Property:Colophontib
From Dudjom Wiki
This is a property of type Text.
ཚ
ཞེས་པའང་ཀུན་མཁྱེན་རྒྱལ་བའི་དབང་པོ་བཅོ་ལྔ་པའི་བཀའ་གསང་རིན་པོ་ཆེ་གཙུག་ཏུ་བཅིངས་ཏེ་ཉེ་བར་མཁོ་བའི་མཚམས་སྦྱོར་ངག་འདོན་བད་བའི་ཆེད་གསར་སྦྱོར་ཚིག་སྣ་ཕྲན་བུ་རེ་འབྱིན་འཇུག་དང་བཅས་ནམ་མཁའི་རྡོ་རྗེས་གཏེར་གཞུང་ལས་ཁོལ་དུ་ཕྱུངས་ནས་མཚུར་མདོ་བོ་ལུང་གི་ཆོས་གྲྭར་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།། +
།འདི་ནི་སྨིན་གླིང་ཚོགས་ཆེན་དབུ་མཛད་དགའ་བོ་ལགས་ནས་རྡོར་འཛིན་རྣམ་གྲོལ་རྒྱ་མཚོར་ཆོག་ཁྲིགས་སྩལ་བའི་མཆན་བུ་ལས་ཞལ་བཤུས་པ་ལགས། བཤུ་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། +
ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷ་ལུང་ནོར་བུའི་གླིང་ནས་སྨྲས་པ་དགེའོ།། +
ཞེས་པ་འདི་ཡང་བདུད་འཇོམས་རྡོ་རྗེས་ནམ་མཁའ་མཛོད་ལས་བསྒྱུར་བའོ།། +
།ཞེས་པ་འདི་ཡང་རྣལ་འབྱོར་པ་ཀརྨ་བསོད་ནམས་ཀྱིས་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ། །སརྦ་མངྒ་ལཾ།། +
།ཞེས་པ་འདི་ཡང་རྣལ་འབྱོར་པ་ཀརྨ་བསོད་ནམས་ཀྱིས་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ། །སརྦ་མངྒ་ལཾ།། +
ཅེས་རང་སློབ་ཨོ་རྒྱན་མིང་གིས་བསྐུལ་ངོར་སྤྲང་མ་ནུས་སེམས་ཉིད་ཧད་པོས་སྨྲས་པ་དགེ །སརྦ་མངྒ་ལཾ།། +
ཅེས་རང་སློབ་ཨོ་རྒྱན་མིང་གིས་བསྐུལ་ངོར་སྤྲང་མ་ནུས་སེམས་ཉིད་ཧད་པོས་སྨྲས་པ་དགེ །སརྦ་མངྒ་ལཾ།། +
ཅེས་པའང་རང་ལོ་སུམ་ཅུ་རྩ་གསུམ་པ་མེ་བྱི་ཟླ༡ཚེས་༡༧ལ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ཉིད་ཁམས་འདུས་ཀྱི་རིམ་གྲོར་རྫོགས་ཆེན་པ་འཁྲུལ་ཞིག་རྡོ་རྗེས་མཁའ་འགྲོའི་ཚོགས་སྐོང་བརྒྱ་ཕྲག་བསྒྲུབས་པའི་ནུབ་ཀྱི་ཐོ་རང་རྨི་ལམ་དུ་བུད་མེད་ཞིག་གིས་ཚིག་འདི་ལྷང་ལྷང་འདོན་པར་ཐོས་པ་གཉིས་སད་པ་ནའང་མ་བརྗེད་པར་འདུག་པས་འཁྲུལ་སྣང་གི་རི་མོ་ཡི་གེར་བཏབ་པ་སྟེ། དེའི་ཕྱིར་ཉིན་ནས་ནད་ལས་གྲོལ་བའི་དགེ་མཚན་ཀྱང་བྱུང་ངོ་། +
ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་དགེ །མངྒ་ལཾ། +
ཞེས་པའང་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེའི་གསུང་གི་ངོར་ཛྙཱ་ནས་སོ༎ +
ཅེས་པའང་ཚོགས་མཆོད་ལས་བྱང་ཁྲིགས་བསྡེབས་དང་འབྲེལ་བར་འཇུག་བདེའི་བརྒྱུད་འདེབས་མདོར་བསྡུས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། +
ཞེས་ཆོས་ཀྱི་སྒྲོན་མའི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། +
ཛ
ཅེས་པ་འདི་སློབ་བུ་ཀུན་བཟང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། +
།ཞེས་པའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སོ།། +
ཞ
།ཞེས་པའང་རྟོགས་ལྡན་བླ་མ་འཆི་མེད་རྡོ་རྗེས་རིང་མོ་ནས་བསྐུལ་ཞིང་ཉེ་ཆར་སྒྲུབ་བརྩོན་མ་ཀུན་བཟང་དབང་མོ་དང་ནོར་བུ་བཟང་མོ་གཉིས་ནས་ཉམས་ལེན་ལ་འཇུག་པའི་གསལ་འདེབས་སུ་ནན་གྱིས་བསྐུལ་བ་བཞིན་གཏེར་ཆེན་གོང་མ་ཡབ་སྲས་ཀྱི་ཞལ་ཁྲིད་ལས་སྙིང་པོར་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། +
* '''First colophon:''' ཅེས་བསོད་ནམས་མཆོག་གྲུབ་དང་ཨོ་རྒྱན་བསྲུང་གཉིས་ཀྱི་ངོར་བདུད་འཇོམས་པས་སོ།།
* '''Second colophon:''' ཅེས་འཇིགས་མེད་ཡེ་ཤེས་དར་རྒྱས་ཀྱི་ངོར་རིག་འཛིན་ཆེན་པོ་བདུད་འཇོམས་རྡོ་རྗེས་བྲིས་པ་དགེའོ། །མངྒ་ལཾ།།
+
།དེ་ལྟར་ཞི་ཁྲོ་ཀུན་བཟང་དགོངས་འདུས་ཀྱི་སྒོ་ནས་ཚེ་འདས་རྗེས་འཛིན་གྱི་ཆོ་ག་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་འདི་ནི། ལམ་འདིའི་གདུལ་བྱར་གྱུར་པའི་ཉམ་ཐག་བར་མདོའི་སེམས་ཅན་མང་པོ་ལ་ཕན་འདོད་ཀྱི་བསམ་པའི་རྒྱུ་དང་། དོན་དུ་གཉེར་བའི་བློ་གྲོས་ཅན་རྣམས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བ་རྐྱེན་དུ་གྱུར་ཏེ། གསང་བ་སྤྱིའི་ཕྲིན་ལས་ཆོག་གཞུང་གིས་ཁོག་ཕུབ་ཅིང་ཀློང་གསལ་མན་ངག་གཤིན་བུམ་ཡང་གསང་ཐུགས་རྗེའི་ལྕགས་ཀྱུའི་སྙིང་པོའི་བཅུད་བསྡུས་ནས་འཇུག་བདེ་དོན་གསལ་གྱི་ཚུལ་དུ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་རིག་བྱེད་པ་དབང་དྲག་བསྟན་འཛིན་གྱིས་བགྱིས་པ་ཀུན་ཏུ་དོན་ཡོད་པར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། +
།ཞེས་པའང་གཏེར་གཞུང་རྩ་བ་ལས་མདོར་བསྡུས་པ་དགེ། +
ཞི་ཁྲོ་དགོངས་པ་རང་གྲོལ་སྔགས་གསོའི་ཆོ་གའི་སྒོ་ནས་གཞན་ལ་དབང་བསྐུར་ཚུལ་གྱི་མཚམས་སྦྱོར་ཉུང་གསལ་ཁྱེར་བདེར་བཀོད་པ་གྲུབ་པ་མཆོག་གི་ཞལ་ལུང་། +
།ཞེས་པ་འདི་ཡང་སྦས་ཡུལ་ཀརྨ་རོང་དུ་གྲུབ་རིགས་ཀྱི་མྱུ་གུར་འཁྲུངས་ཤིང་ལམ་འདིར་མོས་པའི་སྔགས་ཀྱི་རྣལ་འབྱོར་པ་པདྨ་ཆེ་མཆོག་རྡོ་རྗེས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེས་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེའི་བསམ་གཏན་ཁང་བུར་བྲིས་པ་འདིས་ཀྱང་ལམ་ཞུགས་རྣམས་ཀྱི་རྒྱུད་སྨིན་ཅིང་གྲོལ་བའི་རྒྱུར་གྱུར་ཅིག། །སླར་ཡང་མཚམས་སྦྱོར་ཚིག་སྣ་ཅུང་ཟད་བསྲིངས་ཤིང་ཞུས་དག་པར་བགྱིད་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། +