བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། བ༽ · 41 Texts

From Dudjom Wiki
DJYD-KABUM-Volume-15-BA



Karchag

Karchag PDF
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། བ༽ པ་འདིར། རྡོར་སེམས་བླ་མཆོད་ཀྱི་ཆོ་ག་ཕྲིན་ལས་དང་བཅས་པ་ལྡེབ་ ༤༨ བརྒྱུད་འདེབས་ལྡེབ་ ༡ བཤགས་པ་ལྡེབ་ ༢ སྐོང་ཆོག་ལྡེབ་ ༥ བཅས། ༈ རང་གཏེར་བླ་མ་དྲག་པོ་གྲོ་ལོད་ཀྱི་སྐོར་ལ་སྤྱིའི་བཞུགས་བྱང་དཀར་ཆག་ལས་གསལ་བ་ལྟར། རྩ་གཞུང་ལེ་ཚན་བཅུ་བདུན་དང་། ཁ་སྐོང་ལེ་ཚན་ཉེར་བཞི་བཅས་ཁྱོན་ལྡེབ་གྲངས་ ༡༧༡ འདིའི་གཏོར་མའི་དཔེའུ་རིས་དང་། ཆོ་གའི་ཟིན་བྲིས་ལོགས་སུ་ཡོད། ༈ ཕུར་པ་སྤུ་གྲི་རེག་ཕུང་གི་སྐོར་ལ། རྩ་གཞུང་ལྡེབ་ ༡༠ དམ་ཅན་གྱི་ལུང་གི་བསྐུལ་བྱང་ལྡེབ་ ༡ བཅས་དང་། ཁ་སྐོང་ལ། ལས་བྱང་དང་སྨད་ལས་བསྡོམས་ལྡེབ་ ༢༠ བརྒྱུད་འདེབས་ལྡེབ་ ༡ རྒྱུན་ཁྱེར་ལྡེབ་ ༢ ཚེ་སྒྲུབ་ལྡེབ་ ༡ སྐོང་བ་ལྡེབ་ ༡ ཕུར་སྲུང་གསོལ་མཆོད་ལྡེབ་ ༡ བསྙེན་ཡིག་ལྡེབ་ ༡༦ དྲག་སྲེག་ལྡེབ་ ༨ མནན་པ་ལྡེབ་ ༨ དབང་ཆོག་ལྡེབ་ ༨ དབང་ཆོག་ལྡེབ་ ༡༣ འདིའི་གཏོར་མའི་དཔེའུ་རིས་དང་། ཆོ་གའི་ཟིན་བྲིས་ལོགས་སུ་ཡོད། གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༣༡༢ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོངས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ མཁན་སློབ་ཆོས་གསུམ༷་རིང་ལུགས་ཆེ། །འཛམ་གླིང་ས་གསུམ༷་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ༷་སྣང་བ་དང་། །མི་འབྲལ་དུས་གསུམ༷་དགེ་ལེགས་ཤོག། །།