Property:Colophontib

From Dudjom Wiki

This is a property of type Text.

View ( | ) (20 | 50 | 100 | 250 | 500)
Showing 20 pages using this property.
བ
།ཞེས་པའང་བསྟན་འགྲོ་སྤྱིའི་རིམ་གྲོ་ལ་འདི་ལྟར་རྩོམ་པ་སྐབས་སུ་བབས་པ་ན་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིལ་གནོན་གྱི་ལོ་དྲག་པོའི་ལས་ལ་བསྔགས་པའི་ཉིན་མོའི་ཐུན་གཅིག་ལ་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །།ཛ་ཡནྟུ།།  +
།ཞེས་པའང་གཏེར་ཆེན་མཐུ་སྟོབས་གླིང་པའི་རྣམ་འཕྲུལ་ཨོ་རྒྱན་ཆེ་མཆོག་འདུས་པ་རྩལ་གྱི་བཞེད་སྐོང་དུ། རྩ་བའི་གཞུང་དོན་མན་ངག་གིས་ཕྱེས་ཏེ་དུས་མཐའི་རྡོ་རྗེ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཁམས་ཁྱུ་མཆོག་གི་ལོ་དབྱར་ཉི་ལྡོག་པ་དགྲ་བོ་འཆི་བའི་སྦྱོར་བ་དང་ལྡན་པའི་དུས་ཀྱི་ཉིན་ཀོང་ཡུལ་བདུད་རི་རྔམས་ཆེན་སྒྲ་སྒྲོགས་ཀྱི་མགུལ་དུ་སྦྱར་བའི་ཡི་གེ་པ་ནི་སྐྱུ་རུའི་སྔགས་འཆང་པདྨ་དབང་ཆེན་གྱིས་བགྱིས་པའོ། །སརྦ་མངྒ་ལཾ།།  +
།ཞེས་པའང་རྩ་བའི་ཆོས་ཀྱི་བདག་པོར་གྲུབ་པ་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཐུགས་དམ་ཉམས་བཞེས་ཀྱི་གསལ་འདེབས་སུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསམ་འགྲུབ་ཕོ་བྲང་གི་གནྡྷོ་ལར་ཟིན་བྲིས་སུ་བཏབ་པ་ཛ་ཡནྟུ།།  +
།ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྒྱུད་འཛིན་ངེས་པའི་སྐལ་ལྡན་རྣམས་ཀྱི་དོན་དུ་སྤེལ་བ་སྟེ་གང་བྱུང་གིས་འཆོལ་བར་སྤྱོད་ན་དྲེགས་པ་སྡེ་བརྒྱད་ཀྱི་བཀའ་ཆད་འབེབས་པར་གདོན་མི་ཟ་བས་བག་ཡོད་པར་བྱའོ།  +
།ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ང་གསུམ་པ་གདོང་ངན་མེ་སྤྲེ་ལོ་སྣྲོན་གྱི་ཟླ་བར་དབུས་རི་ནག་པོ་མཐུར་རྒྱུག་གི་ཟད་མཚམས་ཆུ་བོ་ལོ་ཧི་ཏ་དང་ཉང་ཁའི་གཙང་པོ་སྣེ་འཛོམ་པའི་འདུས་མདོ་རྩེ་ལ་སྒང་གི་རི་རྒྱུད་གླང་པོའི་སྣ་ཞགས་འདྲ་བའི་རྩེར། གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་གི་དོན་བཞིན་བོད་ཁམས་བསྟན་སྲིད་སྤྱིའི་རིམ་གྲོལ་ཚུ་ལ་འདིའི་སྒོ་ནས་དམ་འགོང་གཟིར་མནན་དང་འབྲེལ་བར་བདུད་འདུལ་མཆོད་རྟེན་ཟབ་མོ་བསྐྲུན་པའི་སྐབས། ལམ་འདིའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་དོན་གཉེར་གྱི་བསྐུལ་མ་དང་ཡི་གེའི་གྲོགས་དན་ལ་བརྟེན་ནས་ཟིན་བྲིས་སུ་བཏབ་པ་ཛ་ཡནྟུ།  +
།ཞེས་མྱོས་སྟོན་ཚེ་དབང་དཔལ་འབྱོར་སོགས་ལམ་འདིར་མོས་པའི་དོན་གཉེར་ཅན་དུ་མས་བསྐུལ་བ་ལས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨར་ཁྲིད་མཛུབ་ཚུགས་ཀྱི་ཚུལ་དུ་གོ་བདེ་ཁྱེར་བདེ་གཙོ་བོར་བྱས་ཏེ་མདོར་བསྡུས་སུ་སྦྱར་བ་ཛ་ཡནྟུ།།  +
།དེ་ལྟར་བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་འདི་ནི། རྩ་བའི་ཆོས་ཀྱི་བདག་པོར་གྲུབ་པ་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་སྐོང་བའི་སླད་དུ། རིགས་མཐུན་གྱི་ངག་འདོན་ཁ་སྐོང་དང་བཅས་ཐུགས་དམ་རྒྱུན་གྱི་ཉམས་བཞེས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་རིགས་སྔགས་འཆར་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤིང་སྤྲེལ་དབྱུག་པ་ཉ་པའི་ཤེས་རབ་ཀྱི་ཆའི་དུས་ཚེས་བཟང་པོ་ལ་ཡབ་གཞིས་བསམ་འགྲུབ་ཕོ་བྲང་ཡང་རྩེ་པདྨ་འཁྱིལ་བའི་གཞལ་མེད་ཁང་དུ་སྦྱར་བ་ཛཡནྟུ།། །།སརྦ་དཱ་མངྒ་ལཾ།།  +
།དེ་ལྟར་བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་ཆེན་པོའི་ལས་རིམ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་འདི་ནི། མདོ་ཁམས་རི་བོ་ཆེའི་སྔགས་སྟོན་པདྨ་ལྷུན་གྲུབ་རྡོ་རྗེ་དང་རིགས་བྱེད་པ་ཡོན་ཏན་ཆོས་འཕེལ་སོགས་ཀྱིས་ནན་ཏན་དུ་བསྐུལ་བ་ལ་བརྟེན་ནས། སྔ་འགྱུར་སྒྲུབ་ཆེན་སྤྱིའི་ཁོག་དབུབ་དང་བསྟུན་ཅིང་ལག་ལེན་འཇུག་པ་བདེ་བར་བྱས་ཏེ། ལམ་འདིའི་གསང་བ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཁམས་ཁྱུ་མཆོག་གི་ལོ་འབྲས་བུ་བཅུད་དུ་སྨིན་པའི་དུས་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་བུ་ཆུ་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་སྐྱུ་རུའི་སྔགས་འཆང་པདྨ་དབང་ཆེན་གྱིས་བགྱིས་པའོ། །འདིས་ཀྱང་དངོས་གྲུབ་ཆེན་པོ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །སརྦ་མངྒ་ལཾ།།  +
།ཞེས་པའང་ཉེ་བར་མཁོ་ཞིང་འཇུག་པ་བདེ་བའི་ཕྱིར་གསང་བ་སྤྱིའི་ཚོ་གའི་འགྲོས་དང་བསྟུན་ཏེ། ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཁམས་ཁྱུ་མཆོག་གི་ལོ་སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔ་ལ་བྱང་ཀོང་བྲག་གསུམ་མཚོ་ཆུ་དར་མ་འཇའ་འོད་འཁྲུགས་པའི་ལྟེ་བ་མཚོ་རྫོང་དབང་དྲག་འབར་བའི་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་སྐྱུ་རུའི་སྔགས་འཆང་པདྨ་དབང་ཆེན་གྱིས་བགྱིས་པའོ། །སརྦ་སིདྡྷི་རསྟུ༎  +
།དེ་ལྟར་བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྨད་ལས་རྡོ་རྗེའི་ཐོག་ཆར་ཞེས་བྱ་བ་འདི་ནི། ལུང་ཟིན་ཤུད་བུ་དཔལ་སེང་གི་རྣམ་འཕྲུལ་དུ་བསྔགས་པ་ཨོ་རྒྱན་ཆེ་མཆོག་འདུས་པ་རྩལ་གྱི་བཞེད་སྐོང་དུ། རིགས་མཐུན་གྱི་ངག་འདོན་ཁ་སྐོང་དང་བཅས་དཀྱུས་ཀྱི་ལག་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ལམ་འདིའི་གསང་བ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཁམས་ཁྱུ་མཆོག་གི་ལོ་བདུད་སྡེ་ཕུང་བའི་ཉི་མ་ལ་ཀོང་ཡུལ་བདུད་རི་རྔམས་ཆེན་སྒྲ་སྒྲོགས་ཀྱི་མགུལ་བོད་ཀྱི་དུར་ཁྲོད་པདྨ་བརྩེགས་པའི་གནས་སུ་སྦྱར་བ་ཛ་ཡནྟུ།།  +
།དེ་ལྟར་བདུད་འདུལ་དྲག་མོ་སེང་གདོང་མའི་དབང་ཆོག་ཁྲིགས་སུ་བསྡེབས་པ་ཕྲིན་ལས་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་འདིའང༌། དོན་དུ་གཉེར་བའི་བློ་ལྡན་རྣམས་ཀྱིས་བསྐུལ་བ་དང༌། ཟབ་ཆོས་ཀྱི་རྒྱུན་སྤེལ་བའི་ཆ་རྐྱེན་དུ་འཇུག་པ་བདེ་བར་མཐོང་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་གསུམ་འདས་པ་དམར་སེར་ཅན་གྱི་ལོ་དབོ་ཉ་བའི་ཤེས་རབ་ཀྱི་ཆ་ལ། བལ་ཡུལ་ཨེའི་ལྷ་ཁང་དང་ཉེ་བའི་བསྟི་གནས་སུ་ལེགས་པར་བསྡེབས་པ་ལས། ཐོག་མའི་ཡི་གེ་པ་ནི་ཤར་ཕྱོགས་མོན་གྱི་སྔགས་སྟོན་བསྟན་འཛིན་ཀུན་ལེགས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་མཆོག་གི་ཕྲིན་ལས་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།  +
།ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་ངོར་འགྲོ་འདུལ་གླིང་པས་སོ༎  +
།ཞེས་པའང་མོས་ལྡན་འགའ་ལ་ཕན་འདོད་ཀྱི་བསམ་བས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།  +
ཅེས་པའང་ཉེར་མཁོའི་གསལ་བྱེད་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  +
།ཞེས་མེད་དུ་མི་རུང་བའི་ཡན་ལག་ཁ་སྐོང་འགའ་ཞིག་འཕྲལ་མཁོའི་སྣེ་ལེནཙམ་དུ་གཏེར་ཁ་འོག་མ་བདུད་འཇོམས་ཕུར་པའི་གཞུང་སོགས་ལས་བླངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པའོ།།  +
ཅེས་པའང་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སིདྡྷི་རསྟུ།། །།སརྦ་མངྒལཾ།།  +
ཞེས་པའང་ཆོས་ཀྱི་བདག་པོ་འཁྲུལ་ཞིག་རྡོ་རྗེའི་ངོར་བདུད་འཇོམས་འགྲོ་འདུལ་གླིང་པས་སོ། །ཛ་ཡནྟུ༎  +
།དེ་ལྟར་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཕྲིན་ལས་སྙིང་པོ་དཔལ་ཆེན་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་འདི་ཡང་། རིག་སྔགས་འཆང་བའི་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེས་བསྐུལ་བ་ལ་བརྟེན་ནས། རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའམ་ལྷག་པའི་དཀྱིལ་འཁོར་འདི་ཉིད་དུ་མེ་ཏོག་ཕོག་པའི་གསང་མིང་ཀུན་བཟང་ཆེ་མཆོག་ཡོན་ཏན་འདུས་པ་རྩལ་ཅེས་འབོད་པས་རང་ལོ་ལྔ་བཅུ་ང་གཉིས་པའི་ཐོག་ཏུ་སོན་པ་མྱོས་བྱེད་ཀྱི་ལོ་ཁྲུམས་སྟོད་ཉ་བའི་ཡར་ཚེས་བཟང་པོ་ལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་བསྡེབས་པའོ། །འདིས་ཀྱང་སྒྲུབ་སྡེ་ཆེན་པོའི་རིང་ལུགས་ཀུན་ཏུ་ཁྱབ་ཅིང་རྟག་པའི་རྒྱུར་གྱུར་ཅིག། །། ཛ་ཡནྟུ།། །།  +
སྤྲང་མ་ནུས་སེམས་ཉིད་ཧད་པོས་བདེ་ཆེན་མཚོས་བསྐུལ་ངོར་སྨྲས་པའོ། །དགེའོ།།  +
།ཞེས་པ་འདིའང་ངེས་གསང་བསྟན་པའི་སྣང་བྱེད་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་ཆེན་གྱིས་སྔར་སོར་ནས་བསྐུལ་གནང་མཛད་ཀྱང་རིམ་ལུས་སུ་གྱུར་བར་ཉེ་ཆར་རང་སློབ་དང་དམ་རྣམ་པར་དཀར་བའི་རྟ་རྣ་བླ་མ་པདྨ་དབང་དྲག་ནས་ཀྱང་ནན་ཏན་ཆེན་པོས་བསྐུལ་ངོར། ལྷོ་འབྲུག་བུམ་ཐང་མོན་ཁ་སྐུ་རྗེས་ཆེན་པོའི་ཉེ་ཆར་ཨོ་རྒྱན་ཆེན་པོས་ཟབ་གཏེར་དུ་མའི་གསང་མཛོད་དུ་བྱིན་གྱིས་བརླབས་པའི་སྟངས་སྨད་མེ་འབར་མཚོ་རུ་ཉེར་ལྔའི་ཚོགས་མཆོད་སྐབས་སུ་གཏད་མེད་བྱུང་རྒྱལ་གྱི་སྤྲང་པོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་གང་ཤར་ཤུགས་འབྱུང་དུ་སྨྲས་པ་དགེ།  +