༄༅། །སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་བཅུ་གཅིག་པ། ད · 40 Texts

From Dudjom Wiki
TTDL-ZABTER-Volume-11-DA



Karchag

Karchag PDF
༄༅། །ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་ཆོས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས། གླེགས་བམ༼ད༽པ་འདིར། དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ། མཁའ་འགྲོ་ཁྲོས་མའི་སྐོར་གྱི་སྨད་ཆ་ལ་གཉིས་ལས། དང་པོ་གཏེར་གཞུང་རྩ་བའི་སྐོར་ལ། བསྙེན་པའི་ལས་བཞིའི་དམིགས་རིམ་ལྡེབ་ ༢ ཁྲོས་མ་ནག་མོ་ལ་བརྟེན་ནས་བླ་ཚེ་འགུགས་པ་ཐུགས་རྗེའི་ལྕགས་ཀྱུ་ལྡེབ་ ༢ ཐོད་སྒྲུབ་ཡིད་བཞིན་གཏེར་མཛོད་ལྡེབ་ ༢ བསང་མཆོད་འདོད་ཡོན་སྤྲིན་ཕུང་ལྡེབ་ ༥ མནོལ་བསང་ཡེ་ཤེས་མེ་ལྕེ་དང་། དག་སྣང་གྲིབ་བསང་བདུད་རྩིའི་སྤྲིན་ཕུང་བཅས་ལྡེབ་ ༢ ཆུ་སྦྱིན་བདུད་རྩི་ཀུན་ཁྱབ་ལྡེབ་ ༥ ཆུ་སྦྱིན་བདུད་རྩིའི་གཏེར་མཛོད་ལྡེབ་ ༡ ཚོགས་བསགས་གསུར་བསྔོ་བདུད་རྩིའི་སྤྲིན་ཕུང་ལྡེབ་ ༤ གསུར་མཆོད་འདོད་ཡོན་ཀུན་ཁྱབ་ལྡེབ་ ༡ གསང་ཆེན་ཐེག་པའི་ཡང་ཞུན་གཅོད་ཀྱི་གདམས་པ་གྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོ་ལྡེབ་ ༥༤ འཕོ་བ་ཡེ་ཤེས་སྒོ་འབྱེད་ལྡེབ་ ༤ གཅོད་ཀྱི་ཆ་ལག་གཉན་སའི་དམིགས་པ་ཕྱག་ལེན་མདོར་བསྡུས་གསལ་བའི་མེ་ལོང་ཁམས་གསུམ་ཟིལ་གནོན་ལྡེབ་ ༡༨ གཉན་སའི་དམིགས་པ་དང་ལག་ལེན་མདོར་བསྡུས་གསལ་བའི་མེ་ལོང་ལྡེབ་ ༨ བླ་མེད་གསང་བའི་སྙིང་པོ་འོད་གསལ་ཐིག་ལེའི་སྒྲུབ་པ་མཁའ་འགྲོ་འབུམ་གྱི་སྙིང་ཁྲག་ལྡེབ་ ༣༣ འོད་གསལ་ཐིག་ལེའི་སྒྲུབ་པ་མཁའ་འགྲོའི་སྲོག་ཐིག་ལྡེབ་ ༡༠ གསང་བ་ཐབས་ཀྱི་གནད་ཐིག་ལྡེབ་ ༢ དེའི་ཟུར་འདེབས་ལྡེབ་ ༡ གནས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་སོགས་དབྱངས་རྟའི་མིང་ཐོ་ལྡེབ་ ༡ བདུད་གཅོད་ཟབ་མོའི་སྔོན་འགྲོའི་ངག་འདོན་ཁོལ་དུ་ཕྱུངས་པ་ལྡེབ་ ༦ བཅས། ༈ གཉིས་པ་ཡན་ལག་ཁ་སྐོང་གི་སྐོར་ལ། ཁྲོས་མའི་དབང་གི་མཚམས་སྦྱོར་རྒྱས་པ་བཻཌཱཪྻའི་དོ་ཤལ་བྱ་བྲལ་བུདྡྷ་བཛྲའི་གསུང་ལ་ཛྙཱ་ན་ཞུས་དག་ཅན་ལྡེབ་ ༡༦ དབང་གི་མཚམས་སྦྱོར་མདོར་བསྡུས་ལྡེབ་ ༢ དང་། མཁའ་འགྲོ་ཁྲོས་མ་ནག་མོ་ལ་བརྟེན་ནས་ཚེ་སྒྲུབ་པའི་ཆོ་ག་འཆི་མེད་འབྱུང་གཏེར་ལྡེབ་ ༢ གཅོད་ཁྲིད་ལས་སྐབས་བཅུ་གཅིག་པའི་གོ་དོན་ཟིན་བྲིས་ལྡེབ་ ༦ འགྱེད་བཞིའི་དམིགས་རིམ་ཟིན་བྲིས་ཡུམ་ཆེན་དགོངས་རྒྱན་ལྡེབ་ ༡༠ ལུས་སྦྱིན་ཐོག་མཐའི་ངག་འདོན་གསུང་རྒྱུན་མ་ལྡེབ་ ༢ ཁྲོས་མའི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཌཱཀྐི་དགྱེས་པའི་བཞད་སྒྲ་ལྡེབ་ ༢ བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག་ལྡེབ་ ༡༧ ཁྲོས་འབྲིང་ཚོགས་སྐོང་འདོན་འགྲིགས་ཟིན་བྲིས་ལྡེབ་ ༤ འདུལ་གྱི་འདོན་འགྲིགས་ཟིན་བྲིས་ལྡེབ་ ༣ མེ་མཆོད་ཟིན་བྲིས་ལྡེབ་ ༢ བསྟབ་པ་ཆ་བཅུའི་འདོན་ཟིན་ལྡེབ་ ༡ ཆངས་བུ་བརྒྱ་རྩ་གཏོང་ཟིན་ལྡེབ་ ༡ བཅས་ཛྙཱ་ནའི་གསུང་། དུར་གཅོད་གཏོང་ལུགས་ཟིན་བྲིས་ཚུལ་རྡོར་གསུང་ལྡེབ་ ༢ ཐོད་རྒལ་ཟབ་མོའི་དོན་ཁྲིད་ལག་ལེན་དུ་བསྡེབས་པ་ཀློང་གསལ་དྲི་མེད་ལྡེབ་ ༡༨ དང་། གཉན་ཁྲོད་བརྒྱ་རྩའི་ཟིན་བྲིས་དྲི་མེད་གསུང་ལྡེབ་ ༢ གཉན་ཁྲོད་བརྒྱ་རྩའི་དོད་ནང་མཚམས་ཟིན་བྲིས་ཛྙཱ་ནའི་གསུང་ལྡེབ་ ༣ བྲོ་ར་དང་ཕུར་གདབ་ཀྱི་དམིགས་རིམ་ཟིན་བྲིས་ངག་ཕྲིན་གསུང་ལྡེབ་ ༣ གཏོར་མའི་བཅས་ཤོམ་ཟིན་བྲིས་ལྡེབ་ ༡ གཏོར་མའི་དཔེའུ་རིས་ལྡེབ་ ༢ དབྱངས་ཀྱི་དྲྭ་མིག་དཔའ་བོ་མཁའ་འགྲོ་དགྱེས་པའི་གླུ་དབྱངས་ཌཱཀྐི་བདེ་བའི་རྡོ་རྗེའི་གསུང་ལྡེབ་ ༩ བཅས། པོད་འདིར་ཆོས་ཚན་བཞི་བཅུ་ལ་ལྡེབ་ ༢༧༠ དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༢ བཅས་བསྡོམས་ལྡེབ་གྲངས ༢༧༢ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག། དགེའོ།།