DJYD-KABUM-Volume-11-DA: Difference between revisions
From Dudjom Wiki
DJYD-KABUM-Volume-11-DA
(Created page with "{{VolumePage |collectiontitle=bdud 'joms rin po che bka' 'bum |collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། |volumenumber=11 }}") |
No edit summary |
||
| Line 2: | Line 2: | ||
|collectiontitle=bdud 'joms rin po che bka' 'bum | |collectiontitle=bdud 'joms rin po che bka' 'bum | ||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | ||
|volumetitletib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། ད༽ | |||
|volumelettertib=ད | |||
|volumenumber=11 | |volumenumber=11 | ||
}} | }} | ||
Latest revision as of 12:00, 23 September 2024
Karchag
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། ད༽ པ་འདིར། གཏེར་གསར་ཆོག་ཁྲིགས་སྐོར་ལ། བདུད་འཇོམས་ཕུར་པ་གནམ་ལྕགས་སྤུ་གྲིའི་གླེགས་བམ་སྨད་ཆ་འདིར་གཏོར་དབང་མན་ཆད་སྤྱིའི་བཞུགས་བྱང་དཀར་ཆག་ལས་གསལ་བ་ལྟར་ལེ་ཚན་བཅུ་དྲུག་ལ་ཁྱོན་ལྡེབ་གྲངས་ ༢༧༩ དང༌། གླེགས་བམ་གྱི་དཀར་ཆག་ད་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༢༨༠ ཡོད། འདིའི་ཆ་ལག་དབྱངས་ཡིག །ཆོ་གའི་ཟིན་བྲིས། གཏོར་མ་དང༌། སྲུང་ཟློག་ཙཀྲ། ལིངྒ་སོགས་ཀྱི་དཔེ་རིས། དུས་རིམ་ཕུར་ཟློག་ཆེན་མོའི་ཆོ་གའི་གཏོང་ལུགས་དང༌། གཏོར་མའི་ཟིན་བྲིས། སྨད་ལས་སྐབས་ཀྱི་བསྒྲལ་འཆམ་དང་ཟོར་འཆམ་ཟིན་ཐོ། ཁྱད་པར་གྱི་རྫོགས་རིམ་རྩ་རླུང་སྐབས་ཀྱི་བསྒོམ་རིམ་ངོ་སྤྲོད་དཔེ་རིས་དང༌། ཐོད་རྒལ་གྱི་བཞུགས་སྟངས་འཆར་སྟངས་སྣང་བཞིའི་འཆར་སྒོ་རྣམས་ཀྱི་ངོ་སྤྲོད་དཔེ་རིས་བཅས་ལོགས་སུ་ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང༌། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང༌། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །།