བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། ཅ༽ · 34 Texts

From Dudjom Wiki
DJYD-KABUM-Volume-05-CA



Karchag

Karchag PDF
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། ཅ༽ པ་འདིར། གཏེར་རྙིང་ཆོག་ཁྲིགས་སྐོར་ལ། གཏེར་ཁ་བདུན་འདུས་བླ་མ་གསང་འདུས་ལས་བྱང་ལྡེབ་ ༢༠ བརྒྱུད་འདེབས་ལྡེབ་ ༡ ལས་བྱང་བསྡུས་པ་ལྡེབ་ ༩ དེའི་གཏོར་དབང་ལྡེབ་ ༨ འདིའི་རྒྱུན་ཁྱེར། ཆོ་གའི་ཟིན་བྲིས། དབྱངས་ཡིག་བཅས་ལོགས་སུ་ཡོད། གསང་འདུས་སྒོས་སྒྲུབ་བཅུད་བསྡུས་པདྨ་རྒྱལ་པོའི་ལས་བྱང་ལྡེབ་ ༦ བཅས། ༈ གཏེར་ཁ་དགུ་འདུས་བཀའ་བརྒྱད་ཀྱི་ལས་བྱང་ལྡེབ་ ༢༡ བརྒྱུད་འདེབས་ལྡེབ་ ༡ རྒྱུན་ཁྱེར་ལྡེབ་ ༢ ཚེ་སྒྲུབ་ལྡེབ་ ༡ རྩ་གསུམ་སྤྱིའི་སྐོང་བ་ལྡེབ་ ༣ ཁྲོ་རོལ་གཏོར་ཟློག་ལྡེབ་ ༣༢ ཐུན་གཏོར་ལྡེབ་ ༡ ཁྲོ་རོལ་བཅས་གཤོམ་ལག་ལེན་ལྡེབ་ ༨ བཅས། ༈ གཏེར་ཁ་གསུམ་འདུས་ཐུགས་ཆེན་ལས་བྱང་ལྡེབ་ ༨ བརྒྱུད་འདེབས་ལྡེབ་ ༡ སྐོང་བ་ལྡེབ་ ༡ བཅས། ༈ སངས་གླིང་བླ་མ་དགོངས་འདུས་ཀྱི་སྐོང་ཆོག་ལས་བྱང་ལྡེབ་ ༨༥ བརྒྱུད་འདེབས་ལྡེབ་ ༡ ཕྲིན་ལས་རྒྱུན་ཁྱེར་ལྡེབ་ ༨ གནས་ལུང་གི་ཆོ་ག་ལྡེབ་ ༨ གཏེར་སྲུང་གསོལ་མཆོད་ལྡེབ་ ༡ བཅས། ༈ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་ལ། བཀའ་འདུས་རྒྱུན་གྱི་རྣལ་འབྱོར་ལྡེབ་ ༥ བརྒྱུད་འདེབས་ལྡེབ་ ༡ ལས་བྱང་ལྡེབ་ ༢༣ སྨོན་ལམ་བཀྲ་ཤིས་ལྡེབ ༡ སྐོང་བ་ལྡེབ་ ༥ བཀའ་སྲུང་མཆོད་ཐབས་ལྡེབ་ ༤ སྒྲུབ་ཁོག་ལྡེབ་ ༢༧ ཛཔ྄་བསྐུལ་ལྡེབ་ ༣ སྨན་སྒྲུབ་ལྡེབ་ ༢༢ བདག་འཇུག་ལྡེབ་ ༦ སྦྱིན་སྲེག་ལྡེབ་ ༡༠ གཏོང་ཐུན་ལྡེབ་ ༨ བཅས། ༈ རྡོར་གླིང་བླ་མ་ཚེ་དཔག་མེད་སྦྲགས་སྒྲུབ་ཕྲིན་ལས་དང་བཅས་པ་ལྡེབ་ ༢༢ ་དང་། གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༣༦༤ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །།