སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་བཅུ་གཉིས་པ། ན · 88 Texts

From Dudjom Wiki
Revision as of 10:22, 23 September 2024 by Mort (talk | contribs)

TTDL-ZABTER-Volume-12-NA



Karchag

Karchag PDF
༄༅། །ཨོཾ་སྭ་སྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་ཆོས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས། དགོངས་གཏེར་སྣ་ཚོགས་པའི་སྐོར་གྱི་གླེགས་བམ ༼ན༽ པ་འདིར། དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ། སྐོར་ཚོ་གཉིས་ལས། ཐོག་མར་ཟབ་ཆོས་དགོངས་པ་ཀློང་རྡོལ་གྱི་སྐོར་ལའང་བཞི་ལས། དང་པོ་གསོལ་འདེབས་དང་སྒྲུབ་ཐབས་སྣ་ཚོགས་ཀྱི་སྐོར་ལ། རྩ་བ་གསུམ་གྱི་གསོལ་འདེབས་བྱིན་རླབས་ཡེ་ཤེས་ཆུ་རྒྱུན་ལྡེབ་ ༡ བླ་མ་དང་འཇམ་དཔལ་དབྱེར་མེད་ཀྱི་གསོལ་འདེབས་བདུད་རྩིའི་ཐིག་ལ་ལྡེབ་ ༡ རིག་འཛིན་བླ་སྒྲུབ་ནོར་བུའི་ཕྲེང་བ་ལྡེབ་ ༤ རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱི་ཚོགས་མཆོད་དངོས་གྲུབ་འབྱུང་གནས་ལྡེབ་ ༢ རིག་འདུས་དཔལ་གྱི་བསྐང་བསྐུལ་རྡོ་རྗེའི་ལུག་རྒྱུད་ལྡེབ་ ༡ རིག་འཛིན་རྒྱ་མཚོའི་གསོལ་འདེབས་བྱིན་རླབས་ཆར་འབེབས་ལྡེབ་ ༢ ཧཱུྃ་སྒྲུབ་གསོལ་འདེབས་གཅིག་དྲིལ་ལྡེབ་ ༡ གྲོ་ལོད་བསྐང་བ་པདྨའི་ཆུན་འཕྱང་ལྡེབ་ ༡ སྨན་བླའི་ཆོ་ག་བསོད་ནམས་ཚོགས་ཆེན་ལྡེབ་ ༤ བཅས། ༈ གཉིས་པ་བདུད་རྩི་འཁྱིལ་བའི་སྐོར་ལ། ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་དབང་ཆོག་ཡེ་ཤེས་འོད་ཟེར་ལྡེབ་ ༤ བདུད་འཁྱིལ་གསོལ་འདེབས་བྱིན་རླབས་ཆར་འབེབས་ལྡེབ་ ༢ ལས་བྱང་རྡོ་རྗེའི་ཕྲེང་བ་ལྡེབ་ ༨ ཛབ྄་དགོངས་དངོས་གྲུབ་རྒྱ་མཚོ་ལྡེབ་ ༢ བསྐང་བ་འདོད་འབྱུང་ནོར་བུ་ལྡེབ་ ༢ བསྐུལ་ཟློག་ཡེ་ཤེས་འོད་དྲྭ་ལྡེབ་ ༡ བདུད་འཁྱིལ་ཆ་ལག་མོ་སྲི་ཁ་ཆིངས་རྡོ་རྗེའི་མདུད་པ་ལྡེབ་ ༡ བཅས། ༈ གསུམ་པ་སྣ་ཚོགས་སྐོར་ལ། མཁའ་འགྲོ་ལབ་སྒྲོན་མའི་སྒྲུབ་པ་དངོས་གྲུབ་ཆུ་རྒྱུན་ལྡེབ་ ༡ བགེགས་ཚིམས་ཡས་གླུད་བསྔོ་ཐབས་འདོད་ཡོན་རྒྱན་འཁོར་ལྡེབ་ ༦ ཚེ་ཐར་བྱེད་པའི་ཆོ་ག་བཀྲ་ཤིས་ཚེ་བཅུད་ལྡེབ་ ༢ གཟའ་བརྒྱད་རྦད་ནས་འཆིང་བའི་འཁོར་ལོ་ལྡེབ་ ༢ སྔགས་སྲུང་ཤ་ཟ་ངེས་ནུས་མའི་གསོལ་མཆོད་ཡིད་བཞིན་ནོར་བུ་ལྡེབ་ ༡ སྔགས་སྲུང་ཆེན་མོའི་པྲ་མོ་མངོན་ཤེས་སྒྲོན་མ་བཀྲ་ཤིས་གཡུང་འཁྱིལ་ལྡེབ་ ༤ རྣམ་སྲས་རིགས་ལྔའི་གསོལ་མཆོད་འདོད་ཡོན་ཆར་འབེབས་ལྡེབ་ ༢ ནོར་ལྷ་གཏེར་བདག་རྣམས་ཀྱི་གསོལ་མཆོད་བཻཿབྱང་ཕྱོགས་རིན་ཆེན་སོགས་ལྡེབ་ ༡ གནོད་སྦྱིན་དམར་ནག་གི་གསོལ་བསྡུས་ལྡེབ་ ༡ རྡོ་རྗེ་ལེགས་པའི་གསོལ་མཆོད་སྲོག་རྩ་དམར་ལེན་ལྡེབ་ ༡ བཅས། ༈ བཞི་པ་རྨ་ཆེན་སྦོམ་རའི་སྐོར་ལ། རྨ་ཆེན་སྤོམ་རའི་སྲོག་དབང་ལྡེབ་ ༤ རྨ་ཆེན་སྤོམ་རའི་སྒྲུབ་ཐབས་ཟབ་མོ་ལྡེབ་ ༥ དྲེགས་པ་ལས་ལ་བཀོལ་བའི་བདེན་ཚིག་སྨོན་ལམ་འདོད་དོན་ལྷུན་གྲུབ་ལྡེབ་ ༢ གཅོད་ཀྱི་སྒོམ་རིམ་ཕུང་པོ་ཚོགས་སྦྱིན་ངར་འཛིན་རྩད་གཅོད་ལྡེབ་ ༤ རྫོགས་ཆེན་ཡང་བཅུད་དྭངས་མ་མྱུར་ལམ་འཕོ་ཆེན་གདམས་པ་མ་སྒོམ་སངས་རྒྱས་ལྡེབ་ ༡༣ གཟུགས་ཕུང་སྟོང་ཉིད་དུ་སྦྱངས་པའི་གདམས་པ་ཨུ་པ་དེ་ཤ་ལྡེབ་ ༤ བཅས་སོ། ༈ སྐོར་ཚོ་གཉིས་པ་ཆོས་ཉིད་ནམ་མཁའི་ཀློང་མཛོད་སྐོར་གྱི་སྟོད་ཆ་འདིར་གསུམ་ལས། དང་པོ་བླ་སྒྲུབ་སྣ་ཚོགས་སྐོར་ལ། ཀློང་སྙིང་བླ་སྒྲུབ་ཀྱི་གསོལ་འདེབས་བྱིན་རླབས་ཆར་འབེབས་ལྡེབ་ ༡ བླ་སྒྲུབ་དངོས་གྲུབ་རྒྱ་མཚོ་ལྡེབ་ ༡༡ བསྐང་བ་ཉམས་ཆག་རང་གྲོལ་ལྡེབ་ ༣ བཅས། ༈ རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་བླ་སྒྲུབ་རྩ་སྒྲུབ་དངོས་གྲུབ་གཏེར་མཛོད་ལྡེབ་ ༤ དེའི་ཚོགས་མཆོད་ཉམས་ཆག་རང་གྲོལ་ལྡེབ་ ༢ བཅས། ༈ བདུད་འཇོམས་བླ་སྒྲུབ་དངོས་གྲུབ་ཆར་འབེབས་ལྡེབ་ ༤ བླ་མའི་གསོལ་འདེབས་དབང་བཞིའི་ཆུ་རྒྱུན་ལྡེབ་ ༡ བླ་སྒྲུབ་མན་ངག་རྡོ་རྗེའི་གྲོང་འཇུག་ལྡེབ་ ༤ ཚོགས་མཆོད་སྒྱུ་འཕྲུལ་དགའ་སྟོན་ལྡེབ་ ༢ བཅས། ༈ ཚེ་དཔག་མེད་ཀྱི་ཕྱག་རྒྱ་འཆི་མེད་བུམ་བཟང་ལྡེབ་ ༣ གུ་རུའི་བླ་སྒྲུབ་རྡོ་རྗེའི་གྲོང་འཇུག་ལྡེབ་ ༤ དེའི་ཆ་ལག་ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་ལྡེབ་ ༥ བསྐང་བ་བདེ་ཆེན་ཐར་ལམ་ལྡེབ་ ༡ ཨོ་རྒྱན་ཆེན་པོའི་ཕྱག་རྒྱ་བདུད་རྩིའི་བུམ་བཟང་ལྡེབ་ ༡ བཅས། ༈ གུ་རུ་བློ་ལྡན་མཆོག་སྲེད་ཀྱི་གཏོར་དབང་ལྡེབ་ ༢ བློ་ལྡན་མཆོག་སྲེད་ཀྱི་ཕྱག་རྒྱ་རྡོ་རྗེ་རྣོན་པོ་ལྡེབ་ ༤ དང་། རིག་འཛིན་པདྨ་རྒྱལ་པོའི་གསང་སྒྲུབ་རྡོ་རྗེའི་རྒྱ་ཅན་དབང་སྡུད་ལྕགས་ཀྱུ་གཏོར་དབང་དང་བཅས་པ་ལྡེབ་ ༧ བཅས། ༈ གུ་རུ་པདྨ་དྲག་པོའི་རྩ་སྒྲུབ་རྒྱ་མཚོ་འཁྱིལ་བ་ལྡེབ་ ༢ དེའི་ཚོགས་མཆོད་རྃ་ཡྃ་ཁྃ་མ་དག་གཉིས་འཛིན་སོགས་ལྡེབ་ ༢ དང་། བླ་མ་འཆོལ་བར་ཁྲོས་པའི་གསང་སྒྲུབ་དངོས་གྲུབ་གཏེར་བུམ་ལྡེབ་ ༡ གྲོ་ལོད་ཕྱག་རྒྱ་སྣང་སྲིད་ཟིལ་གནོན་ལྡེབ་ ༢ གྲོ་ལོད་རྩ་སྒྲུབ་གསང་བ་སྙིང་པོ་ལྡེབ་ ༢ བཅས་སོ། ༈ གཉིས་པ་ཡི་དམ་སྒྲུབ་པ་ཕྲིན་ལས་སྣ་ཚོགས་སྐོར་ལ་ལྔ་ལས། དང་པོ་ཕྱི་དཔལ་ཆེན་པོའི་སྐོར་ལ། སྤྱི་དཔལ་ཆེན་པོའི་མངོན་རྟོགས་དབང་ཆོག་དང་བཅས་པ་ལྡེབ་ ༢ དཔལ་ཆེན་ཡོངས་རྫོགས་ཕྲིན་ལས་ལྷུན་གྲུབ་ལྡེབ་ ༤ བདེ་གཤེགས་སྤྱི་དྲིལ་གསང་བའི་སྒྲུབ་པ་ལྡེབ་ ༢ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་ལྡེབ་ ༡ བཅས། ༈ གཉིས་པ་འཇིགས་བྱེད་ནཱ་ག་རཀྴའི་སྐོར་ལ། ནཱ་ག་རཀྴའི་དབང་ཆོག་ཡེ་ཤེས་འོད་ཟེར་ལྡེབ་ ༥ གཤིན་རྗེ་འཆོལ་བར་ཁྲོས་པའི་སྒྲུབ་ཐབས་བདུད་ཀྱི་དཔུང་འཇོམས་ལྡེབ་ ༨ནཱ་ག་རཀྴའི་སྒྲུབ་པ་ཀླུ་གཉན་གདུག་པ་ཚར་གཅོད་ལྡེབ་ ༥ བཅས། ༈ གསུམ་པ་ཐུགས་ཆེན་ཞི་དྲག་སྐོར་ལ། ཐུགས་ཆེན་སྒྲུབ་པའི་ཆ་ལག་བྱིན་འབེབས་བྱིན་རླབས་ཆར་འབེབས་ལྡེབ་ ༢ ལྷ་མཆོག་འཇིག་རྟེན་དབང་ཕྱུག་མངོན་བྱེད་གདམས་པ་རང་བྱུང་སངས་རྒྱས་ལྡེབ་ ༥ ཐུགས་ཆེན་སྒྲུབ་ཐབས་རྡོ་རྗེའི་གྲོང་འཇུག་ལྡེབ་ ༡ ཐུགས་ཆེན་རྣམ་རྒྱལ་བུམ་སྒྲུབ་ལྡེབ་ ༢ ཐུགས་ཆེན་ཆ་ལག་བུམ་བསྐྱེད་དབང་གི་ཆུ་བོ་ལྡེབ་ ༢ ཐུགས་ཆེན་ལས་བུམ་སྒྲུབ་ཐབས་ལྡེབ་ ༡ བཅས་དང་། ༈ རྟ་མགྲིན་ཡང་ཁྲོས་ནག་པོའི་ཕྱག་རྒྱ་ཁམས་གསུམ་རོལ་པ་ལྡེབ་ ༢ རྟ་མགྲིན་ཀླུ་འདུལ་ནག་པོའི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས་ལྡེབ་ ༡ བཅས། ༈ བཞི་པ་ཕྱག་རྡོར་སྐོར་ལ། གསང་བདག་རྡོ་རྗེ་གཏུམ་པོའི་མངོན་རྟོགས་དངོས་གྲུབ་ཆར་འབེབས་ལྡེབ་ ༡ ཕྱག་ན་རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆར་འབེབས་ལྡེབ་ ༡ བཅས། ༈ ལྔ་པ་ཕུར་པའི་སྐོར་ལ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་མངོན་རྟོགས་བདུད་བཞིའི་དཔུང་འཇོམས་ལྡེབ་ ༡ གསང་སྒྲུབ་ཡེ་ཤེས་མངོན་བྱེད་ལྡེབ་ ༡ སྒོམ་བཟླས་བདེ་ཆེན་མྱུར་ལམ་ལྡེབ་ ༢ གབ་དོན་སྲོག་གི་ཡང་ཐིག་རྡོ་རྗེའི་གོ་ཁྲབ་ལྡེབ་ ༨སྒྲུབ་པའི་ཆ་ལག་མདུན་བསྐྱེད་རྡོ་རྗེའི་ཕྲེང་བ་ལྡེབ་ ༢ ཕུར་པ་ཡེ་ཤེས་མངོན་བྱེད་མྱུར་ལམ་རྡོ་རྗེའི་གྲོང་འཇུག་ལྡེབ་ ༢ བཅས་སོ།། ༈ གསུམ་པ་མཁའ་འགྲོའི་སྐོར་ལ་གཉིས་ལས། དང་པོ་ཕག་མོའི་སྐོར་ལ། རྒྱལ་ཡུམ་རྡོ་རྗེ་ཕག་མོའི་རྩ་དབང་བྱིན་རླབས་ཆར་འབེབས་ལྡེབ་ ༤ རྡོ་རྗེ་ཕག་མོའི་སྒོས་སྒྲུབ་མ་རིག་མུན་སེལ་ལྡེབ་ ༨བླ་རྡོ་ཙཀྲ་བཅང་ཐབས་ལྡེབ་ ༡ བཅས། ༈ གཉིས་པ་རྡོ་རྗེ་རྣལ་འབྱོར་མའི་སྐོར་ལ། རྡོ་རྗེ་རྣལ་འབྱོར་མའི་དབང་ཆོག་སྨིན་བྱེད་དབང་གི་ཆུ་རྒྱུན་ལྡེབ་ ༣ གསོལ་འདེབས་བྱིན་རླབས་ཆར་འབེབས་ལྡེབ་ ༡ རྩ་སྒྲུབ་ཡིད་བཞིན་དབང་རྒྱལ་ལྡེབ་ ༡༡ གསང་སྒྲུབ་ཡེ་ཤེས་འོད་ཕུང་ལྡེབ་ ༢ བསྐང་བ་འདོད་འཇོའི་དཔལ་སྟེར་ལྡེབ་ ༢ ཡེ་ཤེས་མཚོ་རྒྱལ་གྱི་གསང་སྒྲུབ་ཐུགས་ཀྱི་གའུ་ལྡེབ་ ༡ མཁའ་འགྲོ་ཕག་ཁྲོས་སེང་གསུམ་གྱི་བསྐང་བ་འདོད་འབྱུང་ནོར་བུ་ལྡེབ་ ༡ ཡེ་ཤེས་མཁའ་འགྲོ་ཕག་ཁྲོས་སེང་གསུམ་གྱི་བསྐུལ་བྱང་ལྡེབ་ ༡ བཅས། པོད་འདིར་ཆོས་ཚན་བརྒྱད་ཅུ་གྱ་བརྒྱད་ལ་ལྡེབ་ ༢༤ ༨དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༤ བཅས་བསྡོམས་ལྡེབ་གྲངས་ ༢༥༢ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།།