TTDL-ZABTER-05-CA-014: Difference between revisions

From Dudjom Wiki
TTDL-ZABTER-05-CA-014
m Text replacement - "bdud 'joms gling pa zab gter" to "bdud 'joms gling pa'i zab gter"
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
 
Line 5: Line 5:
|fulltitle=zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi: dpal chen phrin las sgrub pa yi: las tshogs dgra bgegs kun sgrol:
|fulltitle=zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi: dpal chen phrin las sgrub pa yi: las tshogs dgra bgegs kun sgrol:
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi dpal chen phrin las sgrub pa yi las tshogs dgra bgegs kun sgrol''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 5: 161-190. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi dpal chen phrin las sgrub pa yi las tshogs dgra bgegs kun sgrol''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 5: 161-190. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitle=bdud 'joms gling pa'i zab gter
|collectiontitle=bdud 'joms gling pa'i zab gter
|author=bdud 'joms gling pa
|author=bdud 'joms gling pa

Latest revision as of 13:01, 24 February 2026

Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi: dpal chen phrin las sgrub pa yi: las tshogs dgra bgegs kun sgrol:
Location bdud 'joms gling pa'i zab gter
Volume 5, Text 14, Pages 161-190 (Folios 1a1 to 15b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi dpal chen phrin las sgrub pa yi las tshogs dgra bgegs kun sgrol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 161-190. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las tshogs   Verso: bdud 'joms phur pa gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བརྒྱད་ལ་བཀའ་རྒྱས་བཏབ་མཐར་འབྲོས་ཕུག་དབེན་པའི་བྲག་སྐྱིབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang sbas pa'i rnal 'byor bdud 'joms rdo rjes gter nas bton te mi lo brgyad la bka' rgyas btab mthar 'bros phug dben pa'i brag skyib nas dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ དཔལ་ཆེན་ཕྲིན་ལས་སྒྲུབ་པ་ཡི༔ ལས་ཚོགས་དགྲ་བགེགས་ཀུན་སྒྲོལ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་དུས་ཀྱི་མར་གཤམ་སྙིགས་མའི་དུས༔ པདྨ་བདག་གི་བརྒྱུད་འཛིན་སྐལ་ལྡན་རྣམས༔ བསྙེན་སྒྲུབ་མཐར་ཕྱིན་ལས་སྦྱོར་ཚད་ཕེབས་ཚེ༔ དགྲ་བགེགས་སྡིག་ཅན་སྒྲོལ་བའི་ལས་ལ་བརྩོན༔ མཐུ་གཏད་བུ་ལོན་བཞིན་དུ་སྙོགས་པའི་ཚེ༔ ལན་དང་ལས་ཀ་མཐུ་གཏད་དག་ལ་བརྩོན༔ དཔང་གྱུར་རྩ་གསུམ་རྒྱ་མཚོ་དཔང་དུ་བཙུགས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ར་མདར་སྦྲན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་ལས་འདིར་བརྩོན༔ བྲུབ་ཁུང་ནང་དུ་དགྲ་བགེགས་རཱུ་པ་བཞག༔ དེ་ཉིད་དགྲ་བགེགས་དངོས་སུ་གསལ་བར་བྱ༔ རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱི༔ གདིང་ལྡན་ལྟ་བའི་ངང་ནས་འདི་སྐད་དོ༔ རྩ་སྔགས་ཀྱི་མཐར༔ བདག་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ཡི་གེ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས༔ གནམ་ལྕགས་ལས་གྲུབ་པའི་བྲུབ་ཁུང་ནག་ལ་ཀློང་ཡངས་པ༔ གཏིང་ཟབ་པ༔ ཁ་དོག་པ༔ ཞེ་སྡང་མེ་ཡི་འོབས༔ ང་རྒྱལ་བྲག་རྙིལ་གྱི་ཁྲོད༔ འདོད་ཆགས་དུག་མཚོ་དམར་ནག་གི་ཀློང་༔ ཕྲག་དོག་རླུང་ནག་འཚུབས་མའི་ནང་༔ གཏི་མུག་མུན་ནག་འཐིབ་པའི་ཀློང་༔ ཉོན་མོངས་རྣམ་པར་རྟོག་པའི་ཐུན་མཚོན་དང་ཟ་གསོད་ལས་བྱེད་སྣ་ཚོགས་རླུང་ལྟར་འཚུབས་ཤིང་སྐར་ལྟར་འཁྲིགས་པའི་དབུས་སུ་ནྲྀ་ཏྲི་ལྗང་སྔོན་ལས་འོད་ནག་པོ་འཕྲོས་པས་ཕྱོགས་མཚམས་སྟེང་འོག་ནས་བསམ་སྦྱོར་ངན་པ་འགྱེད་ཅིང་སྟེར་བའི་དགྲ་བགེགས་གནོད་བྱེད་ཐམས་ཅད་སྦུར་ལེན་གྱིས་རྡུལ་རྔུབས་པ་བཞིན་དུ་འོད་ནག་པོར་བསྒྱུར་ཞིང་བསྡུས་ནས་ལིང་ག་ལ་ཐིམ་པར་གྱུར༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སྟོན་པ་བླ་ན་མེད་པ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང་༔ སྐྱོབ་པ་བླ་ན་མེད་པ་དམ་པའི་ཆོས་རྣམས་ཀྱི་བཀའ་བདེན་པ་དང་༔ འདྲེན་པ་བླ་ན་མེད་པ་དགེ་འདུན་འཕགས་པའི་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཡི་དམ་རྡོ་རྗེ་གཞོན་ནུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྲས་དང་སྤྲུལ་པ་བཀའ་སྡོད་སྲུང་མ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ ཆོས་ཅན་ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་མཐུས༔ སྤྱིར་མཆོག་གསུམ་བསྟན་པའི་སྤྱི་དགྲ༔ བཤེས་གཉེན་དམ་པའི་སྐུ་དགྲ༔ ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་ཕོད་བཙུགས་པ༔ དོ་བསྡོ་བ༔ ཡ་བཟུང་བ༔ འགྲས་ཚོལ་བ༔ སྔ་དགྲ་ལག་གིས་བཟོས་པ༔ ད་དགྲ་ཐད་དུ་བཙུགས་པ༔ ཕྱི་དགྲ་ཡིད་ལ་བཟུང་བའི་དགྲ་འདྲེ་གདོན་གསུམ༔ བར་ཆད་དམ་སྲི༔ ངན་སྨྲས་མི་ཁ་ངན་པ་གླེང་བ་ཐམས་ཅད་ཀྱི་བླ་ཚེ་སྲོག་དབང་ནུས་སྟོབས་བཀྲག་མདངས་གནོད་པ་གཞི་དང་བཅས་པ་མ་ལུས་པར་གཟུགས་ལིངྒ་མིང་ཡི་གེ་འདི་ལ་ཁུག་ཛཿ བསྟིམ་ནན༔ བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྒྱ་རྩ་བརྒྱད་སོགས་གང་འོས་བརྗོད་པའི་ཚེ༔ རང་ཡི་དམ་བཛྲ་ཀུ་མཱ་རར་གསལ་བའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་རྒྱུད་བསྐུལ་བའི་སྤྲུལ་པ་ལས་བྱེད་ཕོ་ཉ་དཔག་ཏུ་མེད་པ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་གཟུགས་དང་བླ་ཡིད་བྲལ་ཏེ་བླ་ཡིད་སེམས་གསུམ་ཚེ་བསོད་བཀྲག་མདངས་དང་བཅས་པ་འོད་སྔོ་ནག་གི་རྣམ་པར་རང་དབང་མེད་པར་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟ་བུར་སོད་རྒྱོབ་ཀྱི་སྒྲ་དང་མཚོན་ཐུན་གྱི་བུ་ཡུག་གིས་བསྟུམས་ནས་བསྡུས་ཏེ་ལིངྒ་ལ་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གཉིས་སུ་མེད་པར་བསྟིམ་སྟེ་བྲོས་ཤིང་ཐར་བའི་སྟོབས་ཡུལ་མེད་པར་ལས་ཀྱི་བག་ཆགས་ཀྱི་སྒོ་ངའི་སྦུབས་སུ་ཚུད་པར་བསམ་པ་འགུགས་པའི་གནད་དེ་ཤེས་པར་བྱའོ༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ་ཤྲཱི་བཛྲ་ཀུ་མཱ་ར་སརྦ་ས་པ་རི་ཝཱ་ར་ཛ་ཛཿ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཡང་སྤྲུལ་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ སྐྱེས་གིང་ཆེན་པོའི་དུས་ལ་བབ༔ བཀའ་སྡོད་སྲུང་མའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ བསྐུལ་ནི་དམ་ཚིག་གཉན་གྱིས་བསྐུལ༔ མ་འདའ་བཀའ་དང་ཐ་ཚིག་དགོངས༔ དམ་ཚིག་དབང་གིས་ཕྲིན་ལས་མཛོད༔ ཛཿ ཁྱབ་བདག་རྡོ་རྗེ་གཞོན་ནུ་ཆེ༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་ཀྱིས༔ སྲས་དང་སྤྲུལ་པ་ལས་ལ་ཁྱེས༔ དགྲ་བགེགས་ཁུག་ལ་སྒྲོལ་མཛོད་ཅིག༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེང་ནས༔ སྲས་མཆོག་ཀཱི་ལ་རིགས་བཞི་ཡིས༔ སྒྱུ་འཕྲུལ་གར་གྱི་བརྟུལ་ཞུགས་བསྐྱེད༔ ཕྱོགས་བཞིའི་དགྲ་བགེགས་ཁུག་ལ་སྒྲོལ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ སྟེང་ཕྱོགས་ཁྲོ་རྒྱལ་ཧཱུྃ་ཀཱ་ར༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ སྟེང་གི་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ སྟེང་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ ཤར་གྱི་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཤར་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེའི་གཤེད༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ ལྷོ་ཡི་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཁ་ཧཱུྃ༔ ལྷོ་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ནུབ་ཕྱོགས་ཁྲོ་བོ་རྟ་མགྲིན་རྒྱལ༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ ནུབ་ཀྱི་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ནུབ་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ བྱང་གི་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བྱང་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ༔ འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ འོག་གི་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ འོག་ཕྱོགས་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ཤར་ལྷོ་ཁྲོ་བོ་དབྱུག་སྔོན་ཅན༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ ཤར་ལྷོའི་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཤར་ལྷོའི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ ལྷོ་ནུབ་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ལྷོ་ནུབ་ཀྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ ནུབ་བྱང་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ནུབ་བྱང་གི་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ༔ ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་རོལ༔ སྤྲུལ་པ་ཟ་གསོད་ལས་ལ་ཁྱེས༔ བྱང་ཤར་དགྲ་བགེགས་ཁུག་ལ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྱང་ཤར་གྱི་དགྲ་གདོན་བགེགས་ཚོགས་ཐམས་ཅད་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཕྱག་བརྙན་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཨོཾ༔ སྲས་མཆོག་ཁྲོ་བོ་ཁྲ་ཐབས་ཚོགས༔ སྒྱུ་འཕྲུལ་སྤྲུལ་པ་སྣ་ཚོགས་ཀྱིས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དགྲ་བགེགས་མ་ཤོར་ཁུག་ལ་སྒྲོལ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཕྱག་བརྙན་ཆེན་པོའི༴ ཕྲིན་ལས་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཧཱུྃ༔ ཕྱོགས་ཀྱི་སྒོ་མ་ཆེན་པོ་བཞི༔ ཚད་མེད་བཞི་ཡི་ཤུགས་བསྐྱེད་ལ༔ འགུགས་འཆིང་སྡོམ་མྱོས་ཕྲིན་ལས་ཀྱིས༔ དགྲ་བགེགས་མ་ཤོར་ཁུག་ལ་སྒྲོལ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ སྒོ་མ་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ སྐྱེས་གིང་ཆེན་པོའི་དུས་ལ་བབ༔ བཀའ་སྡོད་སྲུང་མའི་དུས་ལ་བབ༔ དམ་ཚིག་ཅན་གྱི་དུས་ལ་བབ༔ མཐུ་རྩལ་ཅན་གྱི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ བརྣག་པའི་དགྲ་བགེགས་ཤོར་ར་རེ༔ མྱུར་ཁུག་བསྒྲལ་བའི་ཕྲིན་ལས་མཛོད༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ༔ མ་རཀྨོ་ཡཀྨོ༔ ཀ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ས་མ་ཏི་ས་མ་ཡ༔ ཞེས་བརྗོད་པའི་ཚེ༔ ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་དུ་བླ་མ་ཡི་དམ་མཁའ་འགྲོ་རྣམས་ན་བུན་འཐིབ་པ་ལྟ་བུར་གསལ༔ དེ་དག་གི་གནས་ཐམས་ཅད་ནས་མེ་དཔུང་དང་སྤུ་གྲི་རླུང་ནག་མཚོན་ཆ་ཐུན་རྫས་རྣམ་པ་སྣ་ཚོགས་རླུང་ལྟར་འཚུབ་ས་ཤིང་འཐིབ་པས་དགྲ་བགེགས་ཐམས་ཅད་བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན་དུ་བཀུག་ནས་ལིང་ག་ལ་ཐིམ་པར་བསམ༔ མདུན་གྱི་ནམ་མཁར་རྩ་གསུམ་དམ་ཅན་རྒྱ་མཚོ་དཔང་དུ་བཙུགས་ཏེ༔ ཀྱཻ༔ རྩ་གསུམ་དམ་ཅན་རྒྱ་མཚོ་སྤྱན་མ་རྟུལ༔ དགྲ་བགེགས་འགུགས་བསྒྲལ་དྲག་པོའི་དུས་ལ་བབ༔ སངས་རྒྱས་བསྟན་བཤིག་སྐྱེ་འགྲོའི་བདེ་བཅོམ་པའི༔ དམ་ཉམས་ལག་དམར་རཱུ་དྲ་སྒྲོལ་རེ་རན༔ རིག་འཛིན་རྩ་བརྒྱུད་བླ་མས་མཁྱེན་པར་གསོལ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཁྱེན་པར་གསོལ༔ མ་སྲིང་མཁའ་འགྲོ་རྒྱ་མཚོས་མཁྱེན་པར་གསོལ༔ བསྟན་སྲུང་དམ་ཅན་རྒྱ་མཚོས་མཁྱེན་པར་གསོལ༔ ཟོལ་མེད་རྩེ་གཅིག་བསྒྲུབ་པའི་རྣལ་འབྱོར་ངས༔ སྐྱབས་དང་སྐྱེལ་མ་རྟེན་དང་དཔུང་གཉེན་སོགས༔ མཆོག་གྱུར་རྩ་གསུམ་དམ་ཅན་རྒྱ་མཚོར་བགྱིས༔ བདེན་གཉིས་དམ་པའི་ཆོས་ལ་ཐེ་མ་ཚོམ༔ ཡེ་ཤེས་ལྷ་རྣམས་ཡང་དང་བློ་མ་བྲལ༔ དམ་ཚིག་གཉན་པོ་དབང་པོའི་མིག་བཞིན་བསྲུངས༔ བློ་སྙིང་བྲང་གསུམ་ལྷ་དང་བླ་མར་གཏད༔ བདག་ལ་རེ་ས་སྐྱབས་གནས་གཞན་མ་མཆིས༔ ཉེས་མེད་བདག་ལ་དགྲ་དང་བགེགས་བྱུང་ན༔ རྩ་གསུམ་དམ་ཅན་རྒྱ་མཚོ་མེད་དམ་ཅི༔ ཡང་ན་བསྟན་འགྲོ་ཐུགས་རྗེས་འདོར་རམ་ཅི༔ བདེན་གཉིས་དམ་ཆོས་བདེན་པས་བསླུས་སམ་ཅི༔ མཐུ་དང་སྟོབས་རྩལ་ནུས་པ་མེད་དམ་ཅི༔ རང་ཉིད་མ་ཉེས་བདེ་བར་འདུག་པ་བདག༔ མི་ཆོས་བློས་བཏང་ལྷ་ཆོས་དང་དུ་བླང་༔ ཚེ་འདི་བློས་གཏང་ཕྱི་མ་དོན་དུ་གཉེར༔ མི་དགེ་བློས་བཏང་དགེ་བ་དང་དུ་བླང་༔ སྡིག་ལྟུང་སྤངས་ཤིང་དམ་ཆོས་ལྷུར་ལེན་ལ༔ བརྒྱུད་བསླང་རྒྱུ་འབྲས་གསོད་པའི་ལག་དམར་བྱུང་༔ གང་ལྟར་བྲོས་ཀྱང་དེ་ལྟར་སླེབས་ནས་བྱུང་༔ ཇི་ལྟར་བཟློག་ཀྱང་ཚོལ་དུ་སླེབས་ནས་བྱུང་༔ རྩ་གསུམ་དམ་ཅན་རྒྱ་མཚོས་མ་གཟིགས་སམ༔ གཟིགས་ཤིག་དགོངས་ཤིག་གསོན་ཅིག་དམ་ཅན་རྣམས༔ མ་གཡེལ་མ་འགྱངས་དམ་ཚིག་གཉན་ལ་འདུས༔ རིག་འཛིན་རྩ་བརྒྱུད་བླ་མ་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་མ་ལུས་དཔང་དུ་དགོངས༔ མ་ཚོགས་ཡེ་ཤེས་མཁའ་འགྲོ་དཔང་ལ་དགོངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་དམག་ལ་ཆོས༔ ཐ་ཚིག་གཉན་གྱིས་དམོད་པ་དགྲ་ལ་ཡ༔ བཀའ་དང་ཐ་ཚིག་ཅན་རྣམས་ར་མདར་གྱུར༔ ཡིད་ལ་བརྣག་པའི་དགྲ་བགེགས་སྡིག་ཅན་འདི༔ ཁམས་གསུམ་གང་དུ་གནས་སམ་བྲོས་གབ་ཀྱང་༔ ཡེ་ཤེས་སྤྱན་ལ་གསལ་འགྲིབ་མི་མངའ་བས༔ མ་ཤོར་མྱུར་དུ་ཁུག་ལ་བསྒྲལ་མཛོད་ཅིག༔ དོ་ནུབ་བསྐུལ་ལོ་ལྷ་ཚོགས་ཐུགས་མ་གཡེལ༔ དོ་ནུབ་འབོད་དོ་ལྷ་ཚོགས་སྙན་མ་སྲ༔ དོ་ནུབ་གཡབ་བོ་ལྷ་ཚོགས་སྤྱན་མ་རྟུལ༔ དོ་ནུབ་རྦད་དོ་ལྷ་ཚོགས་མཐུ་མ་ཆུང་༔ ཛཿ འཛིན་བྱེད་དཔའ་བོ་ལག་མ་སྡུམ༔ གསོད་བྱེད་ཤན་པ་རྩལ་མ་ཞན༔ མངགས་པའི་ཕོ་ཉ་བང་མ་བུལ༔ རྒྱུག་བྱེད་མྱུར་མགྱོགས་རྩལ་མ་ཞན༔ ཟ་བྱེད་རྔམས་པ་ཁ་མ་ཆུང་༔ ལས་བྱེད་དྲེགས་པ་མཐུ་མ་ཆུང་༔ མཁྱེན་ལྡན་ལྷ་རྣམས་དཔང་དུ་རོལ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ལས་ལ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་ས་ལེར་གཟིགས་ཤིང་བཀའ་བསྒོས་པ་བཞིན་དུ་བསྟན་སྲུང་དམ་ཅན་རྣམས་ཀྱིས་རུ་ལུའི་སྒྲ་དང་བཅས་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས་དགྲ་བགེགས་ཐམས་ཅད་གཅེར་བུ་ལྷག་པས་དེད་པ་བཞིན་དུ་བཀུག་ནས་ལིངྒ་ལ་བསྟིམ་སྟེ་འོད་ནག་པོས་བསྟུམ་ནས་ཐིབ་ཀྱིས་བརྒྱལ༔ སྤྲུལ་པའི་ལས་མཁན་རྣམས་ཀྱིས་མཐའ་བསྐོར་ནས་བྲོས་ཤིང་ཐར་བའི་སྐབས་མེད་པར་བསམ༔ བསྒྲལ་བའི་དབང་དུ་གསོལ་བ་ནི༔ ཧཱུྃ་ཛ༔ བཀའ་བརྒྱུད་བླ་མ་གཟུ་དང་དཔང་དུ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་དུ་དགོངས༔ མ་བརྒྱུད་མཁའ་འགྲོ་གཟུ་དང་དཔང་དུ་དགོངས༔ བསྟན་སྲུང་རྒྱ་མཚོ་གཟུ་དང་དཔང་དུ་དགོངས༔ དམ་ཉམས་ལས་ངན་བསྟན་བཤིགས་ལག་དམར་འདིས༔ དང་པོ་སངས་རྒྱས་བསྟན་པ་གཉན་པོ་བཤིག༔ བར་དུ་དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཐ་མ་སྐྱེ་འགྲོའི་བདེ་བ་ཡུན་བསྟུང་ནས༔ ད་ལྟ་རྣལ་འབྱོར་བདག་ལ་གནོད་པ་བརྩམ༔ བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བགེགས་འདི༔ གསོད་ཅིང་སྒྲོལ་བའི་མངོན་སྤྱོད་ཕྲིན་ལས་མཛོད༔ ཟོལ་མེད་རྩེ་གཅིག་བསྒྲུབ་པའི་རྣལ་འབྱོར་ངས༔ མ་བཟོད་སྙིང་ནས་གདུང་བའི་ང་རོ་ཡིས༔ ལྷ་དང་སྲུང་མ་རྒྱ་མཚོ་དཔང་དུ་བསྐུལ༔ བསྟན་སྲུང་རྒྱ་མཚོ་མེད་དམ་ར་མདའ་ལོག༔ ཉེས་མེད་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་ངས༔ དད་དམ་དབང་གིས་དཔུང་གཉེན་ལྷ་ལ་འབོད༔ ཕུར་སྲུང་རྒྱ་མཚོ་མེད་དམ་ར་མདའ་ལོག༔ རྩེ་གཅིག་སྒོམ་སྒྲུབ་ལྷུར་ལེན་རྣལ་འབྱོར་ངས༔ སྐྱབས་མཆོག་རྩ་གསུམ་རྒྱ་མཚོ་འབོད་བསྐུལ་གྱིས༔ མཐུ་རྩལ་དྲག་པོ་མེད་དམ་དགྲ་ལ་རྦད༔ བྷྱོ༔ དྲག་པོའི་བཀའ་ཉན་དཔལ་གྱི་བཀའ་སྡོད་ཚོགས༔ ཀུན་བཟང་རྡོར་འཆང་པདྨ་ཐོད་ཕྲེང་སོགས༔ བརྒྱུད་ལྡན་རིག་འཛིན་རྒྱ་མཚོའི་སྤྱན་སྔ་རུ༔ ལྷག་གཏོར་རོལ་ཞིང་བསྟན་པ་བསྲུང་བ་དང་༔ གདུག་པའི་དགྲ་བགེགས་སྒྲོལ་བར་ཁས་བླངས་བཞིན༔ ཤ་ཁྲག་དམར་གྱི་གཏོར་མ་འདི་རོལ་ལ༔ བསྟན་པའི་ལག་དམར་བདག་གི་སྒོས་དགྲ་འདི༔ ཁམས་གསུམ་གང་ན་གནས་ཀྱང་ཁུག་ལ་ཤོག༔ མཐུ་རྩལ་དྲག་པོས་བསྒྲལ་བའི་ལས་མཛོད་ཅིག༔ མ་གཡེལ་མ་གཡེལ་བསྒྲུབ་པའི་དཀྱིལ་འཁོར་ལྷ༔ མ་འགྱང་དགྲ་བགེགས་ད་ལྟ་ཉིད་དུ་སོད༔ བཅོལ་བའི་ཕྲིན་ལས་མཛོད་ཅིག་ས་མ་ཡ༔ ལས་ཕུར་གཟི་བྱིན་བསྐྱེད་པ་ནི༔ ཕཊ༔ བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བའི་ཕྱག་གཡས་ཀྱི་སོར་མོ་ལྔ་ལ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་ཁྲག་འཐུང་ཡབ་ལྔར་བསྐྱེད༔ གཡོན་པའི་སོར་མོ་ལྔ་ལ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་ཁྲོ་མོ་ཡུམ་ལྔར་བསྐྱེད༔ ཨོཾ་བཛྲ་ཀྲོ་དྷ་ཀྲོ་དྷི་ས་མ་ཡ་སྟྭཾ་ཛཿཧཱུྃ་བཾ་ཧོཿ ཞེས་ཐལ་སྦྱར་གྱི་བར་དུ་ཕུར་པ་ཐོགས་ལ་བྱིན་གྱིས་བརླབ་ཅིང་ངར་བླུད་པ་ནི༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར༔ ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཡེ་ཤེས་དང་འཇིག་རྟེན་གྱི་དྲེགས་བྱེད་མཐུ་རྩལ་ནུས་སྟོབས་ཅན་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་བསྟིམ༔ སླར་ཡང་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་སྲས་མཆོག་ཀརྨ་ཀཱི་ལ་ཡ་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན་ཞལ་གཡས་དཀར་བ༔ གཡོན་དམར་བ༔ དབུས་ལྗང་ནག་འབར་བ༔ སྤྱན་དགུ་སྡང་མིག་གདུགས་སྟོང་གསལ་བའི་འོད་ལས་ལྷག་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་བཞི་བཞི་གཙིགས་པ༔ སྨ་ར་དང་སྨིན་མ་དམར་སེར་བསྐལ་པའི་མེ་ཞགས་འཕྲོ་བ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར་བ༔ ཕྱག་གཡས་དང་པོ་ན་རྡོ་རྗེ་རྩེ་དགུ༔ གཡོན་གྱི་དང་པོ་ན་མེ་དཔུང་༔ གཡས་ཀྱི་བར་མ་ན་རྒྱ་གྲམ༔ གཡོན་གྱི་བར་མ་ན་ཁ་ཊྭཱྃ༔ ཐ་མ་གཉིས་གནམ་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མལ་ནས་དྲངས་པ་ལྟ་བུ་སྐེད་པ་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་སྐྱུག་པ་ཞིག་ཏུ་བསྐྱེད་དོ༔ དེའི་རྒྱ་མདུད་གོང་མ་ལ་བླ་མ་རིག་འཛིན་ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ༔ ཆངས་བཟུང་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ཡོངས་སུ་རྫོགས་པ༔ རྒྱ་མདུད་འོག་མ་ལ་དཔལ་གྱི་བཀའ་སྡོད་ཕུར་སྲུང་རྒྱ་མཚོའི་ཚོགས་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟ་བུར་བསྐྱེད་དོ༔ གནས་གསུམ་དུཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ འོད་ཟེར་དཔག་ཏུ་མེད་པ་འཁོར་འདས་ཐམས་ཅད་ལ་ཁྱབ་པར་འཕྲོས་པས་རིགས་ཀུན་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལུས་པ་མེད་པར་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྟིམ་མོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གྲགས་སྟོང་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྟར་ལྡིར་བར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿརིགས་ཀུན་རྒྱལ་བ་ཐམས་ཅད་ཐུགས་ཀ་དག་ཡེ་ཤེས་ཀྱི་ཀློང་དུ་འདུས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གང་གདུལ་ཐབས་ཀྱིས་ཕྲིན་ལས་དྲག་པོའི་སྐུར་བཞེངས་པར་བསམ༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་དུག་གསུམ་སྒྲོལ་བའི་དབང་ཐོབ་པར་བསམ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཞེས་བརྗོད་པས་དུག་ལྔ་སྒྲོལ་བའི་དབང་ཐོབ་པར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཉོན་མོངས་འཁྲུལ་རྟོག་ཐམས་ཅད་ཀ་དག་ཆོས་ཀྱི་དབྱིངས་སུ་སྒྲོལ་བའི་དབང་ཐོབ་པར་བསམ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་མ་ཏི་དུས་ལ་བབ་བོ༔ ཞེས་བརྗོད་པ་ཙམ་གྱིས་རྡོ་རྗེ་ཕུར་པ་ཐུན་མཚོན་གྱི་ཚྭ་ཚྭ་དྲག་པོ་རླུང་ལྟར་འཚུབས་ཤིང་འཕྲོས་པས་དགྲ་བགེགས་ཐམས་ཅད་ཀྱི་སྙིང་ལ་ཐོག་ལྟར་བབ་པས་ཐིབ་ཀྱིས་བརྒྱལ་ཏེ་གཡོ་འགུལ་མེད་པར་གྱུར༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་སྲིན་པོའི༴ ཕྲིན་ལས་དྲག་པོའི༴ ཁྱོད་ཀྱི་མངོན་སྤྱོད་དུས་ལ་བབ༔ ཧཱུྃ༔ འཁོར་འདས་ཁྱབ་བདག་ཆེན་པོ་སྟེ༔ སྒྲོལ་བྱེད་ཕུར་པ་ཆེན་པོ་ཁྱེད༔ སངས་རྒྱས་ཀུན་གྱི་གཞི་གཅིག་སྟེ༔ འཁོར་འདས་སྲོག་འདུས་སྲོག་དབང་ཅན༔ ཐར་པ་ཉིད་དེ་ཉིད་དུ་འདྲོང་༔ ངན་འགྲོའི་གཞི་སྟེ་རང་བཞིན་འཇོམས༔ ལམ་ཀུན་ལམ་སྟེ་ལོག་ལམ་གཅོད༔ ཧཱུྃ༔ གཏུམ་ཆེན་འབར་བས་གཏི་མུག་འཇོམས༔ ཞེ་སྡང་སྲིན་པོས་ཞེ་སྡང་འདུལ༔ ང་རྒྱལ་ཆེན་པོས་ངར་འཛིན་གཅོད༔ འདོད་པ་ཆེན་པོས་འདོད་ཆགས་གསོད༔ ཕྲག་དོག་ལས་ཀྱིས་ཕྲག་དོག་འཇོམས༔ གཞི་རུ་གནས་ཤིང་ལམ་ཞེན་འདུལ༔ དུག་ལྔས་དུག་ལྔ་རང་འཇོམས་ཤིང་༔ ཀ་དག་གཞི་རུ་ཀུན་གཞི་སྡུད༔ ཁྱབ་བདག་རྡོ་རྗེ་རྡོ་རྗེའི་བདག༔ མི་སྲུན་རྡོ་རྗེ་སྲིན་པོར་བསྟོད༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ གཞོམ་བྲལ་ཐོགས་མེད་རྡོ་རྗེ་ཕུར་པ་ཆེ༔ དབྱིངས་ལས་སྐུར་བཞེངས་ལོག་རྟོག་དབྱིངས་སུ་སྒྲོལ༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་བཛྲ་ཀཱི་ལ་ཡ༔ སྤྲུལ་པའི་མཚོན་ཐུན་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་ཀཱི་ལ་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྒྱུ་རྐྱེན་སོད༔ རྡོ་རྗེ་གཞོན་ནུའི་ངོ་བོ་སྐུ་གསུམ་ལྷུན་གྲུབ་ཀྱི་ཕུར་བ་སྙིང་གར་གདབ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་རྦད་ནན༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་བོ་ཆེན་པོའི་དུས་ལ་བབ༔ སྲས་མཆོག་ཆེན་པོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ ཧཱུྃ༔ ང་ནི་རྡོ་རྗེ་རིགས་ཀྱི་བདག༔ ང་ནི་བཛྲ་ཀཱི་ལ་ཡ༔ རྡོ་རྗེ་ཕུར་པ་ལས་ལ་འགྱེད༔ དགྲ་བགེགས་སྙིང་ལ་ཀཱི་ལ་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྒྱུ་རྐྱེན་སོད༔ རྡོ་རྗེ་ཕུར་པའི་ངོ་བོ་མེ་ལོང་ཡེ་ཤེས་ཀྱི་ཕུར་བ་སྙིང་ལ་གདབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ དགྲ་བགེགས་སརྦ་ཤ་ཏཱུཾ་མཱ་ར་ཡ་རྦད་རྦད་ནན༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་བོ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ ཧཱུྃ༔ ང་ནི་རིན་ཆེན་རིགས་ཀྱི་བདག༔ ང་ནི་རཏྣ་ཀཱི་ལ་ཡ༔ རྡོ་རྗེ་ཕུར་པ་ལས་ལ་འགྱེད༔ དགྲ་བགེགས་སྙིང་ལ་ཀཱི་ལ་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྒྱུ་རྐྱེན་སོད༔ རཏྣ་ཀཱི་ལ་ཡ་ཡི་ངོ་བོ་མཉམ་ཉིད་ཡེ་ཤེས་ཀྱི་ཕུར་བ་ལྟེ་བར་གདབ་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་བོ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ ཧཱུྃ༔ ང་ནི་པདྨ་རིགས་ཀྱི་བདག༔ ང་ནི་པདྨ་ཀཱི་ལ་ཡ༔ རྡོ་རྗེ་ཕུར་པ་ལས་ལ་འགྱེད༔ དགྲ་བགེགས་སྙིང་ལ་ཀཱི་ལ་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྒྱུ་རྐྱེན་སོད༔ པདྨ་ཀཱི་ལ་ཡའི་ངོ་བོ་སོར་རྟོག་ཡེ་ཤེས་ཀྱི་ཕུར་པ་མགྲིན་པར་གདབ་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་བོ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ ཧཱུྃ༔ ང་ནི་ལས་ཀྱི་རིགས་ཀྱི་བདག༔ ང་ནི་ཀརྨ་ཀཱི་ལ་ཡ༔ རྡོ་རྗེ་ཕུར་པ་ལས་ལ་འགྱེད༔ དགྲ་བགེགས་སྙིང་ལ་ཀཱི་ལ་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྒྱུ་རྐྱེན་སོད༔ ཀརྨ་ཀཱི་ལ་ཡའི་ངོ་བོ་བྱ་གྲུབ་ཡེ་ཤེས་ཀྱི་ཕུར་པ་གསང་གནས་སུ་གདབ་ལ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན༔ ཅེས་གདབ་པས་དགྲ་བགེགས་ཀྱི་འཁྲུལ་སྣང་འཁོར་བའི་རྒྱུ་རྐྱེན་བག་ཆགས་ཐམས་ཅད་ཀ་དག་ལྷུན་གྲུབ་ཀྱི་ངང་དུ་བསད་པར་བསམ༔ སྙིང་གི་དབུས་སུ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་ཉུང་འབྲུ་ཙམ་དྭངས་མ་འོད་ཀྱི་གོང་བུ་རུ་གནས་པ་ལ་ཕུར་པ་བཏབ་པས་རླུང་གི་འཕྲོ་འདུ་བཅད་འབྱུང་བའི་དྭངས་མ་འཇོམས་རྣམ་པར་ཤེས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་བཞིན་དུ་ཕུར་བའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་ཡར་དྲངས་ཏེ་ཧེ་རུ་ཀ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་ཁོ་ཡི་ལུས་སེམས་བྲལ་ཏེ་བཀྲག་མདངས་ཉམས༔ བག་ཆགས་ཉེར་ལེན་གྱི་ཕུང་པོ་སྡིག་སྒྲིབ་ཉེས་སྐྱོན་དང་བཅས་བཤུལ་དུ་གནས་པ་ལ་བཤིགས་བྱེད་མཚོན་གྱི་ཆར་པ་འབེབས་པར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་མཱ་ར་ཡ་རྦད་ཨ་ཕཊ༔ མི་དགེ་བག་ཆགས་ཉོན་མོངས་འདུལ་བ་ལ་ཧཱུྃ་ཀཱ་རའི་ཕུར་བ་སྤྱི་བོར་གདབ་ལ༔ ཧཱུྃ་ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་རྒྱལ་ཧཱུྃ་ཀཱ་ར༔ སྤྲུལ་པ་རྡོ་རྗེ་ཕུར་ཐུན་འགྱེད༔ དགྲ་བགེགས་སྲོག་ལ་ཀཱི་ལ་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་བོ་རྣམ་པར་རྒྱལ༔ ཕུར་ཐུན་མཚོན་ཆ་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ དཔྲལ་བར་གདབ་ལ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་ཆེན་དབྱུག་སྔོན་ཅན༔ སྤྲུལ་པ་ཕུར་ཐུན་ཐོག་ལྟར་འབེབས༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ༔ དཔུང་གཡོན༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་ཆེན་གཤིན་རྗེའི་གཤེད༔ ཕུར་ཐུན་མཚོན་ཆ་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྟེ་བ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་རྒྱལ་མི་གཡོ་མགོན༔ སྤྲུལ་པ་ཕུར་ཐུན་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དཔྱི་གཡོན༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་ཆེན་རྟ་མགྲིན་རྒྱལ༔ སྤྲུལ་པ་ཕུར་མཚོན་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མགྲིན་པར༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་བོ་འདོད་པའི་རྒྱལ༔ སྤྲུལ་པ་ཕུར་ཐུན་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ དཔྱི་གཡས༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ སྤྲུལ་པ་ཕུར་ཐུན་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་ཆེན་ཁམས་གསུམ་རྒྱལ༔ རྡོ་རྗེ་ཕུར་པ་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ དཔུང་གཡས༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོའི་རྒྱལ༔ ང་ནི་ཁྲོ་རྒྱལ་སྟོབས་པོ་ཆེ༔ ཕུར་ཐུན་མཚོན་ཆར་ལས་ལ་འགྱེད༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ འཁྲུལ་འཁོར་གཡོ་འཁྲུགས་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ དགྲ་གདོན་བགེགས་ཚོགས་ཐམས་ཅད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ གསང་གནས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཕྱག་བརྙན་ཆེན་པོའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཁྲ་ཐབས་ཀྱི་ཕུར་པ་གནས་དྲུག་ཏུ་གདབ་ལ༔ ཧཱུྃ༔ ང་ནི་སྤྱི་དཔལ་ཆེན་པོའི་སྐུ༔ ང་ནི་རྡོ་རྗེ་ཕུར་པ་ཆེ༔ ཟ་གསོད་ཁྲ་ཐབས་ལས་ལ་འགྱེད༔ ཕུར་པའི་དབལ་ཟོར་ཐོག་ལྟར་འགྱེད༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་གདོན་བགེགས་ཚོགས་ལོག་འདྲེན་རྣམས་ཀྱི་བླ་ཚེ་སྲོག་གསུམ་ལ་མཱ་ར་ཡ་ཕོབ་ཛ་རྦད་ཛཿཧཱུྃ་ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ སྙིང་རྗེས་ཁུག་ཅིག་ལྕགས་ཀྱུ་མ༔ བྱམས་པས་ཆིངས་ཤིག་ཞགས་པ་མ༔ དགའ་བས་སྡོམས་ཤིག་ལྕགས་སྒྲོག་མ༔ བཏང་སྙོམས་ཀྱིས་ཕོབ་དྲིལ་བུ་མ༔ རྡུལ་དུ་རློག་ཅིག་ས་མ་ཡ༔ ཛཿཧཱུྃ་བཾ་ཧོཿ ནྲྀཿ ཏྲིཿ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁུག་ཛཿ ཆིངས་ཧཱུྃ༔ སྡོམ་བཾ༔ ཕོབ་ཧོཿ བཛྲ་ས་མ་ཡ་ཛཿ ཐུན་མཚོན་སྣ་ཚོགས་ཀྱི་ཆར་ཆེན་པོ་ཕོབ་བོ༔ འགུགས་པའི་ལས་ནི༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ དཔལ་ཆེན་ལྷ་ཚོགས་མཐུ་མ་ཆུང་༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ མྱུར་དུ་ལིངྒ་འདི་ལ་ཁུག༔ རྩ་སྔགས༔ དགྲ་བགེགས་མཱ་ར་ཡ་ཨཾ་ཀུ་ཤ་ཛ༔ དབྱེ་བར་བྱེད་པ་ནི༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ དཔལ་ཆེན་ལྷ་ཚོགས་མཐུ་མ་ཆུང་༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ སྐྱོབ་བྱེད་ལྷ་དང་བྲལ་བར་གྱིས༔ རྩ་སྔགས༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་དང་ཕྱེས་ཤིག༔ བཛྲ་པྲ་ཝེ་ཤ་ཡ་ཕཊ་ཕཊ༔ སྨྱོ་རུ་གཞུག་པ་ནི༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ དཔལ་ཆེན་ལྷ་ཚོགས་མཐུ་མ་ཆུང་༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ སྨྱོ་ཞིང་བརྒྱལ་ནས་རེངས་སུ་ཆུག༔ རྩ་སྔགས༔ དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་རེངས་རེངས་རྨུག་རྨུག་རྦད་ནན་མཱ་ར་ཡ་ཕཊ༔ སྟོབས་གཞོམ་པ་ནི༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ དཔལ་ཆེན་ལྷ་ཚོགས་མཐུ་མ་ཆུང་༔ ཡིད་ལ་བརྣག་པའི་དགྲ་བགེགས་འདིའི༔ སྟོབས་རྩལ་ནུས་པ་བརླག་པར་གྱུར༔ དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་སྐྱུག་སྐྱུག་ཐུམ་རི་ལི་ལི་ཆིངས་ཆིངས་ཐིབ་ཐིབ་རྦད་ནན༔ ཕྱེ་མར་བཏུལ་བ་ནི༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ དཔལ་ཆེན་ལྷ་ཚོགས་མཐུ་མ་ཆུང་༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི༔ ཁྲོ་མོ་འབར་བའི་གཏུན་དུ་བཀུག༔ རྡོ་རྗེ་ཐོ་ཆེན་འབར་བས་བརྡུང་༔ ཕུང་ཁམས་སྐྱེ་མཆེད་ཉོན་མོངས་ཀུན༔ ལྷག་མ་མེད་པར་རྡུལ་དུ་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྩ་སྔགས༔ དགྲ་བགེགས་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་ཚལ་པར་རྦད་ནན་སྭཱ་ཧཱ༔ དེ་ནས་དགྲ་བགེགས་ཀྱི་ཚེ་བསོད་འཕྲོག་པ་ནི༔ བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་དམར་ནག་གཅིག་འཕྲོས་ཏེ་དགྲ་བགེགས་ཀྱི་སྟེང་གི་ནམ་མཁའ་ལ་གནས་པ་དེའི་འོད་ཟེར་གྱིས་དགྲ་བགེགས་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ལྷག་མ་མ་ལུས་པར་ནྲྀ་ལྗང་གུའི་རྣམ་པར་བསྡུས་ཏེ་ཧཱུྃ་ལ་བསྟིམ༔ བདག་མདུན་གཉིས་མེད་ཐུགས་ཀ་ནས༔ དབང་ཆེན་གསང་བའི་ཧེ་རུ་ཀའི༔ འོད་ཀྱིས་དགྲ་བགེགས་ཚེ་བསོད་བསྡུས༔ སླར་འདུས་རྒྱུ་ཡི་སེམས་དཔར་བསྟིམ༔ ཨོཾ་ནྲྀཿ བཛྲ་པཱ་ཤཾ་ཀུ་རུ་ཡེ་ཨ་བཛྲ༔ ཕེཾ་ཕཊ༔ ཀྱི་སྒྲས་རང་གི་ཐུགས་ཀའི་ཧཱུྃ་ལ་བསྟིམ་པས་རང་ཉིད་ཚེ་བསོད་དཔལ་འབྱོར་གཟི་བརྗིད་འོད་ཕུང་དང་ལྡན་པར་བསམ༔ མཐར་ཞལ་དུ་བསྟབ་པ་ནི༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་རྒྱལ་ཆེན་པོའི༴ སྲས་མཆོག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ ཕྱག་བརྙན་ཆེན་པོའི༴ ཡང་སྤྲུལ་ཆེན་པོའི༴ ཤྭ་ན་མུ་ཁའི༴ བདག་ཉིད་ཆེན་མོའི༴ ས་བདག་ཆེན་མོ༴ སྐྱེས་གིང་ཆེན་པོའི༴ བཀའ་སྡོད་སྲུང་མའི༴ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གློག་དམར་ལྟ་བུའི་ལྗགས་སྐྱོངས་ཤིག༔ གངས་རི་ལྟ་བུའི་མཆེ་གཙིགས་ཤིག༔ ཉི་ཟླ་ལྟ་བུའི་སྤྱན་གྱིས་གཟིགས༔ གདུག་པའི་དགྲ་བགེགས་གནོད་བྱེད་ཚོགས༔ མཉམ་ཉིད་ཧོམ་ཁུང་འབར་བའི་ཞལ་དུ་བསྟབས༔ འགགས་མེད་རོལ་པ་ཆེན་པོའི་མགྲིན་པར་བྲུབ༔ ཆོས་ཉིད་རོལ་པ་ཆེན་པོའི་ཐུགས་སུ་བསྲེ༔ འགྲོ་འདུལ་རྒྱལ་པོ་སངས་རྒྱས་ཐོབ་པར་ཤོག༔ ཧ་ཧེ་ཧཱུྃ་ཕཊ༔ སྔགས་ཀྱི་མཐར༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་སརྦ་ཁ་ཁ་ཁཱ་ཧི༔ ཞེས་པས་ལས་ཀྱི་རྣམ་པར་སྨིན་པའི་འཕྲོ་མཚམས་ཟད་ཅིང་དུག་གསུམ་སྐུ་གསུམ་གྱི་ཀློང་དུ་བསྒྲལ༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངང་དུ་བསྒྲལ་ཞིང་༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོར་བསྒྲལ་བར་བསམ༔ སྣང་སྲིད་འཁོར་འདས་ཐམས་ཅད་གཞི་ཀ་དག་ལྷུན་གྲུབ་ཆེན་པོའི་ངང་དུ་བསྲེས་ཏེ་བཞག་གོ༔ སློབ་མའི་མཆོག་གྱུར་ཡེ་ཤེས་མཚོ་རྒྱལ་མ༔ པདྨའི་སྙིང་ཐིག་ཟབ་མོ་ཡི་གེར་ཐོབས༔ འོད་གསལ་གསང་བའི་སྦུབས་སུ་སྦས་རྒྱར་ཐོབས༔ བཀའ་འདི་སྔགས་སྲུང་ཨེ་ཀ་ཛ་ཊཱིས་སྲུངས༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བརྒྱད་ལ་བཀའ་རྒྱས་བཏབ་མཐར་འབྲོས་ཕུག་དབེན་པའི་བྲག་སྐྱིབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།