Property:Colophontib

From Dudjom Wiki

This is a property of type Text.

View ( | ) (20 | 50 | 100 | 250 | 500)
Showing 20 pages using this property.
ད
ཅེས་མི་རྒན་བདུད་འཇོམས་རྡོ་རྗེས་ཇོ་མོ་བློས་སྒྲོན་ལ་གདམས་པའོ།།  +
ཞེས་པ་འདི་ནི་གར་དབང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་པའོ། །དགེའོ། །དགེའོ། །དགེའོ།།  +
ཞེས་སློབ་བུ་ཡེ་ཤེས་རྒྱ་མཚོས་བསྐུལ་ངོར་བླུན་པོའི་ཐ་ཤལ་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།  +
།ཅེས་པའང་པདྨའི་ཕོ་ཉ་ཕྱོགས་ཀུན་ཏུ་རྒྱུ་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།གོང་གི་སྤྲེལ་ཟླའི་ངོས་འཛིན་འདི་བླ་མ་དགོངས་འདུས་ལྟར་བཀོད་པ་སྟེ། གཞན་ཡོངས་གྲགས་ཕུག་ལུགས་པས་ལྔ་པ་སྣྲོན་ཟླར་ངོས་འཛིན་མཛད་དོ།།  +
།ཞེས་ཕྱག་བཞེས་མཐོང་བརྒྱུད་ཀྱི་ལས་ཐོ་བརྗེད་བྱང་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།།  +
།ཞེས་པའང་རྒྱའི་སྔགས་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཞུང་དོན་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།  +
ཅེས་པ་འདི་སློབ་འབངས་སུ་གྱུར་པ་དོན་རྟོགས་ཞེས་བྱ་བ་ལ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤིན་ཏུ་གཅེས་པའི་སྙིང་གཏམ་གདམས་པའོ། །དགེའོ། །དགེའོ། །དགེའོ།།  +
།འདི་ནི་ལས་འབྲེལ་རྩལ་གྱི་མན་ངག་སྙིང་ཐིག་གི་བཀའ་སྲོལ་ལས་བྱོན་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཡིག་ཆ་ལས་སྙིང་པོར་བྲིལ་བ་སྟེ། སྲོག་དབང་གི་ཆོ་གའང་འདོད་འཇོའི་བུམ་བཟང་བཞིན་ནོ༎  +
།ཞེས་པའང་ཉེ་བར་གནས་པ་བློ་གྲོས་ཉི་མས་བསྐུལ་བ་ལྟར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་དགོངས་པས་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག  +
ཅེས་པ་འདི་ནི་ས་སྐྱོང་མིའི་རྗེ་མོ་མཁའ་སྤྱོད་དབང་མོས་བསྲིངས་ཡིག་གི་ལམ་ནས་བསྐུལ་ངོར། །ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།  +
ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  +
ན
ཅེས་པད་བདེའི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།  +
ཅེས་པ་འདི་མི་ཡི་དམ་པ་ས་སྐྱོང་ལྕགས་ལ་རྒྱལ་པོའི་སྲས་པོ་ཕུན་ཚོགས་དབང་ཕྱུག་གིས་བསྐུལ་ངོར་གླིང་པ་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །ཛ་ཡནྟུ།།  +
ཞེས་པའང་ཁྲིད་ཡིག་ལས་ཛྙཱ་ནས་བཀོལ་བའོ།།  +
།ཞེས་པའང་རྒྱའི་སྔགས་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ནས་བསྐུལ་བར་མཛད་པ་ལས་དོང་སྤྲུགས་རྩ་བའི་ཁྲིད་ཡིག་གི་སྙིང་པོ་དོན་གྱི་བཅུད་ཕྱུངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།  +
།ཅེས་པའང་ལམ་འདིར་མོས་པའི་བློ་ཅན་དུ་མས་རིང་མོ་ཉིད་ནས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། རྩ་བའི་མན་ངག་འཇུག་བདེའི་ལག་ལེན་དུ་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་དབང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་སྐལ་པ་ཅན་ལ་འདོད་པའི་དངོས་གྲུབ་འགྲུབ་པའི་ཆ་རྐྱེན་དུ་གྱུར་ཅིག །མངྒ་ལ་ཛ་ཡནྟུ།།  +
འདིའང་ཁྲག་འཐུང་བདུད་འཇོམས་གླིང་པའི་ཞལ་རྒྱུན་འཁྲུལ་མེད་བདག་གི་བླ་མའི་སྙན་བརྒྱུད་ཟིན་བྲིས་སུ་བཏབ་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།  +
ཅེས་པའང་སློབ་དཔོན་ཨོ་རྒྱན་བསྟན་འཛིན་གྱི་བཞེད་སྐོང་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཀར་པོའི་ཕྱོགས་ཀྱི་དུས་ཚོད་བཟང་པོར་ཤར་མར་སྦྱར་བ་ཛ་ཡནྟུ།།  +