Search by property
This page provides a simple browsing interface for finding entities described by a property and a named value. Other available search interfaces include the page property search, and the ask query builder.
List of results
- ས་དགྲ་བཅོས་ཐབས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སོགས། + (།ཞེས་པའང་སློབ་བུ་ངག་དབང་ཕྲིན་ལས་ངོར༔ བདུད་འཇོམས་པས་སྨྲས་པ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།)
- དུས་རིམ་གནམ་ལྕགས་སྤུ་གྲི་ཕུར་ཟློག་ཆེན་མོའི་ཆོ་ག་གཏོང་ལུགས་ཀྱི་བརྗེད་བྱང་ཟིན་བྲིས། + (།ཞེས་ཕྱག་བཞེས་མཐོང་བརྒྱུད་ཀྱི་ལས་ཐོ་བརྗེད་བྱང་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།།)
- ཚེ་འདིའི་བྱ་བ་སོགས་གུ་རུ་དབང་ལ་གདམས་པ་དང་། ཨཻ། ཐར་མེད་འཁོར་བའི་སོགས་ཀརྨ་དབང་ལ་གདམས་པ་བཅས། + (།ཞེས་བདུད་འཇོམས་རྡོ་རྗེས་སོ། །དགེའོ།།)
- ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒོ་ནས་བསུན་ཟློག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་འཆི་མེད་རྟག་པའི་དགའ་སྟོན། + (།ཞེས་བརྟན་བཞུགས་འབུལ་བའི་ཆོ་ག་གསལ་བདེར་སྤེ … །ཞེས་བརྟན་བཞུགས་འབུལ་བའི་ཆོ་ག་གསལ་བདེར་སྤེལ་བ་འཆི་མེད་རྟག་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། ཟབ་ཆོས་ཀྱི་བདག་པོ་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བརྟན་པའི་སླད་དུ་དམིགས་ཏེ། ཚད་མར་གྱུར་པའི་གཏེར་ཆེན་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གསུང་ཁོ་ན་གུང་བསྡེབས་ཏེ་འཇུག་བདེ་རྣམ་གསལ་གྱི་ཚུལ་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་མོང་གི་ལོ་དཔྱིད་ཟླ་འབྲིང་པོའི་ཡར་ཚེས་བཅུ་ལ་རི་བོའི་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིགས་བྱེད་སྨྲ་བ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་སིདྡྷི་རསྟུ།།ོད་ནམས་རྒྱལ་མཚན་གྱིས་བགྱིས་པ་སིདྡྷི་རསྟུ།།)
- བྲོ་ར་དང་ཕུར་གདབ་གཉིས་ཀྱི་དམིགས་རིམ་ཟིན་བྲིས། + (།ཞེས་བྲོ་ར་དང་ཕུར་གདབ་ཀྱི་དམིགས་རིམ་ཉུང་ངུ་འདི་ཉིད་གྲུབ་དབང་བླ་མའི་ཞལ་ཁྲིད་ལྟར་ངག་དབང་ཕྲིན་ལས་རང་ཉིད་ཀྱི་མི་བརྗེད་པའི་དྲན་གསོས་སུ་ཟིན་བྲིས་བགྱིས་པ་དོན་ཡོད་པར་གྱུར་ཅིག། དགེའོ།།)
- བདུད་འདུལ་ཕུར་པའི་སྨད་ལས་ཟུར་འདེབས། + (།ཞེས་མེད་དུ་མི་རུང་བའི་ཡན་ལག་ཁ་སྐོང་འགའ་ཞིག་འཕྲལ་མཁོའི་སྣེ་ལེནཙམ་དུ་གཏེར་ཁ་འོག་མ་བདུད་འཇོམས་ཕུར་པའི་གཞུང་སོགས་ལས་བླངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པའོ།།)
- བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་རྫོགས་རིམ་ཀ་དག་གི་ཁྲིད་ཡིག་ཡེ་ཤེས་སྣང་བ། + (།ཞེས་མྱོས་སྟོན་ཚེ་དབང་དཔལ་འབྱོར་སོགས་ལམ་འདིར་མོས་པའི་དོན་གཉེར་ཅན་དུ་མས་བསྐུལ་བ་ལས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨར་ཁྲིད་མཛུབ་ཚུགས་ཀྱི་ཚུལ་དུ་གོ་བདེ་ཁྱེར་བདེ་གཙོ་བོར་བྱས་ཏེ་མདོར་བསྡུས་སུ་སྦྱར་བ་ཛ་ཡནྟུ།།)
- ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཁ་བྱང་གསལ་བའི་ཨ་དཪྴ༔ + (།ཞེས་ཟབ་ཆོས་གསང་བ་སྐོར་གསུམ་གྱི་ཁ་བྱང་འདི་ཉིད་སློབ་བུའི་དམ་པ་ཀུན་བཟང་ཆོས་གྲགས་དང་།ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པས་ཡོངས་སུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ།། དགེའོ། །དགེའོ། །སརྦ་མངྒ་ལཾ།།)
- དམ་ཅན་གྱི་ལུང་གི་བསྐུལ་བྱང་། + (།ཞེས་ཟེར་ཏེ་མི་སྣང་བར་གྱུར་ཏོ།)
- ཁྲོས་མའི་ཐོད་རྒལ་གྱི་བླ་མའི་རྣལ་འབྱོར་གསང་བ་ཐབས་ཀྱི་གནད་ཐིག་དང་ཟུར་འདེབས་ངག་འདོན་ནག་འགྲོས་སུ་བསྡེབས་པ། + (།ཞེས་འདོན་ཆ་ནག་འགྲོས་སུ་བསྡེབས་པ་པོ་ནི་ཛྙཱ་ནའོ།།)
- ཟབ་དོན་གཅོད་ཀྱི་ཆ་ལག་གཉན་སའི་དམིགས་པ་ཕྱག་ལེན་མདོར་བསྡུས་གསལ་བའི་མེ་ལོང་ཁམས་གསུམ་ཟིལ་གནོན། + (།ཞེས་རང་གི་སློབ་མའི་ཚོགས་ལ་ཉེ་བར་མཁོ་བའི་ཆེད་དུ་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།)
- ཚེ་ཡི་ལྷ་ཚོགས་ཐུགས་དམ་སྐོང་བའི་རིམ་པ་འཆི་མེད་ནོར་བུ་དཔག་བསམ་ལྗོན་ཕྲེང་། + (།ཞེས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་བྱིན་རླབས་ཅན་ཏེ། འདིའི་ལུང་རྒྱུན་མཛད་པ་པོ་ནས། ཁྱབ་བདག་གཏེར་ཆེན་བླ་མའི་ཞལ་སྔ་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་ཐོབ་བོ།།)
- ཞི་ཁྲོ་སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་དང་འབྲེལ་བའི་གནས་ལུང་མདོར་བསྡུས། + (།ཞེས་ལོ་ཆེན་དྷརྨ་ཤྲཱིས་ཞི་ཁྲོའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་དུ་ཇི་ལྟར་བསྡེབས་པར་མཛད་པ་ཉིད་ལས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོལ་བ་སྟེ། ཞི་ཁྲོའི་ཆོག་ཁྲིགས་རྒྱས་པ་མི་ལྕོགས་པའི་ཚེ་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །སརྦ་དཱ་མངྒལཾ།།)
- མཁའ་འགྲོ་ཁྲོས་མའི་སྒོ་ནས་དུར་གཅོད་གཏོང་ལུགས། + (།ཞེས་སྐྱབས་རྗེ་ལས་འབྲེལ་རྩལ་གྱི་ཞལ་གསུང་བཞིན་ཤཱི་ལ་བཛྲ་གྱིས་བྲིས་པའོ།།)
- མཁའ་འགྲོ་ཁྲོས་མའི་སྒོ་ནས་དུར་གཅོད་གཏོང་ལུགས། + (།ཞེས་སྐྱབས་རྗེ་ལས་འབྲེལ་རྩལ་གྱི་ཞལ་གསུང་བཞིན་ཤཱི་ལ་བཛྲ་གྱིས་བྲིས་པའོ།།)
- ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་རྒྱུན་ཁྱེར་འཆི་མེད་བཅུད་ཐིག། + (།འཆི་མེད་སྲོག་ཐིག་ཟབ་མོ་ཡི། །ཐུན་མོང་རྒྱུན … །འཆི་མེད་སྲོག་ཐིག་ཟབ་མོ་ཡི། །ཐུན་མོང་རྒྱུན་ཁྱེར་ཉུང་ངུ་འདི། །ཉམས་ལེན་མཁན་འགས་ནན་བསྐུལ་ཕྱིར། །འོག་མིན་མཚུར་མདོའི་གནྡྷོ་ལར། །གཏེར་མིང་ནམ་མཁའི་རྡོ་རྗེ་ཡིས། །གཞུང་དོན་དྲིལ་ནས་སྦྱར་བའི་མཐུས། །བསྟན་འགྲོའི་མགོན་མཆོག་དམ་པ་རྣམས། །ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག །བཛྲ་ཨཱ་ཡུརྫྙཱ་ན་བྷ་ཝ་ནྟུ།།་བརྟན་གྱུར་ཅིག །བཛྲ་ཨཱ་ཡུརྫྙཱ་ན་བྷ་ཝ་ནྟུ།།)
- མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས། + (།འདི་ནི་ཁྲོས་མ་གསང་བའི་རྒྱུད་སོགས་ཨ་ཏི་དང་ … །འདི་ནི་ཁྲོས་མ་གསང་བའི་རྒྱུད་སོགས་ཨ་ཏི་དང་མ་ཧཱའི་རྒྱུད་ཀྱི་དངོས་བསྟན་མན་ངག་སྙིང་ཐིག་ཆེན་མོ་དང་འབྲེལ་ཆགས་སུ་བྱུང་བ་ཀུན་མཁྱེན་ཆོས་རྗེའི་བཀའ་སྲོལ་ལས་བྱོན་པ་ཉིད་གཙོ་བོར་བྱས་པ་སྟེ། གཏེར་ཁ་གཞན་ཐམས་ཅད་ཀྱི་སྤྲོ་གཞི་ཡང་འདི་ཁོ་ན་ཡིན་པས། ཚུ་འདིས་ཀུན་ལ་ཁྱབ་པར་འགྱུར་བ་ཡིན་ཅིང་། སྲོག་དབང་གི་ཆོ་ག་ནི་འདོད་འཇོའི་བུམ་བཟང་ལས་ཤེས་པར་བྱའོ༎ཆོ་ག་ནི་འདོད་འཇོའི་བུམ་བཟང་ལས་ཤེས་པར་བྱའོ༎)
- ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྲིན་ལས། + (།འདི་ནི་གཙོ་བོར་བདུད་འཇོམས་ཟབ་གཏེར་གྱི་གཞུང་ལས་སྙིང་པོའི་བཅུད་བསྡུས་པ་སྟེ། བྱང་གཏེར་དང་། ལས་འབྲེལ་རྩལ། གཏེར་བདག་གླིང་པ་བཅས་ཀྱི་ལྷ་ཆེན་ཀྱང་ཆུ་བོ་གཅིག་འདྲེས་སུ་འགྱུར་ཞིང་། སྲོག་དབང་གི་ཆོ་ག་སོ་སོའི་གཞུང་ལས་ཤེས་སོ།།)
- དཔལ་མགོན་མ་ནིང་ནག་པོའི་ཕྲིན་ལས། + (།འདི་ནི་ཆོས་དབང་། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་པ་རྣམས་ཀྱི་མ་ནིང་གི་བཀའ་སྲོལ་ཆུ་བོ་གཅིག་ཏུ་འདྲེས་པ་སྟེ། སྲོག་དབང་གི་ཆོ་ག་སྤྱི་ཁྱབ་འདོད་འཇོའི་བུམ་བཟང་བཞིན་དང་། གཞན་དུ་སོ་སོའི་མོས་པ་དང་སྦྱར་ཏེ་བྱས་པས་འགྲུབ་བོ།།)
- རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཕྲིན་ལས། + (།འདི་ནི་བཀའ་གཏེར་གཉིས་ལྡན་རྣམ་སྲས་སེར་ཆེན་སྤྲིན་གསེར་མར་གྲགས་པ་སྟེ། བརྗོད་བདེ་བའི་ཕྱིར་བསྟོད་པ་དང་སྐོང་བ་རྣམས་དངོས་རོལ་ཕྱག་མཚན་བཞི་པའི་ལས་བྱང་ལས་བླངས་ཏེ་ཅུང་ཟད་ཁ་བསྒྱུར་བ་ཡིན་ལ། རྗེས་གནང་གི་ཆོ་ག་ནི་འདོད་འཇོའི་བུམ་བཟང་བཞིན་ནོ།།)
- དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཕྲིན་ལས། + (།འདི་ནི་བདུད་འདུལ་གླིང་པའི་གཏེར་བྱོན་ཟབ་དོ … །འདི་ནི་བདུད་འདུལ་གླིང་པའི་གཏེར་བྱོན་ཟབ་དོན་གསང་བ་སྙིང་ཐིག་གི་དཔལ་མགོན་ཕྱག་བཞི་པའི་བཀའ་སྲོལ་གཙོ་བོར་བྱས་ཏེ་བཀོད་མོད་ཀྱི། མངའ་བདག་ཉང་རིན་པོ་ཆེས་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པའི་མགོན་པོ་མེ་འབར་མར་གྲགས་པའི་ཆོས་སྐོར་ཡང་འདི་དང་ཚིག་དོན་མཐུན་པར་བྱོན་པས་ཆུ་བོ་གཅིག་འདྲེས་སུ་འགྱུར་བ་ཡིན་ཅིང་། སྲོག་དབང་གི་ཆོག་སྔ་མ་ལ་མོས་ན་གཏེར་གཞུང་བཞིན་དང་། ཕྱི་མ་ནི་འདོད་འཇོའི་བུམ་བཟང་ལས་ཤེས་པར་བྱའོ།།ི་མ་ནི་འདོད་འཇོའི་བུམ་བཟང་ལས་ཤེས་པར་བྱའོ།།)
- གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས། + (།འདི་ནི་བདུད་འཇོམས་ཟབ་གཏེར་གྱི་བཀའ་སྲོལ་ཉིད་གཙོ་བོ་བྱས་ནས་བཀོད་མོད་ཀྱི། ལས་འབྲེལ་རྩལ་དང་། རཏྣ་གླིང་པའི་ཤན་དམར་ཡང་དོན་གྱིས་ཆུ་བོ་གཅིག་འདྲེས་སུ་འགྱུར་བ་ཡིན་ཅིང་། སྲོག་དབང་གི་ཆོ་ག་གཏེར་གཞུང་བཞིན་ཤེས་པར་བྱའོ།།)
- དྲང་སྲོང་གཟའ་བདུད་ཆེན་པོའི་ཕྲིན་ལས། + (།འདི་ནི་ལས་འབྲེལ་རྩལ་གྱི་མན་ངག་སྙིང་ཐིག་གི་བཀའ་སྲོལ་ལས་བྱོན་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཡིག་ཆ་ལས་སྙིང་པོར་བྲིལ་བ་སྟེ། སྲོག་དབང་གི་ཆོ་གའང་འདོད་འཇོའི་བུམ་བཟང་བཞིན་ནོ༎)
- དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་ཕྲིན་ལས། + (།འདི་ནི་སྤྱི་མདོ་དགོངས་པ་འདུས་པའི་མདོ་དང་། … །འདི་ནི་སྤྱི་མདོ་དགོངས་པ་འདུས་པའི་མདོ་དང་། སྒྱུ་འཕྲུལ་བཤད་རྒྱུད་ཐལ་བ་དང་། སྒོས་རྒྱུད་མཚོན་ཆ་མངོན་པར་རོལ་པ་སོགས་ཀྱིས་དངོས་བསྟན་རྒྱུད་མགོན་ཆེན་པོར་ཡོངས་སུ་གྲགས་པ་སྟེ། འདིའི་དབང་བཀའ་རྒྱས་པ་གཙང་ཤོད་པ་བློ་གྲོས་རྒྱལ་མཚན་གྱི་ཡིག་ཆ་དང་། འབྲིང་པོ་དང་བསྡུས་པའི་ཆོ་ག་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་འབྱུང་བ་བཞིན་ཤེས་པར་བྱའོ།།ཇོའི་བུམ་བཟང་ལས་འབྱུང་བ་བཞིན་ཤེས་པར་བྱའོ།།)
- ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་ག་ཁྲིགས་ཟིན་བྲིས། + (།འདི་ནི་སྨིན་གླིང་ཚོགས་ཆེན་དབུ་མཛད་དགའ་བོ་ལགས་ནས་རྡོར་འཛིན་རྣམ་གྲོལ་རྒྱ་མཚོར་ཆོག་ཁྲིགས་སྩལ་བའི་མཆན་བུ་ལས་ཞལ་བཤུས་པ་ལགས། བཤུ་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།།)
- ཕུར་པ་སྤུ་གྲི་རེག་ཕུང་གི་ཕྲིན་ལས་དང་འབྲེལ་བར་ཚེ་སྒྲུབ། + (།འདི་འང་ཛྙཱ་ནས་སོ།།)
- སྔགས་ཀྱི་ཀློག་ཐབས་ཤེས་རབ་མིག་འབྱེད། + (།འདི་ཡང་གལ་པོ་ཆེར་མཐོང་ནས། །སྔ་རབས་མཁས་པ … །འདི་ཡང་གལ་པོ་ཆེར་མཐོང་ནས། །སྔ་རབས་མཁས་པའི་ལེགས་བཤད་ལས། །རྣམ་གསལ་གོ་བདེར་ཉེར་བཏུས་ཏེ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །འདིར་འབད་བསོད་ནམས་གང་ཐོབ་པ། །སྐལ་མཉམ་གཞན་ལ་ཡོངས་སྨིན་ནས། །གསང་སྔགས་ཟབ་ཡངས་བདེ་མྱུར་ལམ། །ཡིད་བཞིན་བགྲོད་པའི་དཔལ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།་བགྲོད་པའི་དཔལ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།)
- ཚེ་སྒྲུབ་འཆི་མེད་སྲོག་ཐིག་ལས་ཡང་གསང་གི་ཚེ་སྒྲུབ་རླུང་སྦྱོར་འབར་འཛག་གི་སྐབས་སུ་གེགས་སེལ་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག། + (།འདི་ཡང་པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་སྲོག་རྩོལ་རླུང་གི་མན་ངག་ལས་ཁོལ་ཕྱུངས་སཱ་ཁ་སྐོང་དུ་བསྡེབས་པ་སྟེ་ཛྙཱ་ནས་སོ།།)
- རི་བོ་བསང་མཆོད་ཀྱི་ངག་འདོན་ཁྲིགས་བཀོལ། + (།འདི་ལ་ཕྱག་ལེན་རྒྱས་བསྡུས་སྣ་ཚོགས་ཤིག་སྣང་བ་ལས། འདིར་ནི་རང་གི་བློ་འདོད་ལྟར་སྤྲོས་པ་བསྡུ་བའི་ངག་འདོན་རྒྱུན་ཁྱེར་དུ་བྲིས་པ་སྟེ་གྲོང་སྔགས་པའི་ཕ་ཇོ་རྒས་གཅོང་ཛྙཱ་ནས་སོ།)
- ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་བཀའ་སྲུང་དྲེགས་པ་སྡེ་དགུ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་ནས་མནན་བསྲེགས་འཕང་གསུམ་གྱི་བརྗེད་བྱང་། + (།སྨྲས་པ། བདུད་སྡེ་ཕྱེ་མར་འཐག་པའི་ཆོ་གའི་ཁྲིགས། །མཚུངས་མེད་དྲིན་ཅན་བླ་མའི་ཞལ་རྒྱུན་བཞིན། །རང་བློར་གང་ངེས་ལྷག་བསམ་དག་པའི་བློས། །བཀའ་འབངས་ཐ་ཤལ་མཁྱེན་མིང་པ་དེས་བྲིས། །དགེའོ།།)
- བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྲེག་མནན་གྱི་ཟིན་བྲིས་ཉི་ཟླའི་འོད་སྣང་། + (།སླར་ཡང་རིགས་བདག་བླ་མ་ཉིད་ཀྱི་ཞལ་སྔ་ནས་ཕྱག་བཞེས་ཞིབ་མོར་ནོས་སྟབས་གཙང་དག་ཏུ་གཏན་ལ་འབེབས་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ། །དགེའོ།།)
- གངས་ཅན་བོད་ཆེན་པོའི་རྒྱལ་རབས་འདུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། + (།སླར་སྨྲས་པ། གངས་ཅན་བོད་དུ་གྲགས་པའི་ཡུལ་ … །སླར་སྨྲས་པ། གངས་ཅན་བོད་དུ་གྲགས་པའི་ཡུལ་ལྗོངས་སུ། །ཆབ་སྲིད་གསེར་གྱི་འཁོར་ལོས་སྒྱུར་མཛད་པའི། མི་ཡི་ལྷ་རྣམས་སྔོན་ནས་ད་ལྟའི་བར། །ཇི་ལྟར་བྱུང་བ་བརྗོད་པའི་གཏམ་གྱི་ཕྲེང་། །རྣམ་འདྲེན་རྒྱལ་བའི་བཀའ་ལུང་ཐོད་བཅིངས་ཏེ། །བདུད་འཇོམས་བདག་གིས་སྒྲིག་རྩོམ་ལྷུར་བླངས་ཀྱང་། །ཁུང་ལྡན་དཔེ་མང་ལག་ཏུ་མ་སོན་ཅིང་། །ཅུང་ཟད་རྙེད་པའང་ངེས་གསལ་ཞལ་མཐུན་དཀོན། །གནའ་བོའི་མི་རྣམས་སྣང་ཆུང་དབང་སོང་ངམ། །ཕལ་ཞིག་ལོ་ཁམས་འདས་ལོ་མི་གསལ་ཞིང་། །ཁུང་མར་གྲགས་ལའང་དོགས་གནས་ཇི་སྙེད་བཅས། །མཐའ་གཅིག་ཁ་ཚོན་གཅོད་དཀའི་གནས་མང་མཐོང་། །འོན་ཀྱང་ཡིག་རྙིང་ཕལ་ཆེར་སོར་བཞག་ལ། །ཁུང་ལྡན་ལེགས་བཤད་རྣམས་ཀྱི་དོན་བསྡུས་ཤིང་། །ལོ་རྒྱུས་རྒན་པོའི་དཔྱད་པ་དང་བཅས་ཏེ། །བལྟ་བདེ་འདུས་གསལ་ཁུལ་དུ་འབད་པས་བསྒྲུབས། །འདི་ལ་ནོར་འཁྲུལ་ཉེས་པའི་ཆ་གང་མཆིས། །དེ་ཀུན་བདག་སྐྱོན་འབའ་ཞིག་ལགས་དེ་ཕྱིར། །མཁའ་རྣམས་བཟོད་པར་བཞེས་ནས་སླར་ལ་ཡང་། །ལེགས་བཤད་སྤྲོས་མཛོད་ཡི་རང་ལན་བརྒྱར་འབུལ། །ཅུང་ཟད་བརྗོད་འདིར་རྣམ་དཀར་ཆ་མཆིས་ན། །དེ་ཉིད་བོད་ཀྱི་བསྟན་སྲིད་རྒྱས་ཕྱིར་བསྔོ། །བོད་ཀྱི་རྒྱལ་རབས་གཏམ་སྙན་ལྷའི་རྔ་སྒྲས། །འཛམ་གླིང་ཁྱོན་ཀུན་འགེངས་པའི་དཔལ་དུ་ཤོག །དམ་ཆོས་ལྡན་པ་ལུགས་ཀྱི་བཀའ་ཁྲིམས་བཙོ་སྦྱངས་གསེར་གྱི་འཁོར་ལོ་ནི། །ཕྱོགས་སུ་མ་ལྷུང་གཟུ་བོའི་མཁའ་ལ་འབད་པ་མེད་པར་མངའ་བསྒྱུར་ནས། །མཐའ་དག་སྐྱེ་བོ་དགེ་བཅུའི་ར་བར་འདའ་མེད་བཀའ་རྟགས་ཕྱག་རྒྱ་ཡིས། །འཇིག་རྟེན་ཀུན་དགར་བྱེད་པའི་གཟི་བརྗིད་ནམ་ཡང་འགྲིབ་པར་མ་གྱུར་ཅིག །ཀུན་རྨོངས་གདོན་གྱིས་རྣམ་པར་བརླམས་ལས་ལྟ་ངན་དུག་གི་ཁ་རླངས་ཅན། །ཐར་པ་བདེ་བའི་སྲོག་འཕྲོག་ལ་ཆས་ཕས་རྒོལ་ལྟོ་འགྲོའི་དཔུང་ཚོགས་ཀྱི། གདུག་ཅིང་རྩུབ་པའི་བསམ་སྦྱོར་དེ་ཀུན་རྩ་བ་རུལ་བའི་ལྗོན་ཤིང་བཞིན། །ནམ་ཡང་འབྲས་འབྱིན་ནུས་པ་དང་བྲལ་ཀུན་ལ་ཞི་བདེའི་དཔལ་ཐོབ་ཤོག །མ་ལུས་ཕན་བདེའི་འབྱུང་གནས་གཅིག་གྱུར་རྒྱལ་བསྟན་ནོར་བུའི་ཏོག་མཛེས་ཤིང་། །ཕུན་ཚོགས་སྡེ་བཞི་དཔལ་གྱི་གོས་བཟང་འཕུར་ལྡིང་ལྷབ་ལྷུབ་གཡོ་ལྡན་པ། །གཞོམ་མེད་སྙིང་སྟོབས་རྡོ་རྗེའི་ཡུ་བས་ཀུན་ནས་བརྟེན་བྱས་གངས་ཅན་པའི། །ཆབ་སྲིད་མངའ་ཐང་རྒྱལ་མཚན་གཡོ་མེད་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག །སརྦ་དཱ་མངྒལ་ཛ་ཡནྟུ།།་རྒྱལ་བཀྲ་ཤིས་ཤོག །སརྦ་དཱ་མངྒལ་ཛ་ཡནྟུ།།)
- ལྷ་མཚོ་སྐྱེས་རྡོ་རྗེའི་སོགས་ཀུན་དགའ་ལ་གདམས་པ། + (ཀུན་ཏུ་དགའ་བདེའི་གཏན་ནོར་གཏེར། །ཀུན་དགའ་ཁྱོད་ལ་ཐོབ་རྒྱུ་སྟེ། །ཀུན་ལས་ཡང་སྨྱོན་འཆོལ་པོས་སྨྲས། །ཞུས་སོ།།)
- དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྩ་གསུམ་སྲུང་མ་དར་ལ་བརྟེན་པ༔ + (ཀུན་བཟང་མཚོ་སྐྱེས་རྡོ་རྗེ་ཡིས། །ཁྲག་འཐུང་བདུད་འཇོམས་དཔའ་བོར་གདམས། །རང་སློབ་ཚུལ་བཟང་བསྐུལ་ངོར་ཕབ། །ཡི་གེ་བློ་གྲོས་དབང་པོས་བྲིས། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།)
- ཁ་བསྒྱུར་རྒྱུག་བྱང་། + (ཁ་བསྒྱུར་འདི་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ།།)
- པདྨ་གསང་བའི་ཐིག་ལེ་ལས༔ སྨིན་བྱེད་དབང་གི་བྱང་བུ་བཞུགས༔ + (ཁོ་བོ་གསང་མིང་བདུད་འཇོམས་རྡོ་རྗེས་མདོ་ཁམས་ … ཁོ་བོ་གསང་མིང་བདུད་འཇོམས་རྡོ་རྗེས་མདོ་ཁམས་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མ་ནས་ལ་བསེའི་རྡོ་རྗེ་འཁྱུད་གང་བ་ཞིག་དངོས་གྲུབ་ཏུ་ཐོབ་པའི་སྨིན་བྱེད་དབང་གི་བྱང་བུ་ལས་མཁའ་འགྲོ་བརྡ་བཀྲོལ་གྱིས་གཏན་ལ་ཕབ་པ་བོད་ཡུལ་མཐའ་དབུས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཅིང་མགོན་པོ་པདྨ་ཀཱ་རའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔་པདྨ་ཀཱ་རའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔)
- རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ལས༔ ཚེ་སྒྲུབ་འཆི་མེད་སྲོག་ཐིག༔ + (ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷ … ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཕྱོགས་མོན་ཁ་སེང་གེ་རྫོང་གི་མཚོ་རྒྱལ་གསང་ཕུག་ནས་ཤིང་འབྲུག་ཟླ་བའི་ཚེས་ལ་སྐལ་ལྡན་གྱི་འདུས་པ་གྲངས་མེད་པའི་དབུས་ནས་ཤིན་ཏུ་འཇིགས་པའི་ཆོ་འཕྲུལ་དང་། ངོ་མཚར་བའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་སྤྱན་དྲངས་པའི་ཤོག་སེར་ལས། སླར་ས་ཕོ་སྦྲེལ་གྱི་ལོའི་དུས་ཆེན་ལ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་གཟིམ་སྤྱིལ་བདེ་ཆེན་པདྨ་འཁྱིལ་བའི་ཡང་དབེན་དུ་དག་པར་ཕབ་པའི་དགེ་བས། ལུང་ཟིན་ཆོས་ཀྱི་བདག་པོས་གཙོས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སྙིགས་དུས་ཀྱི་རྒུད་པ་མཐའ་དག་ཡོངས་སུ་ཞི་ནས་མདོ་སྔགས་བསྟན་པའི་སྲོག་ཤིང་རྡོ་རྗེའི་རང་བཞིན་ཏུ་བརྟན་པའི་རྒྱུར་གྱུར་ཅིག།་རྗེའི་རང་བཞིན་ཏུ་བརྟན་པའི་རྒྱུར་གྱུར་ཅིག།)
- རྡོ་རྗེའི་ཕུར་པ་ཡང་གསང་ཕྲིན་ལས༔ ཐུན་མཚམས་གཏོར་མའི་རྣལ་འབྱོར༔ + (ཁོ་བོ་བདེ་ཆེན་གཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཀོང་གནམ་ལྕགས་འབར་བའི་བྲག་ནས་ལས་འཕྲོའི་དཔལ་དུ་ཐོབ་པའི་ཤོག་སེར་ལས་ལྷོ་འབྲུག་སྲིད་སྐྱོང་ཆེན་པོའི་གཟིམ་སྤྱིལ་བདུད་ལས་རྣམ་རྒྱལ་དུ་ཕབ་པ་བར་ཆད་བདུད་དགྲའི་གཡུལ་ལས་རྒྱལ་བར་གྱུར་ཅིག །དགེའོ།།)
- བདུད་འཇོམས་ཁྲག་འཐུང་པདྨའི་སྲོག་སྒྲུབ་ཟབ་མོ༔ + (ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་ … ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་གསུམ་པར་བདུད་འདུལ་གཏེར་བྱོན་གྲོ་ལོད་ཀྱི་བསྙེན་སྒྲུབ་ཕྲན་བུ་བགྱིས་པའི་སྐབས་ཤིག་ཚུལ་འདིའི་བསྐྱེད་བཟླས་ཀྱི་རིམ་པ་བློ་ངོར་བརྡོལ་ཐབས་སུ་ཤར་ཞིང་། ཕྱིས་རང་ལོ་ཉེར་བཞི་པར་བདུད་འཇོམས་གྲོ་ལོད་ཀྱི་བསྙེན་སྒྲུབ་སྐབས་ཤིན་ཏུ་གསལ་བར་བྱུང་བ་བཅས༔ གཞན་ལ་བསྟན་ན་རང་སྲོག་འཆད་པའི་ཐ་ཚིག་ལ་འཇིགས་ཏེ་གཏེར་ཁ་གོང་མ་གཉིས་ཀྱི་ཚུལ་དུ་གསང་བས་ཉམས་སུ་བླངས་པ་ལས། སྙིགས་དུས་ཀྱི་བར་ཆད་རླུང་དམར་ལྟ་བུའི་ཁྲོད་ན་ཚེ་སྲོག་གི་མར་མེ་འདི་ཙམ་གནས་པར་གྱུར་པའང་གདམས་པ་འདི་ཁོ་ནའི་མཐུར་ངེས་པ་རྙེད་ལ། ད་ཆ་རང་ལོ་ལྔ་བཅུའི་ཚེ་འཕྲང་ཀྱང་བརྒལ་ཞིང་སྔགས་ཀྱི་སྐྱེས་མཆོག་འགྱུར་མེད་ཡོན་ཏན་རྒྱ་མཚོ་ནས་བདུད་འཇོམས་རྡོ་རྗེའི་གསང་སྒྲུབ་ཟབ་པ་ཞིག་ཅིས་ཀྱང་འབེབས་དགོས་པའི་བསྐུལ་མ་ནན་ཆགས་སུ་བྱུང་བ་ལ་བརྟེན་ནས་རྒྱ་བཀྲོལ་བའོ།།ན་ཆགས་སུ་བྱུང་བ་ལ་བརྟེན་ནས་རྒྱ་བཀྲོལ་བའོ།།)
- ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་ལས༔ མ་ཧཱ་གུ་རུ་ཕྱི་ལྟར་ཨོ་རྒྱན་སྨན་གྱི་བླ་མར་སྒྲུབ་པ༔ + (ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟབ་མོ་དགོངས་པའི་གཏེར་ནས་བརྡོལ་ཏེ་མི་ལོ་ཉེར་གསུམ་འདས་པ་ལྕགས་ཕོ་སྟག་གི་ལོའི་སྣྲོན་ཟླའི་མཁའ་འགྲོ་འདུ་བའི་ཚེས་ལ་འཚོ་བྱེད་བསམ་གཏན་ཏིང་འཛིན་གྱིས་རྟེན་འབྲེལ་བཟང་པོའི་སྒོ་འཕར་ཕྱེས་ཏེ་གཏན་ལ་ཕབ་པའོ།། །།བཀྲ་ཤིས༎)
- ཕུར་པ་སྤུ་གྲི་རེག་ཕུང་གི་རྩ་བ༔ + (ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་སུམ་ཅ … ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་སུམ་ཅུ་རྩ་བཞིར་སོན་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ཁྲུམ་སྟོད་ཀྱིས་ཉ་བར་མོན་སྤ་མགྲོ་སྟག་ཚང་སེང་ཕུག་ཏུ་ཕུར་པ་གནམ་ལྕགས་སྤུ་གྲིའི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་བགྱིས་པའི་སྐབས་ཤིག་རྨི་ལམ་དུ་མཚོ་རྒྱལ་ཡིན་སྐད་བུ་མོ་རྒྱན་བཟང་མ་ཞིག་གིས་གནམ་ལྕགས་ཀྱི་ཕུར་པ་མཐོ་གང་ཙམ་པ་ཤིན་ཏུ་སྒྲོས་གཙང་ཞིག་གཏད་ནས། འདི་གུ་རུ་རིན་པོ་ཆེ་གནས་འདིར་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་དུས་སྡེ་བརྒྱད་དམ་ལ་འདོགས་ཤིང་རྒྱལ་བསེན་ཚར་གཅོད་བྱེད་ཀྱི་ཕྱག་མཚན་ངོ་མ་དེ་རེད། ཕྱིས་གུང་ཐང་ལ་ཁར་ཕེབས་སྐྱེལ་གྱི་དུས་སུ་ཁོ་མོར་གནང་བ་ཡིན། ད་ལན་ཁྱེད་ལ་སྦྱིན་པ་ཡིན་གྱིས་སྙིང་ནོར་དུ་ཆོངས་ཞེས་རུམ་དུ་བཅུག་བྱུང་བར། དགའ་ཆེས་པས་ཕྱག་ནས་བཙན་ཐབས་སུ་འཕྲོག་སྟེ། ཐོག་མར་དབང་ཞིག་ལེན་དགོས་སྙམ་སྤྱི་བོ་དང་མགྲིན་པར་གཏུགས། སྙིང་གར་རེག་མ་ཐག་ཕྱག་མཚན་ཕུར་པ་དང་རང་ལུས་དབྱེར་མེད་དུ་འདྲེས་ནས་ཁོག་སྟོད་ད་ལྟའི་ལུས་འདི་རང་ལ་ཁོག་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་ཏེ་ངག་ནས་ཀཱི་ལ་ཡ་སྒྲོགས་པས་ས་ཀུན་གཡོ་བ་སྙམ་བྱེད། དེར་བུ་མོ་དེས་འོ་དབང་དང་བྱིན་རླབས་དངོས་གནས་དེ་རེད། རྒྱུད་ལུང་མན་ངག་གཅིག་དྲིལ་གྱི་གཏེར་མཛོད་དེ་ཡིན། འདི་ཡལ་བར་མ་དོར་ན་དགོས་པ་ཆེན་པོ་ཡོད། སྔོན་དུས་གུ་རུ་རིན་པོ་ཆེའི་དྲུང་ནས་དབང་དང་གདམས་ངག་བཀའ་རྫོགས་ལུང་རྫོགས་སུ་ཞུས་པ་ཨེ་དྲན་ཟེར་ཞིང་ལག་ནས་འཇུས་ཏེ་འཐེན་བྱུང་བས་གཉིད་སད། དེ་འཕྲལ་སྔར་གྱི་བག་ཆགས་མང་པོ་འལ་འོལ་དྲན་ཅིང་། ཁྱད་པར་ཕུར་པའི་ཆོས་བསྐོར་བཀྲ་ལམ་གྱིས་ཡིད་ངོར་གསལ་བ་བྱུང་སྟེ། རིག་པའི་ཀློང་ནས་གང་བརྡོལ་བརྡ་ཐད་ཀར་བསྒྱུར་ན་གཏེར་སྟོན་གོང་མ་གཉིད་ཀྱི་ཆོས་སྐོར་ལས་ཀྱང་རྒྱས་ཤིང་མན་ངག་ཕྲིན་ལས་ལས་ཚོགས་གྱི་རིམ་པ་སྔར་མ་གྲགས་པའང་ཇི་སྙེད་ཅིག་སྣང་མོད་ཀྱི། འོན་ཀྱང་དེང་དུས་འདི་རིགས་གསར་དུ་འབེབས་པ་ངལ་བ་དོན་མེད་དུ་མཐོང་ནས་བཏང་སྙོམས་སུ་བཞག །ཕྱིས་རང་ལོ་ཞེ་ལྔ་པ་ས་བྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅུར་ཕྱི་ནང་གི་རྐྱེན་དུ་མས་བསྐུལ་ཏེ་རང་སྐལ་ཡལ་བར་མི་དོར་བའི་ས་ཁོངས་འཛིན་ཕྱིར་སྙིང་པོའི་ཞུན་ཐིག་རྩ་ཐོ་ཙམ་གཏན་ལ་ཕབ་པ་སྟེ། ཆོས་བདག་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་གཉེར་ཁ་ཐུབ་པར་མཛོད་ཅིག། ཨྠིྀ།།ཚོགས་ཀྱིས་གཉེར་ཁ་ཐུབ་པར་མཛོད་ཅིག། ཨྠིྀ།།)
- ཡང་གསང་རྡོ་རྗེ་རྣལ་འབྱོར་མ༔ ཁྲོས་མ་ནག་མོར་སྒྲུབ་པའི་ཐབས༔ + (ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་མཐར་ཐུག་པ་སྟེ་མི་ལོ་ཉེར་གསུམ་འདས་པ་ལྕགས་ཕོ་སྟག་གི་ལོ་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་བཀའ་རྒྱ་བཀྲོལ་ཏེ་སྐལ་ལྡན་གཅིག་ལ་ཆིག་བརྒྱུད་དུ་གདམས་པའོ། །བཀྲ་ཤིས༎)
- ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོའི་དྲག་བཟློག་འཆི་བདག་ཚར་གཅོད༔ + (ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ།།)
- དག་སྣང་ལས༔ གནོད་སྦྱིན་ཤན་པའི་ཕྱག་རྒྱ༔ + (ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་སྣང་ཉམས་སོ།།)
- ལུང་བྱང་གཉིད་འོད་གསལ་འདྲེས་པའི་དག་སྣང་ངོར་སོགས་དང་ལུང་བྱང་ཨེ་མ་ཧོཿ གདོད་ནས་མ་བཅོས་སྤྲོས་བྲལ་སོགས་ལ་བཅས། + (ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་སྣང་ཉམས་སོ། །དགེའོ། །སརྦ་མངྒ་ལཾ།།)
- ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་་རྡོ་རྗེ་ལེགས་པའི་གསོལ་མཆོད་ཡིད་བཞིན་ཆར་འབེབས༔ + (ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སོ།།)
- ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་སྒྲུབ་པའི་ཆ་ལགས་ལས༔ བྱིན་འབེབས་དངོས་གྲུབ་ཆར་འབེབས༔ + (ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།)
- ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འབུམ་གྱི་བསྐུལ་བ་རྡོ་རྗེའི་ཐོག་མདའ༔ + (ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས། །འོད་གསལ་ཆོས་སྐུའི་བྲག་ནས་བཏོན། །ཀློང་བརྡོལ་རིག་པའི་སྒྲོམ་ནས་བཤུས། །ཡི་གེ་ཆོས་ཀྱི་རྡོ་རྗེས་བྲིས། །དགེའོ། །དགེའོ།།)
- ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནོར་བདག་ཨ་པར་དཀར་པོའི་སྲོག་གི་རྟེན་ལ་དབབ་པ༔ + (ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱི་གཏེར་མའོ།།)
- ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྨད་ལས་དགྲ་བགེགས་ཡོངས་སྒྲོལ༔ + (ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས། །གསེར་སྨད་ས … ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས། །གསེར་སྨད་སྲིན་ལྗོངས་བྲག་རྡོ་རྗེ། །རྟ་མགྲིན་ཐུགས་ཀྱི་གནས་མཆོག་ནས། །གསང་གཏེར་གཉན་པོའི་སྒོ་ཕྱེས་ཚེ། །མན་ངག་ཡང་ཟབ་འདི་ཉིད་གཅེས། །ཤིན་ཏུ་གཉན་པས་ལོ་ཉི་ཤུར། །བཀའ་རྒྱས་བཏབ་ཅིང་མཐར་རྟེན་འབྲེལ། །དུས་བབ་ས་ཕོ་སྟག་གི་ལོར། །མ་མོ་དཔལ་ལྡན་རེ་མ་ཏཱིས། །ཡང་ཡང་བསྐུལ་བས་དེ་ཕྱིར་ཕབ། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །ཨྠིྀ། མངྒ་ལཾ།།འི་རྡོ་རྗེས་བྲིས། །དགེའོ། །ཨྠིྀ། མངྒ་ལཾ།།)
- མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་སྲོག་རྩ་དམར་ལེན༔ + (ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས། །འོད་གསལ་ཆོས་སྐུའི་ཀློང་ལས་བཏོན། །དགེའོ། །ལེགས་སོ།།)