TTDL-ZABTER-Volume-01-KA: Difference between revisions

From Dudjom Wiki
TTDL-ZABTER-Volume-01-KA
No edit summary
No edit summary
 
Line 2: Line 2:
     |collectiontitle=bdud 'joms gling pa zab gter
     |collectiontitle=bdud 'joms gling pa zab gter
     |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
     |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|volumetitletib=༄༅།  །སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་དང་པོ།
|volumetitletib=༄༅།  །སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་དང་པ།
|volumelettertib=ཀ
|volumelettertib=ཀ
|volumenumber=01
|volumenumber=01
}}
}}

Latest revision as of 12:51, 23 September 2024



Karchag

Karchag PDF
༄༅། །ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ལས། གླེགས་བམ་ ༼ཀ༽ པ་འདིར། དབུ་ཤོག་ལྡེབ་ གཅིག་གིས་ཐོག་དྲངས་ཏེ། ཐོག་མར། ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཁ་བྱང་གསལ་བའི་ཨ་དཪྴ་ལྡེབ་ ༡༡ སྙིང་གཏམ་བདུད་རྩིའི་ཐིག་པ་ལྡེབ་ ༦ ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་མཐོང་བ་རང་གྲོལ་ལྡེབ་ ༣༣ ཨོ་རྒྱན་ཆེ་མཆོག་པདྨ་རྒྱལ་པོ་ལ་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་ལྡེབ་ ༢ བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་འབེབས་ལྡེབ་ ༡ སྔོན་འགྲོའི་གདམས་པ་ཐར་པའི་ཤིང་རྟ་ལྡེབ་ ༥ འཕོ་བ་མ་བསྒོམ་སངས་རྒྱས་ཟང་ཐལ་ལམ་བཟང་ལྡེབ། ༡ འཕོ་བ་མ་བསྒོམ་སངས་རྒྱས་ཟང་ཐལ་ལམ་བཟང་ལ་རིགས་སྲས་མཁྱེན་བརྩེ་མྱུ་གུས་འདོན་བདེར་བཀོད་པ་ལྡེབ་ ༥ བཅས། ༈ གཉིས་པར་བླ་མ་ཞི་དྲག་གསུམ་ལས། དང་པོ་བླ་མ་ཞི་བ་རིག་འཛིན་འདུས་པའི་སྐོར་ལ། ཡང་གསང་བླ་མའི་སྒྲུབ་སྐོར་གྱི་དབང་གི་སྔོན་འགྲོ་གསལ་བྱེད་མེ་ལོང་ལྡེབ་ ༦ དབང་ཆོག་ཡེ་ཤེས་དྲྭ་བ་ལྡེབ་ ༤ གསོལ་འདེབས་དབང་གི་བུམ་པ་ལྡེབ་ ༡ སྒྲུབ་པའི་ཆ་ལག་བྱིན་འབེབས་དངོས་གྲུབ་ཆར་འབེབས་ལྡེབ་ ༢ སྒྲུབ་པ་དངོས་གྲུབ་གཏེར་གྱི་བུམ་བཟང་ལྡེབ་ ༧ ཛབ྄་དགོངས་དངོས་གྲུབ་བང་མཛོད་ལྡེབ་ ༢ སྒྲུབ་པའི་ཆ་ལག་ཚེ་འགུགས་འོད་ཀྱི་དྲྭ་བ་ལྡེབ་ ༢ ཚོགས་མཆོད་ནོར་བུའི་དོ་ཤལ་ལྡེབ་ ༢ བསྐང་བ་ཡེ་ཤེས་ཀློང་མཛོད་ལྡེབ་ ༡ བསྐུལ་བ་ལྡེབ་ ༡ སྲོག་འཁོར་དངོས་གྲུབ་གཏེར་བུམ་ལྡེབ་ ༢ ཞི་རྒྱས་ཀྱི་སྲེག་བླུགས་ཕྲིན་ལས་ལྷུན་གྲུབ་ལྡེབ་ ༦ མེ་མཆོད་ལས་བཞིའི་ལྷུན་གྲུབ་ལྡེབ་ ༤ བདེ་སྟོང་མེ་རླུང་ཁ་སྦྱོར་ལྡེབ་ ༢ བཅས། ༈ གཉིས་པ་བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་སྐོར་ལ། བདེ་ཆེན་རྒྱལ་པོའི་དབང་ཆོག་གཏེར་གྱི་བུམ་བཟང་ལྡེབ་ ༨ བརྒྱུད་འདེབས་དངོས་གྲུབ་བུམ་བཟང་ལྡེབ་ ༢ བྱིན་འབེབས་དངོས་གྲུབ་བང་མཛོད་ལྡེབ་ ༢ སྒྲུབ་པ་ཡང་དག་སྙིང་པོ་ལྡེབ་ ༡༥ གསང་སྒྲུབ་ཀུན་ཁྱབ་ཡེ་ཤེས་ལྡེབ་ ༢ བསྐང་བ་ཚངས་པའི་སྒྲ་དབྱངས་ལྡེབ་ ༣ བསྐུལ་བ་ལྡེབ་ ༢ བསྐུལ་བ་རྡོ་རྗེའི་ཐོག་མདའ་ལྡེབ་ ༦ སྨད་ལས་འཁོར་བ་ཡོངས་སྒྲོལ་ལྡེབ་ ༧ བསྒྲལ་ལས་འཁོར་བ་ཡོངས་སྒྲོལ་ལྡེབ་ ༣ ཕྲིན་ལས་གནད་བསྐུལ་ལྡེབ་ ༢ འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་ལྡེབ་ ༡ དྲག་ཟློག་དགྲ་འདྲེའི་དཔུང་འཇོམས་གཤིན་རྗེའི་རྐན་སྒྲ་ལྡེབ་ ༦ སྒོ་དབྱེ་འཕྲུལ་གྱི་ལྡེའུ་མིག་ལྡེབ་ ༢ ཁ་སྐོང་མེ་མཆོད་སྲེག་བླུགས་ལྡེབ་ ༥ བཅས། ༈ གསུམ་པ་བླ་མ་ཡང་ཁྲོས་རྡོ་རྗེ་གྲོ་ལོད་ཀྱི་སྐོར་ལ། ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་རིན་ཆེན་གཏེར་བུམ་ལྡེབ་ ༨ གསོལ་འདེབས་དབང་བྱིན་ཆར་འབེབས་ལྡེབ་ ༡ སྔོན་འགྲོ་བགེགས་སེལ་རིམ་པ་ལྡེབ་ ༤ བྱིན་འབེབས་བདེ་ཆེན་བཅུད་འཁྱིལ་ལྡེབ་ ༣ དྲག་པོ་བདུད་འཇོམས་རྡོ་རྗེའི་སྒྲུབ་པ་སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ལྡེབ་ ༡༢ སྨན་རཀ་གཏོར་མཆོད་ལྡེབ་ ༡ ཛབ྄་དགོངས་དམིགས་པའི་ཀློང་མཛོད་ལྡེབ་ ༦ ཧཱུྃ་སྒྲུབ་རྡོ་རྗེའི་སྒྲ་དབྱངས་ལྡེབ་ ༣ ཚོགས་མཆོད་འདོད་འཇོའི་བུམ་བཟང་ལྡེབ་ ༧ བསྐང་བ་རིན་ཆེན་ཕྲེང་མཛེས་ལྡེབ་ ༥ ཆེ་མཆོག་རཀྴ་ཐོད་ཕྲེང་གི་སྒྲུབ་པ་གནམ་ལྕགས་རྫོང་ཁྲོམ་ལྡེབ་ ༡༣ ཟ་ཡིག་བྱང་བུ་ལྡེབ་ ༡ གཙོ་སྒྲུབ་རྡོ་རྗེའི་ཐོད་པ་ལྡེབ་ ༦ རྩ་སྒྲུབ་ཡང་སྙིང་འདུས་པ་ལྡེབ་ ༨ གསང་སྒྲུབ་ཆོས་ཉིད་ཀློང་མཛོད་ལྡེབ་ ༣ ཡང་གསང་དོན་གྱི་སྒྲུབ་པ་ལྡེབ་ ༣ བསྐུལ་བ་སེང་གེའི་ང་རོ་ལྡེབ་ ༩ བསྒྲལ་ལས་ཁམས་གསུམ་ཡོངས་སྒྲོལ་ལྡེབ་ ༨ བསྒྲལ་ལས་དྲག་པོར་མཁྱེན་གསོལ་རྡོ་རྗེའི་ཐོག་མདའ་ལྡེབ་ ༣ དྲག་ཟློག་རྡོ་རྗེའི་གད་མོ་ལྡེབ་ ༤ དམག་ཟློག་ཕ་རོལ་དཔུང་འཇོམས་རྡོ་རྗེའི་མཚོན་ཆ་ལྡེབ་ ༢ འགུགས་བྱང་དྲི་མེད་གསུང་ལྡེབ་ ༡ སྒྲུབ་པའི་ཆ་ལག་སྒོ་དབྱེ་ལྡེབ་ ༢ ཟོར་ལས་གཟི་བྱིན་བསྐྱེད་པ་ལྡེབ་ ༢ ཟོར་ལས་གནམ་ལྕགས་ཐོག་མདའ་ལྡེབ་ ༨ སྲེག་བླུགས་ཡེ་ཤེས་མེ་ལྕེ་ལྡེབ་ ༢ པུ་ཏྲ་ཐར་བྱེད་ལྷ་འདྲེའི་སྒྲིབ་ཤིང་ལྷ་ཡི་ཐུགས་དཀྱིལ་ལྡེབ་ ༢ རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་གཏེར་མཛོད་ལྡེབ་ ༤ དེའི་ཚོགས་མཆོད་འདོད་རྒུའི་ཆར་འབེབས་ལྡེབ་ ༢ ཚོགས་བསྐང་འདོད་ཡོན་ཀུན་ཁྱབ་ལྡེབ་ ༢ དཔལ་དགུ་གཅིག་དྲིལ་ངོ་བོ་ཏི་པ་རཱ་ཛ་ལ་བརྟེན་ནས་འཆི་བསླུའི་མན་ངག་གཤིན་རྗེའི་ཞགས་པ་གཅོད་པའི་སྤུ་གྲི་ལྡེབ་ ༩ རྣལ་འབྱོར་འདོད་དོན་མཐར་ཕྱིན་པའི་སྨོན་ལམ་ཆེན་པོའི་སྟོབས་བསྐྱེད་ལྡེབ་ ༤ བཅས། པོད་འདིར་ཆོས་ཚན་དྲུག་ཅུ་རེ་དགུ་ལ་ལྡེབ་ ༣༢༡ དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༣ བཅས་བསྡོམས་ལྡེབ་གྲངས་ ༣༢༤ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།། །།