བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། པ༽ · 10 Texts

From Dudjom Wiki
DJYD-KABUM-Volume-13-PA



Karchag

Karchag PDF
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། པ༽ པ་འདིར། གཏེར་གསེར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ལྡེབ་ ༡༢ དེའི་ཁྲིད་ཡིག་ལྡེབ་ ༡༩༧ དག་སྣང་སྔོན་འགྲོའི་དམིགས་ཟིན་མདོར་བསྡུས་ལྡེབ་ ༢ འཕོ་བའི་ཁྲིད་ཡིག་ལྡེབ་ ༡༠ རི་ཆོས་དམར་ཁྲིད་ལྡེབ་ ༡༣ ཐོད་རྒལ་ལྡེབ་ ༤༩ རྫོགས་ཆེན་ནམ་མཁའ་སུམ་ཕྲུག་ལྡེབ་ ༥ ཡང་ནམ་མཁའ་སུམ་ཕྲུག་བསྡུས་པ་ལྡེབ་ ༡ སྣང་སྦྱང་གི་བསྡུས་དོན་ས་བཅད་ལྡེབ་ ༧ སྣང་སྦྱང་ས་བཅད་མའི་ཀླད་ཀྱི་དོན་འགྲེལ་ལྡེབ་ ༤ དང་གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༣༠༡ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འདིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག ། ༈ །མཁན་སློབ་ཆོས་གསུ༵མ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ༵་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ༵་སྣང་བ་དང། །མི་འབྲལ་དུས་གསུམ༵་དགེ་ལེགས་ཤོག། །།