TTDL-ZABTER-Volume-08-NYA: Difference between revisions

From Dudjom Wiki
TTDL-ZABTER-Volume-08-NYA
(Created page with "{{VolumePage |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |volumenumber=08 }}")
 
No edit summary
Line 2: Line 2:
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|volumetitletib=སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་བརྒྱད་པ།  ཉ
|volumelettertib=ཉ
|volumenumber=08
|volumenumber=08
}}
}}

Revision as of 10:08, 23 September 2024



Karchag

Karchag PDF
༄༅། །ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ལས། གླེགས་བམ་ ༼ཉ༽ པ་འདིར། དབུ་ཤོག་ལྡེབ་གཅིག་གིས་ཐོགས་དྲངས་ཏེ། སྲུང་མའི་སྒྲུབ་སྐོར་སྟོད་ཆ་ལ་བཞི་ལས། དང་པོ་མ་ཧཱ་ཀཱ་ལའི་སྐོར་ལ། དཔལ་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས་རྡོ་རྗེ་ཕ་ལམ་ལྡེབ་ ༨ བསྐང་གསོལ་འདོད་འབྱུང་དཔག་བསམ་རྒྱས་པ་ལྡེབ་ ༢ བཅས། ༈ གཉིས་པ་སྔགས་སྲུང་མའི་སྐོར་ལ། དཔལ་ལྡན་སྔགས་ཀྱི་སྲུང་མའི་སྒྲུབ་ཐབས་ཡིད་བཞིན་དབང་རྒྱལ་ལྡེབ་ ༧ མ་མོ་མཁའ་འགྲོའི་བསྐང་གསོལ་ནོར་བུའི་ཕྲེང་བ་ལྡེབ་ ༡ གསོལ་མཆོད་བརྡལ་ཁྱབ་དབྱིངས་ཀྱི་སོགས་ལྡེབ་ ༡ བཅས། ༈ གསུམ་པ་ལྷ་ཆེན་རྣམ་གསུམ་གྱི་སྐོར་ལ། ལྷ་ཆེན་རྣམ་གསུམ་གྱི་སྲོག་གཏད་ཡིད་བཞིན་འཁོར་ལོ་ལྡེབ་ ༣ སྐྱེ་རྒྱུད་གསལ་བྱེད་སྒྲོན་མེ་ལྡེབ་ ༢ བཀའ་སྲུང་སྒྲུབ་རྫས་བསང་སྦྱང་ལྡེབ་ ༤ བཀའ་སྲུང་གཉན་པོ་རྟེན་དབབ་ལྡེབ་ ༡ སྲུང་མ་གཉན་པོ་རྟེན་འཛུག་ལྡེབ་ ༢ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་པ་ཡིད་བཞིན་གཏེར་མཛོད་ལྡེབ་ ༩ མཆོད་གསོལ་ཡིད་བཞིན་སྤྲིན་ཕུང་ལྡེབ་ ༥ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་ལྡེབ་ ༣ གསོལ་མཆོད་བསྡུས་པ་ནོར་བུའི་གཙུག་རྒྱན་ལྡེབ་ ༡ བསྐང་གསོལ་ཡིད་བཞིན་འཁོར་ལོ་ལྡེབ་ ༦ མངའ་གསོལ་དབང་སྡུད་ལྕགས་ཀྱུ་ལྡེབ་ ༣ ལས་གཞུང་ཡིད་བཞིན་འཁོར་ལོ་ལྡེབ་ ༥ ཚོགས་མཆོད་བསྡུས་པ་ཀུན་བཟང་མཆོད་སྤྲིན་ལྡེབ་ ༡ དྲག་སྒྲུབ་དུག་གི་རྒྱ་མཚོ་ལྡེབ་ ༨ བསྐུལ་བ་ཁམས་གསུམ་གཡོ་བྱེད་ལྡེབ་ ༧ དྲག་བསྐུལ་འཇིག་རྟེན་ཕུང་བྱེད་ལྡེབ་ ༤ འབོད་པ་མྱུར་མགྱོགས་གློག་ཞགས་ལྡེབ་ ༣ རྦད་པ་རྡོ་རྗེའི་ཐོག་མདའ་ལྡེབ་ ༢ བསད་པ་སྤུ་གྲིའི་འཁོར་ལོ་ལྡེབ་ ༢ ལས་ཚོགས་དགྲ་བོ་བྲོས་ཤོར་གྱི་སྒོ་འདན་པ་ལྡེབ་ ༢ མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་ལྡེབ་ ༩ དྲག་ཟློག་རྡོ་རྗེའི་ཕ་ལམ་ལྡེབ་ ༩ ལྷ་མིན་གྲོང་ཁྱེར་འདུལ་བའི་ལས་སྦྱོར་ལྡེབ་ ༡༥ ལས་ཀྱི་མཐར་ཐུག་ཟབ་མོ་ལྡེབ་ ༡༢ ལྷ་ལ་མི་འཇིགས་མི་ཟློག་པའི་གོ་ཆ་བསྐོན་པ་ལྡེབ་ ༢ ལྷ་ཆེན་ཚོགས་ཀྱི་བདག་པོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་ལྡེབ་ ༦ ཚོགས་བདག་སྒྲུབ་པའི་གབ་གསང་ལྡེབ་ ༣ གསོལ་མཆོད་དབང་སྡུད་ལྕགས་ཀྱུ་ལྡེབ་ ༡ རྩ་སྒྲུབ་དངོས་གྲུབ་དཔལ་ཕྲེང་ལྡེབ་ ༥ བསྐང་བ་རིན་ཆེན་ཕྲེང་མཛེས་ལྡེབ་ ༣ དབང་གི་བསྐུལ་བ་ཐུགས་རྗེའི་ལྕགས་ཀྱུ་ལྡེབ་ ༢ བླ་རྡོ་སྲོག་གི་འཁོར་ལོ་ལྡེབ་ ༢ ཞལ་ཧོམ་ལས་བཞི་ལྷུན་གྲུབ་ལྡེབ་ ༣ ལྷ་དབང་འདོད་པའི་རྒྱལ་པོའི་སྒྲུབ་པ་ཁམས་གསུམ་དབང་བསྒྱུར་ལྡེབ་ ༩ བདུད་རྩི་ཕུད་ཀྱི་བསྐང་གསོལ་རཏྣ་དབང་རྒྱལ་ཕྲེང་མཛེས་ལྡེབ་ ༡༤ པྲ་ཏི་འགུགས་པ་དབང་གི་ཞགས་པ་ལྡེབ་ ༤ གཏད་ཁྲོལ་རྡོ་རྗེའི་སྤུ་གྲི་ལྡེབ་ ༤ ལས་ཀྱི་མན་ངག་ཐོར་བུའི་སྐོར་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་སོགས་ནང་གསེས་གསུམ་ཅན་ལ་ལྡེབ་ ༤ ལྷ་ཆེན་རྣམ་གསུམ་གྱི་སྒོ་ནས་དབང་སྡུད་ནོར་བུ་དབང་རྒྱལ་ལྡེབ་ ༥ ལྷ་ཆེན་གྱི་མནན་བསྲེགས་འཕངས་གསུམ་གྱི་བརྗེད་བྱང་མཁྱེན་མིང་ཞེས་བྱའི་གསུང་ལྡེབ་ ༥ བཅས། ༈ བཞི་པ་གནོད་སྦྱིན་ཤན་པ་དམར་ནག་གི་སྐོར་ལ། གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་འཁོར་ལོས་སྒྱུར་བ་ལྡེབ་ ༢ སྲོག་དབང་རྡོ་རྗེ་ཕ་ལམ་ལྡེབ་ ༢ གསང་སྒྲུབ་ཁྲག་མཚོ་འཁྱིལ་བ་ལྡེབ་ ༡༡ སྤྱན་འདྲེན་དགོངས་གསོལ་ལྡེབ་ ༡ ལས་བྱང་གནམ་ལྕགས་གྲི་གུག་ཁམས་གསུམ་འགུགས་བྱེད་དབང་སྡུད་རྒྱན་འཁོར་ལྡེབ་ ༤ ལས་བྱང་བསྟན་དགྲའི་སྲོག་འདྲེན་ལྕགས་ཀྱུ་འབར་བ་ལྡེབ་ ༥ བསྐང་བ་དཔག་བསམ་རྒྱས་པ་ལྡེབ་ ༦ གསོལ་མཆོད་ཕ་རོལ་དཔུང་འཇོམས་ལྡེབ་ ༡ བསྐང་བསྡུས་མངོན་སྤྱོད་ལྷུན་གྲུབ་ལྡེབ་ ༡ བསྐང་བ་འདོད་རྒུའི་དཔལ་སྟེར་ལྡེབ་ ༡ གཉེར་བཅོལ་ཡིད་བཞིན་འཁོར་ལོ་ལྡེབ་ ༣ བླ་རྡོ་སྲོག་གི་འཁོར་ལོ་ལྡེབ་ ༢ གནོད་སྦྱིན་ཡུམ་གྱི་སྲོག་འཁོར་ལྡེབ་ ༡ གནོད་སྦྱིན་སྒྲུབ་པའི་གནད་ཐིག་ལྡེབ་ ༢ བསྐུལ་བ་རྡོ་རྗེའི་ཐོག་མདའ་ལྡེབ་ ༥ སྨད་ལས་དགྲ་བགེགས་ཡོངས་སྒྲོལ་ལྡེབ་ ༦ སྐུ་འཁོར་དགྲ་བོའི་སྲོག་ལེན་ལྡེབ་ ༤ གཏེར་བུམ་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྡེབ་ ༢ ཤན་པ་དམར་ནག་གི་བསྙེན་སྒྲུབ་མན་ངག་ཡིག་ཆུང་ ༧ སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ལྡེབ་ ༢ བཅས། པོད་འདིར་ཆོས་ཚན་དྲུག་ཅུ་རེ་བཞི་ལ་ལྡེབ་ ༢༧༤ དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༣ བཅས་བསྡོམས་ལྡེབ་གྲངས་ ༢༧༧ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག ། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།། །།