བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། མ༽ · 66 Texts

From Dudjom Wiki
DJYD-KABUM-Volume-16-MA



Karchag

Karchag PDF
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། མ་༽ པ་འདིར། རང་གཏེར་མཁའ་འགྲོའི་ཐུགས་ཐིག་གི་སྐོར་ལ་ཆོས་སྡེ་སྤྱིའི་བཞུགས་བྱང་སྒོས་ཀྱི་དཀར་ཆག་ལས་གསལ་བ་ལྟར། རྩ་གཞུང་དང་ཁ་སྐོང་བཅས་ལེ་ཚན་ལྔ་བཅུ་ང་གཉིས་ལ་ཁྱོན་ལྡེབ་གྲངས ༢༧༥ དང་། རིགས་བདག་ཡབ་བཀའི་སྐོར་ལའང་རྩ་གཞུང་དང་ཁ་སྐོང་བཅས་ལེ་ཚན་བཅུ་གསུམ་ལ་ཁྱོན་ལྡེབ་གྲངས་ ༣༩ འདི་གཉིས་ཀྱི་གཏོར་མ་དཔེའུ་རིས་དང་། ཆོ་གའི་ཟིན་བྲིས་ལོགས་སུ་ཡོད། གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༣༡༥ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ༎ ༎ ༈ མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག། །།