Property:Colophontib
From Dudjom Wiki
This is a property of type Text.
ཀ
ཅེས་པའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བྲིས་པའོ།། +
དཔའ་བོ་གསང་བདག་དགྱེས་པ་རྡོ་རྗེའི་ངོར། །མ་ནུས་རྒན་པོ་སེམས་ཉིད་ཧད་པོས་བྲིས།། +
ཀ་དག་རྫོགས་པ་ཆེན་པོའི་ཀློང་མཛོད་ཟབ་མོ༔ མ་བཅོས་རྫོགས་ལྡན་རང་བྱུང་གི་སངས་རྒྱས༔ ཀུན་ཏུ་བཟང་པོའི་དགོངས་པ་ལག་པའི་མཐིལ་དུ་བཀྲམ་ནས་ལྷག་གེར་བསྟན་པ༔ དགོངས་བརྡ་སྙན་བརྒྱུད་ཆིག་རྫོགས་ཀྱི་མན་ངག་བཀའ་རྒྱ་མ་བཞུགས་སོ༔ +
ཞེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་སྒྱུ་མར་རོལ་པའི་སྣང་ཉམས་སུ་ཤར་བ་གདུལ་བྱ་དུས་ལ་བབས་ཚེ་སྐལ་བཟང་སློབ་མ་རྣམས་ཀྱི་དོན་དུ་དག་པར་ཟབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཚེས་བཅུའི་མིང་ཅན་ནོ། །དགེའོ།། +
དེ་ལྟར་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་ཞི་ཁྲོ་གསང་འདུས་ལས་བྱང་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་འདི་ནི། ཚུལ་འདིར་གཏེར་སྟོན་ཆོས་བདག་རིམ་བྱོན་བཅས་པའི་ཞལ་སྐོང་ལྷན་ཐབས་སོགས་རྒྱས་པར་བཞུགས་ཀྱང་རྣམ་གསལ་ཁྲིགས་སུ་བསྡེབས་པའི་ཡིག་ཆ་བཀླག་ཆོག་མ་མེད་པའི་རྐྱེན་གྱིས། ཕྱིས་སུ་གྲོང་སྔགས་མཁས་བླུན་མང་པོའི་ཕྱག་ལེན་འདྲ་མིན་རྒྱས་བསྡུས་ཀྱི་མཐར་ལྷུང་བ་མ་ཟད་མ་དག་རྒྱུན་འབྱམས་ཀྱི་དཔེ་ཚོགས་ཕ་ཕོར་གཙང་ཞེན་དུ་ཁྱེར་བ་ལས་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་ཆོ་ག་ཇི་སྙེད་ཅིག་མཐོང་བས་རྐྱེན་བྱས་ཏེ། ལྷོ་མོན་ཤར་ཕྱོགས་མངྒ་ལའི་ལྗོངས་ཀྱི་སྔགས་བཙུན་བསྟན་འཛིན་ཀུན་ལེགས་ནས་པད་གླིང་ཆོས་ཀྱི་བརྒྱུད་འཛིན་ཡོངས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་ངེས་པས་འཇུག་བདེའི་ངག་ཁྲིགས་བཀླག་ཆོག་མ་ཞིག་ཅི་ནས་གྲུབ་པར་གྱིས་ཞེས་ཡང་དང་ཡང་དུ་བསྐུལ་བ་དང་། ཉེ་ཆར་སྤྱི་ཏི་སྤྲིན་དགོན་གསང་སྔགས་ཆོས་གླིང་གི་འདུས་སྡེའི་ཆོས་མཛད་ཨོ་རྒྱན་ཚེ་རིང་ནས་ཀྱང་ཕྱི་མོ་སྤར་དུ་འདེབས་པའི་མཐུན་རྐྱེན་སྦྱར་བ་དང་བཅས་ནན་དུ་བསྐུལ་བ་ལ་བརྟེན་ནས། གཏེར་གཞུང་རྩ་བའི་དགོངས་པ་གཞིར་བཟུང་སྐབས་སུ་བབས་པའི་ཁ་སྐོང་དུ་འོས་པ་རྣམས་རྒྱུད་ལུང་མན་ངག་གི་གནད་གསང་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ཀྱི་གཏན་ལ་ཕབ་པ་ལྟར་འཇུག་བདེའི་ལས་ཁྲིགས་སུ་བསྡེབས་ཏེ། བཀའ་གཏེར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་ཟབ་གནད་ཆ་ཙམ་ཁོང་དུ་ཆུད་པའི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་དགུ་པའི་ཐོག་ཏུ་སོན་པ་ཆུ་ཕོ་བྱི་བའི་ལོ་གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་ལ། གངས་ལྡན་གྱི་རི་བོའི་རྒྱུད་རྡོ་རྗེ་གླིང་གི་གྲོང་ཁྱེར་ཆེན་པོའི་ལྟེ་བ་རྣམ་གྲོལ་ཁང་བཟང་གི་བསྟི་གནས་སུ་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་མོན་གྱི་རིག་བྱེད་པ་དབང་དྲག་བསྟན་འཛིན་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་མཆོག་གི་ཕྲིན་ལས་མཁའ་ཁྱབ་ཏུ་རྟག་ཅིང་མི་ནུབ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། +
།ཅེས་པའང་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་བསྟན་པའི་བདག་པོ་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་སྐུ་ཕྲེང་དགུ་པ་ཀུན་བཟང་པདྨ་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན་ལམ་འདིའི་གདུལ་བྱ་རྗེས་འཇུག་རྣམས་ལ་ཕན་པའི་བསམ་པས། རིག་འཛིན་གཏེར་བདག་གླིང་པའི་ཁྲིད་ཡིག་སྙིང་པོ་རབ་གསལ་གྱི་དགོངས་པ་གཞིར་བཟུང་། སྔར་གྱི་ཆོས་སྤྱོད་གསུང་རྒྱུན་དག་ལས་འཇུག་བདེའི་ངག་འདོན་བཅུད་དུ་དྲིལ་ཏེ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ལམ་འདིའི་རིང་ལུགས་ཕྱོགས་མཐར་ཁྱབ་ཅིང་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། +
ཀྱེ་ཀྱེ། རིགས་ཀྱི་བུ་ཁྱོད་ཚུར་ཉོན་སོགས་ཀུན་རྡོར་ལ་གདམས་པ་དང་། །རྗེ་དུས་གསུམ་རྒྱལ་བ་འདུས་པའི་སོགས་འཇིགས་མེད་ཀུན་བཟང་ལ་གདམས་པ། སྣང་སྲིད་འཁོར་འདས་ཀྱི་བསྡུས་སོགས་ཚུལ་ཁྲིམས་དང་པད་གསལ་ཟུང་ལ་གདམས་པ་བཅས། +
* '''First colophon:''' ཅེས་ཀུན་རྡོར་གྱི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།།
* '''Second colophon:''' ཞེས་པ་འདི་སློབ་བུ་འཇིགས་མེད་ཀུན་བཟང་ཞེས་བྱ་བས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་འཆོལ་གཏམ་ལབ་མོར་སྨྲས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།།
* '''Third colophon:''' ཅེས་གསུངས་པ་བཞིན་དུ་ཚེ་གཅིག་ཏུ་འབད་པར་གྱིས་ཤིག །ཚུལ་ཁྲིམས་དང་པད་གསལ་ཟུང་གི་ངོར་བདུད་འཇོམས་པས་སྨྲས་སོ།།
+
ཞེས་པ་འདི་ཀུན་བཟང་བསྟན་འཛིན་གྱི་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། +
ཅེས་བདུད་འཇོམས་པས་ཞོ་བླ་ལ་གདམས་སོ།། +
* '''First colophon:''' བདུད་འཇོམས་པས་སོ།།
* '''Second colophon:''' ཅེས་བདུད་འཇོམས་པས་སྨྱོ་གླུ་ཉུང་བསྡུས་གཏིང་ཟབ་པ་ཀུན་གྱིས་རྟོགས་པར་དཀའ་བ་ལྷུན་གྲུབ་རྡོ་རྗེའི་ངོར་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།།
+
ཁ
ཁ་བསྒྱུར་འདི་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ།། +
ཞེས་པའང་བདུད་འཇོམས་པས་སོ། །ཁང་ལུང་གནས་ལ་གསོལ་མཆོད་དུ་མཛད་པའོ།། +
མི་རྒན་བདུད་འཇོམས་རྡོ་རྗེའི་སྙིང་གཏམ་འདི། །དཀོན་མཆོག་གྲགས་པའི་ཐུགས་སུ་ཆུབ་པར་མཛོད། །དགེའོ།། +
* '''First colophon:''' ཅེས་གསོལ་འདེབས་སྨོན་ལམ་འབྲེལ་བའི་རྐང་པ་བདུན། །སྐྱེས་མཆོག་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་བའི་ངོར། །མི་རྒན་བདུད་འཇོམས་རྡོ་རྗེས་འཕྲལ་དུ་བྲིས།།
* '''Second colophon:''' ཅེས་པ་འདི་ཡང་སྡོང་གི་སྐྱེས་བུ་ཡོངས་གྲུབ་ཀྱི་ངོར།རྒན་པོ་བདུད་འཇོམས་རྡོ་རྗེས་སོ།།
* '''Third colophon:''' བདུད་འཇོམས་རྡོ་རྗེས་སྨྲས་སོ།།
+
ཞེས་པ་འདི་དགེ་མ་སངས་རྒྱས་སྒྲོན་མས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་བཞིན་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་འདིས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། +
།ཞེས་པའང་ཉེར་མཁོའི་ལག་ལེན་ཕྱོགས་མཚོན་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།། +
།ཅེས་པའང་གློ་བུར་གྲིབ་གདོན་གྱིས་གཙེས་ཏེ་ཚོར་བ་སྡུག་བསྔལ་གྱིས་ཉམ་ཐག་པར་བྱས་པ་རྣམས་ལ་གདུང་སེལ་འདོད་པ་འཇོ་བོའི་ཆ་རྐྱེན་དུ། གཏེར་བྱོན་སྨེ་བརྩེགས་མན་ངག་རྣམས་ཀྱི་བཅུད་བསྡུས་ནས་འཇུག་པ་བདེ་བའི་ངག་ཁྲིགས་སུ་བསྡེབས་པ་པོ་ནི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། འདིས་ཀྱང་གཞན་ལ་ཕན་པ་ཆེན་པོ་འབྱུང་བའི་གཞིར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། +
ཁྲོས་མའི་ཐོད་རྒལ་གྱི་བླ་མའི་རྣལ་འབྱོར་གསང་བ་ཐབས་ཀྱི་གནད་ཐིག་དང་ཟུར་འདེབས་ངག་འདོན་ནག་འགྲོས་སུ་བསྡེབས་པ། +
།ཞེས་འདོན་ཆ་ནག་འགྲོས་སུ་བསྡེབས་པ་པོ་ནི་ཛྙཱ་ནའོ།། +
།ཞེས་པའང་བློ་གསར་བུ་རྣམས་ལ་ཕན་པའི་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་ཟིན་བྲིས་སུ་བཏབ་པ་དགེ། +
།ཞེས་པའང་བློ་གསར་བུ་རྣམས་ལ་ཕན་པའི་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་དགེ། +
།ཞེས་པའང་བློ་གསར་བུ་རྣམས་ལ་ཕན་པའི་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་དགེ། +