རྒྱ་གྲམ་སྦྲུལ་ཞགས་ཐོགས༔ དབུགས་ལེན་མ་མོ་འབུམ་གྱིས་བསྐོར༔ དེ་མཐར་ཕྱོགས་སྐྱོང་དཔལ་མགོན་དང་༔ དྲེགས་དཔོན་སྡེ་བརྒྱད་བརྟན་མ་སྐྱོང་༔ དབང་མོ་ཉེར་བརྒྱད་གནས་ཡུལ་དང་༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས༔ དེ་དང་དེར་བཞུགས་བདག་པོའི་ཚོགས༔ ཡོངས་རྫོགས་དཀྱིལ་འཁོར་ཆེན་པོ་བསྒོམ༔ སྐུ་དང་ཡེ་ཤེས་གཟི་བྱིན་གྱིས༔ སྦྱིན་བདག་ལྷ་འདྲེ་ཐམས་ཅད་ཀུན༔ ལན་ཚྭ་ཆུ་རུ་ཞུ་བ་ལྟར༔ འོད་གསལ་ཆེན་པོའི་དགོངས་པར་འདྲེས༔ རྫོགས་པ་ཆེན་པོར་འུབ་ཆུབ་རོལ༔ སྒོ་བཞིའི་བསྟན་སྲུང་ཆེན་པོ་ནི༔ ཤར་ཕྱོགས་འོ་མའི་རྒྱ་མཚོ་ན༔ ཀླུ་རྒྱན་མི་མགོན་དཀར་པོ་ནི༔ ལག་ན་སྦྲུལ་ཞགས་ནོར་བུ་བསྣམས༔ མི་ལུས་སྦྲུལ་མཇུག་མགོ་རྒྱན་སྦྲུལ༔ ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ནང་༔ གཤིན་རྗེ་ནག་པོ་ཐོད་ཞགས་བསྣམས༔ མ་ཧེ་སྔོ་ནག་རུ་རིང་བཅིབ༔ འཁོར་དུ་ལས་མཁན་བརྒྱད་ཀྱིས་བསྐོར༔ ནུབ་ཕྱོགས་ཟངས་མཁར་མེ་འབར་དབུས༔ བཙན་དམར་སྲོག་གི་ཤན་པ་ནི༔ ཕྱག་ན་བཙན་མདུང་བཙན་ཞགས་བསྣམས༔ རྟ་དམར་ལ་བཅིབ་འཁོར་གསུམ་བརྒྱན༔ བྱང་ཕྱོགས་ཁྲག་མཚོ་མེ་འབར་ཀློང་༔ ལྷ་མོ་ནག་མོ་རེ་མ་ཏཱི༔ གྲི་ཐོད་འཛིན་ཅིང་ནད་རྐྱལ་བཀལ༔ བོང་དམར་བཅིབ་ཅིང་མ་བདུད་བཀོལ༔ ངོ་བོ་རང་རྩལ་སྒྱུ་འཕྲུལ་གྱི༔ རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གསང་གསུམ་འཁོར་ལོའི་འབྲུ་གསུམ་ལས༔ འོད་ཀྱིས་སྤྱན་དྲངས་གཉིས་མེད་རོལ༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོཿ སརྦ་ཛྙཱ་ན་ལོ་ཀ་ཌཱ་ཀི་ནཱི༔ ནཿ ཡཿ ཙཿ མཿ བཛྲ་ས་མ་ཡ་ཛ་ཛཿ སྟྭཾ༔ ལན་གསུམ་སླར་ཡང་སྤྱན་འདྲེན་ནི༔ ཕཊ༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་མ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ མཁའ་སྤྱོད་ཨོ་རྒྱན་སྤྲུལ་པའི་ཞིང་༔ དུག་གསུམ་དབྱིངས་སྒྲོལ་དུར་ཁྲོད་ནས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་ནས༔ རྡོ་རྗེ་མཁའ་འགྲོ་གཤེགས༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་ནས༔ རིན་ཆེན་མཁའ་འགྲོ་གཤེགས༴ སོར་རྟོག་ཡེ་ཤེས་དཀྱིལ་འཁོར་ནས༔ པདྨ་མཁའ་འགྲོ་གཤེགས༴ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་ནས༔ ལས་ཀྱི་མཁའ་འགྲོ་གཤེགས༴ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ལས་མཛད་དཀར་མོ་གཤེགས༴ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ལས་བྱེད་སེར་མོ་གཤེགས༴ དགའ་བ་ཚད་མེད་དབང་གི་སྐུ༔ ལས་བྱེད་དམར་མོ་གཤེགས༴ བཏང་སྙོམས་ཚད་མེད་དྲག་པོའི་སྐུ༔ ལས་བྱེད་ལྗང་མོ་གཤེགས༴ ཤར་ཕྱོགས་གཏུམ་དྲག་དུར་ཁྲོས་ནས༔ དཀར་མོ་རྣམ་རྒྱལ་གཤེགས༴ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ སེར་མོ་དཔལ་བསྐྱེད་གཤེགས༴ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ དམར་མོ་དབང་སྡུད་གཤེགས༴ བྱང་ཕྱོགས་ཕུར་པའི་དུར་ཁྲོད་ནས༔ ལྗང་མོ་དོན་གྲུབ་གཤེགས༴ དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ ཡེ་ཤེས་མཁའ་འགྲོ་གཤེགས༴ དམ་ཚིག་མཁའ་འགྲོ་གཤེགས༴ ཤ་ཟ་མཁའ་འགྲོ་གཤེགས༴ འཇིག་རྟེན་མཁའ་འགྲོ་གཤེགས༴ དབང་ཕྱུག་ཉེར་བརྒྱད་གཤེགས༴ དཔལ་མགོན་བདུན་ཅུ་གཤེགས༴ དྲེགས་ཆེན་བཅོ་བརྒྱད་གཤེགས༴ ཕྱོགས་སྐྱོང་འཁོར་བཅས་གཤེགས༴ ལྷ་སྲིན་སྡེ་བརྒྱད་གཤེགས༴ བརྟན་མ་བཅུ་གཉིས་གཤེགས༴ ཀླུ་རྒྱལ་ཆེན་པོ་གཤེགས༴ ཡ་མ་རཱ་ཛ་གཤེགས༴ བཙན་རྒོད་ཆེན་པོ་གཤེགས༴ དཔལ་ལྡན་ལྷ་མོ་གཤེགས༴ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་གཡེལ་དམ་ཚིག་དབང་གིས་བྱོན༔ འཁོར་འདས་ཡུམ་ཆེན་དགོངས་པའི་ཀློང་༔ བཟང་ངན་མེད་པར་དག་མཉམ་ཡང་༔ འཁྲུལ་པ་གཞི་རུ་བཤིག་པའི་ཕྱིར༔ དབྱིངས་ལས་སྐུར་བཞེངས་ཐུགས་རྗེ་ཡིས༔ དམ་ཚིག་ཡེ་ཤེས་གཉིས་མེད་སྦྱོར༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ སྭཱ་ས་མ་ཡ༔ ཧཱ་ས་མ་ཡཿ བཛྲ་ས་མ་ཡ་ཛ་ཛ་སྟྭཾ༔ སླར་ཡང་བཞུགས་སུ་གསོལ་བ་ནི༔ ཕཊ་ཀྱིས་རྡོ་རྗེ་གསུམ་དུ་བསྲེ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ གདོད་ནས་ཡོངས་གྲུབ་ཆེན་པོར་རྫོགས༔ ངོ་བོ་ཀ་དག་ཡངས་པའི་མཁར༔ ལྷན་སྐྱེས་ཡེ་ཤེས་ཆེན་པོར་བརྡལ༔ ཨོཾ་ཛྙཱ་ན་བཛྲ་ས་མ་ཡ་སྟྭཾ༔ སླར་ཡང་ལྷ་ཕྱག་འཚལ་བ་ནི༔ ཕཊ་ཀྱིས་རང་ངོ་རང་ཞལ་མཇལ༔ ཕཊ༔ སྐྱེ་མེད་ཡེ་ཤེས་ཆོས་སྐུའི་མཁའ༔ འགགས་མེད་རོལ་པ་ལོངས་སྤྱོད་རྫོགས༔ ཕྱོགས་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔ རང་ངོར་རིག་པས་ཕྱག་འཚལ་ལོ༔ ཛྙཱ་ན་མཎྜ་ལ་ན་མོ་ན་མ་ཧོ༔ སླར་ཡང་མཆོད་ཚོགས་འབུལ་བ་ནི༔ ཕཊ་ཀྱིས་སྣང་སྲིད་མཆོད་སྤྲིན་བསྒྱུར༔ ཕཊ༔ ཁམས་གསུམ་མ་ལུས་མཆོད་པའི་སྤྲིན༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ འཁོར་བ་མྱང་འདས་ཀློང་དུ་རོལ༔ སྣང་བ་ཁྱབ་བརྡལ་སྣོད་ཡངས་པར༔ སྲིད་པ་བཅུད་ཀྱི་ལོངས་སྤྱོད་ཆོས༔ ཕྱི་ནང་གསང་མཆོད་མི་ཟད་གཏེར༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ དངོས་སུ་འབྱོར་པའི་མཆོད་རྫས་ལ༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་བསྐྱེད༔ མི་ཟད་ནམ་མཁའ་མཛོད་དུ་སྤྲུལ༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ མ་བཙལ་རང་བྱུང་མཆོད་པའི་རྫས༔ སེམས་དང་ནམ་མཁའ་ཤ་དང་ས༔ ཁྲག་དང་རྒྱ་མཚོ་དྲོད་དང་མེ༔ དབུགས་རླུང་ལ་སོགས་འབྱུང་བ་ལྔ༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ དུག་ལྔ་དབྱིངས་སུ་བསྒྲལ་བའི་རྫས༔ མི་གླང་རྟ་དང་རྨ་བྱ་ཁྱི༔ ཤ་ཆེན་ལྔ་ཡི་མཆོད་པ་ཡང་༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ བདེ་སྟོང་བླ་ན་མེད་པའི་རྫས༔ དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས༔ གོ་རོ་ཙ་ན་ཁྲག་སྣར་བཅས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ༔ ཡེ་ཤེས་ཀ་པཱ་ལ་ཡི་ནང་༔ དཀར་གསུམ་མངར་གསུམ་སྨན་སྣའི་ཚོགས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ དཀར་ཕྱོགས་སྲུང་མ་དགྱེས་ཕྱིར་འབུལ༔ སྣང་སྲིད་ཁྱབ་པའི་ཞིང་ལྤགས་གཞིར༔ ཤ་རི་ཁྲག་མཚོ་རུས་པའི་གྲམ༔ རྐང་ཚིལ་བདུད་རྩིར་བྱིན་བརླབས་ནས༔ བཀའ་སྲུང་དམ་ཅན་མཉེས་ཕྱིར་འབུལ༔ གཞན་ཡང་སྒྲུབ་རྫས་རྟེན་རྫས་དང་༔ མཆོད་རྫས་བསྐང་རྫས་མི་ཟད་གཏེར༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་ཁྲག༔ འཁོར་འདས་ཡོངས་ལ་ཁྱབ་པར་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཚེ་འདིར་སངས་རྒྱས་ས་རུ་སྐྱོལ༔ ལོག་པར་འདྲེན་པ་རྡུལ་དུ་རློག༔ ཨོཾ་ཨཱཿཧཱུྃ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོཿ སརྦ་ཛྙཱ་ན་ལོ་ཀ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ནཿ ཡཿ ཙཿ མཿ སརྦ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་སོགས རཱུ་པ་ཤཔྡ་སོགས སྤརྴེ་དྷརྨ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་བོ་དྷི་ཙིཏྟ་ག་ཎ་ཙཀྲ་མཱཾ་ས་རཀྟ་ཀི་ནི་རི་ཏི་སརྦ་པཱུ་ཛ་ཧོཿ ལན་གསུམ༔ ཕཊ་ཕཊཕཊ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཕཊ་ཀྱིས་དོན་དམ་ལྷ་ཞལ་ཕྱེས༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ཡེ་གཞི་བརྡལ་ཁྱབ་ཆེན་པོའི་ཀློང་༔ ཆོས་ཅན་ཆོས་ཉིད་དབྱིངས་སུ་ཞིག༔ གཏིང་གསལ་གཞོན་ནུ་བུམ་སྐུའི་ཀློང་༔ ཆོས་སྐུ་སྐྱེ་མེད་ཡུམ་ལ་བསྟོད༔ སྐྱེ་མེད་ལྷུམས་མདངས་གཏིང་གསལ་ལས༔ གདངས་ཤར་སྐུ་དང་ཡེ་ཤེས་རོལ༔ མ་བཙལ་རྫོགས་ལྡན་མཁའ་འགྲོ་ལྔ༔ ལོངས་སྤྱོད་རྫོགས་སྐུའི་ཀློང་ལ་བསྟོད༔ གདངས་ལས་ཐུགས་རྗེའི་རྩལ་ཤུགས་འབྱུང་༔ བདེ་ཆེན་ཡེ་ཤེས་མཁའ་འགྲོར་ཤར༔ འཁོར་བའི་འཕྲུལ་འཁོར་དབྱིངས་སུ་འཇིགས༔ ཕྱོགས་མེད་ཐུགས་རྗེ་ཀློང་ལ་བསྟོད༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ཀུན་བཟང་མོ༔ འགག་མེད་ལོངས་སྐུ་རྣལ་འབྱོར་མ༔ ཐུགས་རྗེ་སྤྲུལ་སྐུ་ཁྲོས་མའི་སྐུ༔ སྐུ་གསུམ་ལྷུན་གྲུབ་ཆེན་པོར་བསྟོད༔ དུག་ལྔ་ཕུང་ལྔ་གནས་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་རུ་ཤར༔ ལོག་རྟོག་དབྱིངས་སུ་སྒྲོལ་བའི་ཕྱིར༔ དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་བསྟོད༔ ཁམས་དང་མུ་བཞི་གནས་དག་པའི༔ ཚད་མེད་བཞི་ཡི་རང་གཟུགས་ངོམས༔ ཕྲིན་ལས་བཞི་ལ་མངའ་དབང་བསྒྱུར༔ ཐུགས་རྗེའི་མཁའ་འགྲོ་བཞི་ལ་བསྟོད༔ དུས་བཞི་ཡུལ་བཞི་གནས་དག་པའི༔ དབྱིངས་ལས་གཟུགས་ཀྱི་སྐུར་སྟོན་ཅིང་༔ བདུད་བཞི་དབྱིངས་སུ་གསོད་བྱེད་མ༔ ཁྲག་འཐུང་ཆེན་མོ་བཞི་ལ་བསྟོད༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཀུན༔ གནས་དག་ཆོས་ཕུང་བརྒྱད་ཁྲིར་སངས༔ ཐབས་ཀྱིས་འགྲོ་ཁམས་ཡོངས་སྒྲོལ་ཕྱིར༔ འབུམ་ཕྲག་ཡངས་པའི་མཁའ་འགྲོར་བསྟོད༔ ཀློང་ཆེན་ཡེ་ཤེས་མཁའ་འགྲོ་མའི༔ མཁའ་ཀློང་ཡངས་པ་ཆེན་པོའི་སྦུབས༔ འཁོར་འདས་མ་ལུས་འུབ་ཆུབ་རོལ༔ བདེ་བ་ཆེན་པོའི་རྒྱས་འདེབས་ཕྱིར༔ གནས་ཡུལ་མཁའ་འགྲོའི་རོལ་གར་བསྒྱུར༔ ངོ་བོ་དབྱིངས་ཀྱི་རྗེ་མོར་བསྟོད༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ༔ རྟེན་དང་བརྟེན་པའི་གནས་ཡུལ་དང་༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས༔ དཔའ་བོ་མཁའ་འགྲོ་ཚོགས་བདག་གྲལ༔ ཕྱོགས་སྐྱོང་དཔལ་མགོན་དྲེགས་ཆེན་དང་༔ སྡེ་དཔོན་སུམ་ཅུ་བརྟན་མ་སྐྱོང་༔ སྡེ་བརྒྱད་སྲུང་མའི་ཚོགས་ལ་བསྟོད༔ སྐུ་གསུམ་མཁའ་འགྲོའི་ཞིང་སྐྱོང་བ༔ འཁོར་བ་འདས་ཀྱང་འཇིག་རྟེན་ཚུལ༔ མངོན་སྤྱོད་ལས་ཀྱིས་ཞིང་བཅུ་འདུལ༔ སྒོ་བཞིའི་བསྟན་སྲུང་ཆེན་པོར་བསྟོད༔ སངས་རྒྱས་མེད་ལ་སེམས་ཅན་མེད༔ རྟག་པ་མེད་ལ་ཆད་པ་མེད༔ བདེན་པ་མེད་ལ་རྫུན་པ་མེད༔ བཟང་པོ་མེད་ལ་ངན་པ་མེད༔ རེ་བ་མེད་ལ་དོགས་པ་མེད༔ ཡུལ་རྣམས་མེད་ལ་ཡུལ་ཅན་མེད༔ གདོད་མའི་ཀློང་དུ་དག་མཉམ་རོལ༔ སྣང་སྲིད་ཀུན་རྫོབ་ལྷ་འདྲེར་བསྟོད༔ དངོས་ཞེན་བདེན་གྲུབ་འབྱུང་བ་དང་༔ ཨ་འཐས་ཐེར་ཟུག་སྣང་བརྙན་རིས༔ དོན་ལ་ཤེས་རབ་དབྱིངས་ཀྱི་མཁའ༔ ཁམས་གསུམ་སེམས་ཅན་ཡོངས་ལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ སངས་རྒྱས་རྡོ་རྗེ་མཁའ་འགྲོ་དང་༔ རིན་ཆེན་པདྨ་མཁའ་འགྲོ་དང་༔ ལས་དང་དམ་ཚིག་མཁའ་འགྲོ་དང་༔ འཇིག་རྟེན་མཁའ་འགྲོ་མ་མོའི་ཚོགས༔ དཔལ་མགོན་དྲེགས་ཆེན་སྡེ་བརྒྱད་དང་༔ ཕྱོགས་སྐྱོང་བརྟན་མ་སྲུང་མ་བཞི༔ འཁོར་དང་བཅས་པ་དགོངས་སུ་གསོལ༔ འཁོར་འདས་བདེ་བ་ཆེན་པོ་ལ༔ བཟང་ངན་བལྟས་པ་མཐོལ་ལོ་བཤགས༔ སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ༔ རྟག་འཛིན་མངོན་ཞེན་མཐོལ་ལོ་བཤགས༔ འབྱུང་ལྔ་ཡུམ་ཆེན་ལྔའི་ཀློང་དུ༔ རང་རྒྱུད་བལྟས་པ་མཐོལ་ལོ་བཤགས༔ སྣོད་བཅུད་སྣང་བའི་རྫུན་རིས་ལ༔ གཞན་བཟུང་ཆགས་སྡང་མཐོལ་ལོ་བཤགས༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ལ༔ གཞན་དབང་ཞེན་གོལ་མཐོལ་ལོ་བཤགས༔ རང་རིག་ཡེ་སངས་རྒྱས་པ་ལ༔ སངས་རྒྱས་གཞན་གོལ་ནོངས་པ་བཤགས༔ འཁོར་འདས་རྫོགས་པ་ཆེན་པོ་ལ༔ རེ་དོགས་བཟང་ངན་བལྟས་པ་བཤགས༔ བཤགས་དང་བཤགས་བྱ་བཤགས་ཡུལ་ཀུན༔ ངོ་བོ་རང་བཞིན་ཐུགས་རྗེའི་འཕྲུལ༔ དོན་ལ་གཉིས་མེད་ཀུན་བཟང་ཀློང་༔ དེ་མཐོང་ཉམས་ཆག་དག་ཚངས་སངས༔ རྟོགས་པས་མཉམ་གྲོལ་རྫོགས་སངས་རྒྱས༔ ཨོཾ་ས་མ་ཡ༔ ཨཱཿ ས་མ་ཡ༔ ཧཱུྃ་ས་མ་ཡ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཧཱུྃ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ སླར་ཡང་འཛབ་དགོངས་ཟབ་མོ་ནི༔ ཕཊ་ཕཊ་ཕཊ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ ཉི་མ་དང་ནི་ཉི་ཟེར་འོད༔ ཇི་བཞིན་གཉིས་མེད་ཁྲོས་མའི་རྩལ༔ ཡེ་ཤེས་དབྱིངས་སུ་རོ་གཅིག་འདྲེས༔ ཐུགས་རྗེ་ཁྲོས་མའི་ཐུགས་ཀ་རུ༔ ཕག་མོ་དམར་གསལ་གྲི་ཐོད་ཅན༔ གཅེར་བུ་གར་སྟབས་ཁ་ཊྭཱྃ་ཀ༔ ཐུགས་གསང་ཡེ་ཤེས་འོད་ཐིག་ཀློང་༔ ཀུན་ཏུ་བཟང་མོ་མཉམ་བཞག་ཅན༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ ཧཱུྃ་ཡིག་མཐིང་ནག་འོད་འབར་བའི༔ མཐའ་མར་སྔགས་ཕྲེང་གཡོན་དུ་འཁོར༔ འོད་ཀྱིས་འགྲོ་ཀུན་རྒྱུད་སྦྱངས་ནས༔ སྐུ་གསུམ་ཀློང་དུ་ཆམ་གཅིག་རོལ༔ འཁོར་འདས་དག་མཉམ་བདེ་བ་ཆེ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ སླར་ཡང་སྒྲུབ་སྔགས་བཟླ་བ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ཐུགས་རྗེའི་གདངས༔ སྤྲུལ་འཁོར་སྲོག་ལ་ཧཱུྃ་རྒྱས་གདབ༔ ཀུན་གྱི་སྲོག་སྙིང་ཧཱུྃ་དུ་འཕོས༔ རིག་སྔགས་རྩ་བའི་སྔགས་སུ་བཟླུམ༔ གང་ལ་གཅུན་པས་ནུས་པ་བསྡུས༔ འཁོར་འདས་སྲོག་སྙིང་རིག་སྔགས་བཅས༔ མ་ལུས་རྩ་སྔགས་གཅིག་ཏུ་དྲིལ༔ འོད་ཀྱིས་འཁོར་འདས་གཟི་བྱིན་བཅུད༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་ནུས་སྟོབས་བཅུད༔ མ་ལུས་རྩ་བའི་སྔགས་ལ་བཟླུམ༔ འཁོར་འདས་ཡོངས་ཀྱི་སྲོག་ཐོབ་བསམ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སླར་ཡང་ལས་ལ་སྦྱོར་བ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི༔ ལྷ་ཚོགས་སྐུ་དང་སྔགས་ཕྲེང་ལས༔ འོད་འཕྲོས་ལས་བཞིའི་ཕྲིན་ལས་བསྒྲུབ༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཛྙཱ་ན་ལོ་ཀ་ནཿ ཡཿ ཙཿ མཿ ཤཱནྟིཾ་པུཥྟིཾ་པཱ་ཤཾ་མཱ་ར་ཡ་ཕཊ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ གདངས་རྩལ་གཞལ་ཡས་ལྷ་བཀོད་པ༔ ཟླ་བ་ལས་ནི་ཆུ་ཟླ་བཞིན༔ དཀྱིལ་འཁོར་ཡོངས་རྫོགས་ཆེན་པོར་བསྒོམ༔ སྣང་སྲིད་མཁའ་འགྲོའི་དལ་དུ་རྫོགས༔ བདག་མདུན་དབྱེར་མེད་སྔགས་ཀྱིས་བསྒྲུབ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཛཿ ཧཱུྃ་ཨཱཿ བསྙེན་པ་འབུམ་ཕྲག་ཉེར་གཅིག་དང་༔ སྒྲུབ་པ་འབུམ་བཅུ་ལས་སྔགས་ལྔས༔ ཡེ་ཤེས་མཁའ་འགྲོའི་ཞལ་མཐོང་ཞིང་༔ རྟགས་མཚན་ཞིང་རྨོ་ལོ་ཐོག་སྤྱོད༔ མཁའ་ལ་འཕུར་དང་རི་རྩེར་འཛེག༔ ཉི་ཟླ་ཤར་དང་བྲག་ཤིང་བཅོམ༔ དཔོན་བསྐོར་འཁོར་འདུ་ཁྲོམ་དབང་བསྐུར༔ མེ་ཏོག་འཐུ་སོགས་ཕྱི་ཡི་རྟགས༔ དངོས་ཉམས་རྨི་ལམ་གང་ལའང་འབྱུང་༔ ཆོས་ཀུན་ཀློང་བརྡོལ་འབྱུང་བ་དང་༔ ཉམས་རྟོགས་རྒྱུད་ལ་སྤར་བ་སོགས༔ ནང་རྟགས་ཡོན་ཏན་དུ་མ་འབྱུང་༔ མ་འོངས་དུས་ཀྱི་ཐ་མ་ལ༔ སྒོ་འདིས་གྲུབ་བརྙེས་ལྔ་བརྒྱ་འབྱུང་༔ སྐྱེས་མཆོག་ཁྱོད་ཀྱི་བསྟན་འཛིན་པའི༔ གྲུབ་བརྙེས་བཅུ་ཕྲག་བཅུ་ཙམ་འབྱུང་༔ བྱ་བྲལ་བྲག་སྐྱིབ་ས་འཛིན་བཞིན༔ སྙིང་སྟོབས་ལྡན་པའི་ཅོད་པན་ཅན༔ དཔའ་བོ་ཆེན་པོ་བཅུ་ཕྲག་ལྔ༔ རིག་འཛིན་ང་དང་གཉིས་སུ་མེད༔ ཁྱོད་སློབ་སྐྱེས་མཆོག་བཅུ་གསུམ་ནི༔ རིམ་གཉིས་མཐར་ཕྱིན་ཚེ་འདི་ལ༔ རྡོ་རྗེ་འཆང་གི་ས་འཐོབ་འགྱུར༔ ས་མ་ཡ༔ དེ་ནས་ཚོགས་ཀྱི་འཁོར་ལོ་ནི༔ དཀར་གསུམ་མངར་གསུམ་ཤ་ཆང་དང་༔ ཟན་དུམ་འབྲས་ཆན་ཟས་ཀྱི་རིགས༔ ལྒ་དང་ལྒོག་པ་སྨན་གྱི་སྤོད༔ རི་རབ་རོལ་མཚོའི་ཚུལ་དུ་སྤུངས༔ རང་གཞན་མཁའ་མཉམ་སེམས་ཅན་གྱི༔ གཟུང་འཛིན་ཡུལ་འཁྲུལ་དངོས་སྣང་དང་༔ འབྱུང་ལུས་རྡུལ་ཞིག་ཚོགས་དང་བསྲེས༔ བརྟན་པ་སྣོད་ཀྱི་བྷདྡྷ་རུ༔ གཡོ་བ་བཅུད་དང་ཚོགས་འདྲེས་ཞུ༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ འཁོར་འདས་ཡོངས་ཁྱབ་མཆོད་པའི་སྤྲིན༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་དུ༔ སྤེལ་ནས་མཆོད་པ་རྣལ་འབྱོར་ལམ༔ ཕཊ་ཕཊ་ཕཊ༔ འབྱུང་ལྔས་བསྡུས་པའི་སྣོད་བཅུད་དང་༔ གཟུང་འཛིན་གྱིས་བསྡུས་འཐས་པའི་ལུས༔ བཤམས་པའི་རྫས་དང་གཉིས་མེད་བསྲེས༔ རྡོ་རྗེ་གསུམ་གྱི་སྙིང་པོས་བརླབས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ རཾཿ ཡཾཿ ཁཾཿ གིས་མི་གཙང་སྦྱངས༔ ཨོཾ་གྱིས་ཡེ་ཤེས་བདུད་རྩི་དཀར༔ ཨཱཿ ཡིས་དམར་གསལ་གསུང་གི་བཅུད༔ ཧཱུྃ་གིས་མཐིང་ནག་བདུད་རྩིར་འཁྱིལ༔ སྭཱ་ཡིས་ཤ་ལྔ་འོད་དུ་ཞུ༔ ཧཱ་ཡིས་བདུད་རྩི་རྣམ་ལྔ་ཞུ༔ མྱོང་གྲོལ་ཡེ་ཤེས་བདུད་རྩིར་གྱུར༔ ཁ་དོག་ངད་རླངས་དྲི་ལྦུ་བ༔ དེ་ལས་འདོད་ཡོན་མཆོད་སྤྲིན་འཁྲིགས༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ དེ་ནས་ཚོགས་ལ་སྤྱན་འདྲེན་ནི༔ ཕཊ་ཕཊ་ཕཊ༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ཀ་དག་གདོད་མའི་མགོན་པོ་ཡང་༔ འཆི་མེད་བདུད་རྩིའི་ཚོགས་ལ་བྱོན༔ གནས་དང་དཀྱིལ་འཁོར་སྒྲུབ་མཆོག་བཅས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷའི༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ མ་འགགས་བདེ་ཆེན་གཞལ་ཡས་ནས༔ ལོངས་སྐུ་རྡོར་སེམས་རྡོ་རྗེ་ཆོས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ ཕྱོགས་མེད་འགྲོ་འདུལ་ཕོ་བྲང་ནས༔ སྤྲུལ་སྐུ་ཕྱག་རྡོར་དགའ་རབ་རྗེ༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ འཇའ་ལུས་སྒྱུ་མའི་ཕོ་བྲང་ནས༔ ཤྲཱི་སེང་པདྨ་ཀ་ར་ཡང་༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ནས༔ རིག་འཛིན་རྣམ་བརྒྱད་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ སྐྱེ་མེད་ཆོས་སྐུའི་དགོངས་ཀློང་ནས༔ ས་ར་ཧ་པ་ལ་སོགས་པའི༔ གྲུབ་ཆེན་བརྒྱད་ཅུ་འཁོར་བཅས་ཡང་༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ རྫོགས་པ་ཆེན་པོའི་དགོངས་ཀློང་ནས༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ རྩ་བ་བརྒྱུད་པའི་བླ་མ་རྣམས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས༔ མཚོ་སྐྱེས་རྡོ་རྗེ་ལ་སོགས་པའི༔ དྲིན་ཆེན་རྩ་བའི་བླ་མ་རྣམས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ བདེ་ཆེན་ཀུན་ཏུ་བཟང་མོ་ཡང་༔ འཆི་མེད་བདུད་རྩིའི་ཚོགས་ལ་བྱོན༔ གནས་དང་དཀྱིལ་འཁོར་སྒྲུབ་མཆོག་བཅས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷའི༔ རོལ་པ་ཆེན་པོར་བྱིན་གྱིས་རློབས༔ ལྷུན་གྲུབ་ལོངས་སྐུའི་གཞལ་ཡས་ནས༔ རྗེ་བཙུན་རྡོ་རྗེ་ཕག་མོ་ཡང་༔ འཆི་མེད་བདུད་རྩྀའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ བདུད་བཞི་དབྱིངས་སྒྲོལ་དུར་ཁྲོད་ནས༔ མ་ཅིག་ཁྲོས་མ་ནག་མོ་ཡང་༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ སངས་རྒྱས་མཁའ་འགྲོ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ མངོན་པར་དགའ་བའི་ཞིང་ཁམས་ནས༔ རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ དཔལ་དང་ལྡན་པའི་ཞིང་ཁམས་ནས༔ རིན་ཆེན་མཁའ་འགྲོ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ བདེ་བ་ཅན་གྱི་ཞིང་ཁམས་ནས༔ པདྨ་མཁའ་འགྲོ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ ལས་རབ་རྫོགས་པའི་ཞིང་ཁམས་ནས༔ ཀརྨ་མཁའ་འགྲོ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ ཞི་རྒྱས་དབང་དྲག་དཀྱིལ་འཁོར་ནས༔ ལས་བཞིའི་མཁའ་འགྲོ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ དུག་ལྔ་དབྱིངས་སྒྲོལ་དུར་ཁྲོད་ནས༔ ཁྲག་འཐུང་མ་བཞི་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ ལོག་རྟོག་དབྱིངས་སྒྲོལ་དུར་ཁྲོད་ནས༔ དབང་མོ་ཉེར་བརྒྱད་འཁོར་དང་བཅས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ ཧེ་རུའི་གནས་བཅུ་དུར་ཁྲོད་བརྒྱད༔ དེ་དང་དེར་བཞུགས་དཔའ་བོ་དང་༔ མཁའ་འགྲོ་ཞིང་སྐྱོང་ཚོགས་བདག་རྣམས༔ འཆི་མེད་བདུད་རྩིའི༴ གནས་དང་དཀྱིལ་འཁོར༴ ཞིང་དང་གཞལ་ཡས༴ རོལ་པ་ཆེན་པོར༴ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ནམ་མཁའི་སྐར་ལྟར་ཁྲིགས་སེ་ཁྲིག༔ བར་སྣང་སྤྲིན་བཞིན་ཐིབས་སེ་ཐིབ༔ ས་གཞིར་རླུང་ལྟར་ཚུབས་སེ་ཚུབ༔ དབུ་རྒྱན་དར་དཔྱང་པུ་རུ་རུ༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ སྙན་ཆ་གདུ་བུ་གྱི་ལི་ལི༔ གར་སྟབས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འཇའ་དང་འོད་ཕུང་ཐིབས་སེ་ཐིབ༔ གླུ་ལེན་བཤུག་པ་ཀྱུ་རུ་རུ༔ ཅང་ཏེའུ་དྲིལ་བུ་དི་རི་རི༔ པི་ཝཾ་གླིང་བུ་ལྷངས་སེ་ལྷང་༔ དབང་བཞིའི་ཡེ་ཤེས་ད་ལ་ལ༔ བྱིན་རླབས་འོད་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་སྦྲང་ཆར་ཉི་ལི་ལི༔ སྐད་ཅིག་ཉིད་ལ་ཐུགས་རྒྱུད་བསྐུལ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འབྱུང་བཞིའི་ཕུང་པོ་ཡུལ་དང་བཅས༔ མཁའ་འགྲོ་དགྱེས་ཕྱིར་འབུལ་ལགས་ཀྱི༔ འོད་གསལ་ཆེན་པོར་བྱིན་གྱིས་རློབས༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ངག་ལ་ནུས་པ་སྤེལ་དུ་གསོལ༔ སེམས་ལ་རྟོགས་པ་སྦར་དུ་གསོལ༔ དུག་གསུམ་སྐུ་གསུམ་ངང་དུ་ཤིག༔ དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ༔ ཉོན་མོངས་འཁྲུལ་པའི་རྟོགས་ཚོགས་ཀུན༔ ཆོས་ཕུང་བརྒྱད་ཁྲིའི་ཀློང་དུ་སྒྲོལ༔ འཁོར་བ་ཆོས་སྐུའི་ཀློང་དུ་ཕཊ༔ ཕཊ༔ དཔལ་མགོན་ཕྱོགས་སྐྱོང་དྲེགས་པའི་དཔོན༔ སྡེ་བརྒྱད་བརྟན་མ་དཀར་ཕྱོགས་སྐྱོང་༔ མ་ལུས་འདོད་ཡོན་ཚོགས་ལ་བྱོན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཀླུ་རྒྱལ་མི་མགོན་དཀར་པོ་དང་༔ གཤིན་རྗེ་ཡ་མ་རཱ་ཛ་དང་༔ བཙན་དམར་སྲོག་གི་ཤན་པ་དང་༔ མ་ཅིག་དཔལ་ལྡན་ལྷ་མོར་བཅས༔ འདོད་ཡོན་བདུད་རྩིའི་ཚོགས་ལ་བྱོན༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དམ་ཚིག་གཉན་གྱིས་འབོད་དོ་ཛཿ སྣང་སྲིད་དག་པ་རབ་འབྱམས་ལ༔ བཟང་ངན་བླང་དོར་མ་མཆིས་པས༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཡང་༔ འདོད་ཡོན་བདུད་རྩིའི་ཚོགས་ལ་བྱོན༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ རང་རང་དགྱེས་པའི་གདན་ལ་བཞུགས༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵི་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ་རུ་ལུ་རུ་ལུ་ཨེ་ཨ་རལླི་ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕཊ་ཀྱིས་འཁོར་འདས་ཡོངས་ལ་ཁྱབ་པའི་བདུད་རྩི་དང་ཕྱི་ནང་གསང་མཆོད་མི་ཟད་པ་རྒྱན་གྱི་འཁོར་ལོར་སྤྲུལ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གྲངས་མེད་དཔག་ཏུ་མེད་པས་མཆོད་སྦྱིན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་ཕུལ་བས་ཐུགས་མཉེས་ཤིང་བདེ་སྟོང་གི་རོས་ཚིམ་པར་བསམ༔ ཕཊ༔ ཆོས་སྐུ་གདོད་མའི་མགོན་པོ་དང་༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔ གསང་བདག་ཕྱག་ན་རྡོ་རྗེ་སོགས༔ དགོངས་བརྒྱུད་བླ་མ་ཐམས་ཅད་ལ༔ འདོད་ཡོན་བདུད་རྩིའི་ཚོགས་མཆོད་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱ༔ བརྡ་བརྒྱུད་བླ་མ་ཐམས་ཅད་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ པད་འབྱུང་མཚོ་རྒྱལ་བཻ་རོ་དང་༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ སྙན་བརྒྱུད་བླ་མ་ཐམས་ཅད་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ མཚོ་སྐྱེས་རྡོ་རྗེ་ས་ར་ཧ༔ རྩ་བའི་བླ་མ་ལ་སོགས་པའི༔ སྨོན་ལམ་གཏེར་བརྒྱུད་བླ་མ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་མོ་རྣལ་འབྱོར་མ༔ སྤྲུལ་སྐུ་མཚོ་རྒྱལ་ཁྲོས་མ་སོགས༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ རྡོ་རྗེ་རིན་ཆེན་མཁའ་འགྲོ་དང་༔ པདྨ་ཀརྨ་མཁའ་འགྲོ་སོགས༔ དབྱིངས་ཀྱི་ཡུམ་ལྔ་བྱེ་བའི་འཁོར༔ མ་ལུས་འཁོར་དང་བཅས་པ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ འགུགས་འཆིང་སྡོམ་མྱོས་ལས་མཛད་མ༔ ལས་མཛད་མཁའ་འགྲོ་མ་བཞི་དང་༔ སྤྲུལ་པའི་མཁའ་འགྲོ་མ་བཞི་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ འཁོར་བ་དབྱིངས་སུ་སྒྲོལ་མཛད་མ༔ ཁྲག་འཐུང་མ་བཞི་འཁོར་དང་བཅས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ སྲིད་པ་མ་མོའི་དཀྱིལ་འཁོར་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ མ་ལུས་འཁོར་དང་བཅས་པ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ གནས་མཆོག་ཉི་ཤུ་རྩ་བཞི་དང་༔ ཡུལ་ནི་སོ་གཉིས་དུར་ཁྲོད་བརྒྱད༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ ཞིང་སྐྱོང་ཚོགས་བདག་ལྷ་འདྲེའི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ འཛམ་གླིང་བརྟན་མ་བཅུ་གཉིས་དང་༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ གཤིན་རྗེ་ཡ་མ་རཱ་ཙ་དང་༔ བཙན་དམར་སྲོག་གི་ཤན་པ་དང་༔ མ་ཅིག་དཔལ་ལྡན་ལྷ་མོ་སོགས༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་དང་༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ མདོར་ན་ཡུམ་ཆེན་ལྔའི་ཀློང་དུ༔ འཁོར་འདས་གཉིས་ཀྱི་མགྲོན་རིགས་ཀུན༔ མ་ལུས་ལུས་པ་མེད་པ་ལ༔ འདོད་ཡོན་བདུད་རྩིའི༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ ཚོགས་མཆོད་རྒྱ་ཆེན་ཕུལ་འབྲས་ཀྱིས༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནས༔ འཁོར་བར་རྒྱབ་ཀྱིས་ཕྱོགས་པ་དང་༔ ངེས་མེད་རི་ཁྲོད་ཟིན་པ་དང་༔ གཉན་ཁྲོད་མཐའ་རུ་ཕྱིན་པ་དང་༔ ལྷ་འདྲེའི་འགྲོ་དོན་ནུས་པར་ཤོག༔ འགྲོ་བློ་ཆོས་སུ་བསྒྱུར་ནུས་ཤིང་༔ བསྟན་འགྲོ་བདེ་ལ་འགོད་པར་ཤོག༔ ཉམས་མྱོང་རྒྱུད་ལ་སྐྱེ་བ་དང་༔ རྟོགས་པས་བདག་རྒྱུད་རབ་གྲོལ་ནས༔ གདོད་མའི་བཙན་ས་ཟིན་པར་ཤོག༔ ཕཊ་ཕཊ་ཕཊ༔ ན་མོ་གུ་རུ་ཧ་རི་ནི་ས་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ དཱེ་ཝ་ཛྙཱ་ན་མཎྜ་ལ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ ཨོཾ་དྷརྨ་ནིརྨ་སམྦྷོ་ཀཱ་ཡ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ ཨོཾ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོཿ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ སརྦ་ཉྫཱ་ན་ཌཱ་ཀི་སརྦ་ས་མ་ཡ་ཌཱ་ཀི་སརྦ་ལོ་ཀ་ཌཱ་ཀི་ནི་སརྦ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ ནཱ་ག་རཱ་ཛ་ཡ་མ་རཱ་ཛ་ཙ་ཏྲི་ཤུ་ལ་པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ་སརྦ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ སརྦ་ས་མ་ཡ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ག་ཎ་ཙཀྲ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཕཊ་ཕཊ་ཕཊ༔ བཀའ་བརྒྱུད་བླ་མ་དགོངས་སུ་གསོལ༔ ཡི་དམ་ལྷ་ཚོགས་དགོངས་སུ་གསོལ༔ མ་དང་མཁའ་འགྲོ་དགོངས་སུ་གསོལ༔ དམ་ཅན་སྲུང་མ་དགོངས་སུ་གསོལ༔ མ་ལུས་འཁོར་བཅས་དགོངས་སུ་གསོལ༔ བདག་ནི་ཚེ་རབས་ཐོག་མེད་ནས༔ མ་རིག་དབང་དུ་གྱུར་པ་ཡིས༔ སྒོ་གསུམ་བག་མེད་ཉེས་བྱས་བཤགས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ཁྱད་པར་རྩ་གསུམ་སྲུང་མ་ཡི༔ ཐུགས་དང་འགལ་བའི་ནོངས་པ་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ དག་ཚངས་གསང་གསུམ་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ་སོགས༔ དེ་ནས་ཞིང་བཅུ་བསྒྲལ་བ་ནི༔ ཕཊ་ཕཊ་ཕཊ༔ ཡེ་གནས་ཡེ་ཤེས་ཆེན་པོའི་ཡུམ༔ སྐུ་གསུམ་མཁའ་འགྲོ་དབྱིངས་ནས་བཞེངས༔ གདོན་གསུམ་འཁྲུལ་འཁོར་དབྱིངས་སུ་སྒྲོལ༔ སྣང་སྲིད་བདེ་ཆེན་རྒྱས་འདེབས་མ༔ རིགས་ལྔའི་མཁའ་འགྲོ་དབྱིངས་ནས་བཞེངས༔ དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ༔ ཁམས་གསུམ་འཁྲུལ་འཁོར་འཇིག་བྱེད་མ༔ འབུམ་ཕྲག་མཁའ་འགྲོ་དབྱིངས་ནས་བཞེངས༔ འཁོར་བ་མྱང་འདས་ཀློང་དུ་སྒྲོལ༔ ཡེ་ཤེས་རང་རྩལ་སྒྱུ་འཕྲུལ་གྱི༔ བཀའ་སྲུང་དམ་ཅན་དབྱིངས་ནས་བཞེངས༔ བསྟན་པའི་རཱུ་དྲ་རྡུལ་དུ་རློག༔ མཚན་ལྡན་བླ་མའི་སྐུ་དགྲ་སྒྲོལ༔ ལྟ་བ་ལོག་པའི་བདུད་པོ་སྒྲོལ༔ རྣལ་འབྱོར་བདག་གི་སྒོས་དགྲ་སྒྲོལ༔ ལོག་པར་འདྲེན་པ་ཐམས་ཅད་སོད༔ ཆོས་ཉིད་རོལ་པའི་ཀློང་དུ་སྒྲོལ༔ བདེ་ཆེན་འགྱུར་མེད་རྒྱ་ཡིས་ཐོབས༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་སརྦ་ས་པ་རི་ཝཱ་ར་ས་མ་ཡ་རཱུ་དྲ་ཀ་ལ་རཱུ་པ་མཱ་ར་ཡ་རྦད་རྦད་ཛྭ་ལ་ཛྭ་ལ་ཧ་ལ་ཧ་ལ་ཐུམ་རི་ལི་ལི་རྦད་ནན་ཕཊ༔ ཕཊ་ཕཊ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ དུག་གསུམ་བསྒྲལ་བའི་ཕུང་པོ་འདི༔ སྐུ་གསུམ་མཁའ་འགྲོའི་ཞལ་དུ་བསྟབ༔ དུག་ལྔ་བསྒྲལ་བའི་ཕུང་པོ་འདི༔ རིགས་ལྔའི་མཁའ་འགྲོའི་ཞལ་དུ་བསྟབ༔ ལྟ་ལོག་བསྒྲལ་བའི་ཕུང་པོ་འདི༔ ལས་བཞིའི་མཁའ་འགྲོའི་ཞལ་དུ་བསྟབ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་འདི༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ དམ་ཉམས་བསྒྲལ་བའི་ཤ་ཁྲག་རུས༔ དམ་ཅན་སྲུང་མའི་ཞལ་དུ་བསྟབ༔ མཉམ་ཉིད་ཧོམ་ཁུང་ཡངས་པར་བསྟབ༔ འགགས་མེད་རོལ་པའི་མགྲིན་པར་བསྟིམ༔ ཆོས་ཉིད་རོལ་པའི་ཐུགས་ཀློང་བསྲེ༔ བདེ་བར་གཤེགས་པའི་ས་ཐོབ་ཤོག༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ༴ ཀིཾ་ནི་རི་ཏི་ལ༴ ཙིཏྟ་ལ༴ བ་སུ་ཏ་ལ༴ གོ་རོ་ཙ་ན་ལ༴ ལྤགས་ཚ་ལ༴ ཙ་ཁུག་ལ༴ མུརྦ་ལ༴ ཀུནྟ་ལ༴ གྷ་ན་ཁཾ་ལ༴ སརྦ་ཁཱ་ཧི་ཕཊ་ཕཊ༔ རྣལ་འབྱོར་ཕོ་མོར་འགྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ གསང་སྔགས་བླ་ན་མེད་པའི་རྫས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་པའི༔ འདོད་ཡོན་མྱོང་གྲོལ་ཆེན་པོ་ནི༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ གཤེགས་པ་དང་ནི་གཤེགས་མ་དང་༔ དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས༔ མཉེས་ཕྱིར་རྗེས་དགོངས་དགྱེས་པར་རོལ༔ ཧོཿ ཚོགས་ཀྱི་སློབ་དཔོན་ཚོགས་ལ་རོལ༔ དཔའ་བོ་དཔའ་མོ་ཚོགས་ལ་རོལ༔ རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ མཆེད་དང་ལྕམ་དྲལ་ཚོགས་ལ་རོལ༔ མཆོག་གི་དངོས་གྲུབ་བདེ་བ་ཆེ༔ ཨ་ལ་ལ་ལ་སྟེ་དགྱེས་པར་རོལ༔ རྡོ་རྗེ་མཆེད་ལྕམ་གཟུངས་མར་བཅས༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ ཨོཾ་སིདྡྷི༔ ཨཱཿ སིདྡྷི༔ ཧཱུྃ་སིདྡྷི༔ ཧཱ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་ནས་ལྷག་མ་དང་པོ་ནི༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ཕཊ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ ལྷག་གཏོར་ཤ་ལྔ་བདུད་རྩི་ལྔའི༔ རང་བཞིན་བདེ་སྟོང་བསྐྱེད་པའི་རྫས༔ ཁམས་གསུམ་མ་ལུས་ཡོངས་ཁྱབ་བསམ༔ ཕཊ༔ ལྷག་སྐྱོང་གནས་ཉུལ་མ་མོའི་ཚོགས༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ གོས་སུ་ཞིང་ལྤགས་གཡང་གཞི་ཀླུབ༔ ལས་སུ་ཞིང་བཅུ་སྒྲོལ་ཞིང་བརླག༔ འཁོར་འདས་ཡོངས་ལ་དབང་བསྒྱུར་ཞིང་༔ གནས་ཡུལ་དུར་ཁྲོད་ཞིང་གི་བདག༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོའི་རྗེས་གཅོད་མ༔ ཁྱེད་ཅག་ཡེ་སངས་རྒྱས་མོད་ཀྱང་༔ གཟུགས་སྐུས་འགྲོ་དོན་མཛད་ཕྱིར་རོལ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཡང་གསང་རོལ་པའི་དུར་ཁྲོད་འདིར༔ མཆོག་གི་དངོས་གྲུབ་སྒྲུབ་ལགས་ཀྱི༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ ལྷག་མའི་ལོངས་སྤྱོད་རྒྱ་ཆེན་བཤམས༔ མ་དང་མཁའ་འགྲོ་མགྲོན་དུ་དྲངས༔ གཤེགས་ཤིག་བྱོན་ཅིག་ས་མཱ་ཛ༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ མཆོག་གི་དངོས་གྲུབ་བསྐུལ་མ་མཛོད༔ བདེ་ཆེན་ཀློང་དུ་སྐྱེལ་མ་མཛོད༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ རང་དམ་གཉན་པོ་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ དེ་ནས་ལྷག་མ་གཉིས་པ་ནི༔ ཕཊ་ཕཊ་ཕཊ༔ ཨ་ལས་ཀ་པཱ་ལ་ཡི་སྣོད༔ ཡངས་ཤིང་རྒྱ་ཆེར་གྱུར་པའི་ནང་༔ དཀར་གསུམ་མངར་གསུམ་བདུད་རྩིའི་མཚོ༔ འདོད་ཡོན་ནམ་མཁའ་མཛོད་དུ་གྱུར༔ ཕཊ་ཕཊ་ཕཊ༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ དཀར་ཕྱོགས་སྐྱོང་བའི་སྲུང་མ་ལ༔ ལྷག་གཏོར་བདུད་རྩིའི་རྒྱ་མཚོས་མཆོད༔ བཞེས་ནས་བཀའ་འདིའི་བསྟན་པ་སྲུངས༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ དམ་ལས་མ་འདའ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ དེ་ནས་ལྷག་མ་གསུམ་པ་ནི༔ ཕཊ༔ སྟོང་གསུམ་ཁེབས་པའི་ཞིང་ལྤགས་གཞིར༔ བཟའ་བ་ཤ་ཡི་རི་བོ་སྤུངས༔ བཏུང་བ་ཁྲག་གི་རྒྱ་མཚོར་བསྐྱིལ༔ ཞེ་སྡང་ཀེང་རུས་གྲམ་ཁྲོད་བརྡལ༔ རྐང་ཚིལ་མར་ཁུའི་མཚོ་མོ་འཁྱིལ༔ ལྦུ་རླངས་ངད་པ་ཁ་དོག་ལས༔ འདོད་ཡོན་ནམ་མཁའ་དང་མཉམ་བརྡལ༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿ ཕཊ་ཕཊ་ཕཊ༔ ལྷ་དང་གཤིན་རྗེ་མ་མོ་དང་༔ བདུད་དང་སྲིན་པོ་བཙན་དང་ཀླུ༔ གནོད་སྦྱིན་རྒྱལ་པོ་གཟའ་བདུད་སོགས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས༔ ཤ་ཁྲག་འདོད་ཡོན་ལྷག་མ་རོལ༔ བཀའ་འདིའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ༔ དམ་ལས་མ་འདའ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ བགེགས་རྒྱལ་བི་ན་ཡ་ག་དང་༔ འབར་མ་ནག་མོ་ལ་སོགས་པའི༔ སྣང་སྲིད་ལྷ་འདྲེ་ཆེ་རྒུ་རྣམས༔ ཤ་ཁྲག་འདོད་ཡོན་ལྷག་མ་རོལ༔ བཀའ་འདིའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་ཟློག༔ དམ་ལས་མ་འདའ་ས་མ་ཡ༔ འཕྲོག་མ་མ་བུ་ལྔ་བརྒྱ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་སོགས༔ སྣང་སྲིད་ལྷ་འདྲེ་འབྲིང་རྒུའི་ཚོགས༔ ཤ་ཁྲག་འདོད་ཡོན་ལྷག་མ་རོལ༔ བཀའ་འདིའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་ཟློག༔ དམ་ལས་མ་འདའ་ས་མ་ཡ༔ གྲོང་འདྲེ་མོ་འདྲེ་ཐེའུ་རང་དང་༔ ཞ་ལོང་འོན་ལྐུག་ལ་སོགས་པའི༔ སྣང་སྲིད་ལྷ་འདྲེ་ཆུང་རྒུ་རྣམས༔ ཤ་ཁྲག་འདོད་ཡོན་ལྷག་མར་རོལ༔ ཀྱཻ༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ མཆོག་དམན་མགྲོན་དུ་གྱུར་པ་ལ༔ བདག་གིས་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ སྡང་བའི་དགྲ་བོ་ཆེ་གེ་མོར༔ སྣང་སྲིད་ལྷ་འདྲེའི་ཟ་ཁ་གཏོད༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ་ཨུཙྪིཥྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྐུལ་བ་བཏང་བ་ནི༔ ཕཊ་ཕཊ་ཕཊ༔ ཨ་ལས་བྷནྡྷ་འབར་བའི་གཏོར་སྣོད་དུ༔ ནྲྀ་དང་ཏྲི་ལས་གཏོར་མ་དགྲ་བགེགས་ཀྱི༔ ཚེ་བསོད་བླ་སྲོག་རྣམ་ཤེས་ཀུན་འདུས་པའི༔ གཟུགས་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པར་གྱུར༔ བདག་མདུན་ལས་སྤྲུལ་ཕོ་ཉ་གྲངས་མེད་ཀྱིས༔ རང་དབང་མེད་པར་བཀུག་ནས་གཉིས་མེད་བསྟིམ༔ ཕཊ་ཕཊ་ཕཊ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ ལྟ་བ་ལོག་པའི་བསྟན་དགྲ༔ ཞིང་བཅུ་ཚང་བའི་དམ་ཉམས༔ ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་ཕོད་བཙུག་པ༔ དོ་བསྡོ་བ༔ ཡ་བཟུང་བ༔ འགྲས་བཙལ་བ༔ སྔ་དགྲ་བྱས་པ༔ ཕྱི་དགྲ་སེམས་པ༔ ད་དགྲ་ལག་ལེན་བྱེད་པའི་གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱི་མཐར་ཕཊ་ཀྱིས་བཀུག༔ ཕཊ་ཀྱིས་བསྟིམ༔ ཕཊ་ཀྱིས་ཤ་ཁྲག་རུས་པའི་ཕུང་པོ་ངོ་བོ་བདུན་རྩིའི་རང་བཞིན་ཅན་གྱིས་སྣང་སྲིད་ཐམས་ཅད་ཐམ་གྱིས་ཁེངས་པར་བསམ་ལ༔ ཕཊ་ཕཊ་ཕཊ༔ ནམ་མཁའ་རྣམ་དག་དབྱིངས་ཀྱི་ཡུམ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས༔ འདི་གཤེགས་དམར་གྱི་གཏོར་མ་བཞེས༔ གཏི་མུག་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ༔ ས་ཁམས་རྣམ་དག་སངས་རྒྱས་སྤྱན༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ ཞེ་སྡང་དགྲ་བགེགས༴ མེ་ལོང་ཡེ་ཤེས༴ ཕཊ༔ ཆུ་ཁམས་རྣམ་དག་མ་མཱ་ཀི༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ ང་རྒྱལ་དགྲ་བགེགས༴ མཉམ་ཉིད་ཡེ་ཤེས༴ ཕཊ༔ མེ་ཁམས་རྣམ་དག་གོས་དཀར་མོ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ འདོད་ཆགས་དགྲ་བགེགས༴ སོར་རྟོག་ཡེ་ཤེས༴ ཕཊ༔ རླུང་ཁམས་རྣམ་དག་དམ་ཚིག་སྒྲོལ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ ཕྲག་དོག་དགྲ་བགེགས༴ བྱ་གྲུབ་ཡེ་ཤེས༴ ཕཊ་ཕཊ་ཕཊ༔ སྙིང་རྗེའི་རང་གདངས་མཁའ་འགྲོ་མ༔ ལས་མཛད་ཁམས་གསུམ་འགུགས་བྱེད་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ ལྷ་བདུད་གཡུལ་ངོ་རྡུལ་དུ་རློག༔ ཉོན་མོངས་འཁྲུལ་འཁོར་ཞི་བར་མཛོད༔ ཕཊ༔ བྱམས་པའི་རང་གདངས་མཁའ་འགྲོ་མ༔ ཆོས་སྲིད་མངའ་ཐང་རྒྱས་མཛད་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ ཕུང་བདུད་གཡུལ་ངོ་རྡུལ་དུ་རློག༔ ཡོན་ཏན་ཡེ་ཤེས་འཕེལ་རྒྱས་མཛོད༔ ཕཊ༔ དགའ་བའི་རང་གདངས་མཁའ་འགྲོ་མ༔ འཁོར་འདས་ཡོངས་ལ་དབང་བསྒྱུར་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ ཉོན་བདུད་གཡུལ་ངོ་རྡུལ་དུ་རློག༔ ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད༔ ཕཊ༔ བཏང་སྙོམས་རང་གདངས་མཁའ་འགྲོ་མ༔ དགྲ་བགེགས་རྡུལ་དུ་རློག་མཛད་མ༔ འབུམ་ཕྲག་མཁའ་འགྲོའི༴ འདིར་གཤེགས༴ འཆི་བདག་གཡུལ་ངོ་རྡུལ་དུ་རློག༔ དྲག་པོ་མངོན་སྤྱོད་ལས་འགྲུབ་མཛོད༔ ཕཊ་ཕཊ་ཕཊ༔ དཀར་གསལ་འོད་ཐིག་ཟླུམ་འཁྱིལ་ཀློང་༔ དཀར་མོ་རྣམ་རྒྱལ་ཤ་ཟ་འབུམ༔ འཁོར་བཅས་འདིར་གཤེགས་ཤ་ལ་རོལ༔ ཐོགས་བཅས་བདུད་དང་ཡུལ་རྐྱེན་ཟློག༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ ཕཊ༔ སེར་གསལ་འོད་ཐིག་གྲུ་བཞིའི་ཀློང་༔ སེར་མོ་དོན་གྲུབ་ཁྲག་འཐུང་མ༔ འཁོར་བཅས་འདིར་གཤེགས་ཁྲག་ལ་རོལ༔ ཐོགས་མེད་བདུད་དང་ཡུལ་རྐྱེན་ཟློག༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ ཕཊ༔ དམར་ནག་ཟླ་གམ་གདེངས་པའི་ཀློང་༔ དམར་མོ་དབང་སྡུད་རྐང་ལྡག་འབུམ༔ འཁོར་བཅས་འདིར་གཤེགས་རྐང་རུས་རོལ༔ དགའ་བྲོད་བདུད་དང་ཡུལ་རྐྱེན་ཟློག༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ ཕཊ༔ ལྗང་གསལ་གྲུ་གསུམ་གདེངས་པའི་ཀློང་༔ ལྗང་ནག་གསོད་བྱེད་དབུགས་ལེན་འབུམ༔ འདིར་གཤེགས་དགྲ་བགེགས་སྲོག་དབུགས་རོལ༔ སྙེམས་བྱེད་བདུད་དང་ཡུལ་རྐྱེན་ཟློག༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ དུར་ཁྲོད་རོལ་པའི་བམ་སྟེང་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཚོགས༔ འདིར་གཤེགས་ཤ་ཁྲག་དམར་གཏོར་རོལ༔ ལོག་རྟོག་གཡོ་འཁྲུགས་རྡུལ་དུ་རློག༔ མཁའ་སྤྱོད་དག་པའི་ཀློང་དུ་དྲོངས༔ ཕཊ༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ ལྷ་བརྒྱད་ཀླུ་བརྒྱད་དཀར་ཕྱོགས་སྐྱོང་༔ མ་ལུས་འཁོར་བཅས་འདིར་གཤེགས་ལ༔ དཀར་ཕྱོགས་བདུད་རྩིའི་གཏོར་མ་བཞེས༔ སངས་རྒྱས་བསྟན་པ་དར་རྒྱས་ཤིང་༔ སྒྲུབ་མཆོག་བདག་ཅག་འཁོར་བཅས་རྣམས༔ ལས་རྐྱེན་ངན་པའི་ལམ་ལས་ཟློག༔ འོད་གསལ་ཐེག་ཆེན་ས་རུ་སྐྱོལ༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསྟན་དགྲ་མ་ལུས་རྡུལ་དུ་རློག༔ རང་རང་ཐ་ཚིག་དཔང་དུ་བཙུག༔ མ་འདའའ་བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ དྲེགས་ཆེན་ལྷ་སྲིན་སྡེ་བརྒྱད་དང་༔ གནས་ཡུལ་དུར་ཁྲོད་ཧེ་རུའི་ཞིང་༔ མདོར་ན་མི་མཇེད་ཞིང་ཁམས་འདིར༔ དབང་མཛད་བདག་པོ་བདག་མོའི་ཚོགས༔ མ་ལུས་འཁོར་བཅས་འདིར་གཤེགས་ཤིག༔ དཀར་ཕྱོགས་སྐྱོང་རྣམས་དཀར་ལ་རོལ༔ ནག་ཕྱོགས་སྐྱོང་རྣམས་དམར་ལ་རོལ༔ དཀར་ནག་གཉིས་སྐྱོང་འདྲེས་མར་རོལ༔ ཕྲིན་ལས་གཉན་པོ་བཅོལ་བ་ནི༔ བཀའ་འདིའི་བསྟན་པ་འཕེལ་རྒྱས་ཤིང་༔ སྒྲུབ་པའི་རྣལ་འབྱོར་ཕོ་མོ་རྣམས༔ ཉོན་མོངས་གཡུལ་ལས་རྒྱལ་བ་དང་༔ སྣང་བ་དབང་སྡུད་ཟིལ་གནོན་ཅིང་༔ ངེས་མེད་བཙན་ས་ཟིན་པར་མཛོད༔ རིག་འཛིན་རྣམ་བཞིའི་ས་ལ་སྐྱོལ༔ རང་རང་ཐ་ཚིག་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ རྣལ་འབྱོར་བདག་གི་འདོད་དོན་སྒྲུབས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད༔ ཆེ་ཞེ་སྲིད་པའི་ལྷ་འདྲེ་རྣམས༔ ཁྱེད་ཅག་སྔོན་གྱི་ཐ་ཚིག་ཅན༔ འཁོར་ལ་བཀའ་ནན་དྲག་པོ་མཛོད༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ དམ་ཚིག་གཉན་པོ་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་ཆད་མདོ་བཏང་བ་ནི༔ ཕཊ་ཕཊ་ཕཊ༔ དང་པོ་ཀ་དག་སྐྱེ་མེད་ཀློང་༔ གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ སྟོན་པ་མི་གཡོ་མགོན་པོ་ཡིས༔ འཁོར་འདས་འུབ་ཆུབ་རོལ་པའི་ཚེ༔ སྣང་སྲིད་ཆོས་སྐུའི་ཀློང་རྒྱས་བཏབ༔ བར་དུ་ལྷུན་གྲུབ་རང་གདངས་ཞིང་༔ ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་དུ༔ སྟོན་པ་རིགས་ལྔ་གངས་ཆེན་མཚོས༔ འབྱུང་ལྔ་ཡུམ་ཆེན་དགོངས་རྒྱས་བཏབ༔ ཐ་མ་རང་བཞིན་སྤྲུལ་པའི་ཞིང་༔ འོད་གསལ་དག་པའི་གཞལ་ཡས་ནས༔ སྟོན་པ་ཁྱབ་བདག་རྡོ་རྗེ་ཡིས༔ རིག་འཛིན་ཆོས་ཉིད་ཀློང་རྡོལ་གྱི༔ འཁྲུལ་པ་གཞི་རུ་བཤིག་པའི་ཚེ༔ འཁོར་འདས་རྫོགས་པ་ཆེན་པོར་གདམས༔ མཉམ་པ་ཉིད་ཀྱི་ཕྱག་རྒྱས་བཏབ༔ དེ་བཞིན་ཡང་གསང་དཀྱིལ་འཁོར་དུ༔ དཔའ་བོ་དཔའ་མོ་མཆེད་ལྕམ་གྱིས༔ ཐབས་མཆོག་བདེ་ཆེན་དལ་ཞལ་ཕྱེས༔ ཤེས་རབ་ཡུམ་གྱི་ཀློང་དུ་སྦྱོར༔ འཁོར་འདས་རིག་པ་རྗེན་པར་རྟོགས༔ བཟང་ངན་མེད་པར་མཉམ་རྒྱས་གདབ༔ ཉོན་མོངས་དབྱིངས་སྒྲོལ་གཏོར་མ་བཤམས༔ རྟོག་ཚོགས་རང་གྲོལ་མགྲོན་དུ་འགྱེད༔ བདེ་བ་ཆེན་པོར་དགྱེས་པར་རོལ༔ ཡེ་ཤེས་དབྱིངས་སུ་ཕྱམ་གཅིག་འདྲེས༔ གཉིས་སུ་མེད་པར་རྒྱས་གདབ་བོ༔ སྐྱེ་མེད་ཆོས་དབྱིངས་ངང་དུ་ཕཊ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་མདོ་བཀའ་ཡི་གཏོར་མ་ནི༔ ཕཊ་ཕཊ་ཕཊ༔ སྲིད་པ་མ་མོའི་མཁའ་ཀློང་ཡངས༔ སྤྲུལ་པའི་མ་སྲིང་འཇིག་རྟེན་ཉུལ༔ བརྟན་མ་ཡ་མ་སྐྱོང་མ་སོགས༔ སྨན་བཙུན་བྱེ་བ་འབུམ་སྡེ་བཅས༔ ལྷབ་ལྷུབ་ན་བཟའ་པུ་རུ་རུ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ དྲིལ་བུ་གཡེར་ཁ་སི་ལི་ལི༔ འཇའ་དང་འོད་ཕུང་གྱི་ལི་ལི༔ གླུ་ལེན་བཤུགས་པ་འུ་རུ་རུ༔ བྲོ་བརྡུང་གར་བྱེད་ཁྲིགས་སེ་ཁྲིག༔ ཞི་འཛུམ་མདངས་ལྡན་ཡ་ལ་ལ༔ སྤྲུལ་འཁོར་ཡང་འཁོར་དཔུངས་སེ་དཔུང་༔ དམ་ཚིག་གཉན་གྱིས་འདིར་གཤེགས་ཤིག༔ མངར་གསུམ་བདུད་རྩིའི་རྒྱ་མཚོ་བཞེས༔ ཤ་ཁྲག་དམར་གྱི་གཏོར་མ་རོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཕྲིན་ལས་སྒྲུབས་ལ་རོགས་ལྡན་མཛོད༔ དགྲ་དང་བགེགས་ཚོགས་རྡུལ་དུ་རློག༔ མ་འདའ་བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ དེ་ནས་གཏོར་ཟོར་འཕེན་པ་ནི༔ ཕཊ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ འཁོར་འདས་ཡོངས་ཀྱི་ཕྱྭ་ཆེན་མོ༔ སྤྲུལ་པའི་མཁའ་འགྲོས་ནམ་མཁའ་གང་༔ ཡང་སྤྲུལ་མཁའ་འགྲོས་བར་སྣང་གང་༔ སྒྲོལ་བྱེད་མཁའ་འགྲོས་ས་གཞི་གང་༔ རྡོ་རྗེ་ཁྲོ་མོ་སྐར་ལྟར་འཁྲིགས༔ ལས་མཁན་བཀའ་སྡོད་གློག་ལྟར་འཁྱུག༔ སོད་རྒྱོབ་ཕཊ་ཕེཾ་འབྲུག་ལྟར་ལྡིར༔ མཚོན་ཐུན་གཏོར་ཟོར་ཐོག་ལྟར་འབེབས༔ ཕཊ་ཕཊ་ཕཊ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་ལ་ཟོར་འདི་ཡཱ༔ གནོད་པའི་བགེགས་ལ་ཟོར་འདི་ཡཱ༔ གདོན་གསུམ་གཡོ་འཁྲུགས་རྡུལ་དུ་རློག༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་མཛོད༔ ཕཊ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ དམ་ཚིག་ཐུགས༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ་ཕཊ་ཕཊ༔ ལས་མཛད་ཁམས་གསུམ་འགུགས་བྱེད་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ་ཕཊ་ཕཊ༔ ལས་མཛད་སེར་མོ་རྒྱས་མཛད་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ་ཕཊ་ཕཊ༔ ལས་མཛད་སྡོམ་བྱེད་ལྕགས་སྒྲོག་མ༔ དམ་ཚིགས་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ་ཕཊ་ཕཊ༔ ལས་མཛད་ལྗང་མོ་འབེབས་བྱེད་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ དཀར་མོ་ཤ་ཟ་རྣམ་རྒྱལ་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ སེར་མོ་དོན་གྲུབ་ཁྲག་འཐུང་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ དམར་མོ་དབང་སྡུད་རྐང་ལྡག་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ ལྗང་མོ་དབུགས་ལེན་སྲོག་འཕྲོག་མ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་སྡེ༔ དམ་ཚིག་ཐུགས་དམ༴ སྡང་བའི་དགྲ་ལ༴ གནོད་པའི་བགེགས་ལ༴ གདོན་གསུམ་གཡོ༴ དྲག་པོའི་མངོན༴ ཕཊ༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ བཀའ་ཡི་ཆོས་སྐྱོང་སྲུང་མ་རྣམས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་ལ་ཟོར་འདི་ཡཱ༔ གནོད་པའི་བགེགས་ལ་ཟོར་འདི་ཡཱ༔ གདོན་གསུམ་གཡོ་འཁྲུགས་རྡུལ་དུ་རློག༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་མཛོད༔ ཕུར་པའི་དབལ་ཟོར་ཤ་ར་ར༔ ཡུངས་དཀར་རྦད་འདྲིལ་ཧྲི་ལི་ལི༔ ཁྲག་ཐུན་དམར་པོ་ཆི་ལི་ལི༔ མཚེ་ཐུན་དྲག་པོ་ཚུབས་སེ་ཚུབ༔ དུག་ཐུན་སྣ་ཚོགས་ཕྱུ་རུ་རུ༔ མཚོན་ཆ་སྣ་ཚོགས་ཐོག་ལྟར་འབེབས༔ མདའ་ཐུན་རླུང་ལྟར་ཚུབས་སེ་ཚུབ༔ རྡོ་ཐུན་དྲག་པོ་ཧྲོ་ལོ་ལོ༔ དཔལ་གྱི་གཏོར་ཐུན་སེར་ལྟར་འབེབས༔ སྡང་བའི་དགྲ་ལ་དྲག་ཏུ་འཕེན༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ གནོད་པའི་བགེགས་ལ་དྲག་ཏུ་འཕེན༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ མ་མོ་མཁའ་འགྲོ་ཐུགས་མ་གཡེལ༔ ཆོས་སྐྱོང་སྲུང་མ་མཐུ་མ་ཆུང་༔ ལས་མཁན་བཀའ་སྡོད་རྩལ་མ་ཞན༔ མཚོན་ཐུན་དབལ་ཟོར་ངར་མ་ཞན༔ དམ་ཚིག་གཉན་པོའི་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་མཛོད༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ས་མ་ཡ་ཛ་ཛཿ དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་སོད་སོད་ཕྱེ་མ་ཕྱེ་མ་མཱ་ར་ཡ་ཐུམ་རི་ལི་ལི་རྦད་ནན་བྷྱོ་ཟློག༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཕཊ་ཕཊ་ཕཊ༔ དབུས་ཕྱོགས་ལྷུན་གྲུབ་དཀྱིལ་འཁོར་ནས༔ སངས་རྒྱས་རིགས་ཀྱི་གར་མཁན་མཆོག༔ དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གླུ་ལེན་འུ་རུ་རུ༔ གཏི་མུག་མགོ་ལ་ཆེམས་སེ་ཆེམ༔ འོད་གསལ་ཆེན་པོའི་བྲོ་རྒྱས་འདེབས༔ ཕཊ༔ ཤར་ཕྱོགས་ཞི་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་རིགས་ཀྱི་གར་མཁན་མཆོག༔ དཔའ་བོས་བྲོ་བརྡུང་༴ དཔའ་མོས་གླུ་ལེན༴ ཞེ་སྡང་མགོ་ལ༴ མེ་ལོང་ཡེ་ཤེས་བྲོ༴ ཕཊ༔ ལྷོ་ཕྱོགས་རྒྱས་པའི་དཀྱིལ་འཁོར་ནས༔ མཉམ་ཉིད་ཡེ་ཤེས་གར་མཁན་མཆོག༔ དཔའ་བོས་བྲོ་བརྡུང་༴ དཔའ་མོས་གླུ་ལེན༴ ང་རྒྱལ་མགོ་ལ༴ མཉམ་ཉིད་ཡེ་ཤེས་བྲོ༴ ཕཊ༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ནས༔ པདྨ་རིགས་ཀྱི་གར་མཁན་མཆོག༔ དཔའ་བོས་བྲོ་བརྡུང་༴ དཔའ་མོས་གླུ་ལེན༴ འདོད་ཆགས་མགོ་ལ༴ སོར་རྟོག་ཡེ་ཤེས་བྲོ༴ ཕཊ༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ནས༔ ལས་ཀྱི་རིགས་ཀྱི་གར་མཁན་མཆོག༔ དཔའ་བོས་བྲོ་བརྡུང་༴ དཔའ་མོས་གླུ་ལེན༴ ཕྲག་དོག་མགོ་ལ༴ བྱ་གྲུབ་ཡེ་ཤེས་བྲོ༴ ཕཊ༔ དག་པ་མཁའ་སྤྱོད་གཞལ་ཡས་ནས༔ སྒྱུ་འཕྲུལ་རོལ་པའི་སྟོན་འཁོར་གྱིས༔ དཔའ་བོས་བྲོ་བརྡུང་༴ དཔའ་མོས་གླུ་ལེན༴ དུག་གསུམ་མགོ་ལ༴ གདོན་གསུམ་སྐུ་གསུམ་ཧོམ་དུ་བྲུབ༔ འཁྲུལ་མེད་ཡེ་ཤེས་བྲོ་རྒྱས་འདེབས༔ རང་སྣང་དོན་གྱི་འོག་མིན་ནས༔ རྣལ་འབྱོར་ཕོ་མོས་བརྟུལ་ཞུགས་རོལ༔ དཔའ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གླུ་ལེན་འུ་རུ་རུ༔ ཉོན་དྲུག་མགོ་ལ་ཆེམས་སེ་ཆེམ༔ བདུད་བཞིའི་མགོ་ལ་ཆེམས་ཆེམ་ནན༔ གདོན་གསུམ་མགོ་ལ་ཆེམས་ཆེམ་རྦད༔ དུག་གསུམ་སྐུ་གསུམ་ཧོམ་དུ་བྲུབ༔ དུག་ལྔ་ཡེ་ཤེས་ཧོམ་དུ་བྲུབ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་༔ དེར་བྱུང་བདུད་དང་དགྲ་བགེགས་རྣམས༔ ཆོས་ཕུང་བརྒྱད་ཁྲིའི་ཧོམ་དུ་བྲུབ༔ ཀུན་ཁྱབ་ཡེ་ཤེས་རྒྱ་ཡིས་གདབ༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ གཞོན་ནུ་བུམ་སྐུའི་ཀློང་དུ་བསྐྱིལ༔ སརྦ་ནྲྀ་ཏྲི་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་ལེན་པ་ནི༔ ཕཊ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ༔ འགགས་མེད་ལོངས་སྐུའི་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་སྐུར་བཞེངས་ཤིག༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ༔ ཕྱོགས་མེད་ཐུགས་རྗེའི་ཞིང་ཁམས་ནས༔ ཁྲོས་མ་ནག་མོ་སྐུར་བཞེངས་ཤིག༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ མཆོག་དང་༴ ཕཊ༔ ཡེ་ཤེས་ལྔ་ཡི་ཀློང་དཀྱིལ་ནས༔ རིགས་ལྔའི་མཁའ་འགྲོ་སྐུར་བཞེངས་ཤིག༔ སྒྲུབ་པའི་རྣལ་འབྱོར་ཕོ་མོ་ལ༔ མཆོག་དང་༴ ཕཊ༔ ཚད་མེད་རྣམ་བཞིའི་དགོངས་ཀློང་ནས༔ ལས་བཞིའི་མཁའ་འགྲོ་སྐུར་བཞེངས་ཤིག༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་ལ༔ མཆོག་དང་༴ ཕཊ༔ ངོ་བོ་རང་རྩལ་སྒྱུ་འཕྲུལ་གྱི༔ དཀྱིལ་འཁོར་ལྷ་ཚོགས་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་མཆེད་ལྕམ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ འགགས་མེད་གསུང་གི་དངོས་གྲུབ་སྩོལ༔ ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ རང་རིག་ཡེ་ཤེས་དོན་རྟོགས་ཤིང་༔ ཆོས་ཉིད་མངོན་སུམ་མཐོང་བ་དང་༔ རྣམ་སྨིན་རིག་འཛིན་དབང་རྒྱས་ཐེབ༔ སྣང་བ་འོད་ལྔར་སྨིན་པ་ཡི༔ ཉམས་སྣང་གོང་དུ་འཕེལ་རྒྱས་ཤིང་༔ ཚེ་དབང་རིག་འཛིན་དབང་རྒྱས་ཐེབ༔ འོད་སྣང་ལོངས་སྐུར་རབ་སྨིན་ཅིང་༔ རིག་པ་ཚད་ཕེབས་མངོན་གྱུར་ནས༔ ཕྱག་རྒྱའི་རིག་འཛིན་དབང་རྒྱས་ཐེབ༔ ཆོས་ཅན་ཆོས་ཉིད་ཀློང་དུ་ཟད༔ མི་འགྱུར་ལྟ་བའི་གདིང་ཐོབ་ཅིང་༔ ལྷུན་གྲུབ་རིག་འཛིན་དབང་རྒྱས་ཐེབ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་རང་གྲོལ་དངོས་གྲུབ་སྩོལ༔ མཁའ་འགྲོ་སྒྲུབ་པའི་ཚད་དམ་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་སྩོལ་ལེན་དུས་ལ་བབ༔ མ་དང་མཁའ་འགྲོ་ཐུགས་མ་གཡེལ༔ གསང་གསུམ་འཁོར་ལོའི་ཡང་གསང་བཅུད༔ ཕྱག་རྒྱ་ཡི་གེ་རྡོ་རྗེ་ཧཱུྃ༔ སྒོ་གསུམ་དབང་གི་སྒོར་ཞུགས་ནས༔ རྡོ་རྗེ་གསུམ་གྱི་ངང་དུ་གྲོལ༔ ལྷུན་རྫོགས་ཡེ་ཤེས་བདེ་བ་ཆེ༔ ཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཨཱཿ དེ་ནས་བསྔོ་བས་རྒྱས་འདེབས་ནི༔ ཕཊ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ ཟག་བཅས་ཟག་མེད་དགེ་བསགས་པ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཆོས་དབྱིངས་འཕོ་འགྱུར་མེད་པར་བརྡལ༔ དེ་ནས་སྨོན་ལམ་གདབ་པ་ནི༔ ཕཊ༔ གཟུང་འཛིན་འཆིང་བས་དམ་དཀྲིས་པའི༔ མ་རིག་འཁྲུལ་པའི་སེམས་ཅན་རྣམས༔ སྐྱེ་འགགས་འགྱུར་མེད་ཀ་དག་ཀློང་༔ གདོད་མའི་བཙན་ས་ཟིན་པར་ཤོག༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ མི་འགྱུར་གསང་བའི་ནམ་མཁའ་ལ༔ འོད་གསལ་ཆེན་པོའི་ཉི་མ་ཤར༔ བདེ་སྟོང་འདུ་འབྲལ་མེད་པའི་ངང་༔ ཀུན་ཏུ་བཟང་མོའི་བཀྲ་ཤིས་ཤོག༔ མ་བཅོས་རང་གདངས་འོད་ལྔའི་ཀློང་༔ མ་འགགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཞིང་དང་སྟོན་འཁོར་ཐ་མི་དད༔ རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག༔ འགགས་མེད་རང་རྩལ་མ་གཡོས་ཤར༔ ལྷུན་གྲུབ་ཐུགས་རྗེའི་རྩལ་སྣང་ཆེ༔ གཙོ་འཁོར་ཞིང་ཁམས་རོལ་པར་རྫོགས༔ ཁྲོས་མ་ནག་མོའི་བཀྲ་ཤིས་ཤོག༔ སྣང་བ་ཐབས་ཀྱི་རང་བཞིན་ལ༔ སྟོང་པས་རྒྱས་འདེབས་དབྱིངས་ཀྱི་ཡུམ༔ སྒྱུ་འཕྲུལ་གར་གྱི་རྣམ་རོལ་མཁན༔ ཡུམ་ཆེན་ལྔ་ཡི་བཀྲ་ཤིས་ཤོག༔ དབྱིངས་ལས་མ་གཡོས་སྤྲུལ་པའི་འཕྲུལ༔ འཁོར་འདས་གཉིས་ཀྱི་རྣམ་འགྱུར་དུ༔ མ་ངེས་རོལ་པའི་གར་མཁན་མ༔ ཡོངས་རྫོགས་མཁའ་འགྲོའི་བཀྲ་ཤིས་ཤོག༔ ཀུན་གཞི་ཡིད་ཁམས་ཆོས་སྐུར་འཕོས༔ དུག་ལྔ་ཕུང་ལྔ་གཤེགས་པར་སངས༔ འབྱུང་ལྔ་ཁམས་ལྔ་གཤེགས་མར་དག༔ དབང་པོ་ཚོགས་བརྒྱད་སེམས་དཔར་ཞི༔ ཡུལ་བརྒྱད་སེམས་མ་བརྒྱད་དུ་གྲོལ༔ མུ་བཞི་སྒོ་སྐྱོང་ཡབ་ཡུམ་དུ༔ ཡེ་གནས་རང་གྲོལ་ཡེ་སངས་རྒྱས༔ སྒྱུ་འཕྲུལ་འཁོར་ལོའི་བཀྲ་ཤིས་ཤོག༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ༔ ཐབས་ཤེས་ཟུང་འཇུག་འགྱུར་མེད་ཀློང་༔ བདེ་ཆེན་རོལ་པའི་བཀྲ་ཤིས་ཤོག༔ རྟག་ཆད་མཐའ་བསལ་བ་ནི༔ གདོད་ནས་རང་ལ་རྫོགས་པའི་ལྷ༔ བདེན་འཛིན་རྟག་གྲུབ་དངོས་པོ་མེད༔ འགགས་དང་ཆད་པའི་མཐའ་ལས་གྲོལ༔ ལྷན་སྐྱེས་ཡེ་ཤེས་བྱང་ཆུབ་སེམས༔ སྤང་བླང་མེད་པའི་ངང་དུ་ཀློད༔ རྣམ་པར་ཐར་པ་གསུམ་ལྡན་པའི༔ རྡོ་རྗེ་བཙུན་མོའི་མཁའ་རུ་ཨ༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ སྒྲུབ་པའི་དཀྱིལ་འཁོར་འདིར་ཞུགས་ནས༔ མཚན་མའི་སྒྲུབ་པ་བསྒོམ་བཟླས་དང་༔ མཚན་མ་མེད་པའི་ཐིག་ལེའི་གནད༔ འདི་ལས་གཞན་དུ་ཡེངས་མེད་ངང་༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འཐོབ༔ གྲུབ་པ་བརྒྱད་ལ་མངའ་བརྙེས་འགྱུར༔ གྲུབ་པའི་དབང་ཕྱུག་ས་ར་ཧ༔ མཁའ་འགྲོའི་གསང་མཛོད་བདག་པོ་ངས༔ སྙིང་གི་དྭངས་མའི་ཡང་ཐིག་འདི༔ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་དུ༔ ཁྲག་འཐུང་ཆེན་པོ་ཁྱོད་ལ་གཏད༔ དེང་སེང་བདུད་ཀྱི་སྙིགས་མ་ལ༔ ཆོས་དང་ཆོས་མིན་འབྱེད་བྱེད་ཀྱི༔ ཤེས་རབ་ཉི་མའི་མུན་གོང་མཚམས༔ རང་ལྟ་མཆོག་འཛིན་ཙ་མ་རས༔ རྫོགས་ཆེན་ཉི་མ་བསྒྲིབ་ལ་ལྟོས༔ ཀུ་ཀུ་ར་ཙའི་ལྷང་ལྷང་སྐད༔ ཀ་ལ་པིང་ཀའི་སྒྲར་མི་འགྱུར༔ སླད་ཀྱི་སྙིང་གཏམ་ཚིག་འདི་ནི༔ སུ་ལ་མ་སྨྲ་སྙིང་ལ་འཆོང་༔ བདུད་རྒྱལ་ནག་པོ་({{TibChung|བརྡ་ཡིག་}}) བཻ་ཧར་སྤྲུལ་({{TibChung|བརྡ་ཡིག་}}) གནམ་ཐིལ({{TibChung|བརྡ་ཡིག་}}) དེ་ལ་བསྟོད་སྨད་ཚིག་མ་བརྗོད༔ ལས་སྨོན་རྟེན་འབྲེལ་ཕུན་ཚོགས་པའི༔ ལས་ཅན་འགའ་ཡི་སྤྱོད་ཡུལ་ལས༔ གཞན་དུ་མ་ཡིན་ཨ་ཐམ་རྒྱ༔ ཀླུ་རྒྱལ་གཤིན་རྗེ་བཙན་མ་མོས༔ སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ སྒྲོ་སྐུར་མཁན་གྱི་དབང་པོ་སྣུབས༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ འཁོར་འདས་འུབ་ཆུབ་རོལ་པ་ཡི། །ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས། །ཆོས་ཉིད་ཀློང་མཛོད་སྒོ་ཕྱེས་ནས། །གཏེར་གྱི་ཡང་སྙིང་བཅུད་དུ་རོལ། །སུ་མ་མགུ་ཡང་ཞེ་བློ་བདེ། །སྦས་པའི་རྣལ་འབྱོར་བདུད་འཇོམས་པས། །ས་ར་ཧ་པའི་ལག་མཐིལ་རིས། །རང་གི་བུ་སློབ་ཨ་བྷའི་མིང༌། །དྷརྨ་བཛྲ་པུཥྱེ་ཤྲཱི། །དེ་གསུམ་ནན་དུ་བསྐུལ་ངོར་ཕབ། །ཡིག་བྲིས་ཀློང་ཆེན་རྡོ་རྗེ་ཡི། །སྤྲུལ་པར་ལུང་ཟིན་དྷརྨའི་མིང༌། །དགེའོ། །མངྒ་ལཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 08:27, 21 July 2025
| Wylie title | chos nyid nam mkha'i klong mdzod las: ma cig khros ma nag mo'i rtsa sgrub zla ba'i 'od phreng: | |
|---|---|---|
| Location | khros ma'i sgrub skor Volume 1, Text 13, Pages 93-141 (Folios 1a1 to 25a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las ma cig khros ma nag mo'i rtsa sgrub zla ba'i 'od phreng. In Khros ma'i sgrub skor: 93-141. Kalimpong: Mani Dorji, 1979. | |
| Side notes | Recto: rtsa sgrub Verso: khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Deity | khros ma nag mo | |
| Colophon |
འཁོར་འདས་འུབ་ཆུབ་རོལ་པ་ཡི། །ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས། །ཆོས་ཉིད་ཀློང་མཛོད་སྒོ་ཕྱེས་ནས། །གཏེར་གྱི་ཡང་སྙིང་བཅུད་དུ་རོལ། །སུ་མ་མགུ་ཡང་ཞེ་བློ་བདེ། །སྦས་པའི་རྣལ་འབྱོར་བདུད་འཇོམས་པས། །ས་ར་ཧ་པའི་ལག་མཐིལ་རིས། །རང་གི་བུ་སློབ་ཨ་བྷའི་མིང༌། །དྷརྨ་བཛྲ་པུཥྱེ་ཤྲཱི། །དེ་གསུམ་ནན་དུ་བསྐུལ་ངོར་ཕབ། །ཡིག་བྲིས་ཀློང་ཆེན་རྡོ་རྗེ་ཡི། །སྤྲུལ་པར་ལུང་ཟིན་དྷརྨའི་མིང༌། །དགེའོ། །མངྒ་ལཾ།། | |
|
'khor 'das 'ub chub rol pa yi/_/ye shes sgyu ma'i rnal 'byor gyis/_/chos nyid klong mdzod sgo phyes nas/_/gter gyi yang snying bcud du rol/_/su ma mgu yang zhe blo bde/_/sbas pa'i rnal 'byor bdud 'joms pas/_/sa ra ha pa'i lag mthil ris/_/rang gi bu slob a b+ha'i ming /_/d+harma badz+ra puSh+ye shrI/_/de gsum nan du bskul ngor phab/_/yig bris klong chen rdo rje yi/_/sprul par lung zin d+harma'i ming /_/dge'o/_/mang+ga laM// | ||