TTDL-ZABTER-Volume-03-GA: Difference between revisions
From Dudjom Wiki
TTDL-ZABTER-Volume-03-GA
No edit summary |
No edit summary |
||
| Line 2: | Line 2: | ||
|collectiontitle=bdud 'joms gling pa zab gter | |collectiontitle=bdud 'joms gling pa zab gter | ||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | ||
|volumetitletib= | |volumetitletib=༄༅། །སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་གསུམ་པ། ག | ||
|volumelettertib=ག | |volumelettertib=ག | ||
|volumenumber=03 | |volumenumber=03 | ||
}} | }} | ||
Latest revision as of 10:37, 23 September 2024
Karchag
༄༅། །ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ལས། གླེགས་བམ། ༼ག༽ པ་འདིར་། དབུ་ཤོག་ལྡེབ་ གཅིག་གིས་ཐོག་དྲངས་ཏེ། སྐོར་ཚོ་ལྔ་ལས། དང་པོ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐོར་ལ། ཐུགས་རྗེ་ཆེན་པོའི་དབང་ཆོག་ཡིད་བཞིན་འཁོར་ལོ་ལྡེབ་ ༩ གསོལ་འདེབས་དངོས་གྲུབ་ཆར་འབེབས་ལྡེབ་ ༢ སྒྲུབ་པ་དངོས་གྲུབ་གཏེར་མཛོད་ལྡེབ་ ༡༢ ཛཔྲ྄་དམིགས་ཡིད་བཞིན་བང་མཛོད་ལྡེབ་ ༧ བསྐང་བཤགས་ཉམས་ཆག་རང་གྲོལ་ལྡེབ་ ༥ བསྐུལ་ཟློག་འཁོར་བ་ཡོངས་གྲོལ་ལྡེབ་ ༢ རིགས་དྲུག་གནས་འདྲེན་འཕྲད་ཚད་རང་གྲོལ་ལྡེབ་ ༡༠ བཅས། ༈ གཉིས་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ཆ་ལག་དང་བཅས་པའི་སྐོར་ལ། རྟ་མགྲིན་ཁམས་གསུམ་རོལ་པ་ཡང་ཁྲོས་མ་ཧཱ་ཀཱ་ལའི་དབང་ཆོག་འོད་ཀྱི་དྲྭ་བ་ལྡེབ་ ༧ གསོལ་འདེབས་དབང་བཞིའི་ཆུ་རྒྱུན་ལྡེབ་ ༡ སྙིང་སྒྲུབ་པདྨའི་ཕྲེང་བ་ལྡེབ་ ༩ མཆོད་ཕྲེང་བདུད་རྩེའི་སྤྲིན་ཕུང་ལྡེབ་ ༣ བསྐང་བ་མེ་ཏོག་རབ་རྒྱས་ལྡེབ་ ༢ བསྐུལ་ཟློག་རྡོ་རྗེའི་གད་མོ་ལྡེབ་ ༢ རྩ་སྒྲུབ་སྲུང་བའི་འཁོར་ལོ་ལྡེབ་ ༡༤ སྒྲོལ་ཡུམ་དུར་ཕག་ནག་མོའི་སྒོས་སྒྲུབ་ལྡེབ་ ༦ ཕོ་ཉ་ལྕགས་སྡིག་ནག་པོའི་སྒོས་སྒྲུབ་བདུད་དཔུང་ཕུང་བྱེད་ལྡེབ་ ༨ ཁྱུང་ནག་དུག་གི་སྤུ་གྲིའི་སྒོས་སྒྲུབ་གནམ་ལྕགས་མེ་འབར་ལྡེབ་ ༡༡ དྲག་བསྐུལ་རྡོ་རྗེའི་ཐོག་མདའ་ལྡེབ་ ༧ འགུགས་བྱང་ལྡེབ་ ༡ བསྒྲལ་ལས་གནམ་ལྕགས་རྡོ་རྗེའི་ཐོ་ལུམ་ལྡེབ་ ༤ ཟུར་རྒྱན་དགྲ་བགེགས་དཔུང་འཇོམས་ལྡེབ་ ༩ དྲག་ཟློག་རྡོ་རྗེའི་གད་མོ་ལྡེབ་ ༦ ཟློག་པའི་རྒྱུག་བྱང་ལྡེབ་ ༡ དྲག་པོའི་དཔལ་གཏོར་ནུས་ལྡན་ཐོགས་མེད་ལྡེབ་ ༤ སྒོ་དབྱེ་ལྡེབ་ ༡ སྲེག་བླུགས་ཡེ་ཤེས་མེ་ལྕེ་ལྡེབ་ ༦ ཁ་བསྒྱུར་རྒྱུག་བྱང་ལྡེབ་ ༡ ཡང་ཁྲོས་ཆ་ལག་རྟ་ཕྱག་ཁྱུང་གསུམ་གྱི་དྲིལ་སྒྲུབ་འབྲེལ་ཚད་རྣམ་གྲོལ་ལྡེབ་ ༥ གཉན་འཇོམས་རིལ་བུ་རྟ་ཕྱག་ཁྱུང་གསུམ་གྱི་ཕྲིན་ལས་ནུས་པ་ཐོག་མེད་ལྡེབ་ ༣ བཅས། ༈ གསུམ་པ་བླ་མ་རྡོ་རྗེ་སེམས་དཔའི་སྐོར་ལ། དཔལ་རྡོ་རྗེ་སེམས་དཔའི་དབང་ཆོག་རྡོ་རྗེར་སྨིན་བྱེད་ལྡེབ་ ༦ གསོལ་འདེབས་བྱིན་རླབས་ཆར་འབེབས་ལྡེབ་ ༡ བྱིན་འབེབས་དངོས་གྲུབ་གཏེར་མཛོད་ལྡེབ་ ༡ སྒྲུབ་ཐབས་གྲུབ་གཉིས་གཏེར་མཛོད་ལྡེབ་ ༥ ཚོགས་མཆོད་ཡེ་ཤེས་མངོན་བྱེད་ལྡེབ་ ༤ བསྐང་བཤགས་ཉམས་ཆག་རང་གྲོལ་ལྡེབ་ ༢ བསྐུལ་བ་ཐུགས་རྗེའི་འོད་ཟེར་ལྡེབ་ ༡ གནས་འདྲེན་ཐུགས་རྗེའི་འོད་ཟེར་ལྡེབ་ ༡༠ ལས་བཞིའི་སྲེག་བླུགས་ཕྲིན་ལས་ལྷུན་གྲུབ་ལྡེབ་ ༣ ལས་བཞིའི་མེ་མཆོད་ཀྱི་གབ་ཡིག་ལྡེབ་ ༢ བཅས། ༈ བཞི་པ་བླ་མ་ཞི་ཁྲོ་འདུས་པའི་སྐོར་ལ། བླ་མ་ཞི་ཁྲོ་འདུས་པའི་དབང་ཆོག་ཡེ་ཤེས་རྒྱ་མཚོ་ལྡེབ་ ༦ བརྒྱུད་འདེབས་དངོས་གྲུབ་ཆར་འབེབས་ལྡེབ་ ༢ སྒྲུབ་པ་ཐར་ལམ་ཤིང་རྟ་ལྡེབ་ ༩ སྨན་མཆོད་བདུད་རྩི་ཀུན་ཁྱབ་ལྡེབ་ ༢ སྒོམ་བཟླས་ཡེ་ཤེས་འོད་ཟེར་ལྡེབ་ ༣ སྔགས་འཁོར་ཁམས་གསུམ་ཡོངས་སྒྲོལ་ལྡེབ་ ༢ ཕྱག་འཚལ་སྒྲིབ་གཉིས་དག་བྱེད་ལྡེབ་ ༥ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་ལྡེབ་ ༥ བསྐང་བ་ཉམས་ཆག་རང་གྲོལ་ལྡེབ་ ༩ བསྐུལ་བ་རྡོ་རྗེའི་ཕྲེང་བ་ལྡེབ་ ༡ གནས་ལུང་རྣམ་གྲོལ་མྱུར་ལམ་ལྡེབ་ ༡༤ བཅས། ༈ ལྔ་པ་གསང་བདག་ཕྱག་ན་རྡོ་རྗེའི་སྐོར་ལ། གསང་བདག་ཕྱག་ན་རྡོ་རྗེའི་དབང་ཆོག་ཟབ་མོ་ལྡེབ་ ༥ གསོལ་འདེབས་བྱིན་རླབས་བུམ་བཟང་ལྡེབ་ ༡ བྱིན་འབེབས་དངོས་གྲུབ་ཆར་འབེབས་ལྡེབ་ ༢ ལས་བྱང་ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་ལྡེབ་ ༧ ཛཔྲ་དགོངས་མུ་ཏིག་ཕྲེང་བ་ལྡེབ་ ༢ ཚོགས་མཆོད་འདོད་འཇོའི་དཔལ་ཕྲེང་ལྡེབ་ ༥ བསྐང་བ་ཚངས་པའི་སྒྲ་དབྱངས་ལྡེབ་ ༢ རྩ་སྒྲུབ་ཆོས་ཉིད་སྤྲིན་ཕུང་ལྡེབ་ ༢ དྲག་བསྐུལ་རྡོ་རྗེའི་ཐོག་མདའ་ལྡེབ་ ༣ སྨད་ལས་དགྲ་བགེགས་ཀུན་སྒྲོལ་ལྡེབ་ ༨ འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་ལྡེབ་ ༡ དྲག་ཟློག་ཟབ་མོ་ལྡེབ་ ༧ བསྐུལ་ཟློག་མངོན་སྤྱོད་ལྷུན་གྲུབ་ལྡེབ་ ༡ སྲེག་བླུགས་ཞལ་ཧོམ་ཡངས་པ་ལྡེབ་ ༣ གསང་སྒྲུབ་རྡོ་རྗེའི་ཐིག་པ་ལྡེབ་ ༩ བཅས། པོད་འདིར་ཆོས་ཚན་དྲུག་ཅུ་རེ་ལྔ་ལ་ལྡེབ་ ༣༡༠ དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་ ༢ བཅས་བསྡོམས་ལྡེབ་གྲངས་ ༣༡༢ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།། །།