Property:Colophontib
From Dudjom Wiki
This is a property of type Text.
ཟ
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ་ཡང་ཁྲོས་མ་ཧཱ་ཀཱ་ལའི་སྲེག་བླུགས་ཡེ་ཤེས་མེ་ལྕེ༔ +
ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེ་ཁམས་ཡུལ་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅུ་གསུམ་ལ་བཀའ་རྒྱ་བྱས་ནས་མཐར་སྨར་མདོ་དགའ་བ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་སོ། །ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ།།ཨྠིྀ།།དགེའོ། །དགེའོ། །དགེའོ །སརྦ་མངྒ་ལཾ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ་ཡང་ཁྲོས་མ་ཧཱ་ཀཱ་ལའི༔ དྲག་ཟློག་རྡོ་རྗེའི་གད་མོ༔ +
ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཤྭ་བྲག་རྡོ་རྗེ་ནས་བཏོན་པའི་དུས་སུ་ནམ་མཁའ་བར་སྣང་ས་གཞི་འཇའ་དང་འོད་ཕུང་འཁྲིགས། དྲི་བཟང་གི་ན་བུན་འཐིབས༔ རི་དྭགས་རྒྱ་ནས་བཏོན་པས་རྟེན་འབྲེལ་ཕུན་སུམ་ཚོགས་པ་དུས་གཅིག་ལ་ལེགས་ཏེ་མི་ལོ་བཅུ་གསུམ་དུ་བཀའ་རྒྱས་བཏབ་མཐར་སྨར་མདོ་དགའ་བ་འཁྱིལ་བའི་གཟིམ་ཁང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པ་དགེའོ། །དགེའོ། །དགེའོ། །དགེའོ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ༔ ཡང་ཁྲོས་མ་ཧཱ་ཀཱ་ལ་ཡི༔ དབང་ཆོག་འོད་ཀྱི་དྲྭ་བ་བཞུགས་སོ༔ +
བདག་འདྲ་བདུད་འཇོམས་རྡོ་རྗེ་ངས། །མ་འགགས་འོད་གསལ་ངང་ནས་བཏོན། །ཆོས་ཉིད་དག་པའི་ཀློང་མཛོད་རྡོལ། །སུ་མ་མགུ་ཡང་ཞེ་བློ་བདེ། །སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ། །དག་པར་ཕབ་པའི་ཡི་གེ་པ། །རྣལ་འབྱོར་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ༔ ཡང་ཁྲོས་མ་ཧཱ་ཀཱ་ལའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན༔ +
ཞེས་པ་འདི་ཡང་ཨ་སྤོ་སྡོང་གི་རྣལ་འབྱོར་ཚོགས་མཆོག་མིང་གིས་བསྐུལ་ངོར་སྤྲང་སྨྱོན་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་ཆ་ལག༔ ཁྱུང་ནག་དུག་གི་སྤུ་གྲིའི་སྒོས་སྒྲུབ་གནམ་ལྕགས་མེ་འབར༔ +
ཞེས་པ་འདིའང་རང་སློབ་བསོད་ནམས་དཔལ་ལྡན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་མི་བསྐྱོད་རྡོ་རྗེ་དང། ཡེ་ཤེས་རབ་འབྱོར་གཉིས་ཀྱིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། +
ཞེས་པ་འདི་ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཁྱིམ་དུ་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤ་བྲག་རྡོ་རྗེ་ནས་སྤྲང་པོ་བདུད་འཇོམས་རྡོ་རྗེས་བཏོན་ཏེ་མི་ལོ་བཅུ་གསུམ་ལ་བཀའ་རྒྱ་བྱས་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། +
ཞེས་རང་སློབ་ཚེས་བཅུའི་མིང་གིས་བསྐུལ་ངོར།འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོད་ལོད་རྩལ་གྱིས་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། +
ཞེས་པ་འདི་ནི་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་དཔའ་བོས་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་སྤྲུལ་པ་ལས་ཀྱི་ཕོ་ཉ་སྒྲོལ་བྱེད་ལྕགས་སྡིག་ནག་པོའི་སྒོས་སྒྲུབ་བདུད་དཔུང་ཕུང་བྱེད༔ +
ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་སོ་གསུམ་བར་དུ་བཀའ་རྒྱས་བཏབ་ནས་མཐར་རིགས་སྲས་མཁྱེན་བརྩེའི་མྱུ་གུ་དང་། སློབ་བུ་བཱིདྱ་བྷ་དྲ་ཟུང་གིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རིག་འཛིན་བཟང་པོའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་གར་གྱིས་རྣམ་རོལ་འཁྲུལ་སྣང་བཙན་ཐབས་སུ་བཤིག་པའི་ཐབས་མཆོག་མྱུར་ལམ་སྙིང་པོ༔ +
ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ས་མོ་ལུག་གི་ལོ་ཁྱིམ་དུ་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་ཟླ་རྒྱུད་ཕྱོགས་ཀྱི་རྣལ་འབྱོར་རིག་དགའ་ཞེས་བྱ་བས་ནན་ཆེར་ཡང་ཡང་བསྐུལ་ངོར་ཤིང་མོ་ལུག་གི་ལོ་ཁྱིམ་དུ་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་ཐབས་ཀྱི་ལམ་ཟབ་མོའི་ཡེ་ཤེས་ཁྲོ་བོའི་རྣམ་འགྱུར་གྱི༔ ལག་ལེན་གསལ་བའི་མེ་ལོང་༔ +
ཞེས་ཡང་ཟབ་བཅུད་ཀྱི་མན་ངག་དམ་པ་འདི་ཉིད་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཞེས་བྱ་བ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱ་བྱས་མཐར་ཟླ་རྒྱུད་ཕྱོགས་ཀྱི་བླ་མ་རིག་དགའ་དང་རང་སློབ་ངག་དབང་ཕྲིན་ལས་ཟུང་གིས་ཁམས་གསུམ་དབང་སྡུད་དབང་གི་ཁ་དོག་ཆགས་པའི་དར་བཅས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཞུ་བ་པོ་ཕྱི་མའོ། །ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། +
ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་པདྨ་ངོ་མཚར་རོ། །དགེའོ། །དགེའོ། །དགེའོ།། +
ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྣལ་འབྱོར་འདོད་དོན་འགྲུབ་ཅིང་བསྐྱེད་རྫོགས་མཐའ་རུ་ཕྱིན་པའི་ཆེད་དུ་སྨོན་ལམ་ཆེན་པོའི་སྟོབས་བསྐྱེད༔ +
ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་ཆོས་བདག་རྣམས་ཀྱི་དོན་དུ་གཏན་ལ་ཕབ་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།། +
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་གཏེར་མཛོད་ལས༔ ཚོགས་མཆོད་འདོད་རྒུ་ཆར་འབེབས༔ +
ཞེས་པ་འདི་སློབ་བུ་འཇམ་དཔལ་དང་སེམས་ཉིད་རྡོ་རྗེ་གཉིས་ཀྱིས་བསྐུལ་བ་དོན་ཡོད་པའི་ཕྱིར། བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ། །སརྦ་མངྒ་ལཾ།། +
ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་བདུན་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་འཇམ་དཔལ་གྱིས་ནན་དུ་བསྐུལ་ངོར་ལི་སྟོད་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་སེམས་ཉིད་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། +
ཞེས་པ་འདི་ཡང་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའོ།། +
ཞེས་པ་འདི་ཡང་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་གསང་མཆོད་ལས་བསྒྱུར་བའོ།། +
ཞེས་པ་འདི་ཡང་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་གསང་མཆོད་ལས་བསྒྱུར་བའོ།། +
ཞེས་པ་འདི་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་པས་བྲིས་པའོ། །དགེའོ། ལེགས་སོ། །སརྦ་མངྒ་ལཾ།། +