TTDL-ZABTER-Volume-06-CHA · 35 Texts

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs) (Created page with "{{VolumePage |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |volumenumber=06 }}")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-Volume-06-CHA



Karchag

Karchag PDF
༄༅། །ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ལས། གླེགས་བམ་ ༼ཆ༽ པ་འདིར། དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ། སྐོར་ཚོ་གསུམ་ལས། དང་པོ་བཀའ་བརྒྱད་ཆུ་གཏེར་འདུས་པའི་སྐོར་ལ། བདེ་གཤེགས་གསང་བ་འདུས་པའི་དབང་ཆོག་རྡོ་རྗེར་སྨིན་བྱེད་ལྡེབ་ ༢༢ བདེ་གཤེགས་ཆུ་གཏེར་འདུས་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ལྡེབ་ ༡ བྱིན་འབེབས་འོད་ཀྱི་དྲྭ་བ་ལྡེབ་ ༢ གསང་སྒྲུབ་ཆུ་གཏེར་འདུས་པ་ལྡེབ༧ མདུན་བསྐྱེད་དངོས་གྲུབ་འབྱུང་གནས་ལྡེབ་ ༡༡ སྨན་རཀ་གཏོར་གསུམ་གྱི་མཆོད་པ་དངོས་གྲུབ་ཀུན་འབྱུང་ལྡེབ་ ༢ ཚོགས་མཆོད་འདོད་རྒུའི་དཔལ་སྟེར་ལྡེབ་ ༦ བསྐང་བ་ཡེ་ཤེས་ཀློང་མཛོད་ལྡེབ་ ༢ བདེ་འདུས་བསྐུལ་བ་ལྡེབ་ ༡ བསྐུལ་བ་བདུད་དཔུང་ཟིལ་གནོན་ལྡེབ་ ༦ སྨད་ལས་འཁོར་བ་ཡོངས་སྒྲོལ་ལྡེབ་ ༧ དེའི་ཕུར་གདབ་གུད་སྦས་ལྡེབ་ ༢ བསྒྲལ་ལས་གབ་པ་དོན་བདུན་སྤུ་གྲི་ཀ་མ་ལ་ལྡེབ་ ༣ ཟློག་བསྡུས་གཤིན་རྗེའི་གད་མོ་ལྡེབ་ ༦ སྲེག་བླུགས་ལས་བཞི་ལྷུན་གྲུབ་ལྡེབ་ ༦ བདེ་གཤེགས་ཡོངས་རྫོགས་ཀྱི་ཆ་ལག་རྔ་ཡི་དག་དྲན་འཁོར་འདས་དབང་སྡུད་ལྡེབ་ ༣ བཅས། ༈ གཉིས་པ་བཀའ་བརྒྱད་གསང་འདུས་བསྐོར་ལ། བདེ་གཤེགས་གསང་བ་འདུས་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས་ལྡེབ་ ༣ བྱིན་འབེབས་ཚངས་པའི་སྒྲ་དབྱངས་ལྡེབ་ ༧ ལས་བྱང་དོན་གསལ་སྒྲོན་མེ་བྱིན་རླབས་ཆར་འབེབས་ལྡེབ་ ༣༣ ཕྱི་སྒྲུབ་རྡོ་རྗེའི་ཕྲེང་བ་ལྡེབ་ ༩ ཚོགས་མཆོད་དངོས་གྲུབ་བང་མཛོད་ལྡེབ་ ༡༩ བསྐང་བ་པདྨའི་ཆུན་པོ་ལྡེབ་ ༡༢ བསྟོད་གསོལ་བྱིན་རླབས་སྤྲིན་ཕུང་ལྡེབ་ ༨ དཔལ་དགུའི་སྒོས་སྲུང་རྣམས་ཀྱི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་ལྡེབ་ ༡༡ བདེ་གཤེགས་ཞི་བསྐུལ་ཐུགས་རྗེའི་རྒྱུད་བསྐུལ་ལྡེབ་ ༣ དྲག་བསྐུལ་སྟོང་གསུམ་གཡོ་བྱེད་ལྡེབ་ ༣༦ མཁྱེན་དཔང་དང་གཟུ་དཔང་གི་ཆོ་ག་རྡོ་རྗེའི་ཐ་ཚིག་ལྡེབ་ ༤ སྨད་ལས་སྤུ་གྲི་རེག་གཅོད་སྲིད་གསུམ་ཕུང་བྱེད་ལྡེབ་ ༡༣ སྣང་སྲིད་ཕུར་པའི་གདབ་འདྲེན་ལྡེབ་ ༨ ཟློག་པ་རྡོ་རྗེ་ཕ་ལམ་བྱད་མའི་སྙིང་འདྲེན་ལྡེབ་ ༡༧ ཟོར་ལ་ནུས་སྟོབས་བསྐྱེད་པ་བདག་ཉིད་ལྷ་ཡི་ཐུགས་ཀ་སོགས་ལས་འབྲེལ་པས་ཕབ་པ་ལྡེབ་ ༡ ལྟས་ངན་ཟློག་པ་རྡོ་རྗེའི་མེ་རླུང་ལྡེབ་ ༦ སྲེག་བླུགས་ཡེ་ཤེས་མེ་ལྕེ་ལྡེབ་ ༡༢ བཅས། ༈ གསུམ་པ་བཀའ་བརྒྱད་འབྱུང་འདུལ་སྐོར་ལ། བཀའ་བརྒྱད་གསང་སྒྲུབ་འབྱུང་པོ་འདུལ་བའི་ཐོ་ལུམ་ཕྱག་རྒྱ་ཟིལ་གནོན་གཅིག་པ་དང་། ཐུན་མཚམས་ཟློག་པའི་ངར་འདོགས་སྔགས་འཁོར་བྱང་བུ་དྲི་མེད་གསུང་ཅན་རྣམས་ལ་ལྡེབ་ ༦ བཀའ་བརྒྱད་འབྱུང་པོ་འདུལ་བྱེད་ཀྱི་སྒོམ་བྱང་དང་། འབྱུང་འདུལ་བརྡ་ཡིག་བྱང་བུ་ལ་ལྡེབ་ ༡ བཅས། པོད་འདིར་ཆོས་ཚན་སུམ་ཅུ་སོ་ལྔ་ལ་ལྡེབ་ ༢༩༧ དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༢ བཅས་བསྡོམས་ལྡེབ་ གྲངས་ ༢༩༩ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག ། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།། །།